Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོའི་བྱབ་ཆོག་གདོན་བཀྲོལ་ཆེན་མོའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོའི་བྱབ་ཆོག་གདོན་བཀྲོལ་ཆེན་མོའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས།next

གུ་རུ་དྲག་པོའི་བྱབ་ཆོག་གདོན་བཀྲོལ་ཆེན་མོའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས།


CMR010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་བྱབ་ཆོག་གདོན་བཀྲོལ་ཆེན་མོའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་འགྲོ་བའི་གཉེན་གཅིག་པོ༔ དྲག་པོ་རྩལ་ལ་གུས་བཏུད་ནས༔ བྱབ་ཆོག་ལག་ལེན་བཀོད་པར་བྱ༔ ཆོས་བདག་སྲུང་མས་བཀའ་གནང་སྩོལ༔ དེ་ལ་རབ་རྫ་དམར་པོ་གྲུ་གསུམ༔ འབྲིང་ཟངས་སྣོད༔ ཐ་མ་རྫ་མ་གསར་པའི་ནང་དུ་སོལ་བས་གྲུ་གསུམ་བྲི༔ དེའི་ནང་དུ་བག་ཟན་ནམ་མ་རྙེད་ན་ཟན་གཙང་མ་ལ༔ སྡིག་པ་ཁ་དགུ་མགོ་དགུ་མིག་དགུ་པ་བྱས་ལ་བཞག༔ ནད་པའི་ལུས་ལ་དྲིལ་བའི་ཟན་ལ་ངར་ཆུང་བརྒྱ་རྩ་བརྒྱད་དང་ཆངས་བུ་བརྒྱ་རྩ་བརྒྱད་བྱ༔ གཞན་གོང་གཏོར་ཚོགས་གཏོར་འབུལ་སོགས་གཞུང་ལྟར་ལས༔ དྲག་པོའི་ལས་བྱང་ཚར་གཅིག་བཏང་བསྙེན་པ་ཅུང་ཞིག་བྱས་ནས༔ ནད་པའི་མདུན་དུ་གཏོར་ཁྲིའམ་ཤིང་ལེབ་སྟེང་དུ་ཐེབ་ཙེ་ལྔ་ཚར་རམ་དྲུག་སོགས་གང་འཛོམ་བསྒྲིགས་པའི་ནང་དུ༔ ཆངས་བུ་རེ་དང་


CMR010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ངར་མི་རེ་བཀོད༔ གཏོར་འགུ་རུ་ཆུ་གཙང་དང་ཀུ་ཤ་རྨ་བྱའི་མདངས་གཅིག་ཀྱང་འཚག་བྱས་ལ༔ རང་དང་ནད་པའི་འོག་དྲུང་གར་བདེར་སྡིག་པའི་གཟུགས་དེ་བཞག་ལ༔ འོ་ན་ད་ལམ་འདིར་བཅོམ་ལྡན་འདས་གུ་རུ་དྲག་པོའི་སྒོ་ནས་བྱབ་ཆོག་འདོན་བཀྲོལ་ཆེན་མོ་ཞེས་བྱ་བ་དེ་བྱེད་པ་ཡིན་ཏེ༔ དེ་ཡང་སྔོན་གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར༔ ས་གཞི་སྲིན་མོ་གན་རྐྱལ་དུ་ཉལ་བ་འདྲ༔ གངས་རི་གཅན་གཟན་གྱི་མཆེ་བ་གཙིགས་པ་འདྲ་བ༔ བྲག་རི་ཐམས་ཅད་སྲིན་པོ་ཁྲོས་པ་འདྲ་བ༔ ནགས་རི་ཐམས་ཅད་སྲིན་མོས་རལ་བ་གསིགས་པ་འདྲ་བ༔ སྟོན་པ་སངས་རྒྱས་ཀྱིས་ཞབས་ཀྱིས་མ་བཅགས་


CMR010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཤིན་ཏུ་རྩུབ་ཅིང་ལྷ་སྲིན་མ་མོ་བྱེ་བའི་ཡུལ་འདིར༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དེས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས༔ དམ་པའི་ཆོས་དར་བར་མཛད་དགོངས་ནས་པཎྜི་ཏ་བྱང་ཆུབ་སེམས་དཔའ་ཞི་བ་འཚོ་རྒྱ་གར་ནས་གདན་དྲངས་ཀྱང་༔ བོད་ཀྱི་ས་བདག་ཀླུ་གཉན་མ་ཐུལ་ནས༔ ཉིན་མོ་མིས་བརྩིགས་པ་ཐམས་ཅད་མཚན་མོ་ལྷ་འདྲེས་བཤིགས་ནས༔ ས་ས་མལ་རྡོ་རྡོ་མལ་དུ་བསྐྱལ༔ ཡར་ལུང་ཆུས་ཕྱགས༔ ལྷ་ས་དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ༔ མི་ནད་དང་ཕྱུགས་ནད་ཆེན་པོ་བྱུང་བས༔ བོད་ཐམས་ཅད་ཀྱིས་རྒྱལ་པོའི་གཙུག་ལག་ཁང་བཞེངས་པས་ལེན་ཟེར༔ དེར་མཁན་པོའི་ཞལ་ནས་བོད་ཀྱི་ལྷ་འདྲེ་འདི་རྣམས་ཞི་བས་མི་ཐུལ་བར་འདུག་པས༔ རྒྱ་གར་གྱི་ཡུལ་ན་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རླག་པར་བྱེད་པའི་མཐུ་སྟོབས་ཅན་གཅིག་བཞུགས་པས༔ དེ་གདན་དྲོངས་ཤིག་གསུངས་ནས་ལུང་བསྟན་པ་ལྟར༔ སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས༔ མགུར་ལྷ་བཅུ་གསུམ་དང་བརྟན་མ་བཅུ་གཉིས་ཡ་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས༔ དགེ་


CMR010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་ཉི་ཤུ་རྩ་གཅིག་གཉན་ཆེན་སྡེ་བཞི༔ གཉན་ཕྲན་བཞི་བཅུ་རྩ་གཉིས་ཐམས་ཅད་དམ་ལ་བཏགས་ཏེ༔ བཀའི་སྲུང་མར་བསྐོས༔ བསམ་ཡས་ཀྱང་ཉིན་མོ་མིས་བརྩིགས་པ་བས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་བྱུང་༔ དེར་གསེར་གྱིས་ཅུང་མ་འདངས་པ་ལ་སློབ་དཔོན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ཀླུའི་རྒྱལ་པོ་མ་དྲོས་གཉིས་ཤག་པོ་བྱེད་བཅུག་ནས༔ ཀླུའི་སྦྲུལ་ཆེན་པོར་སྤྲུལ་ནས་བྱེ་མ་ཐམས་ཅད་གསེར་དུ་བསྒྱུར་ནས་ཕུལ༔ ཀླུས་རྒྱལ་པོ་ལ་རྒྱུན་དུ་གསེར་དཀར་ཡོལ་རེ་ནང་རེ་བཞིན་དུ་ཕུལ་ལོ༔ དེར་སློབ་དཔོན་གྱིས་མངོན་པར་ཤེས་པས་གཟིགས་ནས་ད་དུང་ལྷ་འདྲེ་གང་དེ་གདུག་པ་ཆེ་དགོངས་པས༔ ཀླུའི་ལུས་དམ་ལ་ཐོག་ནས་བསམ་ཡས་བརྩིགས་རོགས་བྱེད་ཅིང་འདུག་ངག་དམ་ལ་ཐོག་ནས་སློབ་དཔོན་གྱི་ཅི་གསུང་བཀའ་ཉན་ཟེར་རོ༔ ཀླུའི་སེམས་དམ་ལ་མ་ཐོག་ནས་སེམས་ཅན་ལ་གང་གནོད་བྱེད་ཅིང་འདུག་པས༔ ཀླུ་དམ་ལ་བཏགས་དགོངས་པས་བསམ་ཡས་མཆིམས་ཕུའི་ཕུག་པར་སློབ་དཔོན་ཞག་བདུན་དགོངས་པ་ལ་བཞུགས་པའི་དུས༔ རྒྱལ་པོ་ཁྲི་སྲོང་གི་ཐུགས་དགོངས་ལ་གཙུག་ལག་བཞེངས་པའི་


CMR010_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཆ་དཀོན་པས་ཅི་དྲག་དགོངས་ཙ་ན༔ ཀླུའི་མི་དཀར་རྟ་དཀར་ཅན་བཅུ་གསུམ་དུ་སྤྲུལ་ནས་བྱུང་སྟེ༔ རྒྱལ་པོ་ལགས་ཁྱེད་ཀྱིས་སློབ་དཔོན་པདྨ་མཆིམས་ཕུར་བཞུགས་པ་ལ་ཐུགས་དགོངས་ཀློད་ཞུ་རོགས་གྱིས་དང་༔ ཤིང་གང་དགོས་ངས་འབུལ་ཟེར་རོ༔ དེ་ནས་རྒྱལ་པོ་སློབ་དཔོན་གྱི་དྲུང་དུ་བྱོན་ཙ་ན་སློབ་དཔོན་མི་བཞུགས་པར་ཁྱུང་དམར་པོ་གཅིག་གིས་སྦྲུལ་གཉིས་བཟུང་ནས༔ སྦར་ཤེད་བྱེད་སྤྲུལ་གྱིས་སྐད་ངན་ཙེར་ཙེར་འདོན་ཅིང་འདུག༔ སློབ་དཔོན་ལགས་ཐུགས་དགོངས་པ་ཀློད་པར་ཞུ་དང་དངོས་གྲུབ་ཅིག་གདའ་ཞུས་པས༔ སྦྲུལ་དེ་བཏང་ཁྱུང་དེ་སློབ་དཔོན་དུ་གྱུར་ནས༔ དངོས་གྲུབ་ཅི་གདའ་གསུངས་ཤིང་གི་དངོས་གྲུབ་གདའ་ཞུས་པས༔ ད་རྟེན་འབྲེལ་འཆུག་ཀླུའི་སེམས་དམ་ལ་ཐོག་ཡག་ལོང་མ་བྱུང་༔ ཀླུ་དམ་ལ་ཐོག་ན་དངོས་གྲུབ་དེ་བས་ཆེ་འོང་བ་ཡིན་ཏེ༔ ད་མ་འོངས་པ་ན་དུས་སྙིགས་མའི་དུས་ལ་བབ་པ་ན༔ བོད་ཡུལ་འདི་ཀླུ་ས་བདག་གིས་དབང་བསྒྱུར་ནས་མི་ཕྱེད་མཛེ་ཡིས་འཛིན་པའི་དུས་ཤིག་འོང་གསུངས་སོ༔ དུས་སྙིགས་མའི་ཚེ་ཀླུ་ས་བདག་གི་ནད་ཀྱིས་ཟིན་པ་རྣམས་ལ་ཕན་པའི་ཕྱིར་དུ༔ གུ་རུ་དྲག་པོའི་བྱབ་ཆོག་གདོན་


CMR010_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ་འདི་གཏེར་ཁ་རེ་ལ་ཕལ་ཆེར་རེ་རེ་སྦས་སོ༔ དེ་ཡང་ཇི་སྐད་དུ་གཞུང་ལས༔ བདག་འདྲ་བུད་མེད་ཕན་སེམས་ཅན༔ སྐྱོ་ངལ་མེད་པའི་མཚོ་རྒྱལ་གྱིས༔ ཤོག་སེར་པོད་ལོང་ལྔ་བརྒྱ་བྲིས་སྙིགས་མའི་འགྲོ་ལ་ཕན་འགྱུར་ཨང་༔ འགྲོ་བ་མི་རྣམས་ལ་སྟེང་འོག་གི་གདོན་གང་དང་གང་གནོད་པ༔ ཁྱད་པར་མཛེ་ལ་སོགས་པའི་ཀླུ་གདོན་རྣམས་ལ་བྱབ་ཆོག་གདོན་བཀྲོལ་བྱ་བ་ནི༔ ཞེས་དང་༔ བྱབ་ཅིང་ཕྱིས་པས་ལྷ་ཆེན་ཚངས་པའི་ནད་ཡིན་ཡང་གདོན་ལས་གྲོལ་ཏེ་སོས་པར་འགྱུར་རོ༔ གདོན་གཞན་ལ་སྨོས་ཅི་དགོས་ཏེ༔ བྱ་སླ་ལ་ཕན་ཡོན་ཆེའོ་ཟབ་བོ༔ ཞེས་དང་༔ མངའ་བདག་ཉང་གི་གཏེར་ཁ་ལས༔ བླ་མ་དྲག་པོའི་ཐུགས་སྒྲུབ་ཀྱི༔ བྱབ་གཏོར་ནད་པ་གསོ་འདོད་ན༔ ཀླུ་གདོན་ཅན་ནམ་ནད་པ་ལ༔ ཞེས་དང་༔ དེ་ལྟ་བུ་ཡི་སྦྱོར་བ་ཡིས༔ ལྷ་ཆེན་ཚངས་པའི་གདོན་ཡིན་ཀྱང་༔ བུད་པར་འགྱུར་བ་ཐེ་ཚོམ་མེད༔ ཀླུ་དང་ས་བདག་སྨོས་ཅི་དགོས༔ ཞེས་དང་༔ རིན་ཆེན་གླིང་པའི་གཏེར་མ་ལས༔ གུ་རུ་ཐུགས་ཀྱི་དྲག་སྒྲུབ་ལས༔ བྱབ་གཏོར་ནད་པ་གསོ་བ་བཤད༔ ཀླུ་བདུད་ཅན་ནམ་གཅོང་ནད་


CMR010_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཅན༔ སྨོན་པའི་ལུས་ལ་ཟན་བསྒྲེས་ལ༔ ཞེས་དང་༔ ངར་གླུད་གང་གནོད་ཕྱོགས་སུ་བསྐྱལ༔ དེ་ལྟ་བུ་ཡི་སྦྱོར་བ་ཡིས༔ ལྷ་ཆེན་ཚངས་པ་རང་ཡིན་ཡང་༔ འབུད་པར་འགྱུར་བ་ཐེ་ཚོམ་མེད༔ ཀླུ་དང་ས་བདག་སྨོས་ཅི་དགོས༔ བྱབ་གཏོར་མཛེ་གསོའི་གདམས་པ་འདི༔ སྐལ་ལྡན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་སོ༔ དེ་ལྟ་བུའི་བྱབ་ཆོག་ཟབ་ཁྱད་ཅན་བྱེད་པ་ལ༔ གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་སོ༔ ངེད་ཐ་མལ་པའི་ལུས་མ་ཡིན་པར༔ སྐད་ཅིག་གིས་བདག་ཉིད་རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ ཞལ་གཡས་དཀར་གཡོན་མཐིང་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་བསྒད་པོ་ཞལ་གདངས་པ༔ མཆེ་བ་བཞི་གཙིགས་ཤིང་ཁྲོ་གཉེར་བསྡུས་པ༔ སྨིན་མ་དང་ཨག་ཚོམ་ལས་མེ་འབར་བ༔ སྐུ་ཆེ་ལ་ཡན་ལག་རིགས་པ༔ ཕྱག་གཡས་དང་པོས་གྲི་གུག་འཛིན་པ༔ བར་པ་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རཾ་དགུའི་མཚན་པ་གསོར་ཞིང་ནམ་མཁར་ཕྱར་བ༔ ཐ་མ་ན་རལ་གྲི་མེ་འབར་བའོ༔ གཡོན་དང་པོས་ཐོད་ཁྲག་


CMR010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བར་པས་ཁཊཾ་ཐ་མས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་མིག་དགུ་བསྒྲད་ཅིང་བརྒྱངས་ནས་འཛིན་པའོ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་མེ་འབར་བ་བརྒྱངས་ནས༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པར་གསོལ་བ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་ཐམས་ཅད་ན་སྡིག་པ་ཕྲ་མོས་གཏམས་པར་གྱུར༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ༔ འཇིགས་སུ་རུང་བ་དེ་ལྟ་བུ་གཅིག་གིས་ཁྱེད་རང་ལ་ནད་བྱབ་པ་དང་༔ གདོན་བཀྲོལ་བའི་ཆོ་ག་མངོན་སུམ་དུ་མཛད་ཅིང་ཡོད་སྙམ་པའི་མོས་པ་མཛོད༔ རང་ཉིད་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་བོ་ཡཀྵ་མེ་དབལ་གྲངས་མེད་པ་ནམ་མཁའ་ཁྱབ་པར་འཕྲོས་པས༔ ནད་པ་འདི་ལ་གནོད་ཅིང་འཚེ་བའི་གདོན་གང་ཡིན་པ་དེའི་སྐེ་ནས་ཞགས་པས་བཟུང་སྟེ༔ རང་དབང་མེད་པར་བཀུག་ནས་སྡིག་པའི་གཟུགས་དང་དབྱེར་མེད་པར་གྱུར༔ ལྕགས་ཀྱུའི་ཕྱག་རྒྱས༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་


CMR010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ འཇམ་དབྱངས་སྐུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ རྟ་མགྲིན་གསུང་གི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ དྷཱཀྐི་ཡོན་ཏན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོའི་བདེན་པ་དང་༔ ཕོ་ཉ་ཟ་བྱེད་གསོད་བྱེད་བསྟན་སྲུང་དམ་ཅན་རྒྱ་མཚོའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས༔ བསྲུང་བྱ་ནད་པ་རྨི་ཞེས་བགྱི་བ་འདིའི་དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ལ་མི་ཕན་པར་བྱེད་པའི་གནོད་བྱེད་གདོན་བགེགས་ས་བདག་ཀླུ་གཉན༔ གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཡཀྵ་ཧཱུྃ་རཀྟ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་ཨངྐུ་ཤ་ཛ་ཛ༔ ཏྲི་ཁུག་ཛ་ཛ༔ བཀུག་གཞུག་ལན་གསུམ་བྱའོ༔ ནད་འདྲེ་གང་ཡིན་བཀུགས་ལ་བསྟིམ་


CMR010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རིན་ཆེན་གླིང་པ་ནས་གསུངས་སོ༔ འོ་དེ་ལྟར་བཀུག་པས་རང་གི་མདུན་དུ་དངོས་སུ་ཁུག་ནས་གནོད་བྱེད་གདུག་པ་ཞི་ནས་གུས་ཤིང་འདུད་པ་དང་བཅས་པས་བཀའ་ཉན་གསུང་སྡོད་པ་ལ༔ ངར་གླུད་བདུད་རྩི་འདོད་པའི་ཡོན་ཏན་སྣ་ཚོགས་སུ་གྱུར་པ་ལན་ཆགས་འཇལ་བའི་ཕྱིར་དུ་བྱིན་པས༔ ལན་ཆགས་བྱང་བུ་ལོན་སོད་ནས་དགའ་མགུ་ཡི་རང་དང་ལྡན་པར་གྱུར༔ ཐེབ་ཙེའི་གླུད་རྣམས་ཆུ་གཙང་གིས་བྲན་ལ༔ ཨོཾ་སརྦ་པྲ་བྷཾ་ཤོ་དྷ་ནི་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ ཨོཾ་ཨཱཿཧཱུྃ༔ འོད་དུ་ཞུ་བ་ལས་བྱུང་བའི་གླུད་ཀྱི་ཆངས་བུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ༔ ངར་མི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པའི་མི་ཕོ་དང་མི་མོ་རྣམས་སུ་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་བྱིན་གྱིས་བརླབས་ནས༔ གཡོན་དྲིལ་བུ་འཁྲོལ་གཡས་ཐེབ་ཙེའི་ནང་དུ་གླུད་ཆངས་བུ་ངར་མི་ཅན་རེ་བཟུང་ལ༔ ནད་པའི་ལུས་ལ་གཡས་བསྐོར་གསུམ་མམ་གཅིག༔ གཡོན་བསྐོར་གསུམ་མམ་གཅིག་རེ་བྱ་ཞིང་༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོབི་ཤྭ་སོགས་ཚར་གསུམ་མམ་རེ་རེ་བརྗོད་ལ་གདོན་དེའི་ཟོས་འཐུང་ཚིམ་པར་བསམས་ལ་སྡིག་པའི་རྫ་མ་ནང་


CMR010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བླུགས༔ དེ་ནས་ཀུ་ཤུ་རྨ་བྱའི་མདོངས་ལག་གཡས་རྡོ་རྗེའི་ཕྱག་རྒྱ་དང་བཅས་པས་ཐོགས་ལ༔ ཀུ་ཤ་དང་རྨ་བྱའི་མདོངས་ལ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་དཀར་པོ་མཚན་པས་ནད་པའི་ལུས་ལ་བྱབ་པས༔ ནད་སྔོ་དམར་དུ་ཁྲ་ཁྲུག་ཁྲུག་ནད་པའི་ལུས་ལས་ཐོན་ནས་གླུད་ཁྲོད་དུ་སོང་བར་གྱུར་ཅེས་སྡིག་གཟུགས་དང་དེར་དོར་བའི་ངར་གླུད་དེའི་སྟེང་དུ་ལན་བདུན་རེ་བྱབ་ཚུལ་བྱ་ཞིང་སྔགས་འདི་ཚར་རེ་བཟླའོ༔ འདིར་ཨ་ཙིག་སྦྱར་ཡང་རུང་ངོ་༔ འདོན་ཀྱང་འདི་བདེའོ༔ ཨོཾ་ཨཱཧཱུྃ་བཛྲ་ཙིཏྟ་དུང་དུང་རུ་རུ་བྷ་ཤ་ཧཱུྃ་ཕཊ༔ ཨོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད༔ ཧ་ལ་ཧ་ལ་ཕུད་ཕུད༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ པུཊྚི་ཀུ་རུ་ཡེ་ཕུད་ཕུད་སྭ་ཧཱ༔ པ་ཤཾ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ མཱ་ར་ཡ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ དེ་ལྟར་ཐེབ་ཙེ་རེ་རེ་བཞིན་བྱེད༔ ཐེབ་ཙེ་ལྔ་རྫོགས་ནས་སླར་སྔར་ལྟར་བཤམས་ལ་གླུད་གཏོར་བྱིན་རླབས་མན་ཆད་སྔར་བཞིན་བྱེད༔ རང་དང་ནད་པ་གཞུག་ཕུད་ན་ལྔ་བཅུ་ང་བཞིའི་བར་ལ་མཚམས་གཅིག་བྱེད་ཆོག༔ བརྒྱ་རྩ་བརྒྱད་རྫོགས་ནས་ངར་གླུད་གང་གནོད་ཕྱོགས་སུ་བསྐྱལ༔ ཞེས་གསུངས་པས་དེ་ལྟར་རོ༔ ད་འདི་ཟུངས་ལ་སྡོད་བདག་གིས་ནས་གཏོར་ནས་བྱུང་བ་དང་ཁྱེར་ནི་སོང་ལ་ཆུ་ཆེན་ནང་དུ་འཕང་ལ་ཕྱི་ལྟས་མ་བྱེད་པར་ཤོག༔ ཅེས་བརྗོད༔ ཟངས་ཡིན་ན་ཁྲུས་ལ་ཁྲུས་ཆུ་ཆུར་ལུགས་ལ་ཟངས་ཡར་ཁྱེར་


CMR010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ བྱའོ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཞེས་སོགས་བརྗོད་ལ༔ ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་ནས་གཏོར་ནད་པ་ལ་ནས་ཐུན་བརྡེག་གོ༔ ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཞེས་སོགས་སྲུང་བའི་འཁོར་ལོ་བསྒོམས་ནས༔ རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་༔ བཅོམ་ལྡན་དབང་དྲག་པདྨའི་བདེན་པའི་མཐུས༔ འགྲོ་བ་འདི་ལ་བདག་གིས་བསྲུང་ལགས་ཀྱིས༔ འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག༔ ཨ་ཙིག་མཇུག་ཏུ༔ མ་མ་རཀྵ་རཀྵ་ཧཱུྃ་ཧཱུྃ༔ དེ་བཞིན་གོ་ཆའི་སྔགས་ལ་ཡང་བཏགས་ཤིང་བརྗོད༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་༔ ཞེས་སོགས་བཀྲ་ཤིས་བརྗོད་ནས་གཏོར༔ སེམས་ཅན་ནད་པ་ཇི་སྙེད་པ༔ མྱུར་དུ་ནད་ལོས་ཐར་བར་ཤོག༔ འགྲོ་བའི་ནད་རྣམས་མ་ལུས་པ༔ རྟག་ཏུ་འབྱུང་བ་མེད་པར་ཤོག༔ ཅེས་སྨོན་ལམ་བྱའོ༔ དེ་ནི་ཕན་ཡོན་ཆེ་ཞིང་ཕྲག་ཡངས་བའི་ཕྱིར་ཕན་སེམས་དང་ལྡན་པས་བྱའོ༔ སྤྱི༔ ས་མ་ཡ༔ པདྨ་ཐོད་ཕྲེང་རྩལ་ལ་ན་མོ༔ བཀའ་གནང་བ་དང་བྱིན་གྱིས་བརླབ་ཏུ་གསོལ༔ གལ་ཏེ་ཞི་ཆོག་དེས་མ་ཕན་ན༔ རབ་རྫ་དམར་པོ་གྲུ་གསུམ་སོ་བཏང་བ་ཡོད་ན་རིབ༔ ཟངས་སྣོད་དམ་རྫ་དམར་པོའི་ནང་དུ་སོལ་བས་གྲུ་གསུམ་བྲིས་པའི་ནང་དུ༔ རབ་རྫ་ལ་སོ་བཏང་པའི་ནང་དུ་སྡིག་པའི་


CMR010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་ཚོན་བྱ༔ ཡང་ན་སའམ་བག་ཟན་ནམ་ཟན་ལ་བཅོས་ཀྱང་ཆོག་པར་གསུངས་ཏེ༔ སྡིག་པ་ནག་པོ་མགོ་དགུ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་འཇིགས་སུ་ཡ་ང་བ་ཞིག་བྱས་ལ་སྣོད་དེར་བཞག༔ ནད་པའི་ལུས་ལ་དྲིལ་བའི་ནད་པའི་ཆངས་བུ་བརྒྱ་རྩ་བརྒྱད༔ ངར་མི་ལུས་ལ་དྲིལ་བའི་བརྒྱ་རྩ་བརྒྱད་དམ་ལིང་ག་བྱས་ཀྱང་རུང་༔ དེ་སྣོད་གཅིག་ཏུ་བཞག༔ དྲག་པོའི་ལས་བྱང་གཞུང་བསྲང་བསྙེན་པ་བྱ༔ དེ་ནས་ནད་པ་དང་རང་གི་བར་དེར་ཐེབ་ཙེ་བསྒྲིགས་ལ་ངར་མི་རེ་དང་ཆངས་བུ་རེ་བཀྲམ༔ རྫས་རྒོད་དང་གུ་གུལ་ཡོད་ན་ཐུན་རྫས་མེད་ན་རྡོ་ཐུན་ཡང་འཚག་བྱ༔ འོག་མདུན་དེར་སྡིག་པའི་གཟུགས་བཞག༔ གཉའ་དེར་རྣམ་རྒྱལ་འབར་བ་འདོན་པའི་དམར་གཏོར་ཆེ་བ་གཅིག་སྡིག་པ་ལ་འབུལ་རྒྱུའི་ཆུང་བ་གཅིག་དང་གཉིས་དཀར་གཏོར་དང་བཅས་པ་བཤམས་འོ་ན་ཁར་སང་ཞི་བའི་བྱབ་ཆོག་བྱས་ཀྱང་ཁྱེད་རང་ནད་སྟོབས་ཆེ་བ་དང་གདོན་བྱིན་ཆེ་དྲགས་པས་དྲག་སྐྱེད་མ་བྱུང་འདུག་པས༔ ད་ནི་དྲག་པོའི་བྱབ་ཆོག་དོན་བཀྲོལ་ཞེས་བྱ་བ་དེ་བྱེད་པ་ཡིན་ཏེ༔ གཞུང་ལས༔ གང་གིས་བྱབ་བཀྲོལ་གདོན་དང་ནད༔ གལ་ཏེ་ཅུང་ཟད་མ་གྲོལ་ན༔ དྲག་པོའི་གདོན་བཀྲོལ་འདི་ལྟར་བྱ༔ ཞེས་དང་༔ འདི་ལྟ་བུའི་སྦྱོར་བས་ཡེ་ཤེས་པའི་གདོན་ཡང་གྲོལ་བར་གྱུར་ན༔ སྡེ་བརྒྱད་ལ་སོགས་གནོད་བྱེད་གཞན་རྣམས་སྨོས་ཅི་དགོས་ཏེ༔


CMR010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ལ་ཞི་བར་འགྱུར་རོ༔ ཤིན་ཏུ་གཉན་པས་བསྙེན་སྒྲུབ་ཐེམ་ཞིང་བསྐྱེད་རིམ་བརྟན་པོས་བྱའོ༔ ཤིན་ཏུ་ཟབ་ཕྱིར་གཏེར་དུ་སྦས༔ ལས་ཅན་སྐྱེས་བུའི་རྙེད་ནས་ཀྱང་༔ སྙིགས་མའི་འགྲོ་ལ་ཕན་ཐོགས་ཤོག༔ ཅེས་དང་༔ བདེར་འདུས་ལས༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ དྲག་སྔགས་དངོས་གྲུབ་རྩ་བ་ལས༔ གོང་མའི་ཟབ་གཏེར་མཐའ་དག་གིས༔ ནད་པ་སོས་པར་མ་གྱུར་ན༔ དྲག་པོའི་མཐའ་འདུལ་འདི་ལྟར་བྱ༔ ཞེས་དང་༔ དེ་ལྟར་བྱས་པའི་སྦྱོར་བ་ཡིས༔ ཡེ་ཤེས་པ་ཡི་གནོད་པ་ཡང་༔ སྐད་ཅིག་ཉིད་ཀྱིས་ཞི་འགྱུར་ན༔ ལྷ་སྲིན་སྡེ་བརྒྱད་སྨོས་ཅི་དགོས༔ ཞེས་དང་༔ ཆོས་རྒྱལ་རིན་ཆེན་གླིང་པའི་གཏེར་མ་ལས་ཀྱང་༔ གང་གི་བྱབ་ཆོག་མ་ཕན་ན༔ དྲག་པོའི་མཐའ་འདུལ་འདི་ལྟར་བྱ༔ དེ་ལྟར་བྱས་པའི་གཏོར་མ་ཡིས༔ ཡེ་ཤེས་པ་ཡི་གནོད་པ་ཡང་༔ སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ ལྷ་སྲིན་ལ་སོགས་སྨོས་ཅི་དགོས༔ ཞེས་གསུངས་པ་དང་༔ ཁྱད་པར་པདྨ་གླིང་པའི་གཏེར་མ་ལས༔ དེ་ཡང་མཛེ་ནད་གསོ་ཐབས་ཀྱིས༔ ནད་པ་སོས་པར་མ་གྱུར་ན༔ དྲག་པོའི་མཐའ་འདུལ་


CMR010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བྱ༔ ཞེས་དང་༔ དེ་ལྟར་བྱས་པའི་སྦྱོར་བ་ཡིས༔ ཡེ་ཤེས་པ་ཡི་གནོད་པ་ཡང་༔ སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ ལྷ་སྲིན་སྡེ་བརྒྱད་སྨོས་ཅི་དགོས༔ གཞན་ལ་མི་སྤེལ་གཏེར་དུ་སྦོས་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་མཐའ་འདུལ་གྱི་ལས་རིམ་མོ༔ ཞེས་གསུངས་པ་ལ་ལས་ཀྱི་རྣམ་པར་སྨིན་པ་མཐོང་ཆོས་མྱོང་འགྱུར་གྱི་ལས་དབང་དྲག་པོ་ནི་བཅོས་སུ་མེད་ལ༔ དེ་མ་ཡིན་པའི་ལྷ་སྲིན་སྡེ་བརྒྱད་ཀྱིས་གནོད་པའི་ནད་གདོན་ཅི་ལྟ་བུ་ཡང་འདིས་མི་ཕན་མི་སྲིད་པ་ཡིན༔ དེ་ལ་ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ༔ འདུན་པའི་རྩེ་ལ་རབ་ཏུ་བསྟེན༔ ཞེས་གསུངས་པས༔ ངེད་ཐ་མལ་པའི་ལུས་མ་ཡིན་པར༔ བདག་ཉིད་དྲག་པོ་ཐོད་ཕྲེང་རྩལ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ གཡས་གསུམ་རྡོ་རྗེ་གྲི་གུག་གྲི༔ གཡོན་གསུམ་ཁ་ཊཾ་བྷནྡྷ་སྡིག༔ ཞབས་བཞི་བརྐྱང་བསྐུམ་དོར་ཐབས་བསྒྲད༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ དུར་ཁྲོད་ཆས་བརྒྱད་རྫོགས་པར་གསོལ༔ ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ་གྲི་ཐོད་འཁྱུད་སྟོབ་བརྐྱང་


CMR010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་སྦྱོར༔ དེ་ལྟར་གསལ་བས་དྲག་པོའི་གདོན་བཀྲོལ་དངོས་སུ་མཛད་ཅིང་ཡོད་སྙམ་པའི་མོས་འདུན་མཛོད༔ སྡིག་པ་བྲན་ལ༔ ཨོཾ་སརྦ་དྲ་བྱི་ཤ་དྷ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྣོད་མི་དམིགས་པ་ཨེ་ལས་ལྕགས་སྲེག་འབར་བའི་ཁང་སྒྲོམ་གྲུ་གསུམ་བསྐལ་པའི་མེ་འབར་བ༔ སྟོང་གསུམ་དང་མཉམ་པའི་ནང་དུ༔ སྡིག་པའི་གཟུགས་མི་དམིགས་པ་ལས༔ ཧཱུྃ་མཐིང་ནག་དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ ཐུགས་དམ་གྱི་རྒྱུད་བསྐུལ་གནོད་བྱེད་ཐམས་ཅད་ཚར་བཅད་ཚུར་འདུས༔ ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དེ་ལ་ཧཱུྃ་གིས་མཚན་པ་གཅིག་ཏུ་གྱུར༔ དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ ཐུགས་དམ་གྱི་རྒྱུད་བསྐུལ༔ གནོད་བྱེད་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པ༔ ཁ་གདངས་བ་ལུས་པོ་དམར་ནག་གཉེར་མས་གང་བ༔ སྤྱན་དགུ་བསྒྲད་པ༔ རྭ་གཡས་པས་སྲིད་པའི་རྩེ་མོ་བསྙིལ་བ༔ རྭ་གཡོན་པས་ས་འོག་གཏིང་ནས་གཡེང་བ༔ ཡན་


CMR010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བསྒྲད་པས་ས་གཞི་ཁེངས་པ༔ ལུས་ལ་རྡོ་རྗེ་མེའི་ཚྭ་ཚྭ་འཕྲོ་བ༔ འཇིགས་སུ་རུང་བ་རྭས་བཟུང་ནས་ཁ་གདངས་ཤིང་གནོད་བྱེད་ཐམས་ཅད་ཧབ་ཧབ་ཟ་བ༔ ལུས་རི་རབ་ཙམ་ཁ་དགུ་ཤིན་ཏུ་གདངས་ཤིང་མེ་དཔུང་འབར་བའི་ནང་ན་གནས་པའི་སྙིང་ཁར་ཧཱུྃ་མཐིང་ནག་གིས་མཚན་པ་དང་༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས༔ འོག་མིན་དང་ལྕང་ལོ་ཅན་ནས་ཁྲོ་བོ་ཡཀཱ་མེ་དབལ་གྱི་ཐུགས་ཀ་ནས་བྷེ་པ་དང་འདྲ་བའི་སྤྲུལ་པའི་སྡིག་པ་གཅིག་སྤྱན་དྲངས༔ ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་དུང་དུང་རུ་རུ་བྷ་ཤ་ཧཱུྃ་ཕཊ༔ ཨེ་ཧྱ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་སྔགས་དང་དམིགས་པས་ལན་བདུན་སྤྱན་དྲངས་ལ་བསྟིམ་མོ༔ ཐེབ་ཙེའི་ངར་གླུད་ཆུའི་བྲན་ནས་ལྕགས་ཀྱུའི་ཕྱག་རྒྱས༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ ཞེས་སོགས་བདེན་པ་སྔར་ལྟར་བདར་ལ༔ བདེན་པ་དང་བདེན་པ་ཆེན་པོའི་མཐུས་བསྲུང་བྱ་ནད་པ་ཚེ་ཞེས་བགྱི་བ་ལ༔ དང་པོ་ནད་ཀྱི་སྣ་འདྲེན་པ༔ བར་དུ་ནད་ཀྱི་ཚང་བཅའ་བ༔ ཐ་མ་ནད་ལ་མི་ཕན་པར་བྱེད་པའི་གདོན་བགེགས༔ ས་བདག་ཀླུ་གཉན་རྒྱལ་བསེན་ཐམས་ཅད་གཟུགས་ལིང་ག་ངར་མི་འདི་ལ་ཁུག་ཅིག་ཨོ་ཨཱཧཱུྃ་ཨ་


CMR010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ནིར་ཙིག་ན་མོ་སོགས། གནོད་བྱེད་ཨངྐུ་ཤ་ཛ་ཛ༔ ཏྲི་ཁུག་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ ཞེས་བཀུག༔ ད་ངེད་ཀྱི་ལག་གི་ཀུ་ཤ་དང་རྨ་བྱའི་མདོངས་ལ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་དཀར་པོས་མཚན་པ་འདིས་བྱབས་པས༔ ནད་གདོན་སྔོ་དམར་དུ་ཁྲ་ཁྲུག་ཁྲུག་ཁྱེད་རང་གི་ལུས་ལས་ཐོན་ནས་གླུད་ཁྲོད་དུ་སོང་བའི་མོས་པ་མཛོད་ཅིག༔ ཨོཾ་ཨཱཧཱུྃ་བཛྲ་ཛྷཱ་ན་ར་ཙ་ཙིཏྟ་སྲོག་དུང་དུང་རུ་རུ་བྷ་ཤ་ཧཱུྃ་ཕཊ༔ ཨོཾ་ཕུ་ལེ་ཕུ་ལེ་ཕུད་ཕུད༔ ཧ་ལ་ཕུད་ཕུད༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་ཕུད་ཕུད༔ པུཎྚི་ཀུ་རུ་ཡེ་ཕུད་ཕུད༔ པ་ཤཾ་ཀུ་རུ་ཡེ་ཕུད་ཕུད༔ མཱ་ར་ཡ་ཀུ་རུ་ཡེ་ཕུད་ཕུད་སྭཱ་ཧཱ༔ ཞེས་ལན་བདུན་བྱབ་ཚུལ་བྱ༔ ནད་པའི་ལུས་ལ་བྱབ་ནས་ནད་འདྲེར་བསམ༔ ཞེས་པའི་དོན་ནོ༔ ཨོཾ་སརྦ་དྲ་བྱི་ཤོ་དྷ་ན་ཧཱུཾ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་དུ་ངོ་བོ་ནད་པའི་ནད་གདོན་ལ༔ རྣམ་པ་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ ཞེས་བཀུག་གཞུག་བྱབ་པ་དང་བདུད་རྩི་བྱིན་རླབས་རྣམས་ཐེབ་ཙེ་ལྔ་ཚར་རམ་དྲུག་གམ་བདུན་ཚར་རེ་དུས་གཅིག་ཏུ་བྱས་


CMR010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ༈ མདུན་དུ་སྤྲུལ་པའི་སྡིག་རྒོད་ཡཀཱ་མེ་དབལ་དང་དབྱེར་མེད་པ་རི་རབ་ཙམ་དུ་ཆེ་བ༔ སྡིག་པ་ཁ་ཤིན་ཏུ་གདངས་པ་དེས་ནད་གདོན་ཐམས་ཅད་ཧབ་ཧབ་ཟ་བར་གྱུར༔ ཅེས་སླར་ཡང་གསལ་བཏབ་ནས་བསྟོད་ཅིང་ལས་ལ་བསྐུལ་ཏེ༔ ཧཱུྃ༔ ཆོས་ཉིད་མི་འགྱུར་སྐྱེ་འགགས་མེད་པ་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་སྟོན་པ༔ ང་ནི་དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ ཁྱོད་ནི་ལས་ངན་མ་རུངས་སྡིག་ཅན་ཏེ༔ དམ་ཉམས་ཁྱོད་ཀྱི་གཤེད་པོ་ང་ཉིད་ཡིན༔ ང་ཡི་ཐུགས་ཀྱི་སྤྲུལ་པའི་འཇིགས་བྱེད་ནི༔ ཡི་གེ་ཧཱུཾ་ལས་གྱུར་པའི་སྡིག་པ་བྱུང་༔ ལྕགས་ཀྱི་སྡིག་པ་ཁ་དགུ་མགོ་དགུ་པ༔ ལུས་ནི་རི་རབ་མཉམ་ཞིང་གཉེར་མས་གང་༔ མགོ་ལུས་མེད་པར་འཇིགས་པའི་མིག་གིས་གང་༔ ཁ་ཡི་ནང་ནས་མཆེ་བ་ཟངས་ཡག་གཏམས༔ ཡན་ལག་གཟེངས་ཤིང་གདོན་བགེགས་རྩ་རྒྱུད་གཅོད༔ མ་རུངས་གདུག་པ་ཁྱོད་ཀྱི་གཤེད་མ་ཡིན༔ དམ་ཉམས་འབྱུང་པོའི་ཤ་ཟོ་ཁྲག་ལ་འཐུང་༔ ཧཱུྃ་ལས་བྱུང་བའི་ལྕགས་ཀྱི་སྡིག་པ་ནི༔ མཐུ་སྟོབས་རྫུ་འཕྲུལ་དཔག་མེད་འཕྲོས་ཙམ་ནས༔ སྡིག་པ་ནག་པོས་འཇིག་རྟེན་ས་གཞི་ཁེངས༔ ཁ་དགུ་དག་ནས་མཆེ་བ་


CMR010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་སེ་ཟང་༔ མིག་དགུ་དག་ནས་མེ་ཡི་ཚྭ་ཚྭ་འཕྲོ༔ ལྕེ་དགུ་དག་ནས་གློག་དམར་ལྗིབས་སེ་ལྗིབ༔ རྐང་ལག་སྡེར་མོས་ས་གཞི་ཐམས་ཅད་འབྲས༔ སྣ་ཡིས་སྣོམ་ཞིང་འབྱུང་པོ་རྩད་རྗེས་གཅོད༔ མིག་བསྒད་བལྟས་པས་འབྱུང་པོ་བརྒྱལ་དུ་འཇུག༔ རྔམས་ཤིང་རྔམས་ཤིང་རྒྱལ་བསེན་གཟུགས་ཕུང་བཤིགས༔ ལག་པས་བསྙབ་ཅིང་འབྱུང་པོ་ཧབ་ཤ་བྱེད༔ དེ་འདྲའི་ཁྲོ་རྒྱལ་སྡིག་ནག་མགོ་དགུ་པས༔ གནོད་བྱེད་འབྱུང་པོའི་ཤ་ཟོ་ཁྲག་ལ་འཐུང་༔ ཀླད་པ་གཞོམ་ལ་སྙིང་ཁྲག་ཧུབ་ཀྱིས་འཐུང་༔ གནོད་བྱེད་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ དེ་ནས་ཐེབ་ཙེ་རྣམས་སུ་སླར་ཆུ་གཙང་ཐིགས་རེ་བླུགས་ནས༔ གཡོན་དྲིལ་བུ་ཁྲོལ༔ གཡས་ཐེབ་ཙེ་རེ་རེ་ནད་པའི་ལུས་གཡས་གཡོན་དུ་བསྐོར་ཞིང་༔ ནད་པའི་ནད་གདོན་ཐམས་ཅད་སྔོ་དམར་དུ་ལོང་ལོང་༔ འདར་ཧད་ཧད་ནད་པའི་ལུས་ལས་ཐོན་པ་དེ༔ སྡིག་པའི་རྭས་བཟུང་སྟེ་ཁ་དགུས་ལྡིབ་ལྗིབ་ཟོས་པར་གྱུར༔ ཨོཾ་བཛྲ་ཛྷཱ་ན་ར་ཙ་ཙིཏྟ་སྲོག་དུང་དུང་རུ་རུ་བྷ་ཤ་ཧཱུྃ༔ མ་མ་སྲོག་དུང་དུང་༔ སྙིང་ལཾ་ལཾ་མ་མ་བྷྱོ༔ ཨ་ཝ་ལོ་ཀི་ཏེ་སམྦྷ་ར་བྷ་སམྦྷ་ར་བྷ་ར་ཡན༔ བྷ་གྷ་བྷན་དྷ༔ ཕུ་ར་ཧོ་ཕུ་ར་ཧོ༔ དྲག་པོ་སྡིག་པའི་


CMR010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་གྱིས་གནོད་བྱེད་འབྱུང་པོའི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་ནས་སྡིག་པའི་སྣོད་དུ་དོར་རོ༔ དེ་ལྟར་ཐེབ་ཙེ་རྫོགས་ནས་སླར་ལྟར་བཤམས་ལ་བྲན་ནས་བཀུག་གཞུག་མན་གོང་ལྟར་བྱའོ༔ གླུད་བརྒྱ་རྩ་བརྒྱད་རྫོགས་ནས་གསེར་སྐྱེམས་ནི་གཞན་གང་རུང་ངམ༔ མཚོན་ཆ་འཁོར་ལོའི་མཇུག་ནས་སྒོ་དབྱེ་དེས་གསེར་སྐྱེམས་བྱ་སྟེ༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཞེས་སྦྱར་རོ༔ དཀར་གཏོར་སྤྱི་ལྟར་བསྔོས་ཏེ་ཁྱད་པར་ཆུར་གཤེགས་ན་ཆུ་དེས་ཀླུ་དང་༔ མནན་པ་བྱེད་ན་མནན་པའི་གཞི་བདག་ལ་སྔོས་ལ༔ ཀོ་ལོང་ཕྲག་དོག་མ་བྱེད་པར་བདག་གི་སྡོང་གྲོགས་མཛོད་ཅིག༔ ཅེས་བཀའ་བསྒོ༔ དེ་ནས་དཀར་གཏོར་དེ་དང་དམར་གཏོར་གཞན་ཞིག་དང་གཉིས་བྲན་པ་ལ་རང་གཞུང་གི་ཆད་མདོ་བརྟན་སྐྱོང་གཉིས་ཀ་འདོན་ནོ༔ དེ་ནས་སྡིག་པའི་གཏོར་མ་ལ་བཀུག་གཞུག་བྱས་ལ་གནོད་བྱེད་ཀྱི་ཤ་ཁྲག་ཏུ་བསམས་ལ༔ རོལ་མོ་དང་བཅས་གོང་གི་བསྟོད་བསྐུལ་དེ་འདིར་སླར་ཡང་ཚར་གཅིག་བྱ་ཞིང་༔ སྤྲོ་ན་མེ་ལྕེ་ཕྲེང་བ་ནས་བྱུང་བའི་བསྐུལ་པ་འདི་བྱས་ཀྱང་རུང་ངོ་༔ གུ་རུ་དྲག་པོའི་ལས་བྱེད་སྡིག་པའི་གཟུགས༔ རྟགས་ཀྱི་རྣོ་དབལ་འཇིགས་བྱེད་འབར་བའི་སཿ་མགོ་དགུ་པ་ལ་ཁམས་གསུམ་ཟས་སུ་ཟ༔ རྭ་ནི་བཅོ་བརྒྱད་སྲིད་གསུམ་ཟིལ་གྱིས་གནོནུ༔ རྐང་ལག་བརྒྱད་ཀྱིས་སྟོང་གསུམ་དབང་དུ་སྡུད༔ མེ་ཡི་ཚྭ་ཚྭ་དྲག་པོ་སྐར་


CMR010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཁྲུགས༔ དྲི་མ་མི་ཞིམ་ཤིན་ཏུ་དཔག་ཚད་ཁྱབ༔ ཁ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ་པ་ཡིས༔ གནོད་བྱེད་རྒྱལ་འགོང་སྲོག་བདག་ཟས་སུ་ཟ༔ ཁ་དགུ་མིག་དགུ་དྲག་པོས་གདུག་པ་འདུལ༔ བདུད་འདུལ་ལྕགས་སྡིག་སྐུ་ལ་ཕྱག་འཚལ་བསྟོད༔ ཕོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ མོ་རིགས་ཀླུ་ལ་ལྕགས་སྡིག་ནག་པོ་བྷྱོ༔ དྲག་པོའི་གཟའ་ལ་ལྕགས་སྡིག་ནག་པོ་སྦྱོ༔ གནོད་བྱེད་གདོན་ལ་ལྕགས་སྡིག་ནག་པོ་བྱོ༔ སྲོག་བདག་ཐེའུ་རང་ལ་ལྕགས་སྡིག་ནག་པོ་སྦྱོ༔ མི་མཐུན་ཕྱོགས་རྣམས་ཐལ་བ་རྡུལ་དུ་རློགས༔ ཞེས་ཆད་ཅིང་བསྐུལ་ནས༔ ༀ་བཛྲ་ཛྷཱ་ན་ར་ཙ་ཙིཏྟ་སྲོག་དུང་དུང་རུ་རུ་བྷ་ཤ་ཧཱུྃ༔ མ་མ་སྲོག་དུང་དུང་༔ སྙིང་ལཾ་ལཾ་མ་མ་བྷྱོ༔ དྲག་པོ་སྡིག་པའི་གཟུགས་ཅན་གྱིས༔ གནོད་བྱེད་འབྱུང་པོ་ནད་འདྲེ་གཅོང་སྲི་ནད་ནད་བདག་དང་བཅས་པ༔ གདོན་རྒྱབ་རྟེན་དང་བཅས་པའི་ཤ་ཁྲག་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཱ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བྷ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་བརྗོད་ལ་སྡིག་པའི་གཏོར་མ་སྡིག་པའི་ནང་གླུད་རྣམས་ཀྱི་སྟེང་


CMR010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕུལ་ལོ༔ སྡིག་པའི་ཞལ་རབ་ཏུ་གདངས་བས་གཏོར་མ་གནོད་བྱེད་ཀྱི་ཤ་ཁྲག་ལྷག་མེད་དུ་གསོལ་བར་དམིགས་སོ༔ དེ་ནས་དམར་གཏོར་ཆེ་བ་དེ་བྲན་ནས་བཀུག་གཞུག་བྱས་ལཿ་རྔ་རོལ་མོ་དབྱངས་དང་བཅས་ང་རྒྱལ་དྲག་པོས་བསྟོད་བསྐུལ་རྣམ་རྒྱལ་འབར་བ་ཚར་གཅིག་འདོན་ནོ༔ དེ་ནས་ཁྱེར་བའི་གྲབ་བྱས་ཏེ༔ གནོན་ན་གསེར་སྐྱེམས་དང་༔ སྔོན་དུ་གཅིག་གིས་དཀར་གཏོར་དང་ཆད་མདོའི་གཏོར་མ་གཉིས་བཟུང་༔ དེའི་རྒྱབ་ཏུ་སྡིག་པ་གླུད་དང་བཅས་པ༔ དེའི་རྒྱབ་ཏུ་རྣམ་རྒྱལ་འབར་བའི་གཏོར་མ༔ ཡོད་ན་དེ་རྒྱབ་དར་ནག་རྣམས་བཟུང་སྟེ་ཁ་ཕྱིར་རྒྱུ་བས་འཁོད་ལ༔ ཡོད་ན་རྫས་རྒོད་མེད་ན་གུ་གུལ་གྱིས་ནད་པ་ལ་བདུག་ཅིང་༔ ཧཱུྃ་བཛྲ་ཕཊ༔ བདག་ཉིད་པདྨ་འབྱུང་གནས་ཀྱི་བཀའ༔ ཞེས་སོགས་ཕྱག་རྟགས་རྡོ་རྗེ་ཚར་གཅིག་འདོན༔ གལ་ཏེ་ཡི་གེ་འདི་ཐོས་པ་བཞིན་དུ་གནོད་པ་བྱེད་མ་ཅིག༔ ཅེས་ཚིག་ཁ་བསྒྱུར༔ དེ་ནས་ཨ་ཙིག་ཤམ་བུ་དང་བཅས་པ་དང་༔ སུམྦྷ་ནི་དང་༔ ཁྱུང་སྔགས་དང་༔ སྔགས་རིང་འདི་དྲག་ཏུ་བཟླ་ཞིང་ནད་པ་ལ་ཐུན་བྲབ་བོ༔ ཨོཾ་བཛྲ་ཛྷཱ་ན་ར་ཙ་ཙིཏྟ་སྲོག་དུང་དུང་རུ་རུ་བྷ་ཤ་ཧཱུྃ༔ མ་མ་སྲོག་དུང་དུང་སྙིང་ལཾ་ལཾ་མ་མ་བྷྱོ༔ ཏྲིག་ཤོ་ཏྲིག་ཤོ་ར་ཙ་ཤྲཱི་ལིང་༔ གནོད་བྱེད་ཧུར་ཐུ་ལིང་༔ གནོད་བྱེད་ཁུག་ཐུ་ལིང་༔ གནོད་བྱེད་ཁུག་ར་ཙ་ལིང་༔ ཏྲི་ར་ཙ་པ་ལ་ཨ་ཤུག་མེ་བི་ལཾ༔ ཤན་ཏཱི་ཛ་ཡེ་དུན་དུན་ཛཧཱུྃ་ཕཊ༔ ཅེས་


CMR010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གསུམ་ཡན་གང་འགྲུབ་བརྗོད༔ དེ་ནས༔ སྡིག་པ་ཡེ་ཤེས་པ་རང་བཞིན་གྱི་གནས་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཙིཏྟ་དུང་དུང་རུ་རུ་བྷ་ཤ་ཧཱུཾ་ཕཊ༔ བཛྲ་མུཿ ད་འདི་རྣམས་ཁྱེར་ལ་སོང་ནས་ལམ་འགགས་མཚོ་མཐོང་ས་ན་དམར་གཏོར་ཆེ་བ་དང་དར་ནག་འདི་ཟུངས་ལ་སྡོད༔ གཞན་ཚོ་སོང་ནི་དཀར་གཏོར་དེ་དང་པོ་མཚོ་ནང་དུ་འཕོང་༔ བརྟན་སྐྱོང་དམར་གཏོར་དེ་མཚོའི་འགྲམ་ཞིག་ཏུ་ཕུལ་ལ་ཞོག༔ སྡིག་གཟུགས་གླུད་དང་བཅས་པ་འདི་ཆུའི་རྦ་ཀློང་ཆེ་ས་གཅིག་ལ་གཏོད་ནི་ཆུ་ནང་དུ་འཕོང་༔ དེ་ནས་ཟངས་སྣོད་ཁྲུས་ལ་ཕྱི་མིག་མ་ལྟ་བར་ཤོག༔ ཁོང་རྣམས་ཡར་དྲུང་དུ་ཕྱིན་ནས་ཁྱོད་ཀྱིས་དམར་གཏོར་དེ་ཕྱིར་རྩེ་བཏོན་ལ་ཕུལ་ཞོག༔ དར་ནག་རྡེབ་ལ་དེ་ནས་ཕྱི་མིག་མ་ལྟ་བར་ཤོག༔ ཅེས་བརྗོད༔ ཡང་ནད་གདོན་གྱི་རྗེས་གཅོད་བྱེད་ན་ནི༔ རྣལ་འབྱོར་པ་རང་ཉིད་སོང་ལ་ལམ་རྒྱ་གྲམ་གཅིག་ཏུ་གསེར་སྐྱེམས་གཏོར་དཀར་གཏོར་སྔོས༔ ལྟོ་འཕྱེ་བརྩིས་ནས་ས་བརྐོ་སྟེ༔ དོང་གྲུ་གསུམ་ཁྲུ་གང་བྲུས་པར་དང་པོ་གླུད་ཐམས་ཅད་དང་གཏོར་མ་བླུགས༔ གནོད་བྱེད་བཀུག་གཞུག་ལན་གསུམ་བྱ༔ དེ་སྟེང་སྡིག་གཟུགས་ཀྱིས་མནན༔ ས་རིམ་པ་དགུ་རྒྱ་གྲམ་རེ་རེ་བྲིས༔ ལེགས་པར་བརྡུང་ལ་མི་མངོན་པར་བྱས་ལ༔ ཧཱུྃ༔ གསང་འདུས་བླ་མའི་དཀྱིལ་འཁོར་དུ༔ ཞེས་སོགས་རྟ་བྲོ་བརྡུངས༔ ཨོཾ་ལཾ་ཧཱུཾ་ལཾ་སུཾ་བྷ་ཡ་ནན༔ ཞེས་བརྗོད༔ དེའི་སྟེང་དུ་ཆད་མདོའི་དམར་


CMR010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དེ་ཕུལ༔ དེ་དང་མཉམ་དུ་རྣམ་རྒྱལ་འབར་བའི་གཏོར་མ་དེ་མི་བསྐྱེལ་བར་སྟེང་དུ་མནན་ནས་བཞག་གོ༔ ཡར་ཕྱིན་ནས་གུར་དྲག་གི་ཕུགས་གཏོར་བདུད་རྩིས་བྲན་ལ་མཆོད་བསྟོད་བསྡུས་པ་སོགས་བྱའོ༔ ༈ ཨེ་མ་བྱབ་ཆོག་གདོན་བཀྲོལ་ཟིན་བྲིས་འདི༔ པྲ་ཝའི་མིང་ཅན་ལ་སོགས་མང་པོས་བསྐུལ༔ གཏེར་ཆོས་གཉན་ཕྱིར་བྲི་བར་འཚེར་ན་ཡང་༔ འགྲོ་ལ་ཕན་པའི་བསམས་པས་ཀུན་བསླངས་ནས༔ ཅུང་ཟད་གོ་བར་དཀའ་བའི་གནད་རྣམས་ལ༔ གཏེར་ཁ་གཞན་དང་བསྟུན་ཅིང་ལེགས་པར་བརྟགས༔ ཁྱེར་བདེ་ཁ་གསལ་འདོན་འགྲིགས་བལྟས་ཆོག་བཀོད༔ འདི་བྲིས་ཉེས་པ་ཆོས་བདག་རྣམས་ལ་བཤགས༔ དགེ་བས་འགྲོ་ཀུན་ནད་གདོན་ལས་གྲོལ་ཤོག༔ ཅེས་དྲག་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་བཀོད་པ་བྷ་ཝནྟུ༔ སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོའི་བྱབ་ཆོག་གདོན་བཀྲོལ་ཆེན་མོའི་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས།next