Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་མདོས་ཟློག་གཏོར་མའི་ཞལ་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་མདོས་ཟློག་གཏོར་མའི་ཞལ་ཁྲིད།next

གུ་རུ་དྲག་པོའི་མདོས་ཟློག་གཏོར་མའི་ཞལ་ཁྲིད།


CMR010_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་མདོས་ཟློག་གཏོར་མའི་ཞལ་ཁྲིད་བཞུགས་སོ༔


CMR010_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ནད་པའམ་ནི་གདོན་ཆེན་ལ་སོགས་ལ༔ གཏོར་ཁ་སྟོན་པའི་ཞལ་གདམས་བྲི་བར་བྱ༔ ཚད་པའི་ནད་དང་གཉན་ནད་ཀླུ་ཡི་གདོན༔ རིམས་ཀྱི་རིགས་ལ་གཏོར་ཁ་བསྟན་ན་ཐུ༔ དེ་བཞིན་གཟའ་ལ་གཏད་ན་རང་ལ་ལྡོག༔ རྒྱལ་འགོང་སྲིན་མོའི་གདོན་དང་ཆུང་སྲི་དང་༔ ཤི་ཁ་བྱེ་དང་སྨྱོ་འབོག་སྙིང་གཟེར་དང་༔ དམ་སྲིའི་གདོན་ལ་ཤིན་ཏུ་ཕན་པར་ངེས༔ གཏོར་ཟློག་ཡིན་ནམ་ཡང་ན་ལྷ་གྲངས་ཀྱི༔ དམར་གཏོར་ཆུང་བཙུགས་གྲལ་དུ་བཤམས་


CMR010_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ༔ གཞི་བདག་དཀར་གཏོར་སྔོན་བཏང་སྡོང་གྲོགས་བཅོལ༔ འདི་ལ་མ་གནོད་གཞན་དུ་སོང་ཞིག་བརྗོད༔ བགེགས་གཏོར་བཏང་ལ་ཆོས་བཤད་བདེན་པ་བདར༔ མ་གནོད་སོང་ཞིག་གལ་ཏེ་མི་འགྲོ་ན༔ དྲག་པོའི་གཏོར་མ་ཟོར་གྱིས་ཚར་གཅོད་སྨྱ༔ གསེར་སྐྱེམས་བཏང་ལ་གཟའ་དང་མཁའ་འགྲོ་སོགས༔ གདོང་མ་ཐུག་ཅིང་ལྡོང་དང་མ་ཐུག་བརྩི༔ གླུད་དང་གཏོར་མས་བརྔན་ཡང་མི་འགྲོ་ཞིང་༔ ཆོས་བཤད་བདེན་པ་བདར་ཡང་མི་བརྩི་ན༔ ངས་ནི་དྲག་པོའི་ལས་སྦྱོར་བྱེད་པ་ལ༔ ང་ནི་མ་ཉེས་ཁྱོད་རང་ལེན་ནོ་བརྗོད༔ ནད་པའི་རྣམ་ཤེས་སྤར་ནས་ནམ་མཁའ་


CMR010_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཨོ་རྒྱན་བཞུགས་པའི་ཐུགས་ཀར་བསྟིམ་པར་བྱ༔ ཕུང་པོ་བྲུབ་ཁུང་དབུས་སུ་གནོད་བྱེད་ནི༔ ལིངྒ་བསྐྱེད་ཆོག་ལྟར་དུ་གསལ་བར་བསྒོམ༔ བཀའ་ལ་མི་ཉན་དམ་ལ་མི་གནས་པའི༔ གདོན་བགེགས་བཀུག་གཞུག་ལན་གསུམ་བར་དུ་བྱ༔ ཆད་མདོ་བརྟན་སྐྱོང་སྨྱོ་ཁ་སྤུ་གྲི་དང་༔ མ་ནིང་ལྷ་མོ་མགོན་པོ་སེང་གདོང་མ༔ རྟ་མགྲིན་གཤིན་རྗེ་གུར་དྲག་ལ་སོགས་པ༔ མཇུག་ནས་ཡར་ལ་འདོན་ཏེ་རིམ་བཞིན་དུ༔ དྲག་པོའི་གཏོར་ཟློག་རྒྱག་པར་བྱེད་ན་ཡང་༔ སྤུ་གྲི་གསུམ་དང་མེ་དབལ་ཁྱུང་མཁའ་འགྲོ༔ གསང་བདག་རྟ་མགྲིན་འཇམ་དཔལ་རིམ་པ་བཞིན༔ རང་ཉིད་ཡི་དམ་གུར་དྲག་གསལ་བ་ནི༔ གཏོར་མའི་ལྷ་དེ་ཕྱག་གཡས་དང་པོ་ཡིས༔ ཕྱག་མཚན་བསྐལ་པའི་མེ་དཔུང་འབར་བ་དེ༔ བྲུབ་ཁུང་ནང་གི་གདོན་ལ་བརྒྱབས་པ་ཡིས༔ རྩྭ་སྐྱ་ལ་ནི་མེ་དཔུང་བརྒྱབ་ལྟར་དམིགས༔ དེ་ནི་འཇམ་ཞིང་འཁུ་ལྡོག་ཆུང་བ་ཡིན༔ གཏོར་མ་དེ་ཉིད་གང་ཡིན་ལྷ་དེ་ཉིད༔ མེ་དཔུང་དང་བཅས་རང་ཉིད་ཡི་དམ་གྱི༔ ཕྱག་གིས་བླངས་ནས་འཕངས་པས་གདོན་བགེགས་སྟེང་༔ ཐོག་ལྟར་བབས་ནས་རྡུལ་དུ་བརླག་དམིགས་ན༔ ཤིན་ཏུ་གཉན་ཅིང་རང་ལ་ལྡོག་ཉེན་ཆེ༔ དེ་


CMR010_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟློག་པའི་གཏོར་མ་གཙོ་བོ་ལ༔ རྣམ་རྒྱལ་འབར་མའི་གཙོ་བོའི་བསྟོད་པ་དང་༔ མཇུག་གི་སྤུ་གྲིའི་བསྐུལ་པ་འདོན་པར་བྱ༔ རྗེས་སུ་མེ་རུ་བཙུགས་ནས་བཞག་བྱས་ཏེ༔ ལག་ཏུ་བཟུང་ནས་ཕྱག་རྟགས་རྡོ་རྗེ་འདོན༔ ཟད་བརྒྱད་སྤུ་གྲི་སྲོག་གཅོད་སྔགས་དམིགས་ཀུན༔ བརྗོད་ཅིང་ཡོན་བདག་རྣམས་ཀྱི་མགོ་བོ་འམ༔ དཔུང་པ་གཡས་ཀྱི་ཐོག་ཏུ་བཞག་ཅིང་འགྲིམ༔ གཏོར་མ་དྲག་པོའི་སྐུ་ཡི་མེ་དཔུང་གིས༔ དེ་ཡི་ལུས་གདོན་ཐམས་ཅད་བསྲེགས་པར་དམིགས༔ མ་ཀི་མེ་ཧོ་སྦྱར་བའི་ནང་དུ་ནི༔ གཏོར་ཆེན་འབུལ་ཞིང་གཏོར་མ་རྩང་བཅས་བསྲེགས༔ རྒྱབ་པའི་གཏོར་མ་ཟ་རུ་མི་རུང་སྟེ༔ མེ་དང་མཚོན་ཆར་བསྒོམ་པས་ག་ལ་རུང་༔ སྨྱོན་པ་ལ་སོགས་གཏོར་མ་རྒྱབ་པའི་རྗེས༔ མེ་ལྕགས་ལྷམ་དང་ཆོས་གོས་དར་ནག་དང་༔ ཐུན་རྫ་ས་བྲབ་ཅིང་རྫས་དང་གུ་གུལ་བདུག༔ དམིགས་པ་ཟིན་ངེས་ཡི་དམ་ང་རྒྱལ་བསྐྱེད༔ དེ་ནས་སྟོང་ཉིད་ངང་ལ་ཡུད་ཙམ་བཞག༔ དེ་ནས་ནམ་མཁའི་ཨོ་རྒྱན་ཐུགས་ཀ་ནས༔ རྣམ་ཤེས་ཐིག་ལེ་ཚེ་བསོད་མར་ལ་བསྟིམ༔ སྲུང་མདུད་ཡོད་ན་བཏགས་ཤིང་སྲུང་འཁོར་བསྒོམ༔ ཕྱིར་ཉིན་ནམ་ནི་དེ་ནུབ་ཚེ་འགུགས་དང་༔ ཚེ་


CMR010_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ལ་བཀྲ་ཤིས་བརྗོད་པར་བྱ༔ བདེ་རིམ་ནད་གདོན་མེད་ན་རྒྱག་མི་རུང་༔ གལ་ཏེ་མི་རྒྱག་ཁ་མེད་བྱུང་ན་ཡང་༔ ཡོན་བདག་དགའ་ཕྱིར་རྩང་སོགས་མི་འཛུགས་པར༔ གཏོར་འབུལ་ལྷ་གྲངས་མགོ་ནས་རིམ་བཞིན་དུ༔ དེ་ལ་རྒྱབ་པའི་དམིགས་པ་འདི་ལྟར་བྱ༔ ནམ་མཁའི་ཐད་དུ་ལྷ་ཡི་ཞལ་གདངས་བསམ༔ དེ་ཡི་ནང་དུ་གཏོར་མ་འབུལ་བར་བསྒོམ༔ དེ་ལ་ཡ་ཉེས་ཅི་ཡང་མེད་པའི་ཕྱིར༔ རྒྱུ་ལྡོག་ལ་སོགས་བརྩི་ཡང་མི་དགོས་སོ༔ སྨྱོན་པ་སྨྱོ་རྒོད་འདུལ་བར་བྱེད་པ་ལ༔ རྣམ་ཤེས་སྤར་ན་མཉམ་དུ་གདོན་ཡང་འགྲོ༔ ཁོང་གཉིས་དབྱེར་མེད་གཅིག་ཏུ་ཡོད་པའི་ཕྱིར༔ རྣམ་ཤེས་མ་སྤར་བཀུག་གཞུག་བྱ་མི་རུང་༔ དེ་ལྟར་མཚོན་ཆ་བཞིན་ཏུ་རྒྱབ་པས་ཐུལ༔ མན་ངག་ཡིན་ནོ་འཕང་རྗེས་ཚེ་འགུགས་བྱ༔ ལྷ་གྲངས་མགོ་ནས་མར་འདོན་མགྲོན་ཐབས་ཟེར༔ མཇུག་ནས་ཡར་འདོན་ཡེ་ཤེས་ལྷ་རྣམས་ནི༔ རྗེས་ནས་འདོན་པ་དམག་ཐབས་དྲག་པོ་ཡིན༔ ཨཱི༔ ཟབ་རྒྱ༔ གཞན་ཡང་གུར་དྲག་གཏོར་ཟློག་འདོན་ཐབས་ནི༔ གཏོར་མ་ལྷ་བསྐྱེད་མངོན་རྟོགས་ལྟར་བསྒོམས་ནས༔ ལིང་གཏོར་ཆུང་ཞལ་དུ་བསྟབས་པ་ཡིས༔ དགྲ་བགེགས་ཐམས་ཅད་ཆེམ་ཆེམ་


CMR010_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་དམིགས༔ གཙོ་བོའི་ཟློག་པ་འདོན་ཚེ་ཁྲོ་ཆུང་དང་༔ གནམ་ལྕགས་སྡིག་པ་མེ་རླུང་འཚུབ་མ་ཡིས༔ འཇིག་རྟེན་ཁྱབ་སྤྲོས་གདོན་བགེགས་གནོད་བྱེད་ས༔ བྱ་སྤུ་རླུང་གིས་གཏོར་ལྟར་ནམ་མཁའི་མཐར༔ བསྐད་པར་དམིགས་ཤིང་དེ་བཞིན་འཇམ་དཔལ་དང་༔ རྟ་མགྲིན་ཕྱག་རྡོར་མཁའ་འགྲོ་མེ་དབལ་སོགས༔ ཟློག་པ་འདོན་ཚེ་རང་འདྲའི་ཁྲོ་བོའི་ཚོགས༔ འཁོར་ཚོགས་འཇིག་རྟེན་ཁམས་གང་གནོད་བྱེད་བསྐྱེད༔ ཁྱད་པར་ཁྱུང་ཟློག་འདོན་ཆེ་སྤྱི་བོའི་ཁྱུང་༔ སྤྲུལ་པའི་བྱ་ཁྱུང་དཔག་མེད་ནམ་མཁའ་གང་༔། བར་སྣང་འཕུར་འཇུམ་ལྡིང་ཞིང་ཁྱུང་སྐད་སྒྲོག༔ གཤོག་པའི་གསེབ་ནས་གནམ་ལྕགས་རྡོ་རྗེ་དང་༔ མེ་དཔུང་བྱེ་ཚན་སེར་བ་འབེབས་བྱེད་པ༔ གནོད་བྱེད་ཀླུ་དང་ས་བདག་གཞོབ་ཐུལ་བསྲེགས༔ གཏད་དང་མནན་པ་མཆུ་དང་སྡེར་མོས་བྲད༔ གདེང་ཆེན་གདོན་རྣམས་རྡོ་རྗེའི་རྭ་ཡིས་བརྡུང་༔ གཤོག་པ་གཡབ་པས་རླུང་གི་ལྟས་ངན་རྣམས༔ རྒྱ་མཚོའི་ཕ་རོལ་རང་དབང་མེད་པར་བསྐྱེད༔ སྤུ་གྲི་བསྐུལ་ཚེ་བཙན་བདུད་ཀླུ་དམག་གིས༔ དགྲ་བགེགས་ཐམས་ཅད་བརླགས་ཤིང་ཕྲིན་ལས་སྒྲུབས༔ ལྷག་མ་རྩང་གི་འདབས་སུ་ཕུལ་བ་ཡིས༔


CMR010_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལྷག་མ་རྣམས༔ དབང་ཕྱུག་ཉི་ཤུ་བརྒྱད་ཀྱིས་ལྷག་མེད་ཟོས༔ ཐུན་མཚམས་ཟློག་སྔགས་སམ་ནི་ལོཀྟིའི་སྔགས༔ རྡོ་ཟློག་སྔགས་རྣམས་གང་འོས་ཐུན་དུ་འབད༔ འབུལ་ཁ་སྒོ་དབྱེ་འདོན་ཅིང་གསེར་སྐྱེམས་དང་༔ ཕྱོགས་བཞིའི་སྒོ་རྩངེ་ཤབ་པ་དུས་མཉམ་སྟེ༔ སྒོ་མ་བཞི་དང་རྒྱལ་ཆེན་སྡེ་བཞི་ཡིས༔ ཕྱི་དང་ནང་གི་སྒོ་བཞི་ཕྱེས་པར་བསམ༔ དེ་ནས་ལྷ་ཚོགས་ཡིད་ཀྱིས་ནམ་མཁར་བཏེག༔ གཏོར་མདོས་བྲན་ལ་རྩ་སྔགས་ཁཱ་ཧིས་བསྔོ༔ མདོས་ཞལ་ཕར་བསྒྱུར་རྔམ་བརྗིད་སྟོབས་ལྡན་གྱི༔ གཏོར་ཆུང་ལྷ་གྲངས་རྫོངས་འདེབས་ཚུལ་དུ་འབུལ༔ དེ་ནས་གོམ་པ་བདུན་ཅུའི་ས་རུ་དཔག༔ རཀྟས་བྲན་ཅིང་སྲིན་མོ་ཟ་ལམ་འདོན༔ དེ་ནས་གཏོར་ཁ་བཏོན་ནམ་ལིང་གར་བརྒྱབ༔ ཕྱི་རོལ་འབུལ་སོགས་སྐབས་སུ་གང་བབ་བྱ༔ ཕྱི་རུ་འབུལ་ན་ཅུང་ཞིག་ཐག་བསྲིང་བྱ༔ དེ་ནུབ་དགའ་སྟོན་ཚོགས་འཁོར་བཟང་བར་བྱེད༔ ཚེ་འགུགས་བཀྲ་ཤིས་ཤིན་ཏུ་རྒྱས་པར་བྱ། ཕྱིར་ནངས་ཚར་གཅིག་བསྡུ་རིམ་གཤེགས་གསོལ་དང་༔ བསྔོ་བ་སྨོན་ལམ་སྟོང་ཉིད་རྒྱས་གདབ་བྱ༔ དེ་དག་གལ་ཆེན་རྩ་ཚིག་ཐོ་རིམ་ཡིན༔ ཞིབ་ཆ་ཕལ་ཆེར་ཀུན་གྱིས་ཤེས་ལྟར་


CMR010_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ རྟ་བྲོ་ལ་སོགས་སྨོན་ལམ་དགོས་པའོ༔ ཨོ་རྒྱན་གསུངས་ལ་གུར་དྲག་སྒོ་ནས་ནི༔ འདྲེ་བརྡུངས་བྱས་ཀྱང་ཕྱི་མ་མཆོག་འགྲུབ་གསུངས༔ དེ་ཕྱིར་རང་གཞན་རིམ་གྲོ་རྒྱུན་དུ་ཡང་༔ མཚོན་ཆ་འཁོར་ལོ་ཤིན་ཏུ་ཟབ་པ་ཡིན༔ རྣམ་རྒྱལ་འབར་མ་མི་སྦྱར་དེ་ཡི་ཚབ༔ རྔམ་བརྗིད་སྟོབས་ལྡན་སྦྱར་བ་བཀའ་རྒྱ་ཡོད༔ བན་མ་བོན་གྱིས་བསྐུལ་ཕྱིར་ཤཱཀྱ་ཡི༔ དགེ་སློང་སྔགས་འཆང་རཱ་ག་ཨ་སྱ་ཡིས༔ ནུབ་མོ་མར་མེའི་ངོགས་ནས་རྫོགས་པར་བྲིས༔ གྲོང་ཆོག་བྱེད་པའི་སྔགས་པ་མང་པོ་ལ༔ རིན་ཆེན་གསེར་སྲང་གང་ལས་མི་དགའ་རེ༔ སྙན་བརྒྱུད་ཡིན་ཀྱང་འགྲོ་ལ་ཕན་དོན་དུ༔ མ་གསང་སྔགས་པ་ཀུན་ལ་སྤེལ་དུ་ཆུག༔ སརྦ་མངྒ་ལཾ༔ མཚོན་ཆ་འཁོར་ལོའི་ཞལ་ཤེས་བཞུགས་སོ༔ ཤམཐ2ག༔ བླ་མ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ མཚོན་ཆ་འཁོར་ལོའི་ཞལ་ཤེས་ཅུང་ཟད་བཀོད༔ དེ་ལ་བཅས་ནི་གཞུང་ལྟར་ལས༔ ལྕགས་འགུའི་ཁ་འཇིམ་པས་བཅད་ལ༔ དེར་འཁོར་ལོ་རྩིབས་དགུའམ་བཅུ་པ་བྲི༔ དེའི་ལྟེ་བ་དང་རྩིབས་རྣམས་སུ༔ བྲུབ་ཁུང་རེ་བྱས་ལ་ལིངྒ་རེ་བཞག༔ འཁོར་ལོ་ནག་པོ་བྲུབ་ཁུང་དམར་པོ་བྱ༔ དེའི་སྟེང་དུ་


CMR010_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་གཏོར་མ་རེ་བཞག༔ དབུས་དྲག་པོ༔ ཤར་ཕྱག་རྡོར༔ ལྷོར་འཇམ་དཔལ༔ ནུབ་རྟ་མགྲིན༔ བྱང་མེ་དབལ༔ ཤར་ལྷོ་མཁའ་འགྲོ༔ ལྷོ་ནུབ་ཁྱུང་གི་གཏོར་མ་ཁྱུང་དབུ་ལ་བསམ༔ ནུབ་བྱང་བཙན༔ བྱང་ཤར་ཀླུ༔ མདུན་བདུད༔ རྩིབས་བཅུ་བྱེད་ན་རྒྱབ་ཏུ་སྨྱོ་ཁའམ་ཞིང་སྐྱོང་གང་རེད་བསྒོམ༔ གཏོར་མ་རྣམས་འདོན་ཚེ་ལྷར་བསམ༔ འབུལ་ཁ་ལྷ་ནམ་མཁར་བཏེག་ལ་ཤ་ཁྲག་བསམ་ལ་འབུལ༔ འཕེན་པའི་དུས་མེ་དང་མཚོན་ཆར་བསམ༔ འདོན་ལུགས་ནི་ལས་བྱང་གཞུང་བསྲངས་ནས་དྲག་པོའི་ཚོགས་བྱེད༔ བར་པས་བཤགས་པའི་ཚོགས་ཟན་གྱིས་བསྐང་བ་གསོ་ལ༔ བསྐང་བ་འདོན༔ དེ་ནས་བསྒྲལ་ཚོགས་ཟན་དུམ་དེ་ལ་དུམ་རེ་དང་༔ ལིངྒ་རེ་སྦྲགས་ལ་ལས་འགྲིགས་འདོན་ཏེ༔ དང་པོ་དྲག་པོ་ཉིད་ཀྱིས་བསྒྲལ་ལས་བྱ༔ ཐུན་རྣམས་བརྡེག་ལ་དྲག་པོའི་ཞལ་བསྟབ་བྱ༔ ལིང་རོ་ཕུལ༔ དེ་ནས་དྲག་པོའི་ཟློག་པ་འདོན༔ གཏོར་ཆུང་རྣམས་བྲན་ལ་རྣམ་རྒྱལ་འབར་མའི་གཙོ་བོའི་བསྟོད་བསྐུལ་གྱིས་ཕུལ༔ དེ་བཞིན་ཏུ་འཇམ་དཔལ་ནས༔ རྟ་མགྲིན༔ ཕྱག་རྡོར༔ མཁའ་འགྲོ༔ ཁྱུང་༔ མེ་དབལ་རྣམས་རིམ་བཞིན་དེ་ལྟར་བྱ༔


CMR010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཀའ་སྲུང་གི་བསྒྲལ་ལས་བྱས་ནས་བསྟབ་པ་ལིང་རོ་ཕུལ༔ བཀའ་བརྒྱད་རྩང་གྱེར་སབ༔ དེ་ནས་གཏོར་ཆུང་བཤམས་ལ་སྤུ་གྲི་སྨྱོ་ཁ་ཕུལ༔ དེ་ནི་རྒྱས་པ་ཡིན་ཀྱང་གབ་འཕྲོད་དཀའ་ནི༔ ཡང་གཞན་གོང་དང་འདྲ༔ བསྒྲལ་ལས་དུས་ལིངྒ་ཆེ་བ་གཅིག་དང་ཚོགས་དུམ་ལ་ལས་འགྲིགས་ཀྱི་བསྒྲལ་ལས་ཐམས་ཅད་དུས་གཅིག་བྱས་ཏེ་ལིང་རོ་ཕྱེད་ཙམ་ཕུལ༔ ཕྱེད་དེའི་དུམ་རེ་དང་གཏོར་ཆུང་རེ་རྣམས་སྦྲགས་ལ་བཞག༔ གཏོར་ཟློག་སྐབས་རྣམ་རྒྱལ་འབར་མ་དང་༔ སྤུ་གྲི་སོགས་ཀྱིས་བསྐུལ་པས་གཏོར་ཆུང་འབུལ༔ དེ་རྣམས་ཕྱག་ལེན་བསྡུས་པའོ༔ ༈ ཚོགས་དང་བསྐང་བ་ཟློག་པ་གསུམ་བསྲེ་ནས་གསུངས་པ་འདི་རྙིང་མའི་ལུགས་ཚད་ལྡན་ཡིན༔ དེ་ལྟར་མ་ཡིན་པའི་ད་ལྟ་ཅི་དྲན་བྱེད་པ་རྣམས་ལ་ངེས་པ་ཅི་མ་མཆིས༔ གཏོར་མ་ལ་ནང་ཆུང་བཙུགས༔ ཕྱི་རྩང་མེད་ཀྱང་ཆོག༔ ནང་རུང་ནི་ངེས་པར་དགོས་སོ༔ ཞག་རེ་དུས་གསུམ་མམ་བཞིའམ་དྲུག་གམ༔ བསྐུལ་ཆུང་རེའི་གཏོར་ཆུང་རེ་འབུལ་བ་ཐུན་གཏོར་ཡིན༔ ཞག་གྲངས་ཚང་ནས༔ གཞུང་གི་སྒོ་དབྱེ་གསེར་སྐྱེམས་གཉིས་ཀ་བྱེད༔ མང་དུ་བཞག་ནས་ཞལ་བསྒྱུར་ལ་རྣམ་རྒྱལ་འབར་མའམ༔ རྔམ་


CMR010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་སྟོབས་ལྡན་གྱི་གཏོར་རྫོངས་མང་དུ་བྱེད༔ དེ་ནས་གོམ་པ་བདུན་ཅུའམ་བདུན་གྱི་སར་བཞག་ནས་ཁྲག་བླུགས་ལ་ཟ་ལམ་འདོན༔ དེ་ནས་རི་ལ་འབུལ་ན་ཟོར་སོགས་གཞན་ནས་ཁ་སབ་པར་ནད་པའི་སྟེང་ངམ༔ ཡང་ན་རེ་ནག་དང་སླ་ངའི་ནང་དུ་ལིངྒ་བཞག་ལ་རེ་རེ་ནས་ཡོན་བདག་གིས་ལག་འགྲིམས་བྱེད་ནས་བསྐུལ་རེ་དང་བཅས་ཏེ་ལིངྒ་ལ་བརྡེག་ལ༔ མཐར་ལིང་རོ་དང་གཏོར་མ་ཐམས་ཅད་མེ་ཧོ་བརྩེགས་པར་བསྲེགས༔ གཏོར་སྣོད་སྦུབ་ལ་རྟ་བྲོ་བརྡུང་༔ དེ་ནུབ་ཚོགས་ཚེ་འགུགས་བཀྲ་ཤིས་རྒྱས་པར་བྱའོ༔ རི་བོ་ཆེའི་ལུགས་ལ་འདི་ལྟར་བྱེད༔ གཏོར་ཟློག་མཚོན་ཆ་འཁོར་ལོ་བཅའ༔ དེའི་ཟུར་ལ་རྔམ་བཟློག་བཅའ་ནས་འཕེན༔ མདུན་བསྐྱེད་ཁྲོ་རྒྱལ་སྟོབས་འདུས་འདོན་ནས་རཏྣའི་ལུགས་ཀྱི་ལས་བྱང་སྤྱན་འདྲེན་མན་ཆད་བྱེད་པར་སྣང་སྟེ་གཏེར་ཁ་གོང་འོག་དཀྲུག་ཅིང་བསྲེ་ན་མི་རུང་ཞེས་ཨོ་རྒྱན་ཆེན་པོའི་གསུངས་འདུག་པས་ཅི་འགྱུར་མི་ཤེས༔ གོ་བོ་ཕུག་གི་ལུགས་ལ་བཀའ་བརྒྱད་ནས་མ་ཀྲྀ་བསྐོས་འདེབས་སོགས་ཆ་ལག་ཕལ་ཆེ་བ་སབ་ནས་པོད་ཆུང་གཅིག་བྱེད་པར་གདའ་སྟེ༔ དེ་ཙམ་སབ་དགོས་གསུངས་པ་མི་སྣང་ཞིང་དཔེ་མང་བར་འདུག་པ་སྣང་བས་སྙིང་པོ་ཆེར་མེད་


CMR010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དོ་སྙམ༔ དེང་སང་ཁ་ཅིག་གཏོར་མ་བཅུའམ་བཅུ་གཅིག་ཡོད་དེ༔ ལྷ་གང་གི་གཏོར་མ་ཡིན་བསྐྱེད་ལུགས་གང་ཡིན་ཆ་མེད་པར༔ གཏོར་མ་ཁྲོ་བཅུ་ཡིན་སོགས་སྨྲ་ཞིང་༔ ཚོགས་དང་བསྐང་བ་བསྒྲལ་ཆོག་སོགས་ས་མཚམས་མི་ཤེས་རང་ནམ་སྐབས་གཏོར་ཟློག་འདོན་པ་དང་༔ གཏོར་ཟློག་མཚམས་སུ་གཏོར་ཆུང་འབུལ་བ་དང་༔ བརྒྱ་རྩའམ་གཏོར་ཆུང་འདྲ་བ་མང་པོ་སྔགས་ཀྱིས་ཕུལ་བ་སོགས་བྱེད་པ་འདི་རྣམས་ཕྱག་ལེན་རྣམ་པར་དག་པ་མ་ཡིན་ཏེ༔ ཁོང་རྣམས་ཀྱི་ཉམས་ལ་གང་ཤར་མཛད་པ་འདྲ༔ ཞེས་པ་འདིའང་ཡུན་རིང་སོང་ཡང་མ་སྐབས༔ ར་ལམ་དགེ་བཤེས་རྣམ་དཀར་གྱིས་གསུང་བསྐུལ་མཛད་པའི་ངོར་ཨ་རཱ་གས་བྲིས་པའོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་མདོས་ཟློག་གཏོར་མའི་ཞལ་ཁྲིད།next