Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལོ་གླུད་སེར་ལམ་བཅད་ཐབས་དང་བཅས་པའི་འདོན་འགྲིགས་སེར་སྲུང་མེའི་བྱ་ཁྱུང་འབར་བ།
   
   
   
   
   
   
   
   
   
   
   
   


 
previousལོ་གླུད་སེར་ལམ་བཅད་ཐབས་དང་བཅས་པའི་འདོན་འགྲིགས་སེར་སྲུང་མེའི་བྱ་ཁྱུང་འབར་བ།next

ལོ་གླུད་སེར་ལམ་བཅད་ཐབས་དང་བཅས་པའི་འདོན་འགྲིགས་སེར་སྲུང་མེའི་བྱ་ཁྱུང་འབར་བ།


CMR010_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གླུད་སེར་ལམ་བཅད་ཐབས་དང་བཅས་པའི་འདོན་འགྲིགས་སེར་སྲུང་མེའི་བྱ་ཁྱུང་འབར་བ་བཞུགས་སོ།


CMR010_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྲོ་དྷ་ཡེ༔ བཅོམ་ལྡན་བླ་མ་དྲག་པོར་ཕྱག་འཚལ་ནས༔ སྙིགས་མའི་དུས་འདིར་འགྲོ་ལ་ཕན་པའི་ཕྱིར༔ ལོ་གླུད་བཏང་དང་སེར་ལམ་བཅད་པའི་ཐབས༔ ལག་ཏུ་བླང་བདེར་གྱེར་བསྒོམ་བྱ་ཚུལ་བྲི༔ པད་འབྱུང་བཀའ་སྲུང་བཅས་པས་བཀའ་གནང་སྩོལ༔ བསང་གི་ཞོར་རམ་ཡང་ན་ནམ་ཡང་རུང་༔ རྡོ་ལེབ་གཙང་མའི་སྟེང་དུ་ཕྱེ་གཙང་ལ༔ གཟའ་བཤོས་ཟུར་གསུམ་གཡས་སུ་གཅུས་པ་གཅིག༔ གཡས་སུ་དཀར་ཕྱོགས་རྣམས་ལ་དཀར་གཏོར་གཅིག༔ གཡོན་དུ་ནག་ཕྱོགས་རྣམས་ལ་དམར་གཏོར་གཅིག༔ རྒྱབ་ཏུ་ཀླུ་ལ་སྦྲུལ་གྱིས་དཀྲིས་པ་གཅིག༔ མདུན་དུ་སྨན་རིགས་རྣམས་ལ་སྨན་ཏིང་གཅིག༔ དེ་མཐར་སྡེ་བརྒྱད་རྣམས་ལ་མཐེབ་སྒྱུ་


CMR010_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད༔ བགེགས་དང་འབྱུང་པོར་ཆངས་བུ་ཏིང་ལོ་བཞག༔ འབྲུ་སྣ་བླུག་ཅིང་སྙེ་མའི་ཕུད་ཀྱིས་བརྒྱན༔ འོ་ཞོ་ཇ་ཆང་ལ་སོགས་ཕུད་ཀྱིས་བྲན༔ ན་མོ༔ པདྨ་འབྱུང་གནས་ཁྲོ་བཅུའི་ལྷ་ཚོགས་ལ༔ བདག་དང་གྲོང་ཁྱེར་འདི་རྣམས་སྐྱབས་སུ་མཆི༔ སེམས་ཅན་མུ་གེའི་འཇིགས་ལས་ཐར་བའི་ཕྱིར༔ བདག་གིས་ལོ་ཐོག་འདི་རྣམས་བསྲུང་བར་བྱ༔ ཧཱུྃ༔ སྐད་ཅིག་ཉིད་ལ་བདག་ནི་པདྨ་འབྱུང་༔ སྨུག་ནག་གཅེར་བུ་སྟག་ཤམ་དུར་ཁྲོད་ཆེས༔ རབ་ཁྲོས་སྤྱན་གསུམ་རྣོ་དབལ་མཆེ་བ་གཙིགས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ སྡིགས་མཛུབ་རྩེ་ལ་གསེར་གྱི་འཁོར་ལོ་ནི༔


CMR010_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་སྟོང་འཁོར་བས་སེར་བ་སེར་བྱེད་གཏོར༔ གཡོན་པས་ལྕགས་ཀྱི་སྡིག་པ་ཁྲ་ཐབས་འགྱེད༔ སྡིགས་མཛུབ་རྩེ་ལས་མེ་འབར་སེར་བ་བཞུ༔ དབུ་གཙུག་མེ་ཡི་བྱ་ཁྱུང་ནམ་མཁའ་གང་༔ ཞལ་ནས་ཧཱུཾ་ཕཊ་སྒྲ་ཡིས་སྟོང་གསུམ་གཡོ༔ ཡེ་ཤེས་མེ་དཔུང་ཀློང་ན་འདོར་ཐབས་བསྒྲད༔ གདོད་ནས་དམ་ཡེ་དབྱེར་མེད་ངོ་བོར་གསལ༔ ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་ལ༔ ཆེ་མཆོག་རྟ་མགྲིན་གསང་བདག་པད་འབྱུང་གི༔ བཀའ་དང་དམ་ལ་བཏགས་པའི་དམ་ཚིག་ཅན༔ བསྟན་སྲུང་སད་སེར་བདག་པོ་རཱ་ཧུ་ལ༔ གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ༔ སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་ཚོགས༔ སད་སེར་བདག་པོ་མ་ལུས་འཁོར་བཅས་རྣམས༔ འབྲས་བུ་ལོ་ཐོག་གླུད་འདི་བཞེས་སླད་དུ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ༔ གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ༔ ཇི་སྲིད་མཆོད་པའི་བར་དུ་དགྱེས་པར་བཞུགས༔ རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཧཱུྃ༔ རྣམ་སྣང་ཐུགས་སྤྲུལ་སེམས་དཔའ་ཁྱབ་འཇུག་ཆེ༔ གསང་བདག་བཀའ་ཉན་རྫོགས་ཆེན་བསྟན་


CMR010_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མཆོག༔ སྡེ་བརྒྱད་དམག་དཔོན་ནག་པོ་རཱ་ཧུ་ལ༔ ཡེ་ཤེས་གཟའ་མཆོག་འཁོར་དང་བཅས་རྣམས་ལ༔ ཡོན་བདག་དད་པས་ཕྱག་མཆོད་འབུལ་ལགས་ན། བདག་ཅག་དད་པ་ལོག་ཏུ་མ་བཅུག་ལ༔ སད་སེར་མ་བཏང་དྲང་སྲོང་སེམས་དཔའ་ཆེ༔ ཨོ་བཛྲ་རཱ་ཧུ་ལ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཤུདྡྷོཉཧཾ་ཧཱུཾ་ལས་རིན་པོ་ཆེའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ༔ ལོ་གླུད་གཏོར་མ་ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས༔ ཨོ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨབྷཾ་པཱཏྱཾ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི༔ དུ་ཤབྡ་ཨཱཿཧཱུྃ༔ ཧཱུྃ༔ ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུག༔ འཇིགས་བྱེད་ཆེན་པོ་སྤྲུལ་པའི་སྐུ༔ གཟའ་བདུད་ཆེན་པོ་དྲག་རྩལ་ཅན༔ ཉི་མ་འབུམ་བས་གཟི་བརྗིད་ཚེ༔ ཟླ་བ་འབུམ་བས་འོད་ཟེར་ཆེ༔ སྐར་ཚོགས་འབུམ་ལས་སྤྲུལ་པ་མང་༔ མེ་བས་ཚ་ལ་གློག་བས་མྱུར༔ ཐོག་བས་དྲག་ལ་དུག་བས་གཟེར༔


CMR010_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པོ་གཅིག་ལ་མགོ་བོ་དགུ༔ མི་མགོ་བརྒྱད་ནི་སྡེ་བརྒྱད་ཡིན༔ བྱ་རོག་མགོས་ནི་བསྟན་པ་སྲུང་༔ ལག་པ་བཞི་ནི་གདོང་མོ་བཞི༔ ཁོག་སྟོད་སྲིན་པོ་ཕ་ཡི་ལུས༔ ཁོག་སྨད་དུག་སྦྲུལ་མ་ཡི་ལུས༔ སྤྱན་སྟོང་འགྲོ་དྲུག་ལེགས་ཉེས་ལ༔ ལྷོ་ནུབ་སྲིན་པོའི་ཡུལ་ནས་བཞེངས༔ ཟླ་བའི་རྗེས་གཅོད་ཤར་དུ་རྒྱུགས༔ ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུགས༔ འབྱུང་བ་ལྔ་ཡི་བདུད་པོ་སྟེ༔ མིང་བརྒྱ་པོ་ལ་མཚན་སྟོང་པོ༔ དུས་ཚོད་ཚེས་གྲངས་ཀུན་གྱི་བདག༔ ཉིན་མོ་རྒྱུགས་པས་ཕྱོགས་བཞི་འཇོམས༔ མཚན་མོ་རྒྱུགས་པས་མཚམས་བཞི་འདུལ༔ ནམ་མཁའི་དབྱིངས་སུ་བསྐྱོད་ཙ་ན༔ སྟེང་གི་ལྷ་རྣམས་སྐྲག་ཅིང་སྔངས༔ ཐོག་དང་སད་སེར་གནམ་རྡོ་བཏང་༔ རྒྱ་མཚོའི་སྟེང་དུ་རྒྱུགས་ཙ་ན༔ འོག་གི་ཀླུ་རྣམས་ཆོ་ངེས་འདེབས༔ ས་གཡོས་འཁྱུག་དང་ཡམས་ནད་བཏང་༔ བར་སྣང་ཁམས་སུ་རྒྱུགས་ཙ་ན༔ མེ་འབར་སྐར་མདའ་དུ་འཁྱུག་བཏང་༔ ཕ་ནི་སྲིན་པོ་མ་ནི་ཀླུ༔ ཀླུ་སྲིན་བུ་ཕོ་རཱ་ཧུ་ལ༔ འབྲུ་སྣ་སྙེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ སེར་བ་དཀར་པོའི་གདོང་མ་འདྲེན༔ སད་དང་སེར་བ་མ་བཏང་ཞིག༔ ཚེ་


CMR010_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསང་བདག་གཤིན་རྗེའི་གཤེད༔ རྟ་མགྲིན་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ལ་མ་འདའ་བར༔ ལོ་ལ་གནོད་པ་མ་བྱེད་ཅིག༔ ཧཱུྃ༔ བསྟན་སྲུང་ཆེན་པོ་རཱ་ཧུ་ལ༔ ལྷོ་ནུབ་མཚམས་ནས་བསྐྱོད་པའི་ཚེ༔ སྲིན་པོ་རཀྟ་བྱི་དེ་བྱེ༔ སྲིན་པོ་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྟེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ སྲིན་པོའི་ཀིང་ཀང་འབེབས་པ་དང་༔ སེར་བ་དཀར་པོའི་གདོང་མ་འདྲེན༔ སད་དང་སེར་བ་མ་བཏང་ཞིག༔ ཤར་ལྷོ་མཚམས་ནས་བསྐྱོད་ཙ་ན༔ འཇིགས་བྱེད་དྲང་སྲོང་རཱ་ཧུ་ལ༔ ཡུམ་ནི་ཐོག་གི་བུ་ཡུག་མ༔ དགྲ་ལྷའི་རྒྱལ་མོའི་དམག་དང་བཅས༔ འབྲུ་སྣ་སྟེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ སེར་བ་དཀར་པོའི་སྣ་མ་འདྲེན༔ བཙའ་སད་སེར་གསུམ་མ་བཏང་ཞིག༔ ནུབ་བྱང་མཚམས་ན་བསྐྱོད་ཙ་ན༔ དུ་བ་མཇུག་རིང་ཆེན་པོ་སྟེ༔ མཐུ་ཆེན་འཇིག་རྟེན་གཡོ་མགུལ་བྱེད༔ གཤིན་རྗེ་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྟེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ སེར་བ་དཀར་པོའི་གདོང་མ་འདྲེན༔ བཙའ་སད་སེར་


CMR010_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་བཏང་ཞིག༔ བྱང་ཤར་མཚམས་ནས་བསྐྱོད་ཙ་ན༔ འཇིགས་བྱེད་ཆེན་པོ་སྒྲ་གཅན་འཛིན༔ བྱི་ན་ཡ་ཀ་ཕོ་ཉར་འགྱེད༔ རྒྱལ་འགོང་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྙེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ སེར་བ་དཀར་པོའི་སྣ་མ་འདྲེན༔ བཙའ་སད་སེར་བ་མ་བཏང་ཞིག༔ ལོ་ལ་གནོད་པ་མ་བྱེད་ཅིག༔ ཤར་གྱི་ཕྱོགས་ནས་སྐུ་བཞེངས་ལོ༔ བྱི་ནུ་རཱ་ཙ་ཁྲོས་པའི་སྐུ༔ དམུ་བདུད་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྟེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ དམུ་བདུད་སེར་བ་མ་འབེབས་ཤིག༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ལ་གནོད་པ་མ་བྱེད་ཅིག༔ ལྷོ་ཡི་ཕྱོགས་ནས་སྐུ་ཕྱུང་བ༔ ཁྱབ་འཇུག་ཆེན་པོས་སྲིད་གསུམ་འཇོམས༔ ཀླུ་བཙན་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྙེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ ཀླུ་བཙན་སེར་བ་མ་འབེབས་ཤིག༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ལ་གནོད་པ་མ་བྱེད་ཅིག༔ ནུབ་ཀྱི་ཕྱོགས་ནས་བྱོན་ཙ་ན༔ ལྗང་སྔོན་ཆེན་པོ་


CMR010_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སུ་གྲགས༔ མ་མོ་འབུམ་གྱི་དམག་དང་བཅས༔ འབྲུ་སྣ་སྙེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ མ་མོའི་སེར་བ་མ་འབེབས་ཤིག །སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ལ་གནོད་པ་མ་བྱེད་ཅིག༔ བྱང་གི་ཕྱོགས་ནས་བཞེངས་ཙ་ན༔ ཙ་ར་ཀེ་ཞེས་བྱ་བ་སྟེ༔ བདུད་ཀྱི་དམག་ཚོགས་འབུམ་དང་བཅས༔ འབྲུ་སྣ་སྣེ་ཕུད་གཏོར་མ་དང་༔ ལོ་གླུད་མཆོད་པ་འདི་བཞེས་ལ༔ བདུད་ཀྱི་སེར་བ་མ་འབེབས་ཤིག༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ཐོག་འདི་ལ་མ་གནོད་ཅིག༔ ཧཱུྃ༔ ཤར་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྲིང་གཅིག་སྟག་སྲིན་ཟོར་བ་གདོང་གསེར་གྱི་ཟོར་བས་ལོ་ཐོག་ལེན༔ ཁྱོད་ལ་ལོ་གླུད་སྟེ་ཕུད་གཏོར་མ་འབུལ༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ཐོག་འདི་ལ་མ་གནོད་ཅིག༔ ལྷོ་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྲིང་གཅིག་བམ་སྲིན་དྲེད་མོང་གདོང་༔ ལག་ན་གསེར་གྱི་ཟོར་བ་ཐོགས༔ ཁྱོད་ལ་ལོ་གླུད་སྙེ་ཕུད་གཏོར་མ་


CMR010_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ཐོག་འདི་ལ་མ་གནོད་ཅིག༔ ནུབ་ཕྱོགས་ནམ་མཁའི་དཀྱིལ་ཤད་ནས༔ སྲིང་གཅིག་ཀོང་སྲིན་བ་གླང་གདོང་༔ ཕྱག་ན་གསེར་གྱི་ཟོར་བ་ཐོགས༔ ཁྱོད་ལ་ལོ་གླུད་སྙེ་ཕུད་གཏོར་མ་འབུལ༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ཐོག་འདི་ལ་མ་གནོད་ཅིག༔ བྱང་ཕྱོགས་ནམ་མཁའི་དཀྱིལ་ཡངས་ནས༔ སྲིང་གཅིག་འབྲོག་སྲིན་ཆུ་སྲིན་གདོང་༔ ལག་ན་གསེར་གྱི་ཟོར་བ་བསྣམས༔ ཁྱོད་ལ་ལོ་གླུད་སྙེ་ཕུད་གཏོར་མ་འབུལ༔ སེར་བ་དཀར་པོའི་གདོང་མ་སྟོན༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ཐོག་འདི་ལ་མ་གནོད་ཅིག༔ ཧཱུྃ༔ སྔོན་ཚེ་སྲིད་པའི་ཐོག་མ་ལ༔ བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀས༔ མ་སྲིང་མཁའ་འགྲོ་དམ་ལ་བཏགས༔ ང་ནི་ཆེ་མཆོག་རིག་པ་འཛིན༔ སྲིད་པའི་མ་མོ་བྱེ་བ་འབུམ༔ ལོ་གླད་མཆོད་པ་འདི་བཞེས་ལ༔ བཙའ་སད་སེར་བ་མ་གཏོང་ཞིག༔ སྔོན་ཚེ་དཔལ་ཆེན་བཀའ་མ་བཅག༔ ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས༔ དེ་རྗེས་གསང་བདག་ཁྲོ་བོ་བཅུས༔ བདུད་དང་ལོག་


CMR010_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་དམ་ལ་བཏགས༔ ང་ནི་གསང་བདག་རྣལ་འབྱོར་པ༔ ཁྱེད་རྣམས་འཇིག་རྟེན་མཐུ་བོ་ཆེ༔ ལོ་གླུད་མཆོད་གཏོར་འདི་བཞེས་ལ༔ བཙའ་སད་སེར་བ་མ་གཏོང་ཞིག༔ སྔོན་ཚེ་གསང་བདག་བཀའ་མ་བཅག༔ ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས༔ དེ་རྗེས་འོད་སྲུང་བསྟན་པའི་མཇུག༔ རྟ་མགྲིན་པདྨ་དབང་ཆེན་གྱིས༔ རུ་ཏྲ་ཐམས་ཅད་དམ་ལ་བཏགས༔ ང་ནི་རྟ་མགྲིན་རྣལ་འབྱོར་པ༔ ཁྱེད་རྣམས་མ་ཧཱ་ཀཱ་ལའི་རིགས༔ ལོ་གླུད་བཤོས་བུ་འདི་བཞེས་ལ༔ བཙའ་སད་སེར་བ་མ་གཏོང་ཞིག༔ སྔོན་ཚེ་རྟ་མཆོག་བཀའ་མ་བཅག༔ ཕྱི་རབས་རྣལ་འབྱོར་སུན་མ་ཕྱུངས༔ དེ་རྗེས་བཅོམ་ལྡན་ཤཱཀ་ཐུབ་ཀྱིས༔ ལྷ་སྲིན་ཕྱོགས་སྐྱོང་དམ་ལ་བཏགས༔ ང་ནི་ཤཱཀྱའི་བསྟན་ལ་གནས༔ ཁྱེད་རྣམས་ཐུབ་པའི་དགེ་བསྙེན་རིགས༔ ལོ་གླད་མཆོད་གཏོར་འདི་བཞེས་ལ༔ ལོ་ཐོག་རྣམས་ལ་མ་གནོད་ཅིག༔ བཙའ་སད་སེར་གསུམ་མ་གཏོང་ཞིག༔ དེ་རྗེས་པདྨ་འབྱུང་གནས་ཀྱིས༔ འཛམ་གླིང་ཐམས་ཅད་ཞབས་ཀྱིས་བཅགས༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ང་སློབ་དཔོན་དེ་ཡི་བཀའ་བརྒྱུད་ཡིན༔ ཁྱོད་ལྷ་འདྲེ་དེ་


CMR010_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རིགས་རྒྱུད་ཡིན༔ བཤོས་བུ་ལོ་གླུད་སྙེ་ཕུད་བཞེས༔ སློབ་དཔོན་ཆེན་པོའི་བཀའ་མ་བཅག༔ བཙའ་སད་སེར་གསུམ་མ་གཏོང་ཞིག༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་༔ བོད་ཁམས་བརྟན་མ་བཅུ་གཉིས་དང་༔ དགེ་བསྙེན་ཉི་ཤུ་རྩ་གཅིག་དང་༔ རྗེ་ཡི་མགུར་ལྷ་བཅུ་གསུམ་རྣམས༔ ལོ་གླུད་བཤོས་བུ་སྙེ་ཕུད་བཞེས༔ བཙའ་སད་སེར་གསུམ་མ་གཏོང་ཞིག༔ བོད་ཀྱི་ཐང་ལྷ་ཡར་བཞུད་ནི༔ སེར་བདག་བཅོ་བརྒྱད་འཁོར་དང་བཅས༔ ལོ་གླུད་སྙེ་ཕུད་གཏོར་མ་ལོངས༔ སད་སེར་ལོ་དགྲ་མ་གཏོང་ཞིག༔ སྤོམ་ར་ཤེ་ནེ་སྨོན་སྐྱེས་དང་༔ ངོམ་རྒྱལ་ཛོ་རྒྱལ་ཀླུ་རྒྱལ་སོགས༔ ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་དང་༔ ཁྱད་པར་ཡུལ་འདིས་གཞི་བདག་རྣམས༔ ལོ་གླུད་བཤོས་བུ་སྙེ་ཕུད་བཞེས༔ བཙའ་སད་སེར་བའི་སྣ་མ་འདྲེན༔ ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད༔ རིག་འཛིན་ཞལ་ཡང་མ་མཐོང་བའི༔ དམ་ལ་མ་ཐོག་ནག་པོའི་རིགས༔ བདུད་བགེགས་འབྱུང་པོ་ལོག་འདྲེན་རྣམས༔ ལོ་བླུད་ཚངས་བུ་ཏིང་ལོ་དང་༔ སྙེ་ཕུད་ལྷག་རོལ་གླད་ལོངས་ལ༔ ལོ་ཐོག་རྣམས་ལ་མ་


CMR010_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཅིག༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཚེ་ཡི་འཕེན་པ་ཟད་པའི་ཚེ༔ དམྱལ་བའི་སྡུག་བསྔལ་ཡ་རེ་ང་༔ རང་གི་ལས་བྱས་རང་ལ་སྨིན༔ དེ་ཕྱིར་ཕན་སེམས་ལྡན་པར་མཛོད༔ འདི་ལྟར་ལོ་གླུད་མཆོད་པ་འདི༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཞིན༔ ཟད་མེད་ལོངས་སྤྱོད་འབྱུང་གྱུར་ཅིག༔ ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཏེ༔ བུ་ལོན་ལན་ཆགས་བྱང་གྱུར་ནས༔ ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག༔ ལོ་གླུད་གསེར་སྐྱེམས། །ཧཱུྃ་ཉི་མ་ཤར་གྱི་ཞེས་པ་འདིར་འདོན༔ ཧཱུྃ༔ བསྟན་སྲུང་ཆེན་པོ་རཱ་ཧུ་ལ༔ ལྷ་སྲིན་སྡེ་བརྒྱད་འཁོར་ཚོགས་བཅས༔ ད་ནི་རང་རང་གནས་སུ་གཤེགས༔ ནམ་མཁའ་ཆེན་པོའི་མཐོང་ལ་གཤེགས༔ ཆོས་ཀྱི་དབྱིངས་སུ་ལམ་བསྟན་ནོ༔ རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་ཨ་གཙྩ་གཙྩ༔ ལོ་གླུད་གཏོར་མ་འབུལ༔ ༔ དེ་ནས་གཏོར་མས་ཞིང་ལ་བསྐོར་བ་བྱ༔ མ་ལྕོགས་གཏོར་མ་ལག་ཏུ་བཟུང་བྱས་ནས༔ ཞིང་རྣམས་ཀུན་ལ་བསྐོར་བ་བྱེད་པའི་ཚུལ༔ ལག་པས་བྱས་ལ་དེ་ནས་གཏོར་མ་དེ༔ སེར་ལམ་མམ་ནི་ཡང་ན་མཐོ་སར་བཞག༔ དེ་ནས་ཡུལ་དེའི་ཕྱོགས་མཚམས་ཐོ་བརྒྱད་རེ༔


CMR010_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་གཉིས་དང་བཅུ་ནི་བརྩེགས་བྱས་ལ༔ ཕུར་པའམ་ནི་རལ་གྲི་སྔགས་བྲིས་བཀོད༔ ཡང་ན་ཚ་ཚའི་ནང་དུ་ཤོག་དྲིལ་བཅུག༔ དེ་མ་འཕྲོད་ཀྱང་གང་དུ་བཀྲམ་བྱས་ལ༔ དམིགས་པས་ཕྱོགས་བཅུ་ཁྲོ་བཅས་སེར་ལམ་བཅད༔ ཁྲོ་བོ་བཅུ་བསྐྱེད་པ་ནི༔ ཧཱུྃ༔ འོག་མིན་གནས་མཆོག་ལྕང་ལོ་ཅན་གྱི་ཞིང་༔ རང་བཞིན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ནས༔ ཕ་རོལ་ཕྱིན་བཅུའི་ངོ་བོ་སྟོབས་བཅུའི་བདག༔ ཡེ་ཤེས་ཁྲོ་བོ་བཅུ་པོ་ཡུམ་སྲས་བཅས༔ ལོ་ཏོག་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཕྱོགས་བཅུའི་གདོན་ཚོགས་བསྣོལ་སྟེང་དགྱེས་པར་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འདི་བཞེས་ལ༔ ཕྱོགས་བཅུའི་སད་སེར་བཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་ཁྲོ་ཆེན་རྣམ་པར་རྒྱལ༔ དཀར་གསལ་རབ་འཕྲོས་འཁོར་ལོ་ཁ་ཊོ་འཛིན༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ འབྲུ་སྣ་སྙེ་ཕུད་ཤར་དུ་མཆོད༔ འོག་མ་ཀུན་ལ་དེ་བཞིན་བྱ༔ ཤར་ཕྱོགས་དྲི་ཟའི་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཤར་ཕྱོགས་ཀྱི་སེར་བ་སེར་བྱེད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤ་ཤ་ཤུ་ཤུ་རི་ཡི་རྩེ་ནོན༔ རཾ་རཾ་འུར་འུར་འབྲུག་གི་སྐད་རི་ལི་ལི་ཧཱུཾ་ཧཱུྃ་ཕཊ་ཕཊ༔ ཤིག་ཤིག་སྭཱ་ཧཱ༔ ཧཱུྃ༔ ཤར་


CMR010_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོའི་མཚམས་ནས་ཁྲོ་ཆེན་དབྱུག་སྔོན་ཅན༔ སྔོན་པོ་རབ་ཁྲོས་དབྱུག་ཐོ་མེ་དཔུང་འཛིན༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ ཤར་ལྷོ་དྲང་སྲོང་སེར་བའི་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཤར་ལྷོའི་སེར་བ་སེར་བྱེད་ད་ཧ་ད་ཧ་ཧཱུྃ་ཕཊ༔ དུ་རུ་དུ་རུ་ས་ག་རཾ༔ དུ་རུ་དུ་རུ་ན་བྱེར༔ རྩ་བྱེར་ལིང་ཏི་ནན༔ གཉན་དང་བཙན་དང་གཟའི་སེར་བ་འདི་ཟློག་ཅིག༔ ཧཱུྃ༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད་པོ་སྔོ༔ རབ་ཁྲོས་བེ་ཅོན་སྟ་མོ་ཕྱག་ན་བསྣམས༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ ལྷོ་ཕྱོགས་གཤིན་རྗེའི་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ལྷོ་ཕྱོགས་ཀྱི་སེར་བ་སེར་བྱེད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཏདྱ་ཐཱ༔ ཀུ་མུ་ཀུ་མུ༔ ཀུ་རུ་བྱེར་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན་པོ་སྨུག༔ ཁྲོ་ཆས་རབ་རྫོགས་རལ་གྲི་ཞགས་པ་བསྣམས༔ འབྲུ་སྣ་སྟེ་ཕུད་མཆོད་པ་འདི་བཞེས་ལ༔ ལྷོ་ནུབ་སྲིན་པོའི་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨཱ་ཙ་ལེ་ཧཱུྃ༔ ལྷོ་ནུབ་ཀྱི་སེར་བ་སེར་བྱེད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ བྱ་རང་ཕྲ་མ་ཆིལ་ཆིལ་ཕཊ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་


CMR010_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རྒྱལ་རྟ་མགྲིན་དམར༔ རབ་ཁྲོས་རྒྱན་རྫོགས་དབྱུག་ཐོ་ལྕགས་སྒྲོག་བསྣམས༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ ནུབ་ཕྱོགས་ཀླུ་ཡི་སེར་ལམ་བཅད་དུ་གསོལ༔ ཨོ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ༔ ནུབ་ཕྱོགས་ཀྱི་སེར་བ་སེར་བྱེད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཏདྱ་ཐཱ༔ ག་ཏོ་ཙ་ཏོ་ཕཊ་ཕཊ་ཚལ་ཚལ༔ ཧཱུྃ༔ ནུབ་བྱང་མཚམས་ནས་ཁྲོ་ཆེན་འདོད་པའི་རྒྱལ༔ དམར་སྐྱ་རབ་འཇིགས་རྡོ་རྗེ་ནེའུ་ལེ་འཛིན༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ ནུབ་བྱང་རླུང་ལྷའི་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ནུབ་བྱང་གི་སེར་བ་སེར་བྱེད་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ དུ་རུ་དུ་རུ་ཤིག་ཤིག་ཕཊ་ཕཊ༔ ཧཱུྃ༔ བྱང་གི་ཕྱོགས་ནས་ཁྲོ་ཆེན་བདུད་རྩི་འཁྱིལ༔ རབ་ཁྲོས་རྒྱན་རྫོགས་རྒྱ་གྲམ་དྲིལ་བུ་འཛིན༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ བྱང་ཕྱོགས་གནོད་སྦྱིན་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ བྱང་ཕྱོགས་ཀྱི་སེར་བ་སེར་བྱེད་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཤཀྱ་ཛ་དུར་ཞིལ་ཞིལ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཧཱུྃ༔ བྱང་ཤར་ཕྱོགས་ནས་ཁྲོ་ཆེན་ཁམས་གསུམ་རྒྱལ༔ སྔོ་སྐྱ་རབ་ཁྲོས་འཁོར་ལོ་ཞགས་པ་


CMR010_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ བྱང་ཤར་དབང་ལྡན་སེར་ལམ་བཅད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་གྱི་སེར་བ་སེར་བྱེད་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དུ་རུ་དུ་རུ་རཾ་རཾ་ཕཊ་ཕཊ༔ ཧཱུྃ༔ སྟེང་གི་ཕྱོགས་ནས་ཁྲོ་རྒྱལ་ཧཱུྃ་ཀཱ་རཿ༔ མཐིང་གསལ་རབ་ཁྲོས་ཕྱག་གཉིས་མདའ་གཞུ་འགེངས༔ འབྲུ་སྣ་སྟེ་ཕུད་མཆོད་པ་འདི་བཞེས་ལ༔ སྟེང་ཕྱོགས་ལྷ་གདོན་གཟའ་སྐར་སེར་ལམ་ཆོད༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ཀྱི་སེར་བ་སེར་བྱེད་ཐམས་ཅད་གརྫ་གརྫ་ཧཱུཾ་ཕཊ༔ ཨོ་ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཧུ་ཡ་ཧུ་ཡ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོ་སི་ཏྲི་པ་ཏྲ༔ དུ་རུ་ཁ༔ ནཱ་ག་རཱ་ཙ་ཛ་ཛ༔ ཡཾ་རྗེ་བླ་མེད་ཛ༔ ཤ་ལེ་རུ་རྩི་འབར་བ་ནག་པོ་བཀྲག་མེད་ཛ༔ ཧཱུྃ༔ འོག་གི་ཕྱོགས་ནས་ཁྲོ་བོ་སྟོབས་པོ་ཆེ༔ རབ་འཇིགས་ལྗང་ནག་སྟ་རེ་ཐོད་དབྱུག་འཛིན༔ འབྲུ་སྣ་སྙེ་ཕུད་མཆོད་པ་འདི་བཞེས་ལ༔ སེར་བའི་སྣ་འདྲེན་འོག་འཁྱུག་ལམ་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧ་བཱ་ལ་ཧཱུྃ༔ འོག་ཕྱོགས་ཀྱི་སེར་བ་སེར་བྱེད་སྣ་འདྲེན་ཐམས་ཅད་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ༔ དུ་རུ་དུ་རུ༔ ས་ག་རཾ༔ དུ་རུ་དུ་


CMR010_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རུ༔ ཧཱུྃ༔ བཀའ་ཉན་རླུང་ལྷའི་རྒྱལ་པོ་ཤ་བ་ཞོན༔ ཕྱག་གཡས་རཾ་དགུ་མེ་འབར་སེར་བ་བཞུས༔ ཕྱག་གཡོན་ཡཾ་དགུ་བ་དན་རླུང་ནག་འཚུབ༔ མེ་རླུང་འཚུབ་པས་སེར་སྤྲིན་ཐམས་ཅད་གཏོར༔ རླུང་ལྷར་བདག་པོ་སྟེ་ཕུད་འབྲུ་སྣས་མཆོད༔ སེར་སྤྲིན་བྱུང་ཚད་གཏོར་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ རླུང་ལྷ་ཁྱོད་ཀྱིས་མེ་ཡི་བ་དན་ཕྱོར༔ རླུང་ནག་དཀྱིལ་འཁོར་སྤུར་གྱིས་བདྷར༔ མཱ་ར་ཡ་བྱེར་བྱེར༔ གཏོར་གཏོར་ཟློག་ཟློག༔ ཆུམ་ཆུམ༔ དྲིལ་དྲིལ༔ ཙཀྲ་ཝནྟི་ཀྱི་མདངས་རྦད་རྦད༔ སེར་བ་ཆོད་ཆོད༔ སྤྲིན་ཁྲོལ་ཁྲོལ༔ སཱུརྱ་ཙཀྲ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཁྲོ་བཅུའི་སྐུ་ལས་འཕྲོས་པའི་འོད་ཟེར་ལས༔ རྡོ་རྗེ་འཁོར་ལོ་རལ་གྲི་རྒྱ་གྲམ་དང་༔ ཕུར་བུ་མེ་དཔུང་འབར་བའི་གུར་ཁང་ཕུབ༔ གནམ་ས་གསེར་དང་གནམ་ལྕགས་འཁོར་ལོ་ནི༔ རྩིབས་སྟོང་གཡས་གཡོན་འཁོར་བས་སེར་བྱེད་གཏུབས༔ ནམ་མཁའ་ཐམས་ཅད་པད་འབྱུང་སྐུ་ཡིས་གང་༔ བར་སྣང་ཐམས་ཅད་གུ་རུ་དྲག་པོས་གང་༔ ས་གཞི་ཐམས་ཅད་ཡཀཱ་མེ་དབལ་གང་༔ སྙེ་མ་ཐམས་ཅད་ཡཀཱ་མེ་


CMR010_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དབལ་རེ༔ ནས་འབྲུ་ཐམས་ཅད་ཧཱུྃ་ཡིག་རེ་རེར་གྱུར༔ དེ་ལྟར་དྲག་པོ་ཁྲོ་བཅུའི་ལྷ་ཚོགས་རྣམས༔ སྟོན་ཐོག་འདི་རྣམས་ཐམས་ཅད་མ་བསྡུས་བར༔ བརྟན་པར་བཞུགས་ལ་ལོ་ཐོག་སྲུང་སྐྱོབ་མཛོད༔ ནམ་ཞིག་སྟོན་ཐོག་ཐམས་ཅད་བསྡུས་ཚར་ནས༔ ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་སུ་གཤེགས༔ ཧཱུྃ༔ བཅོམ་ལྡན་གུ་རུ་དྲག་པོ་ཁྲོ་བཅུ་ལྷའི་ཚོགས༔ སེར་བ་བཟློག་ཅིང་བསྲུང་བའི་ཕྲིན་ལས་མཛོད༔ ཨོཾ་ཨཱཧཱུྃཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ་རཀྟ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ གནོད་བྱེད་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་མཱ་ར་ཡ༔ ནྟཾ་བྷ་ཡ༔ ན་ཤ་ཡ༔ ཧཱུྃ་རཾ༔ ཕཊ་རཾ༔ བྷྱོ་རཾ༔ ཏྲག་རཾ༔ སེར་བ་རོ་ཆོད༔ སྤྲིན་གཏོར༔ ཏྲག་དུ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ རང་ཉིད་གུ་དྲག་ཞལ་ནས་མེ་རླུང་གིས༔ འཚུབ་མ་བྱུང་བས་སེར་བ་བཟློག་པར་བསམ༔ གདོང་བཟློག་སྔགས་དང་དམིགས་པ་འདི་ཡིས་ཆོག༔ ཕུ་བཏབ་སྡིགས་མཛུབ་གཏད་ཅིང་སེར་ལམ་བསྟན༔ ཡུལ་གཞན་ཐག་རིང་རྒྱང་བསྲུང་སོགས་དགོས་ན༔ ཡུལ་དེར་མེ་ཡི་བྱ་ཁྱུང་ཆེན་པོ་ཡི༔ ལྟོ་བའི་ནང་དུ་ཚུད་ནས་ཡོད་པར་བསྒོམ༔ དེ་ནས་སྨོན་ལམ་བཀྲ་ཤིས་ཚིགས་བཅད་བྱ༔


CMR010_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བདེ་ཞིང་ལོ་ལེགས་དང་༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཡིས༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ འབྱུང་པོ་གང་དག་འདིར་གནས་ལྷགས་གྱུར་ཏེ༔ སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་༔ སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་༔ ཉིན་དང་མཚན་མོར་ཆོས་ལ་སྤྱོད་པར་ཤོག༔ དེ་ནས་སེར་བསང་ཡིན་ན་ཁུ་ཡེ་བྱ༔ དོ་གལ་ཆེ་ན་ལོ་གླུད་གྲངས་མང་བཏང་༔ སྐྱ་རྒྱལ་ཚར་ནས་སྲུང་འཁོར་བསྒོམ་པ་བསྡུ༔ ཁྲོ་བཅུ་འཁོར་བཅས་རང་གནས་གཤེགས་པར་བསམ༔ ཐོ་བསྒྱེལ་ཕུར་པ་ཚ་ཚ་བསྡུས་ན་ལེགས༔ སྙིགས་དུས་མུ་གེའི་བསྐལ་པ་དར་བའི་དུས༔ འགྲོ་ལ་ཕན་ཕྱིར་༧ རཱ་ག་ཨ་སྱ་ཞེས༔ རིག་སྔགས་འཆང་བའི་རྣལ་འབྱོར་པ་དེས་བྲིས༔ འདི་བྲིས་ཉེས་པའི་ཚོགས་རྣམས་གང་མཆིས་པ༔ དབང་དྲག་པདྨའི་བཀའ་སྲུང་རྣམས་ལ་བཤགས། །དགེ་བས་མི་དང་སེར་བདག་འབུ་སྲིན་སོགས༔ ཐམས་ཅད་བདེ་ཆེན་ཞིང་དུ་སྐྱེ་གྱུར་ཅིག༔ དགེའོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལོ་གླུད་སེར་ལམ་བཅད་ཐབས་དང་བཅས་པའི་འདོན་འགྲིགས་སེར་སྲུང་མེའི་བྱ་ཁྱུང་འབར་བ།next