Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་གི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་གི་འདོན་འགྲིགས།next

ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་གི་འདོན་འགྲིགས།


CMR010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་གི་འདོན་འགྲིགས་བཞུགས་སོ༔


CMR010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བདག་ཉིད་ཡི་དམ་ལྷར་གསལ་བའི༔ སྤྱི་བོར་གུ་རུ་ཡབ་ཡུམ་གསལ་བར་གྱུར༔ མདུན་དུ་དམིགས་མེད་ངང་ལས་ཐབ་ཀྱི་ནང་༔ མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ༔ རིན་ཆེན་གཞལ་ཡས་པདྨ་འདབ་བརྒྱད་དབུས༔ པདྨ་ཉི་ཟླ་བདུད་བཞིའི་སྟེང་དུ་ཧྲཱིཿ དམར་པོའི་འཕྲོ་འདུས་རྒྱལ་བ་རྣམས་ལ་མཆོད་པ་ཕུལ༔ སེམས་ཅན་གྱི་ལས་སྒྲིབ་སྦྱངས༔ སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཚུར་འདུས༔ བྷིལ་ཐིམ་པ་ལས་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ༔ སྤྱི་བོར་རྟ་སྐད་འཚེར་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔


CMR010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཁྱུད་ཅིང་སྟོབ་པ་ཡབ་དང་འཁྲིལ་བ༔ སྤྱི་གཙུག་ན་ཕག་ཞལ་ངུར་སྒྲ་སྒྲོག་པ། རྒྱན་དྲུག་གིས་སྤྲས་པ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དེའི་སྤྱི་བོར་པདྨ་དང་ཉི་ཟླའི་སྟེང་དུ༔ ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཚར་བཅད་ཚུར་འདུས་པ་ལས༔ དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་ཞི་མ་ཁྲོ་ཅུང་ཟད་ཁྲོ་བ༔ ཕྱག་གཡས་པས་རྡོ་རྗེ་ཐུགས་ཀར་འཛིན་པ༔


CMR010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དྲིལ་བུ་ཡུམ་ལ་བརྟེན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དབུ་རྒྱན་ལ་སོགས་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ དེའི་མདུན་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཚོ་རྒྱལ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གྲི་གུག་འཁྱུད་ཅིང་ཐོད་ཁྲག་སྟོབ་པ་ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་བ༔ རིན་པོ་ཆེ་དང་རུས་རྒྱན་གྱིས་སྤྲས་པ༔ གཅེར་བུ་སྐྲ་གྲོལ་བ་གཉིས་མེད་དུ་སྦྱོར་བའི་ཚུལ་དུ་གྱུར་པ༔ ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཧཱུཾ་མཐིང་༔ དེའི་མཐའ་མ་ལ་རྩ་བའི་སྔགས་ཀྱིས་བསྐོར་བར་གྱུར། དེའི་ཕྱི་རིམ་ཤར་གྱི་རྩིབས་སྟེང་དུ༔ རྡོ་རྗེ་མཁའ་འགྲོ་དཀར་མོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་མོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་ཐོད་


CMR010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ ལྷ་ཚོགས་དེ་དག་རང་རང་གི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གསལ་བ་ལས༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་དབང་གི་དཀྱིལ་འཁོར་དུ་འོད་འཕྲོས་པས༔ ཡེ་ཤེས་པ་སྤྱན་དྲངས་ལ༔ བསྐྱེད་པ་ལ་མངོན་སུམ་དུ་ཐིམ་མོ༔ སྤྱན་འདྲེན་མཆོད་པ༔ རྩ་གསུམ་མཆོད་འཕྲེང་༔ བསྟོད་པ་ཡང་རྩ་གསུམ་མཆོད་ཕྲེང་ལྟར་བྱའོ༔ གཏོར་མ་དང་མེ་ལྷ་སོགས་སྤྱི་ལྟར་བྱའོ༔ ཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་ཕོ་ཉ་མྱུར་མགྱོགས་ཀྱི་འདོན་འགྲིགས་འདི་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༈ ཨོཾ་ཨཱཿཧཱུྃ་བཛྲ་པདྨ་ཐོད་ཕྲེང་རྩལ་དྷ་མ་གྷ་ཡེ་ན་མ་ཧྲིམ་ཧ་རི་ནི་ས༔ ར་ཙ་ཧཱུྃཡ༔ བ་སུ་ན་ན་ཁ་དྷེ་པུཎྚི་ཀུ་རུ་སྭཱ་ཧཱ༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་སྒྲུབ་དྲག་པོའི་སྦྱིན་སྲེག་གི་འདོན་འགྲིགས།next