Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དྲག་པོ་ལས༔ གཏོར་ཟློག་མཚོན་ཆ་འཁོར་ལོའི་མདུན་བསྐྱེད་སྤུ་གྲི་རེག་གཅོད་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེ་ཡི་འཁོར་ལོ་འགོང་པོ་ཨར་གཏད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དྲག་པོ་ལས༔ གཏོར་ཟློག་མཚོན་ཆ་འཁོར་ལོའི་མདུན་བསྐྱེད་སྤུ་གྲི་རེག་གཅོད་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེ་ཡི་འཁོར་ལོ་འགོང་པོ་ཨར་གཏད།next

ཐུགས་སྒྲུབ་དྲག་པོ་ལས༔ གཏོར་ཟློག་མཚོན་ཆ་འཁོར་ལོའི་མདུན་བསྐྱེད་སྤུ་གྲི་རེག་གཅོད་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེ་ཡི་འཁོར་ལོ་འགོང་པོ་ཨར་གཏད།


CMR010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དྲག་པོ་ལས༔ གཏོར་ཟློག་མཚོན་ཆ་འཁོར་ལོའི་མདུན་བསྐྱེད་སྤུ་གྲི་རེག་གཅོད་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེ་ཡི་འཁོར་ལོ་འགོང་པོ་ཨར་གཏད་ཅེས་བྱ་བ་བཞུགས་སོ༔


CMR010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

མནཏྲངྒ༔ ན་མོ་པདྨ་ཀྲོ་ཏ་ཡེ༔ བླ་མ་དྲག་པོའི་ལྷ་ལ་ཕྱག་འཚལ་ནས༔ མཚོན་ཆ་འཁོར་ལོའི་ལྷ་བསྐྱེད་ལས་འགྲིགས་བྲི༔ རྩ་གསུམ་བཀའ་སྲུང་རྣམས་ཀྱིས་གནང་བ་སྩོལ༔ མཐོང་བ་བརྒྱུད་པ་ལྟར་དུ་བཅོས་དང་ནི༔ ལྷ་གཞུང་ཚར་ནས་འདི་ལྟར་གྱེར་བསྒོམ་བྱ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་རང་གི་སྙིང་གར་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་དམར་ནག་མེའི་མདོག་ཅན་གཅིག་ཏུ་བསམ༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད་དེ༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་པ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་དེའི་ཁ་གདེངས་པའི་ཨེའི་ཀློང་དུ༔


CMR010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃལས་རཾཆད་པ་ལས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བ༔ རཆད་པ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ༔ ཁྲག་གིས་ལྦུ་བ་རི་རབ་ཙམ་དུ་འཕྱོ་བའི་ཀློང་ནས༔ ཞིང་ཆེན་ཞིང་ཆུང་རི་གད་ཉིལ་བ་ལྟ་བུའི་རྦ་ཀློང་དུ་ཡོད་པ༔ སུཾ་ཆད་པ་ལས་སུམ་ཆེན་གྱི་ས་གཞི་རོ་རུལ་བ་དང་མ་རུལ་བ༔ བམ་པ༔ ཐོད་སྐམ་ལ་མེ་འབར་བ༔ དྲི་མ་སྣོམ་པ༔ བྱ་ཆེན་མང་པོ་ལྡིང་བ༔ གཅན་གཟན་མང་པོ་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུ་སྒྲ་དང་ཧ་ཧའི་སྒྲ་འདེབས་པ༔


CMR010_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་ཀཾཿཆད་པ་ལས་ཀེང་རུས་ཀྱི་རི་རབ་གྲུ་བཞི་བང་རིམ་དང་བཅས་པ༔ དེའི་སྟེང་དུ་མདོས་གཞི་བདུད་དང་དམ་སྲི་ཐམས་ཅད་འདུས་པའི་ངོ་བོ་མ་ཏྲཾ་རུ་ཏྲར་གསལ་བ་ལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་བསྡུས་ནས་ཐིམ་པ་ལ༔ བདག་དྲག་པོའི་ཐུགས་ཀ་ནས་མཚོན་ཆའི་ཆར་བབས་པས་བསྒྲལ་ནས༔ ཕུང་པོ་ཁྲོལ་གྱིས་ཞིག་པ་ལས་པགས་པ་མེའི་ཕྲེང་བ་དང་རྡོ་རྗེའི་རྭ་བས་བསྐོར་བའི་དུར་ཁྲོད་ཆེན་པོ་བརྒྱད༔ དེའི་དབུས་ཀྱི་འོག་གཞི་བྲང་རུས་གྲུ་གསུམ་ཧོམ་ཁུང་འབར་བ་དགུར་གྱུར་པའི་ནང་དུ༔ ཀྲྀདང་ཏྲི་ལས་དགྲ་བགེགས་ཐམས་ཅད་མངོན་སུམ་ལྟར་གསལ་བའི་སྟེང་དུ་ཧཱུཾ་ཆད༔ རྩིབ་ཁོག་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་༔ ཐོད་པ་སྐམ་རློན་རྙིང་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཀྱི་འཛེར་གྱིས་གདམས་པ༔ ཀླུ་བརྒྱ་ཀྱི་ཀཾ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔ གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་ཀ་ཞུ༔ གཟའ་སྐར་དྲལ་ཕྱམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ༔ ཞིང་ཆུང་གི་ཁ་བད་བྱས་པ༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་དང་གདུགས་ཏོག་ཙིཏྟ་དང་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་


CMR010_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གི་གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབས༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་སྟོང་གི་གུར༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེ་རི་སྨུག་གི་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་ན་མཚོན་ཆ་ལྔ་དང་ཁྲོ་ཆུང་དང་སྡིག་པས་གཏམས་ཤིང་འཁྲིགས་པར་བསྒོམ༔ ཕོ་བྲང་དེའི་དབུས་མཐིང་ནག་གྲུ་གསུམ་འབར་བ༔ ཟླ་གམ་དམར་པོ༔ དེའི་ཕྱིར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བདུད་བཞི་དང་དམ་སྲི་དང་སྲིན་པོ་ཕོ་མོ་བསྣོལ་བའི་སྟེང་དུ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུཾ་ཆད་དེ་རྡོ་རྗེ་རྩེ་དགུ་པ་ཞིག་བསྒོམ༔ ཧཱུྃ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད་དྲེགས་པ་ཅན་


CMR010_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚར་བཅད་ཚུར་འདུས་ཧཱུྃ་ལ་ཐིམ༔ འོད་དུ་ཞུ༔ སླར་རྡོ་རྗེ་རྩེ་དགུ་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་མདུན་བསྐྱེད་གུ་རུ་དྲག་པོ་སྐུ་མདོག་དམར་པོ་མེའི་མདོག་ཅན་ཐོད་སྐམ་དང་རིགས་ལྔས་དབུ་ལ་རྒྱན་པ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་གྱད་ཀྱི་འདོར་ཐབས་སུ་བགྲད་པ༔ ཞལ་གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་གདངས་མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟངས་ཡག་ཏུ་གཙིགས་པ༔ ཤངས་ནས་རླུང་བྱུང་ཞིང་སྨིན་མ་གློག་ལྟར་འཁྱུགས་པ༔ ཨག་ཚོམ་ལས་མེ་འབར་བ༔ རྐན་སྒྲ་རྡེབ་པས་ནམ་མཁའི་འབྲུག་དང་མཉམ་པ༔ ཕྱག་དྲུག་གཡས་ཀྱི་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཁ་གདེངས་པ་ནམ་མཁའ་ལ་འཕྱར་བ༔ བར་པ་ན་གྲི་ཁུག་ཐུར་དུ་འཕྱང་བ༔ ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པ༔ གཡོན་གྱི་དང་པོས་ཁཊཾ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ བར་པས་ཐོད་ཁྲག་ཐུགས་ཀར་ཡུམ་ལ་འཁྱུད་པ༔ ཐ་མས་གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་སྐེ་ནས་བཟུང་བ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་མེ་འབར་བ་


CMR010_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དུ་བརྐྱང་བ༔ དབུ་སྐྲ་ཁམ་ནག་སྤྱི་བོར་བཅིངས་ཤིང་ཟར་བུའི་སྐུ་རྒྱབ་ཁེབས་པར་གཏིབས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་ཞིང་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་པ༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་བ་ནག་པོས་དོ་ཤལ་བྱས་པ༔ མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་ཐོད་སྐམ་སྤེལ་མར་བརྒྱུས་པ༔ རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་མཚམས་ན་ལྕགས་ཀྱི་སྡིག་པ་ནག་པོ་ཕྲ་མོས་གཏམས་པའོ༔ དེའི་མདུན་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་འབར་བ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་༔ ཕྱག་གཡས་པས་གྲི་ཁུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་༔ གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པ༔ སྤྱི་གཙུག་ན་ཕག་ཞལ་གྱེན་དུ་ངུར་བ༔ དབུ་སྐྲ་ཁམ་སེར་ཐུར་དུ་འཕྱངས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་ཐབས་སུ་ཡབ་དང་ཞལ་སྦྱོར་བ། གཟིག་གི་ཤམ་ཐབས་དཀྲིས་བ༔ ཐོད་སྐམ་ལྔའི་དབུ་ལ་བརྒྱན་ཅིང་རུས་པའི་རྒྱན་དྲུག་གིས་སྤྲས་པར་བསྐྱེད་དོ༔ ཡབ་ཀྱི་ཐུགས་ཀར་ཙིཏྟ་རིན་པོ་ཆེ་གསེར་གྱི་མཆོད་རྟེན་སེར་


CMR010_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མེ་བ་ཞིག་བསྒོམ༔ དེའི་བུམ་པའི་ནང་དུ་པད་ཟླ་ཉི་མའི་སྟེང་དུ་ཧཱུྃ་གཅིག་བསྒོམ༔ དེ་ལ་དམིགས་ཏེ། ཨོཾ་བཛྲ་ཛྷཱ་ན་སཏཱ་ཀྲོ་ཏ་ཧཱུྃ༔ ཞེས་པས། ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ༔ ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ སྐུ་འགྱིང་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་འབྲས་ཙམ་ཞིག་བསྒོམ༔ དེའི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་ཡུངས་འབྲུ་ཙམ་གྱི་དབུས་སུ་ཧཱུྃ་སྤུས་བྲིས་པ་ཙམ་གྱི་མཐར་སྔགས་ཀྱིས་བསྐོར་བར་བསྒོམ༔ དེའི་དབུ་གཙུག་གི་སྟེང་ནས་ཡར་ལ་པདྨ་འདབ་བཞི་གསེར་གྱི་འཁོར་ལོ་འོད་འབར་བའི་སྟེང་ཉི་ཟླའི་གདན་ལ༔ པདྨ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་འོད་དུ་འབར་བ༔ གཡས་ཁཊཾ་དང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ གཡས་ཀྱི་གྲུ་མོ་ན་ཐོད་པ་ལྟག་སྤྲོད་ཀྱི་རྔ་བཀལ་བ༔ དེའི་སྒྲ་རང་ཁྲོལ་དུ་འཁྲོལ་བ་ལ༔ སྟོང་གསུམ་ཀུན་ཀྱང་ཧཱུྃ་གི་སྒྲ་དི་རི་རི་སྒྲོག་པར་བསྒོམ༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་འཁྱིལ་བ༔ སྐུ་ལ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་


CMR010_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་༔ འཁོར་དཔའ་བོ་དཔའ་མོ་འབུམ་གྱིས་བསྐོར་བར་བསྒོམ༔ དེའི་སྤྱི་གཙུག་ཏུ་ཨོཾ་ཨཱ༔ཧཱུྃ་བཛྲ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཁྲོ་རྒྱལ་ཀུན་གྱི་སྤྲུལ་པ་ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ལ་མེ་འབར་བ༔ མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྲང་ཀྲིང་གི་སྒྲ་སྒྲོག་པའོ༔ དེའི་སྤྱི་གཙུག་རྭ་བར་ནོར་བུའི་སྟེང་དུ་པདྨ་གེ་སར་གྱི་གདན་ལ༔ ཨོཾ་ཨཱཧཱུཾ་པདྨ་དྷ་རི་ནི་ཧཱུྃ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་ཅན་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞིའི་ཤར་དུ་རྡོ་རྗེ་དྲག་པོ་རྩལ༔ སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས༔ གཡས་རྡོ་རྗེ་དང་གཡོན་ལྕགས་ཀྱི་སྡིག་པ་མགུལ་ནས་བཟུང་སྟེ་གདེངས་པ༔ ལྷོར་རཏྣ་དྲག་པོ་རྩལ་སྐུ་མདོག་སེར་ནག་གཡས་པས་བེ་ཅོན་དང་༔ གཡོན་པས་སྡིག་པ་འཛིན་པ༔ ནུབ་ཏུ་པདྨ་དྲག་པོ་རྩལ་སྐུ་མདོག་དམར་ནག་གཡས་གྲི་གུག་གཡོན་སྡིག་པ་འཛིན་པ༔ བྱང་དུ་ཀརྨ་དྲག་པོ་རྩལ་སྐུ་མདོག་ལྗང་གུ་གཡས་རྒྱ་གྲམ་དང་གཡོན་སྡིག་པ་འཛིན་པ༔ ཀུན་ཀྱང་ཞིང་ལྤགས་ཀྱི་གཡང་གཞི་དང་སྟག་


CMR010_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྤགས་ཀྱི་ཤམ་ཐབས༔ སྦྲུལ་ཆུན་དང་མགོ་ཕྲེང་རྒྱན་དྲུག་ལ་སོགས་པ་རབ་ཏུ་འཇིགས་པའི་ཆས་དང་ལྡན་པར་བསྐྱེད་དོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གྲི་གུག་རྡོ་རྗེས་མཚན་པ་གཡོན་པས་ཐོད་ཁྲག་བསྣམས་པ༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་གྲི་གུག་རིན་པོ་ཆེའི་མཚན་པ་དང་ཐོད་ཁྲག་འཛིན་པ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་གྲི་གུག་པདྨས་མཚན་པ་དང་ཐོད་ཁྲག་འཛིན་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་གུག་རྒྱ་གྲམ་གྱིས་མཚན་པ་དང་ཐོད་ཁྲག་འཛིན་པ༔ ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་པ༔ གཡས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་རྣམས་ཐོད་ཁྲག་ཡབ་ལ་སྟོབ་པ༔ གཡས་བརྐྱང་གཡོན་བསྐུམ་གར་སྟབས་སུ་སྦྱོར་བ༔ ཞིང་ལྤགས་དང་སྟག་ཤམ་རྒྱན་དྲུག་གིས་སྤྲས་པ༔ དབུ་སྐྲ་ཐོར་ཚུགས་ལ་རྡོ་རྗེ་ལ་སོགས་རང་རྟགས་ཀྱིས་མཚན་པར་བརྒྱན་པའོ༔ ཤར་ལྷོར་གཤིན་རྗེ་ཚེ་བདག་སེར་ནག་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུ་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་ཐོད་བསྣམས་


CMR010_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཁཊོ་མཆན་ཁུང་གཡོན་དུ་བཅུག་པ༔ གཡས་བསྐུམ་གཡོན་བརྐྱང་བ༔ མི་མགོའི་ཕྲེང་བའི་དོ་ཤལ་ཅན་དུ་བསྒོམ༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་མཐིང་ནག་ཕུར་པ་འདྲིལ་བ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ༔ བྱང་ཤར་དུ་མཁའ་འགྲོ་སེང་གདོང་མ་མཐིང་ནག་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་༔ ཐོད་ཕྲེང་ཞིང་ལྤགས་སྟག་ཤམ་ཡོད་པའོ༔ དེའི་ཕྱི་རིམ་འཁོར་ལོའི་རྩིབས་བཅུའི་སྟེང་དུ་རིམ་པར་ཤར་སྟོད་དུ་ཧཱུྃ་ཀཱ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ ཤར་སྨད་དུ་རྣམ་པར་རྒྱལ་བ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁཊཾ་འཛིན་པ༔ ཤར་ལྷོར་དབྱུག་པ་སྔོན་པོ་གཡས་དབྱུག་ཏོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེའི་གཤེད་སེར་པོ་གཡས་བེ་ཅོན་དང་གཡོན་སྟ་མོ་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་རལ་གྲི་དང་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཏོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་


CMR010_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞགས་པ་འཛིན་པ༔ བྱང་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་ཁྲོ་བོའི་ཆས་བཅུ་དང་ལྡན་པ༔ གཡས་བསྐུམ་གཡོན་བརྐྱང་ཕྱོགས་སྐྱོང་བཅུ་ཡི་གདན་ལ་བཞུགས་པའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་གྱི་རྩིབས་སྟེང་དུ་ཨོཾ་ཨཱཏྟཱཧཱུྃ༔ བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ཐུགས་ཀྱི་ལྷ་གསང་བདག་རྡོ་རྗེ་གཏུམ་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་འཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ༔ སྐུ་ལ་སྦྲུལ་རིགས་ལྔ་དང་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ༔ ལྷོ་ཡི་རྩིབས་སྟེང་དུ་ཨོཾ་ཨཱཧཱུྃ་མཉྫ་ཤི་ཡ་མཱནྟ་ཀ་ཧཱུྃ༔ སྐུའི་ལྷ་འཇམ་དཔལ་གཤིན་རྗེའི་གཤེད་སེར་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་འཕྱར་བ༔ གཡོན་སྡིགས་མཛུབ་པོ་ཏི་ཐུགས་ཀར་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་


CMR010_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་འདོར་ཐབས་སུ་བསྒྲད་པ་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་པ༔ ནུབ་ཀྱི་རྩིབས་སྟེང་དུ་ཨོཾ་ཨཱཧཱུཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་དབྱུག་ཏོ་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་སྦྲུལ་ཞགས་ཐུགས་ཀར་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ བྱང་གི་རྩིབས་ལ་ཨོ་ཨཱཧཱུྃ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀཱ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཅིགས་པ༔ གཡས་རྡོ་རྗེ་དང་ཕུར་པ་ཕྱར་ཞིང་༔ གཡོན་ལྕགས་ཀྱུ་ཞགས་པ་འཛིན་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་སུ་བགྲད་པ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བའོ༔ ཡཀཱ་མེ་དབལ་གྱི་མདུན་དུ༔ ཨོ་བཛྲ་ཛྷཱ་ན་རཱ་ཙ་ཙིཏྟ་སྲོག་དུང་དུང་རུ་རུ་བྷ་ཤ་ཧཱུཾ་མ་མ་སྲོག་དུང་དུང་


CMR010_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་མ་མ་བྱོ༔ གནམ་ལྕགས་ཀྱི་སྡིག་པ་མགོ་དགུ་ཁ་གདངས་པ༔ ལུས་པོ་དམར་ནག་གཉེར་མས་གང་བ༔ སྤྱན་དགུ་བགྲད་པ༔ རྭ་གཡས་པས་སྲིད་པའི་རྩེ་མོ་བསྙིལ་བ༔ རྭ་གཡོན་པས་ས་འོག་གཏིང་ནས་གཡེངས་བ༔ ཡན་ལག་བགྲད་པས་ས་གཞི་ཁེངས་པ༔ ལུས་ལས་རྡོ་རྗེ་དང་མེའི་ཚྭ་ཚྭ་འཕྲོ་བ༔ འཇིགས་སུ་རུང་བ༔ གནོད་བྱེད་འགོང་པོ་དམ་སྲི་ཐམས་ཅད་རྭས་བཟུང་ཞིང་ཁ་གདངས་པའི་ནང་དུ་ཧབ་ཧབ་ཟ་བར་བསྒོམས༔ ཤར་ལྷོའི་རྩིབས་སྟེང་དུ་པདྨ་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་ཨཱཿཧཱུྃ༔ བུདྡྷཱ་དྷཱཀྐི་ནཱི་ཧ་རི་ནི་ས་ཧཱུྃ༔ དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ག༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ༔ ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ གཡས་གྲི་ཁུག་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོ་ཡི་གདན་ལ་གར་སྟབས་སུ་བཞུགས་པ༔ ཐོད་པ་སྐམ་རློན་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཁཊཾ་


CMR010_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མཆན་དུ་བཅུག་པ༔ ཐུགས་ཀར་མ་ཧ་རི་ནི་སས་མཚན་པ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བར་བསྐྱེད་དོ༔ གཡས་ཟུར་ལྷོ་ནུབ་ཀྱི་རྩིབས་སུ་ལས་བདུད་མི་ནག་རྟ་ནག་ཅན༔ སྐུ་ལ་བསྲེ་ཁྲབ་དང་དབུ་ལ་ལྕགས་ཞུ་ཅན༔ རྒོད་ཀྱི་དང་རུ་བཙུགས་པ༔ ཕྱག་གཡས་རྩེ་གསུམ་དང་གཡོན་པས་ལྕགས་ཀྱུ་དང་བདུད་ཞགས་ཐོགས་པ༔ སྟག་རལ་གཡས་ལ་གཟིག་ཤུབས༔ གཡོན་བསྲེ་ཕུབ་ལིང་ཆེན་རྒྱབ་ཏུ་ཁུར་བ༔ མི་ནག་སྔོན་ན་འབྲང་བ༔ བྱ་ནག་ཀླད་ན་ལྡིང་བ༔ ཁྱི་ནག་ཕྱི་ན་འབྲང་བ༔ ལས་མཁན་མི་ནག་མདུང་དང་ཞགས་པ་ཐོགས་པ་བརྒྱད་སོགས་བདུད་དམག་གིས་བསྐོར་བ༔ རྒྱབ་ཟུར་ནུབ་བྱང་གི་རྩིབས་སུ་ནཱལས་ཀླུ་མི་སྔོན་རྟ་སྔོན་ཅན༔ གཡུ་ཁྲབ་ཅན་དང་གཡུ་རྨོག་ཅན༔ རྨོག་ལ་མཐིང་གི་བྱ་རུ་བཙུགས་པ༔ གཡས་ན་ནོར་བུ་དང་མདུང་སྔོན་ཕྱར་བ༔ གཡོན་པས་སྦྲུལ་ཞགས་དང་ནད་རྐྱལ་བསྣམས་པ༔ མི་སྔོན་སྤུན་ནས་འབྲང་བ༔ བྱ་སྔོན་ཀླད་ན་ལྡིང་བ༔ ཁྱི་སྔོན་རོལ་དུ་ཁྲིད་པ༔ སྦྲུལ་ནག་རེ་ཕྱི་ན་འཁྱུག་པ༔ མི་སྔོན་སྦྲུལ་ཞགས་དང་ནད་རྐྱལ་ཐོགས་པ་བརྒྱད་སོགས་ཀླུ་དམག་གིས་བསྐོར་


CMR010_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ མདུན་གཡོན་ཟུར་བྱང་ཤར་གྱི་རྩིབས་སུ་ལས་བཙན་མི་དམར་རྟ་དམར་ཅན༔ དབུ་ལ་བསྲེ་རྨོག་དང་སྐུ་ལ་བསྲེ་ཁྲབ་གསོལ་བ༔ རྨོག་ཕོར་ལ་དར་དཀར་དང་དར་དམར་འཕུར་བ༔ བསྲེ་ཡི་སྐ་རགས་དང་བསྲེ་ཕུབ་རྒྱབ་ཏུ་ཁུར་བ༔ སྟག་རལ་དང་གཟིག་ཤུབས་བཀྲ་བ༔ ཕྱག་གཡས་བསྲེ་མདུང་དམར་པོ་དར་དམར་ཅན་དང་གཡོན་པས་བསྲེ་ཡི་མདའ་གཞུ་འཛིན་པ༔ མི་དམར་སྔོན་ན་འབྲང་བ༔ བྱ་དམར་ཀླད་ན་ལྡིང་བ༔ ཁྱི་དམར་ཕྱི་ན་འབྲང་བ༔ མི་དམར་མདའ་གཞུ་འཛིན་པ༔ མདུང་དམར་ཅན་ལས་མཁན་བརྒྱད་སོགས་བཙན་དམག་གིས་བསྐོར་བའོ༔ དེའི་ཕྱི་རོལ་དུ་ཐོད་མཁར་ནང་གི་སྒོ་བཞི་ལ་ཤར་སྒོར་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་ཕག་གདོང་མ་སེར་མོས་ཞགས་པ་བསྡོམ་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོས་ལྕགས་སྒྲོག་བསྡོམ་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ༔ གཡོན་རྣམས་ཐོད་ཁྲག་འཛིན་པ༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི་ཚུལ་དུ་བསྐྱེད་དོ༔ ཕྱིའི་གཞལ་ཡས་ཁང་གི་སྒོ་བཞི་ལ་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་དཔུང་དང་བཅས་པ༔ ཕྱིའི་ཁྱམས་ཀྱི་རྩང་


CMR010_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་དང་བཅས་ཏེ༔ ལྷ་ཚོགས་དེ་དག་རང་རང་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ག་གཙོ་བོའི་ཐུགས་ཀར་ཧཱུྃ་དམར་ནག་བྱུ་རུའི་མདོག་ཅན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་ཡེ་ཤེས་སེམས་དཔའི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམ། རྫོམས་པའི་དབྱངས་དང་བཅས་ཏེ། ཧཱུྃ༔ དུར་ཁྲོད་རཏྣ་འབར་བའི་ཕོ་བྲང་ནས༔ འཇིགས་བྱེད་ཆེ་མཆོག་བཛྲ་ཧེ་རུ་ཀ༔ དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཧཱུྃ༔ དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་དང་༔ དྲེགས་པ་པདྨ་ཉི་ཟླའི་གདན་སྟེང་དུ་དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས༔ རྔམས་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ དྲག་པོ་ཐོད་ཕྲེང་བདེ་གཤེགས་འདུས་པའི་སྐུ༔ ཧཱུྃ་སྒྲ་སྒྲོག་ཅིང་བགེགས་རྣམས་འཇོམས་མཛད་ལྷ༔ འབར་བའི་ཁྲོ་རྒྱལ་འཁོར་དང་


CMR010_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཕྱི་མཆོད་འདོད་ཡོན་རྣམ་ལྔ་དང་༔ ནང་མཆོད་ཤ་ལྔ་བདུད་རྩི་ལྔ༔ གསང་མཆོད་བྱང་སེམས་བདེ་སྟོང་རྒྱུན༔ ཐབས་མཆོག་མཐར་ཕྱིན་བདུད་རྩི་དང་༔ ཤེས་རབ་མཐར་ཕྱིན་རཀྟ་དང་༔ ཐབས་ཤེས་དབྱེར་མེད་གཏོར་མ་སོགས༔ སྐུ་གསུམ་ཀློང་དུ་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོ་གུ་རུ་བཛྲ་ཀྲོ་ཏ་དྷེ་ཝ་དྷཀྐི་ནཱི་ས་པ་རི་ཝཱ་ར་ཨརྒུ་པཱདཾ་པུཎྜེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝིདྱ་ཤབྡ༔ མ་ཧཱ་པཉྩརཀྟ་བ་ལིཾ་ཏ་མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་པྲ་བེ་ཤ་ཡ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ དམར་ནག་འབར་བ་མེ་ཡི་ཀློང་དཀྱིལ་ནས༔ སྤྱན་རས་གཟིགས་དབང་འགྲོ་དོན་སྐུ་སྤྲུལ་པ༔ དྲེགས་པ་འདུལ་མཛད་དྲག་པོ་ཐོད་ཕྲེང་རྩལ༔ བསྐལ་པའི་མེ་དཔུང་དམར་ནག་འཚུབ་པའི་དབུས༔ བདུད་དང་དྲེགས་པ་རུ་ཏྲ་བསྣོལ་བའི་སྟེང་༔ རབ་ཏུ་འཇིགས་པའི་སྐུ་མཆོག་ཁྱད་པར་ཅན༔ མེ་ཡི་མདོག་ཅན་སྐུ་ཆེ་ཡན་ལག་རགས༔ ཞལ་གདངས་མཆེ་གཙིགས་རྐན་སྒྲ་འབྲུག་ལྟར་


CMR010_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག༔ ཨག་ཚོམ་མེ་འབར་སྨིན་མ་གློག་ལྟར་འཁྱུགས༔ རལ་པ་དམར་སེར་སྲིད་གསུམ་རྩེ་མོར་འབར༔ ཕྱག་གཡས་རྡོ་རྗེ་གསོར་ཞིང་བགེགས་རྣམས་འཇོམས༔ གཡོན་པས་སྡིག་པ་མགོ་དགུའི་སྙིང་ཁྲག་འཇིབ༔ ཐོད་ཕྲེང་སྐམ་རློན་སྦྲུལ་རིགས་ལྔ་ཡིས་བརྒྱན༔ གླང་ཆེན་ཀོ་རློན་ཞིང་ཆེན་གཡང་གཞི་གསོལ༔ དཔའ་བོའི་སྐུ་ལ་སྟག་གི་ཤམ་ཐབས་གསོལ༔ རྡོ་རྗེའི་གོ་ཁྲབ་རྒྱན་དྲུག་དག་གིས་སྤྲས༔ དབང་དྲག་སྐུ་ལ་གོ་ཆའི་ལྷ་རྣམས་རྫོགས༔ དབུ་གཙུག་རིགས་བདག་སྤྲུལ་པའི་བྱ་ཁྱུང་དཀར༔ དཔྲལ་བར་འཇམ་དཔལ་མགྲིན་པར་རྟ་མགྲིན་དབང་༔ ཐུགས་ཀར་གསང་བདག་ལྟེ་བར་དྷ་ཀི་ལྔ༔ གསང་བའི་གནས་སུ་ཡཀྵ་མེ་དབལ་ཏེ༔ ཀུན་ཀྱང་རང་རྟགས་ཕྱག་མཚན་རྒྱན་དང་ལྡན༔ ཁྱོད་ཀྱི་སྐུ་ལ་མཚོན་ཆ་འབར་བའི་ཚོགས༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཁྱབ༔ ཉིད་ཀྱི་སྤྲུལ་པ་ཡཀཱ་མེ་དབལ་ཚོགས༔ སྐར་ལྟར་འཁྲུགས་ཤིང་རླུང་ལྟར་འཚུབ་པ་ལ༔ མཚོན་ཆའི་འཁོར་ལོ་གཡས་གཡོན་འཁོར་བྱེད་ཅིང་༔ འཁོར་ལོའི་བར་ན་རྒྱལ་བསེན་སྡེ་བརྒྱད་རྣམས༔ ཕྱེ་མར་གཏུབ་ཅིང་རྡུལ་ཕྲན་བཞིན་ཏུ་


CMR010_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བརླག༔ གདུག་པ་ཅན་རྣམས་སྔངས་ཤིང་བརྒྱལ་བར་བྱེད༔ གདུག་ཅིང་སྡང་སེམས་ལྡན་པའི་བར་ཆད་རྣམས༔ ཐལ་བ་བཞིན་དུ་མ་ལུས་རླག་པར་བྱེད༔ ལྷ་ཡི་ནང་ནས་ལྷག་པའི་མཐུ་བོ་ཆེ༔ རྒྱལ་བ་ཀུན་གྱི་མཐུ་རྩལ་ལྷག་པའི་ལྷ༔ དངོས་གྲུབ་གློག་ལྟར་མྱུར་བའི་ཐུགས་རྗེ་ཅན༔ ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད༔ སྔོན་གྱི་ལས་དང་འཕྲལ་རྐྱེན་བཟློག་ཏུ་གསོལ༔ བྱིན་གྱིས་རློབས་ཤིག་གུ་རུ་དྲག་པོ་རྩལ༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང་། ཛབ་བཟླས་ནི་གོང་ལྟར་གསལ་བཏབ་ཅིང་ཐུགས་ཀར་སྔགས་ཕྲེང་གཡས་སུ་བཀོད་དེ། ཨོ་ཨཱཧཱུྃ་ཨ་ཙིག་ནེར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཧཱུྃ་ཧཱུྃ་ཕཊ༔ རྩ་བསྙེན་འབྲུ་ཉི་ཤུ་པ་ཅུང་ཟད་བཟླ། དེ་ནས། ཐུགས་ཀའི་ཧཱུཾ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཀའ་བརྒྱུད་བླ་མ་རིག་འཛིན་དཔའ་བོ་མཁའ་འགྲོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཨོཾ་ཨཱཿཧཱུྃ་དང་འོད་ཟེར་དཔག་ཏུ་མེད་པ་ཚུར་འདུས་


CMR010_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དང་ནུས་པ་བྱིན་རླབས་ཐམས་ཅད་ཐིམ་པས་གཟི་བྱིན་མཆོག་ཏུ་འབར༔ ཁྱད་པར་དུ་གོ་ཆའི་ལྷ་རང་རང་གི་ཐུགས་རྗེ་བྱིན་རླབས་མཐུ་དང་ནུས་སྟོབས་དང་གཟི་བརྗིད་ཐམས་ཅད་ཐིམ་པས་ཆེ་བཙན་འགྲན་ཟླ་དང་བྲལ་བའི་འཇིགས་བྱེད་ཆེན་པོ་གྱུར་པར་བསྒོམས་ལ་རྩ་སྔགས་འབྲུ་ཉི་ཤུ་པ་གོང་ལྟར་དང་༔ ཨོ་ཨ་ཡུ་ཤེ་ག་རུ་ཎ་ཡ་མཱནྟ་ཀ་རྒྱ་གྲྭ་ཝ་བཛྲ་པཱ་ཎི་ཧ་རི་ནི་ས་བཛྲ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་གོ་ཆ་སྤྱི་འདུས་ཀྱི་བསྙེན་པ་ཡིག་འབྲུ་ཉེར་བརྒྱད་པ་བཟླ། ཡང་། སྔགས་ཕྲེང་ལས་འོད་ཟེར་ཕྱིར་འཕྲོས་པས༔ གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ རྩིབས་རྩེ་རྡོ་རྗེས་མཚན་པ་རྣོ་བའི་ངར་དང་ལྡན་པ་གཡས་སུ་འཁོར་བ༔ འོག་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ༔ རྩིབས་རྩེ་ངར་དང་ལྡན་པ་གཡོན་དུ་འཁོར་བར་བསྒོམ༔ འཁོར་ལོ་གཉིས་བསྐོར་བའི་བར་དུ་བརྒྱལ་བསེན་འབྱུང་པོ་དམ་སྲི་ཕོ་མོ་ཐམས་ཅད་ཕྱེ་མར་གཏུབ་ཅིང་ཤ་ཁྲག་རུས་གསུམ་སྡིག་པའི་ཞལ་དུ་རྔུབ་པར་བསམས་ལ། ཨོཾ་ཨཱ༔ཧཱུྃ་ཨ་ཅིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ཨཡཐམདུརཿཙeཤནགནོད་བྱེད་དགྲ་བགེགས་འབྱུང་པོ་མཱ་ར་ཡ་


CMR010_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ༔ ཅེས་གྲངས་མང་བཟླ། བདག་མདུན་གཉིས་ཀྱི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གྲངས་མེད་པ་ཕྱིར་འཕྲོས་པས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གང་ནས་ཡཀཱ་མེ་དབལ་གྲངས་མེད་པ་གཡས་རྡོ་རྗེ༔ གཡོན་བརྡུང་བའི་ཐོ་བ་མེའི་ཕྲེང་བས་འཁོར་བ༔ སྐུ་ལ་བསྐལ་པའི་མེ་འབར་བ༔ གདོན་བགེགས་འབྱུང་པོ་རྣམས་མྱག་སྒྲ་ཙིར་ཙིར་བརྡུང་གསོད་འཇིགས་༡པའི་གད་རྒྱངས་དང་བཅས་ཏེ༔ ཁ་བ་བུ་ཡུག་འཚུབ་པ་ལྟ་བུའི་གང་བར་བསྒོམ་ཞིང་གོང་བཞིན་ཤམ་བུ་ཅན་བཟླ། བདག་དང་མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་འཁོར་ལོ་མེའི་ཚྭ་ཚྭ་དབལ་ངར་དང་ལྡན་པ་འཁོར་བའི་བར་དུ་གནོད་བྱེད་ཐམས་ཅད་ཀྱི་སྐེ་རྒྱུད་ཆུད་བཅད་ཅིང་རྡུལ་ཕྲན་ཕྱེ་མར་བཏང་བར་བསམས་ལ། ཨོཾ་ཨཱཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ༔ ཨཱཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ཨཡམདུརཿཙནོགནོད་བྱེད་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཅེས་དང་། ཨོ་བཛྲ་ཙཀྲ་ཨེ༔ སྙིང་ཁ་རཀ་དུནྟེ་རྦད༔ ཕུང་བྱེད་སྲོག་ལ་རྦད༔ འགོང་པོའི་དབུགས་ལ་རྔུབས༔ བདུད་མོའི་ཤ་ལ་ཆོམས༔ ཕུང་བྱེད་འགོང་པོའི་ཤ་རུས་ཁྲག་རྩ་ལ་ནུར་ནུར༔ མ་ཙ་དུ་ཨ་ཡ་ཤ་


CMR010_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ན་ཧབ་ཤཾ་བཛྲ་ཏྲི་ཏྲིག་མཱ་ར་ཡ་ཆད༔ བཛྲ་ནི་ལཾ་དྷ་ར་ཡཀ་བཛྲ་ཨ་རི༔ ཨི་རི་ནི༔ ནཱ་ག་ཙ་ཏྲིག་རྦད༔ ཏྲི་ཧ་རི་ཧ་རི༔ ཏྲི་ཏཱཾ༔ ཕུང་བྱེད་འགོང་པོའི་སྲོག་རྩ་ལ་གཏུབས་གཏུབས༔ གནོད་བྱེད་ཤ་ཏུན་མཱ་ར་ཡ་ཧཱུྃ་ཕཊ༔ གྲངས་མང་བཟླ། མེ་འཁོར་ནི། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་མེའི་མདོག་ཅན་བྱུང་༔ ཞལ་ནས་ཐོན་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས༔ ཐུགས་རྒྱུད་བསྐུལ༔ གསང་གནས་ནས་རང་གི་གསང་གནས་སུ་ཞུགས་ཤིང་ཐུགས་ཀར་ཐིམ་པར་བསྒོམ༔ མགལ་མེའི་འཁོར་ལོ་ལྟར་དམར་སྒ་ར་ར་འཁོར་བའོ༔ དེ་དག་བདག་མདུན་བར་དུ་འཁོར་ཚེ་མེའི་ཚྭ་ཚྭ་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསྒོམས་ལ་ཁྲོ་འདུས་མེ་ཡི་འཁོར་ལོ་གནམ་ལྕགས་ཐོག་ལྟ་བུ་འདི་བཟླ་ཞིང་ནུས་པའི་སྟོབས་བསྐྱེད་དོ།། ཨོ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལ་ཀཱི་ལ་ཡ་མ་ཧཱ་ཡཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་གྲངས་མང་བཟླས་པས་རྟགས་དང་ཆོ་འཕྲུལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་གསུངས། ཐུན་རྫས་དང་ཟོར་རྫས་རྣམས་ལའང་བྱིན་རླབས་དམིགས་པས་ཁྱབ་པར་བྱས་ཤིང་། ཐུན་མཐར་ངག་འདོན་ཅུང་ཟད་ཞལ་རྒྱུན་ལྟར་སྤྲོ་ན། ཧཱུྃ༔ འཛབ་བཟླས་སྔགས་པའི་ཐུན་


CMR010_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རྣམ་པ་ལྔ། །ཕུར་པ་ལ་སོགས་མཚོན་ཆ་སྣ་ཚོགས་པ། །རྣོ་བའི་ངར་དང་དུག་གི་ནུས་པ་ལྡན། །གནམ་ལྕགས་རབ་ཏུ་འབར་བའི་ཐོག་ལྟར་གྱུར། །རྩ་སྔགས་དང་དྲག་སྔགས༔ སོ་ལྔའི་མཇུག་ཏུ། གནོད་བྱེད་དགྲ་བགེགས་བྱད་མའི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར། ཕུས་གདབ་པར་བྱའོ། །དེ་ཡན་གྱིས་ཟློག་དཀྱིལ་ཨ་རཱ་གའི་ཞལ་ཤེས་ལྟར་གྲུབ་བོ།། ༈ སྐབས་འདིར་བཀའ་སྲུང་སྡེ་བདུན། ཞིང་སྐྱོང་། སྤུ་གྲི་མཆེད་གསུམ། སྨྱོ་ཁ། མཁའ་རི་བཅས་དང་། ཚོགས་བྱས་ལ་ཚོགས་ཕུད་འབུལ། བར་པས་བསྐང་བ་གསོས་ལ་དྲག་པོའི་བསྐང་བ་འདོན། བཀའ་སྲུང་ཚན་བཞི་པའི་བསྐང་འགྲིགས་རྣམས་དང་བར་བཤགས་པ་ཡང་མཐར་ཆགས་སུ་གྲུབ་པར་བྱ། དེ་ནས་ཚོགས་ཐ་མ་ལ་བསྒྲལ་རྒྱུའི་ཚོགས་དུམ་ལིངྒ་དང་སྦྲགས་ལ་བསྒྲལ་ལས་རྒྱས་པ་འདི་བྱའོ། །ཡང་ཟློག་པ་ཁ་རྐྱང་ལ་ཚོགས་མ་བྱས་ཀྱང་འདི་ལྟར་འདོན་རུང་ངོ་༔ མདུན་དུ་ལྕགས་ཁང་ཟན་ལིང་བཤམས་ལ། སློབ་དཔོན་དྲག་པོའི་ཆས་སུ་ཞུགས། ཐོག་མར་གསེར་སྐྱེམས་བཏང་ནས། རཾ་ཡཾ་ཁཾ༔ འདོད་ཡོན་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོདྭིས་བྱིན་གྱིས་བརླབས་ནས༔ ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་དབང་དྲག་


CMR010_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །མ་མགོན་ལྕམ་དྲལ་ཞིང་སྐྱོང་ཆེན་པོ་དང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་བཅས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་པ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །ཅེས་བརྗོད་ཅིང་ཕུད་མཆོད། ཨེ་ཁང་བསྐྱེད་པ་ནི། ཕཊ༔ ཨེ་ཡཾ་རཾ་ཁཾ༔ རང་གི་མདུན་དུ་ཨེ་ལས་དུག་གསུམ་ལས་གྲུབ་པའི་བཙོན་ཁང་༔ དུས་མཐའི་ཆར་སྤྲིན་ལྟར་ནག་པའི་ཕྱི་ལ་ཞེ་སྡང་གི་བསྐལ་པའི་མེ་འབར་བ༔ ཁ་དོག་ཅིང་མཐིལ་ཡངས་བ༔ ཟིན་ནས་ཐར་ས་མེད་པའི་ནང་དུ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ༔ གཏི་མུག་གི་མུན་པ་འཐིབས་པ་ཕྲག་དོག་གི་རླུང་དམར་འཚུབ་པ༔ སྟེང་དུ་ཐོག་དང་མཚོན་ཆའི་ཆར་འབེབས་པའི་ཕྱི་རོལ་དུ་ལས་བྱེད་ཀྱི་ཕོ་ཉ་མི་སྡུག་པའི་ཚུལ་ཅན་གྱིས༔ ལག་ན་འགུགས་སྒྲོལ་གྱི་མཚོན་ཆ་འཛིན་པ་


CMR010_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པས་དགྲ་བགེགས་ཀྱི་བླ་འཁྱམས་རང་དབང་མེད་པར་འགུགས་པར་བརྩོན་པས་ས་གཞི་གང་བའི་ནང་དུ༔ ཧཱུྃ༔དང་ཏྲིལས་སྐྱེས་པའི་དགྲ་བགེགས་ཁ་དུ་བ༔ མིག་ཤི་མིག་ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་པས་སྐྲ་འབལ་བ༔ རྐང་ལག་ལྕགས་སུ་བཅུག་པ༔ བུ་ག་དགུ་ནས་ཁྲག་འཛག་པ༔ ཉམ་ཐག་དབུགས་དང་ཕྲལ་ལ་ཁད་པ་འདར་ལྡི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་ཡོན་ཏན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཡཀྵ་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་


CMR010_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ སྤྲུལ་པ་ཁྱུང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་བྱེད་གསོད་བྱེད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་བརླབས་ལ་བརྟེན་ནས༔ སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ༔ དོ་བསྔོ་ཞིང་འགྲས་ཚོལ་བ་རྣལ་འབྱོར་པ་བདག་གི་སྒོས་དགྲ༔ བསམ་ངན་འཆང་བའི་བྱད་མ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བའི་གདོན་བགེགས༔ བཀའ་དང་དམ་ལ་མི་གནས༔ འགྱུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་ཀྱི༔ བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་གཟུགས་ལིང་འདི་ལ་ཁུག་ཅིག༔ དགྲ་བགེགས་ནི་ཏྲ་ཨཾ་ཀུ་ཤ་ཛ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ༔ བཛྲ་གྷནྡྷེ་ཧོ༔ ནི་ཏྲི་ཛ་ཛཿ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་བཀུག་གཞུག་ལན་གསུམ། ཧཱུྃ༔ དྲག་པོའི་ལྷ་ཚོགས་བདེན་པའི་མཐུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔


CMR010_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་བྱེད་པའི་དམ་སྲི་རྣམས༔ ཚོགས་སུ་བསྒྲལ་ཕྱིར་ཚོགས་ལ་ཁུག༔ ཛལས་རྟ་གདོང་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་ཀྱུ་འབར་བས་ཁུག་ལ་ཤོག༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛཿ ཧཱུཾ་ལས་ཕག་གདོང་ཞགས་པ་གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཞགས་པ་འབར་བས་ཆིངས་ལ་ཤོག༔ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ བཾ་ལས་སྤྲེལ་གདོང་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་སྒྲོག་འབར་བས་སྡོམས་ལ་ཤོག༔ སྡོམས་ཤིག་བཛྲ་སྤོ་ཊ་ཐཾ༔ ཧོ༔ལས་སྤྱང་གདོང་དྲིལ་བུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ དྲིལ་བུ་འབར་བས་གཟུགས་ལ་ཕོབ༔ མྱོས་པར་གྱིས་ཤིག་གཋེ་ཧོ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དྲག་པོ་བདེར་འདུས་དཀྱིལ་འཁོར་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་ཚོགས༔ ཡུལ་ལྷ་གཞི་བདག་ལྷ་སྲུང་དགོངས་སུ་གསོལ༔ དམ་ཉམས་དགྲ་བགེགས་གནོད་བྱེད་གདུག་པ་ཅན༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ འདི་ལ་ཡེ་ཤེས་འཇིག་རྟེན་གང་གིས་ཀྱང་༔ ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མ་མཛད་


CMR010_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ གལ་ཏེ་མ་ཉན་མགོན་ཞིང་སྐྱབས་གྱུར་ན༔ ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་རླག་པར་བྱེད༔ དེ་བས་ཐམས་ཅད་རང་རང་གནས་སུ་དེངས༔ ཨཱ་ཡུ་ཛྷཱ་ན་ཤེ་དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་ལྷ་དང་དབྱེ། བྱད་གཞུག་ནི། ཚོན་སྐུད་སྣ་ལྔའི་བྱད་ཐག་ཐོགས་ལ། དམ་ཉམས་དགྲ་བོ་སྡིག་ཅན་འདི༔ ཕོ་ཉ་བཀའ་སྡོད་སྲུང་མ་དང་༔ ཀེའུ་སེང་ཕྲ་མེན་དབང་ཕྱུག་མ༔ དམ་ཅན་ལྷ་སྲིན་ཐམས་ཅད་ཀྱི༔ བྱད་ཐག་ཞུགས་པ་སྣ་ལྔ་ཡིས༔ ལུས་ཀྱི་ཡན་ལག་ཀུན་ཆིངས་སྡོམས༔ བཛྲ་པ་ཤ་ཧཱུྃ༔ དུག་ཐུན་གྱིས་སྨོར་གཞུག་པ་ནི། དམ་ཉམས་དགྲ་བགེགས་ལས་ངན་འདི༔ དུག་ཁྲག་ཐུན་གྱི་སེར་བ་ཕོབ༔ ཁྲག་རིམས་ནད་ཀྱིས་མྱོས་སུ་ཆུགས༔ སྨྱོ་འབོག་བརྒྱལ་རིམས་ཉེས་སུ་ཆུགས༔ བཛྲ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ རྡུལ་དུ་བརླགས་ནས། ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོ་ཐོད་ཕྲེང་དུས་ལ་བབ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་ཁ་


CMR010_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཊཾ་བསྣམས༔ རྩ་ཕྱག་ཕུར་པ་ལྕགས་ཀྱུ་འདེབས༔ མཐའ་གཉིས་རལ་གྲི་ལྕགས་སྡིག་བརྡེག༔ དགྲ་བགེགས་ལྔ་ཕུང་རླག་པར་བྱེད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་ཨཱཏྟཱཧཱུྃ་ཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀཱ་ཧཱུྃ༔ རཀྟ་ཧཱུྃ༔ ཨཡམདུ་རུཙཤན༔ གནོད་བྱེད་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད༔ ཧཱུྃ་སྤ་ར་ཎ་ཕཊ༔ ཕུར་པ་བཏབ་ལ༔ དེ་ནས་རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ གཡས་ཀྱི་ཕྱག་ན་རལ་གྲི་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འདེབས༔ ལྕགས་ཀྱུས་ཟུངས་ལ་རལ་གྲིས་གཏུབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་ཨཱཙྪཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་ཆད༔ རལ་གྲིས་བཏབ༔ དེ་ནས་དབྱུག་ཐོ་ཐོགས་ལ༔ ཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གཡས་ཀྱི་ཕྱག་ན་


CMR010_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཐོ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ ལྕགས་སྒྲོག་སྡོམས་ཏེ་དབྱུག་ཐོས་འཇོམས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་པདྨ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་ཆད༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་སྦྲུལ་ཞགས་བསྣམས༔ རྡོ་རྗེས་བརྡུངས་ལ་སྦྲུལ་ཞགས་ཆིངས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ གྲི་གུག་ཐོགས་ལ༔ ཧཱུྃ་ང་ནི་ཡེ་ཤེས་མཁའ་འགྲོ་སྟེ༔ སྲས་དང་སྤྲུལ་པ་མཁའ་འགྲོའི་ཚོགས༔ མ་སྲིང་མཁའ་འགྲོ་ཤུགས་འགྲོར་བཅས༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ གཡོན་གྱི་ཕྱག་ན་ཐོད་ཁྲག་བསྣམས༔ གྲི་གུག་གཏུབས་ལ་ཐོད་ཁྲག་མྱོས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་


CMR010_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྒོལ༔ ཧྲིམ་ཧ་རི་ནི་ས༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཕུར་པའམ་ཐོ་བ་ཐོགས་ལ༔ ཧཱུྃ༔ ཡཀྵ་མེ་དབལ་ཁྲོ་བོའི་སྐུ༔ ཁྲོ་རྒྱལ་སྟོབས་འདུས་ངོ་བོ་ཉིད༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད་༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ ཞིང་བཅུ་རུ་ཏྲ་ཐལ་བར་རློགས༔ ཨོཾ་བཛྲ་ཀྲོ་ཏ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ དེ་ནས་རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་ར༔ དམ་ཅན་ཕྱག་མཚན་མཚོན་ཆ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོ་ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ དེ་ནས་ཐུན་སོ་སོར་བརྡེག་སྟེ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ ཕུར་ཐུན་དྲག་པོ་ཐོག་ལྟར་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་


CMR010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ༔ དྲག་སྔགས་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་འཇོམས་མཛད་རྩལ་གྱི་སྐུ༔ མཚེ་ཡི་མདའ་འཕེན་སེར་ལྟར་འདྲིལ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ འབྱུང་བ་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་པ༔ ལྔ་ཕུང་འཇིགས་བྱེད་དུག་རླངས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཐོགས་མེད་དྲག་པོ་ལས་ཀྱི་ཐུན༔ ཕྱག་མཚན་ཡོངས་རྫོགས་མཚོན་གྱི་ཆར༔ རལ་གྲི་ལོ་མ་ཆར་ལྟར་འབེབས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ སྟོབས་ཆེན་འདུལ་བ་མདའ་ཡི་ཐུན༔ དྲེགས་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ མི་བཟད་ཐོག་ཆེན་ཆར་འབེབས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ སྟོབས་ཆེན་བརྡུང་བ་རྡོ་ཡི་ཐུན༔ དྲེགས་པ་འཇོམས་མཛད་གཏུམ་པའི་སྐུ༔ དྲག་པོ་གནམ་ལྕགས་ཐོག་སེར་གྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔


CMR010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔ དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོསཀྱི་དབྱིངས་སུ་སྤོར༔ གུ་རུ་བཛྲ་ཀྲོ་ཏ་ནཾ་ཏྲི་དགྲ་བགེགས་ཤ་ཏུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ཞིང་སྤར། སྦྱོར་བའི་དམ་ཚིག་ནི། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་འབར་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ན༔ ལྷའམ་འོན་ཏེ་བརླག་པར་འགྱུར༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་ཏ་ཡ་མ་ཐ་ཏུ༔ རཀཱ་ཡ་ས་ཏཱི༔ ཕུ་ནི་ཏྲི་ག་ནི༔ ཨ་བྷྱོ་ཛ་ཛ༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་དམར་པོ་ལ་མཱ་ར་ཡ་རྦད་རྦད༔ དེ་ནས་ལིང་རོ་གཏོར་མར་བསྟབ་སྟེ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔


CMR010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ་བྱེད་ཧོ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་རྗེའི་དབང་གིས་བཞེས་ནས་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་ཚྭ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བཱ་སུ་ཏ་ལ་ཁཱ་ཧི༔ གོ་རོ་ཙ་ན་ཁཱ་ཧི༔ ཀཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་མདོས་ནང་ཕུལ༔ དེ་ནས་སླར་ཡང་གཏོར་མདོས་ནང་དུ་གཏོར་ཆུང་འབུལ་རྒྱུ་རྣམས་བདུད་རྩིས་བྲན་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨ་སྭ་བྷ་ཤུདྡྷོཉཧཾ༔ གཏོར་ཆེན་གྱི་མདུན་གྱི་གཏོར་མ༔ དགྲ་བགེགས་བསྒྲལ་བའི་ལིང་རོ་གཏོར་ཆུང་དང་བཅས་པ་མི་དམིགས་པ་སྟོང་པའི་ངང་ལས༔ བདག་གི་ཐུགས་ཀ་ནས་ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་གུ་ཡཾ་ཡིག་གིས་མཚན་པ༔ དེའི་སྟེང་དུ་རཾ་


CMR010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ༔ ཟུར་གསུམ་དུ་ཀཾ་སྐྱ་བོ་གསུམ་འཕྲོས་པ་ལས༔ ཐོད་པའི་སྒྱེད་པུ་གསུམ་གྱི་ནང་དུ༔ ཨ་དཀར་པོ་གཅིག་འཕྲོས་པ་ལས༔ ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཁྲག་དམར་ལྟེམ་གྱིས་གང་བ༔ དེའི་སྟེང་དུ་ཨ་འཕྲོས་པ་ལས་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་ཨོཾ་ཨཱཧཱུྃ་སུམ་བརྩེགས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པ་ལས༔ ཡཾ་ལས་རླུང་གཡོས་རཾ་ལས་མེ་སྦྱར་མེ་ཡིས་ཐོད་པ་དྲོས་ནས༔ ནང་གི་ཤ་ཁྲག་ཐམས་ཅད་ཞུ་ཞིང་ཁོལ༔ མི་གཙང་བའི་དྲི་མ་ཐམས་ཅད་ལྷུ་བའི་ཚུལ་དུ་ཕྱིར་ཐོན་ནས༔ བཅུད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་མ་ཧཱ་བ་ལིང་ཏ་གུ་རྒྱ་ན་མ་ཡེ་སྭཱ་ཧཱ༔ ཞེས་བདུན་བརྗོད༔ སྟེང་གི་ཡི་གེ་གསུམ་ཟླ་བ་བཅས་པ༔ འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་ལ་ཐིམ་པས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཧི༔ ལན་གསུམ་གྱིས་བརླབས། ཨོཾ་ཨཱཧཱུྃ་ཨ་ཙིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཧཱུྃ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཡ་མ་རཱ་


CMR010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཛ༔ བཛྲ་བྷ་ར་ཧི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་མཉྫ་ཤི་ཡ་མཱནྟ་ཀ་ཧཱུྃ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཧཱུྃ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཧཱུྃ་བཛྲ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་བུདྡྷ་ཌཱཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱ༔ཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ཨཡཐམཛདུརཿཙཤན༔ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོ་ཨཱཧཱུྃ་བཛྲ་རཱ་ཛ་ཙིཏྟ་རུ་རུ་བྷ་ཤ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་སི་ན་ར་མ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ་དུ་བཻ་ཏྲི་ཤུ་ལ་ནཱ་ག་རཱ་ཛ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་


CMR010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རཀྴ་ཀྲོ་ཏ་པ་ཙ་ལ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གཅིག་གམ་གསུམ་རེས་འབུལ། སྐབས་འདིར་བསྟོད་བསྐུལ་རྣམ་རྒྱལ་འབར་བ། ཕྱག་མཚན་རྡོར་སྡིག །དཔལ་མགོན་ལས་ཆས་སོགས་སྡེ་བདུན་ཞིང་སྐྱོང་དམག་བསྐུལ་ཁྲག་མཚོ་ཁོལ་མ། སྤུ་གྲི་མཆེད་གསུམ། སྨྱོ་ཁ་གནས་བརྒྱད་བཅས་བསྐུལ་ཞིང་། དེ་དག་གི་མཐར། ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་འཁོར་བཅས་ཀྱིས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་ཡི༔ དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པ་དང་༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་འདིར་གནོད་པ་ཐམས་ཅད་ཞི་བ་དང་༔ ཕྱི་མ་བྱང་ཆུབ་གོ་འཕང་ཐོབ་པར་མཛོད༔ བསྡུ་ན་སྐབས་འདིར་གཏོར་ཆུང་ཐམས་ཅད་སྔགས་ཀྱིས་འབུལ༔ རྒྱས་པར་སོ་སོའི་བསྟོད་བསྐུལ་རེ་དང་སྤྲད་ལ་ཕུལ༔ དེ་ནས་བཟློག་གཞུང་འདོན་ནོ༔ ཞེས་པ་དོན་གྲུབ་ལ་ཕན་ཕྱིར་ཨ་རཱ་གས་བསྡུས་ཏེ་བྲིས་པ་ལ་ཉེས་འགལ་ཐམས་ཅད་དྲག་པོའི་ལྷ་ཚོགས་བཀའ་སྲུང་བཅས་ལ་བཤགས༔ དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་དྲག་པོ་ལས༔ གཏོར་ཟློག་མཚོན་ཆ་འཁོར་ལོའི་མདུན་བསྐྱེད་སྤུ་གྲི་རེག་གཅོད་ཁྲོ་རྒྱལ་སྟོབས་འདུས་གནམ་ལྕགས་མེ་ཡི་འཁོར་ལོ་འགོང་པོ་ཨར་གཏད།next