Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུ་དྲག་པོ་ལས༔ བྱིས་པའི་གླུད་བཏང་བའི་ཟིན་བྲིས་འདོན་འགྲིགས།
   
   
   
   
   
   
   
   
   
   


 
previousགུ་རུ་དྲག་པོ་ལས༔ བྱིས་པའི་གླུད་བཏང་བའི་ཟིན་བྲིས་འདོན་འགྲིགས།next

གུ་རུ་དྲག་པོ་ལས༔ བྱིས་པའི་གླུད་བཏང་བའི་ཟིན་བྲིས་འདོན་འགྲིགས།


CMR010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་ལས༔ བྱིས་པའི་གླུད་བཏང་བའི་ཟིན་བྲིས་འདོན་འགྲིགས་བཞུགས་སོ༔


CMR010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདག་འདྲ་པདྨ་འབྱུང་གནས་ཀྱིས༔ བུ་ཡི་ཤོག་དྲིལ་ཕྲའུ་གསོ་ཐབས་བསྟན༔ ཞེས་གསུངས་དོན་ནི་ལག་ཏུ་བླངས་པའི་ཐབས༔ བསེ་ལྕགས་མིན་པའི་སྣོད་ནང་གང་རུང་དུ༔ བཤོས་བུ་རྩེ་རྒྱལ་གཅིག་གི་གཡས་གཡོན་དུ༔ རི་བོང་རྣ་བ་འདྲ་བ་སྦྱར་བ་གཅིག༔ དེ་ལ་དེ་འདྲ་བཅུ་བཞིའི་བསྐོར་བར་བྱ༔ བསྡུ་ན་དེ་འདྲ་གཅིག་གིས་ཆོག་པ་ཡིན༔ དེ་ནས་བྱི་སྦའི་ལུས་ལ་དྲུད་པའི་ཟན༔ གཟུགས་བརྙན་འདི་རྣམས་བྱས་ཏེ་དེ་མཐར་བསྐོར་རྟ་དམར་ཁྱི་སེར་ཁུ་བྱུག་སྔོན་མོ་བྱ༔ གཞན་རྣམས་ཚོན་ནི་ཐོན་ལེགས་མ་ཐོན་ཀྱང་༔ ཤཱ་ཝ་ངར་མི་ཝ་དང་ཕོ་རོག་གཟུགས༔ བུད་མེད་རྡོ་རྗེ་ཕག་དང་བྱ་ཡི་གཟུགས༔ ནེ་ཙོ་ཕ་ཝང་འུག་པ་ཕག་གླིང་གཟུགས༔ བྱིསྦའི་གཟུགས་རྣམས་


CMR010_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དེ་ཡི་རྒྱབ༔ བྱིསླ་ལ་དྲུད་མ་ཡིས་བཅང་བ་ཡི༔ ཆངས་བུ་བཅོ་ལྔ་ཏིང་ལོ་ཤ་དུམ་དང་༔ འབྲུ་སྣ་ཅི་འཛོམ་ཅུང་ཟད་བཏབ་ལ་བྲན༔ དྲག་པོ་ལ་སོགས་ཡི་དམ་སྔོན་སོང་ནས༔ རང་ཉིད་སྐད་ཅིག་ཡི་དམ་གནས་འགྱུར་ནས༔ སྟོང་ཆེན་རབ་འཇོམས་དཀར་མོ་ཞལ་གཅིག་པ༔ ཕྱག་དྲུག་གཡས་གསུམ་རལ་གྲི་མདའ་མཆོག་སྦྱིན༔ གཡོན་གསུམ་ཞགས་པ་གཞུ་དང་དགྲ་སྟ་བསྣམས༔ གཞོན་མཛེས་དར་དང་རིན་ཆེན་དུ་མས་བརྒྱན༔ ཞབས་གཉིས་རོལ་པའི་སྟབས་ཀྱིས་པད་ཟླར་བཞུགས༔ ཐུགས་ཀར་ཟླ་སྟེང་ཧཱུཾ་ནང་བསྲུང་བྱ་ཚུད༔ ཧཱུཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ འོད་


CMR010_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ ཐམས་ཅད་སྟོང་ཆེན་རབ་འཇོམས་སྐུར་གྱུར་ནས༔ ཆར་བཞིན་བབས་ནས་བདག་དང་བསྲུང་བྱ་ལ༔ ཐིམ་པས་ནད་གདོན་བགེགས་ཀྱིས་མི་ཚུགས་གྱུར༔ ཨོཾ་ཨ་མྲྀ་ཏ་ཝ་རེ་ཝ་ར་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཞེས་པ་ཅི་མང་བཟླས་ཤིང་བསྲུང་སྐུད་སྔགས༔ ཨརྒྱུ་སོགས༔ སྟོང་ཆེན་རབ་འཇོམས་རིག་སྔགས་རྒྱལ༔ ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ༔ ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ༔ ཐལ་མོ་སྦྱར་ཏེ་ཕྱག་འཚལ་བསྟོད༔ དེ་ནས་གླུད་མདོས་ཆབ་ཀྱིས་བྲན༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས༔ རིན་ཆེན་སྣོད་མཆོག་སྟོང་གསུམ་ཙམ་གྱི་ནང་༔ གླུད་གཏོར་རང་རང་ཡིད་མཐུན་འདོད་ཡོན་ལྔ༔ ཟད་མེད་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས་གསུམ་བརྗོད། ཧཱུྃ༔ བྱིསྱའི་གདོན་ཆེན་བཅོ་ལྔ་པོ༔ རྟག་ཏུ་ཁྲག་ལ་འཐུང་རྣམས་ཀྱིས༔ གང་ལ་བུ་ནི་མི་ཆགས་དང་༔ གང་གི་མངལ་དུ་མི་གནས་དང་༔ སྐྱེས་པ་བུད་མེད་འདུ་བ་དང་༔ དབང་པོ་རྣམས་ཀྱང་མྱོས་པར་བགྱི༔ མེར་མེར་པོ་དང་ནུར་ནུར་པོ༔ བུ་ཡིས་ས་བོན་མ་རུངས་བགྱིད༔ གང་ཡང་མངལ་ནི་མཐུར་དུ་གྲུབ༔ ཤ་


CMR010_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མ་མི་འབྱུང་གདོན་བགྱིད་པ༔ འདི་དག་བྱིས་པ་སྐག་པར་བགྱི༔ འདི་དག་བུ་འཕྲོག་མ་རུངས་བ༔ བྱིས་པ་རྣམས་ལ་འཇིགས་བགྱིད་པ༔ མདོ་སྡེའི་ཞགས་པས་དྲངས་ནས་ནི༔ འདི་དག་ཤིན་ཏུ་འགུགས་པར་བགྱི༔ གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི༔ དྲི་ཟ་ཙནྡྲ་ཞེས་བགྱི་བ༔ ཡི་གེ་ཕྱག་རྒྱ་དེ་བཙལ་ཏེ༔ སོང་ནི་གདོན་ནི་དྲག་པོ་པ༔ འཇམ་པ་པོ་དང་རི་དྭགས་རྒྱལ༔ སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན༔ མ་མོ་དང་ནི་ཛ་མི་ཀ༔ འདོད་པ་ཅན་དང་ནམ་གྲུ་དང་༔ སྲུལ་པོ་དང་ནི་མ་དགའ་བྱེད༔ བྱ་དང་གཉའ་བའི་ལག་ཅན་དང་༔ བཞིན་རྒྱན་དང་ནི་མིག་འཕྱང་བ༔ བཅོ་ལྔ་དེ་དག་འདིར་ཁུག་ཅིག༔ ཨོཾ་བཛྲ་ཡཀྵ་སརྦ་བིགྷཱན་བཛྲ་ཨཾ་ཀུ་ཤ་ཛ༔ མདུན་འདིར་གདོན་ཆེན་བཅོ་ལྔ་པོ༔ བཅིངས་བ་ལྔ་ཡིས་བཅིངས་བཞིན་དུ་བཀའ་ཉན་གསུང་སྡོད་བྱེད་པར་གྱུར༔ སརྦ་བིགྷཱན༔ ཛཿཧཱུྃ་བཾ་ཧོཿ ཁྱེད་ཅག་སྔོན་ཚེ་རྒྱལ་བའི་དྲུང་༔ ཐལ་མོ་སྦྱར་ནས་འདི་སྐད་གསོལ༔ གྲོང་ངམ་ཁྱི་མམ་གྲོང་ཁྱེར་རམ༔ གང་ན་ལེགས་པར་གསུངས་པ་ཡི༔ མདོ་སྡེ་འདི་ནི་བཞུགས་པ་དེར༔ བྱིས་པ་རྣམས་ནི་འགུམ་མི་འགྱུར༔ ཐུབ་


CMR010_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁྱོད་ནི་ཇི་བཞིན་དུ༔ རྗེས་སུ་མཐུན་པར་འཇུག་པར་བགྱི༔ ཁྱེད་ཅག་དེ་ལྟར་ཁས་བླངས་པའི༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི༔ དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ༔ གླུད་གཏོར་འདོད་ཡོན་ལྔ་ལྡན་འདི༔ བྱིསྶའི་གདོན་ཆེན་བཅོ་ལྔ་ནི༔ འཁོར་དང་བཅས་པ་ཀུན་ལ་བསྔོ༔ ཐམས་ཅད་ངོམ་ཞིང་ཚིམས་གྱུར་ནས༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ སྔགས་བདུན་དང་སེ་གོལ་གཏོགས། འཇམ་པ་པོ་ནི་བ་གླང་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ རི་དྭགས་རྒྱལ་པོ་རི་དྭགས་འདྲ༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ སྐེམ་བྱེད་པ་ནི་གཞོན་ནུའི་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ བརྗེད་བྱེད་པ་ནི་ཝ་འདྲ་འོ༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ ཁུ་ཚུར་ཅན་ནི་བྱ་རོག་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ མ་མོ་དེ་ནི་མི་ཡི་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ ཛ་མི་ཀ་ནི་རྟ་ཡི་གཟུགས༔ གླུད་


CMR010_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོར་མ་འདི་བཞེས་ཤིག༔ འདོད་པ་ཅན་ནི་རྡོ་རྗེའི་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ ནམ་གྲུ་ཁྱི་ཡི་གཟུགས་ཅན་ཏེ༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ སྲུལ་པོ་དེ་ནི་ཕག་གི་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ མ་དགའ་བྱེད་པ་བྱི་ལའི་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ བྱ་ནི་འདབ་ཆགས་གཟུགས་ཀྱི་ཡང་༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ གཉའ་ལག་ཅན་ནི་བྱ་གག་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ བཞིན་བརྒྱན་འུག་པའི་གཟུགས་ཀྱི་སྟེ༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ མི་འཕྱང་བ་ནི་ཕ་ཝང་གཟུགས༔ གླུད་དང་གཏོར་མ་འདི་བཞེས་ཤིག༔ འཇམ་པ་པོས་ནི་ཟིན་གྱུར་ན༔ མིག་ནི་རབ་ཏུ་འགྱུར་བར་བགྱིད༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ རི་དྭགས་རྒྱལ་གྱིས་ཟིན་གྱུར་ན༔ སྐྱུགས་པ་མི་བཟད་སྐྱུགས་པར་བགྱིས༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ སྐེམ་བྱེད་ཀྱིས་ནི་ཟིན་གྱུར་ན༔ སྐེམ་བྱེད་པས་ནི་བྱིས་པ་འགུམ༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ བརྗེད་བྱེད་ཀྱིས་ནི་ཟིན་གྱུར་ན༔ འགྲེ་ཞིང་དེ་ལྟར་སྒྲ་ཡང་འབྱིན༔ ལྷུ་བ་


CMR010_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ཁ་ཆུ་འཛག༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ ཁུ་ཚུར་ཅན་གྱིས་རབ་ཟིན་ན༔ ཁུ་ཚུར་འཆང་ཞིང་འབྱེད་པར་བགྱི༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ མ་མོ་ཡིས་ནི་ཟིན་གྱུར་ན༔ དགོད་ཅིང་དེ་བཞིན་སྒྲ་ཡང་འབྱིན༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ ཛ་མི་ཀིས་ནི་རབ་ཟིན་ན༔ ནུ་ཞོ་ནུ་བར་མངོན་མི་དགའ༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ འདོད་པ་ཅན་གྱིས་ཟིན་པ་ན༔ མལ་ན་གཉིད་ལོག་ངུ་བར་འགྱུར༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ ནམ་གྲུས་རབ་ཏུ་ཟིན་གྱུར་ན༔ ལྕེ་ལ་སོས་ནི་འཆའ་བར་བགྱི༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ སྲུལ་པོས་རབ་ཏུ་ཟིན་གྱུར་ན༔ ཀུ་ཅོ་འདོན་ཅིང་སྒྲ་ཡང་འབྱིན༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ མ་དགའ་བྱེད་པས་ཟིན་པ་ན༔ རྣམ་པ་སྣ་ཚོགས་གཟུགས་སུ་འགྱུར༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ བྱ་ཡིས་རབ་ཏུ་ཟིན་གྱུར་ན༔ མནལ་བའི་དྲི་ནི་འབྱུང་བར་འགྱུར༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ གཉའ་ལག་ཅན་གྱིས་ཟིན་གྱུར་ན༔ མགུལ་པར་རབ་ཏུ་འགགས་པར་འགྱུར༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ བཞིན་རྒྱན་གྱིས་ནི་ཟིན་གྱུར་ན༔ རིམས་ཀྱིས་བཏབ་ཅིང་འཁྲུ་


CMR010_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ མིག་འཕྱང་པས་ནི་ཟིན་གྱུར་ན༔ རྐེག་བུ་དང་ནི་རྣམ་པ་འབྱུང་༔ ཕྱིན་ཆད་དེ་ལྟར་མ་བྱེད་ཅིག༔ ལོ་ནི་བཅུ་གཉིས་ཚུན་ཆོད་དུ༔ གནོད་ཅིང་འཚེ་བར་མ་བྱེད་ཅིག༔ སྔོན་གྱི་ལན་ཆགས་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྱང་བར་གྱིས༔ འཕྲལ་གྱི་རྐྱེན་ངན་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ དོན་མེད་གནོད་པ་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་མགུ་བར་གྱིས༔ ཟ་རེ་འཐུང་སྐོམ་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་ཚིམ་པར་གྱིས༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ འདི་ནི་སངས་རྒྱས་བསྟན་པ་ཡིན༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ལེགས་པར་གསུང་པ་འདི་ཐོས་ནས༔ གལ་ཏེ་མྱུར་དུ་མི་གཏོང་ན༔ ཐམས་ཅད་འབར་བར་གྱུར་པ་ནི༔ མར་དང་ཡུངས་ཀར་མེར་བླུག་ཡིན༔ གནོད་སྦྱིན་ཆད་པས་བསྡིགས་ནས་སུ༔ དེ་དག་བདེ་བ་མི་རྙེད་དེ༔ དེ་ཡི་རྩིབ་ལོགས་གཡས་པར་ནི༔ འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར༔


CMR010_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ནད་ཀྱིས་བཏབ་པ་ནི༔ ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གཞིར་ཡང་འགྲོ་བར་མི་འགྱུར་རོ༔ ལུས་ངན་གྲགས་དང་ལྡན་པ་ཡི༔ ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ༔ འབྱུང་པོ་མང་པོ་འཚོགས་པ་ན༔ སྙན་ཡང་ཐོབ་པར་མི་འགྱུར་རོ༔ གནོད་སྦྱིན་དག་གི་དཀྱིལ་འཁོར་དུ༔ ཟས་སྐོམ་དང་ཡང་འབྲལ་བར་འགྱུར༔ དེ་བས་བཀའ་ལ་མ་འདའ་བར༔ ཆེན་པོའམ་ཆུང་ངུ་གང་དག་གིས༔ ནད་དེ་རབ་ཏུ་ཕྱུངས་ནས་སུ༔ གདོན་ཁྱོད་རང་གི་གནས་སུ་དེངས༔ ཞེས་བརྗོད་ཁ་ཕྱིར་བསྒྱུར་ལ༔ ཧཱུྃ༔ བྱིསྦའི་གདོན་ཆེན་བཅོ་ལྔ་པོ༔ གླུད་ཆེན་ཁྱེར་ལ་གཞན་དུ་དེངས༔ སྟོང་ཆེན་རབ་འཇོམས་མདོ་སྡེ་ལགས༔ གནོད་སྦྱིན་གང་དག་མི་ཕྱོགས་པ༔ དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ༔ སྤྱི་བོ་དག་ཀྱང་འགེམ་པར་འགྱུར་༔ སྤུ་གྲིའི་སོ་ནི་རྩུབ་མོ་ཡིས༔ དེ་ཡི་ལྕེ་ནི་གཅོད་པར་འགྱུར༔ མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས༔ དེ་ཡི་སྣ་དང་རྣ་བ་གཅོད༔ འཁོར་ལོ་སྤུ་གྲིའི་སོ་འདྲ་བས༔ ཀླད་པ་རབ་ཏུ་གཤག་པར་བྱེད༔ ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡང་༔ དེ་ཡི་སྙིང་ཡང་འཇོམས་པར་བྱེད༔ རྣག་དང་ཁྲག་ནི་དྲོན་མོ་


CMR010_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ དེ་ཡི་ཁ་ནས་འཛག་པར་འགྱུར༔ རིག་སྔགས་ཞགས་པས་ཆད་པ་ཡི༔ རྟག་ཏུ་འཁོར་བར་འགྲོ་བ་ན༔ འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ༔ འདི་ཉིད་ཀྱིས་ནི་འཁོར་བར་འགྱུར༔ དེ་བས་མ་འཚེ་མྱུར་དུ་དེངས༔ སརྦ་བྷ་ཏ་གཙྩ༔ ཅེས་བརྗོད་དེ་ནས་རྒྱས་པ་ན༔ གཏོར་མ་རེ་དང་གཟུགས་བརྙན་རེ༔ ཆངས་བུ་རེ་བཅས་ཐེབ་ཙེར་བཞག༔ ༈ བྱིས་པ་ན་ལུགས་བརྟགས་བྱས་ལ༔ སོ་སོའི་ཕྱོགས་སུ་ཕུལ་བར་གསུངས༔ ན་ལུགས་ནད་པ་མེད་ན་ཡོང་༔ སོ་སོའི་ཕྱོགས་སུ་གཏོང་བ་ལེགས༔ ཉེར་བྱ་ཞེས་བྱས་བཙད་པའི་མིང་༔ བྱིསྦའི་ལུས་ལ་བསྒྲེས་ཞེས་པ༔ དང་པོ་བཅའ་ཁ་ལུས་ལ་དྲུད༔ གླུད་བསྣན་ཞེས་པ་ཆངས་བུའོ༔ བྱིས་པ་སྐྱུག་ཅིང་ཉེར་ན་ཤྭ་བའི་གཟུགས༔ བྱིས་པ་ལ་བསྒྲེས་བྱང་ཤར་མཚམས་སུ་བཏང་༔ འཁྲུ་ཞིང་ཉེར་ན་གླུད་ཅིག་ཤར་དུ་བཏང་༔ འདར་ཞིང་ལྕི་བ་ཁ་ཆུ་འཛག་པ་ལ༔ ཝ་མོའི་གཟུགས་བྱས་ལྷོ་ཕྱོགས་བཏང་བར་བྱས༔ ཁུ་ཚུར་བཅང་ཞིང་ཉེ་བར་བྱེད་པ་ན༔ ཕོ་རོག་གཟུགས་བྱས་ནུབ་ཏུ་བཏང་༔ ངུ་དགོད་བྱེད་ཅིང་ཉེ་བ་ན༔ བསེན་མོའི་གཟུགས་བྱས་བུད་མེད་འཕང་རར་བསྐྱལ༔ ནུ་ཞོ་མི་འདོད་ཉེ་བ་ན༔ རྟ་གཟུགས་དམར་པོ་བྱས་ཏེ་ལྷོ་རུ་བཏང་བར་བྱ༔ གཉིད་མི་ཉོལ་བར་ཉེ་བར་མ༔ རྡོ་རྗེའི་གཟུགས་དཀར་པོ་གཅིག་ཤོས་ཤར་དུ་བཏང་༔ ལྕེ་ལ་སོ་ཡིས་འཆའ་ཞིང་ཉེ་བ་ན༔ ཁྱི་གཟུགས་སེར་པོ་གཅིག་ཤོས་ནུབ་ཏུ་བཏང་༔ སྐད་ངན་


CMR010_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཅོ་འདོན་ཞིང་ཉེ་བ་ན༔ ཕག་པའི་གཟུགས་བྱས་བྱང་དུ་བཏང་༔ བྱིས་པ་ན་ཞིང་ཕ་ལོ་ཆོ་འཕྲུལ་ཆེ༔ བྱ་ཡི་གཟུགས་བྱས་བྱང་དུ་བཏང་༔ བྱིས་པ་གཤིན་དྲི་བསྣམས་ཤིང་ཉེ་བ་ན༔ ཁུ་བྱུག་གཟུགས་བྱས་སྔོན་པོ་ནུབ་ཏུ་བཏང་༔ དྲི་ཆུ་འགག་ཅིང་ཉེ་བ་ན༔ ནི་ཚོའི་གཟུགས་བྱས་ནུབ་ཏུ་བཏང་༔ བྱིང་ཞིང་ཉེ་ན་འུག་གཟུགས་ཐོག་ཏུ་བསྐྱལ༔ ཨིག་བུ་བསྒྲང་ཞིང་ཉེ་བ་ན༔ ཕ་ཝང་གཟུགས་བྱས་ལྷོ་ནུབ་མཚམས་སུ་བཏང་བར་བྱ༔ ཐམས་ཅད་ཟན་གྱིས་ལུས་བསྒྲེས་གླུད་ལ་བསྣམ༔ ཞེས་གསུངས་བཞིན་དུ་སོ་སོར་ཕུལ་བར་བྱ༔ བསྡུ་ན་བྱིསྦའི་ལོ་བདུད་སྟེང་དུ་ནི༔ ཕྱོགས་ཆེན་ནམ་ནི་ཡས་ལམ་ཕྱོགས་ཉིད་དུ༔ མི་བགོ་དུས་གཅིག་ཉིད་དུ་བསྐུལ་ལ་དོར༔ སུམྦྷ་ནི་བརྗོད་ནས་ལྕགས་བྲབ་བྱས་ཏེ༔ བདག་བསྐྱེད་སྲུང་འཁོར་བསྒོམ་ཞིང་སྔགས་བརྗོད་དེ༔ དེ་ཡིས་བྱི་སྦའི་གླུད་གཏོར་ཚང་བ་ཡིན༔ བྱིསྩའི་སྲིའུ་ཆུང་སྲི་ལྷང་དོགས་ཀྱི༔ བྱིས་པ་ངུ་ཞིང་ནུ་ཞོ་མི་འདོད་ན༔ རེ་ཏུལ་འདྲེ་ཅན་ས་བླངས་གླུད་ཁྲུ་གང་༔ རེ་ཏུལ་ཞེས་པ་ཁང་མལ་འདྲེ་ཅན་ཁྲུ་ནི་བྱིས་པ་ཉིད་ཀྱི་ཁྲུ་གང་ཚད༔ བཅས་ཏེ་རྒྱབ་ཏུ་ཚེར་མའི་ཁྲེས་པོ་བསྐུར༔ དྲེལ་རྟ་རྐང་གསུམ་གཟུགས་ལ་གླུད་དེ་བསྐྱོན༔ ལུས་ལ་བལ་ཚོན་སྣ་ལྔའི་གོས་བཀོན་ཏེ༔ མདུན་བཞག་བྲན་ནས་བདག་བསྐྱེད་གསལ་བཏབ་སྟེ༔ དེ་ནས་བཀུག་གཞུག་ནི༔ གང་དག་སངས་རྒྱས་རང་སངས་རྒྱས༔ སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་༔ ཚངས་དབང་དང་ནི་འཇིག་རྟེན་སྐྱོང་༔ གནོད་སྦྱིན་སྡེ་


CMR010_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དབང་ཕྱུག་དང་དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་༔ འཕྲོག་མ་བུ་དང་བཅས་པ་ཡང་༔ དེ་དག་མཐུ་དང་གཟི་བརྗིད་ཀྱིས༔ བྱིས་པ་འདི་ལ་གནོད་བྱེད་པའི༔ ཆུང་སྲི་གཟུགས་བརྙན་འདི་ལ་ཁུག༔ ཨོཾ་བཛྲ་ཡཀཱ་ཧཱུྃ༔ སརྦ་ཛཏྲི་ཛ༔ ག་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཕ་ཏྲི་ག་ཏཱི་ནི་ཧཱུྃ་ཛ༔ ཀཾ་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཀར་ཏྲི་ན་ཏྲི་གྲུམ་གྲུམ་ཧཱུྃ་ཛ༔ སརྦ་ནི་ཏྲི་ནི་ཧཱུྃ་ཛ༔ ཤན་ཏཱི་ནི་ཧཱུྃ་ཛ༔ སུ་ཏྲི་ནི་ཧཱུྃ་ཛ༔ ཆུང་སྲི་ཕོ་མོ་གནོད་བྱེད་ཐམས་ཅད་ཀྱི་སྙིང་ལ་མ་རཱ་ཡ་རྦད་ནན༔ དེ་ལྟར་གོང་གི་འགུགས་གཞུག་ལན་གསུམ་དང་༔ འོག་གི་སྔགས་རིང་བདུན་ནམ་ཉེར་གཅིག་བརྗོད༔ སྒོ་དྲུང་ལམ་གྱི་དཀྱིལ་དུ་དོང་བྲུས་ལ༔ ཁ་སྦུབ་མནན་སྟེང་ས་ལ་རི་རབ་གཟུགས་བྲིས་པའི་སྟེང་༔ རྐང་པ་གཡོན་པ་རྒྱ་གྲམ་དུ་བཞག་ལ་མནན༔ རང་གི་ཁྱིམ་ནས་འདི་བརྗོད་དམིགས་པ་བྱ༔ ཧཱུྃ༔ གནོད་སྦྱིན་ཆུང་སྲི་ལས་ངན་ཁྱོད༔ རིམ་དགུ་ས་ཡི་འོག་ཏུ་སོང་༔ ཆུ་སྲིན་གདུག་པའི་གྲེ་བར་བརྫ་ངས༔ རི་རབ་ཆེན་པོས་སྟེང་ནས་མནན། བྱམས་མགོན་བསྟན་པ་མ་བྱུང་བར༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ ཨོ་ལཾ་ཧཱུཾ་ལཾ་སྟེ་བྷ་ཡ་ནན༔ དེ་ཡིས་ངུ་འཕྲོ་ཆོད་པར་ཐེ་ཚོམ་མེད༔ ཅེས་གསུངས་དེ་བཞིན་འཆི་འཕྲོ་འང་ཆད་པར་ནུས༔ བྱིསྦ་


CMR010_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མི་སོས་དོགས་པ་ཆེ་བའམ༔ བྱིས་པ་གཉིད་མེད་ན་ཚ་ངུ་བ་ལ༔ བྱ་ལོ་པ་ལས་ནས་དཀར་བྲེ་གང་བསླང་༔ བསླང་ས་མེད་ན་བྱ་ལོ་པ་གཅིག་གིས༔ བྲེ་ཡི་ནང་དུ་ནས་བླུག་བྲེ་ཁ་བཅད༔ སྔགས་པའི་མདུན་དུ་བཞག་པས་ཆོག་པ་ཡིན༔ ནས་ཀྱི་ཁ་ལ་བག་ཕྱེས་གཡུང་དྲུང་བྲི༔ མེད་ན་གཡུང་དྲུང་གཡས་འཁྱིལ་རྩམ་པས་བྲི༔ མདའ་ལ་རས་དཀར་བཏགས་ཏེ་དེ་དབུས་གཟུགས་པར་བྱ༔ ཆུ་ཟངས་ཁ་ལ་དར་དཀར་སྣམ་དཀར་བཏིང་༔ དེ་ཉིད་མི་རྡེབ་པ་ཡི་ཐབས་བྱས་ལ༔ དེ་ཡི་སྟེང་དུ་མདའ་དང་ནས་བཞག་སྟེ༔ མ་ཡིས་བུ་ཁྱེར་བསྐོར་བ་གསུམ་བདུན་བྱ༔ དེ་ཚེ་རང་ཉིད་བདག་བསྐྱེད་གསལ་བའི་ངང་༔ མེ་ཏོག་འཐོར་ཞིང་འདི་སྐད་བརྗོད་པར་བྱ༔ སྟོང་ཆེན་རབ་ཏུ་འཇོམས་བྱེད་པ༔ ལེགས་པར་གསུངས་པའི་རིག་སྔགས་འདི༔ བྱིས་པ་རྣམས་ལ་ཕན་བགྱིད་པ༔ གང་གི་དང་པོར་འཛམ་གླིང་དུ༔ རིག་སྔགས་རབ་ཏུ་སྟོན་མཛད་པ༔ ཆོས་ཀྱི་རྒྱལ་པོ་སྣང་མཛད་པ༔ སངས་རྒྱས་དཔལ་ལ་ཕྱག་འཚལ་ལོ༔ ཁྱད་པར་འཕགས་པའི་ཆོས་རྣམས་དང་༔ ཚོགས་ཀྱི་དམ་པ་དགེ་འདུན་དང་༔ སངས་རྒྱས་ཞབས་ལ་ཕྱག་འཚལ་ལོ༔ གང་དག་སངས་རྒྱས་རང་སངས་རྒྱས༔ སངས་རྒྱས་ཀྱིས་ནི་ཉན་ཐོས་དང་༔ དྲང་སྲོང་དང་ནི་འཇིག་རྟེན་སྐྱོང་༔ ལྷ་རྣམས་ཇི་སྙེད་མཆིས་པ་དང་༔ དེ་ཀུན་མི་ཡི་


CMR010_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དག༔ བྱིས་པ་འདི་ལ་སྲུང་བར་ཤོག༔ བྱིས་པ་འདི་ནི་འཚོ་བར་ཤོག༔ བྱིས་པ་འདི་ནི་བདེ་གྱུར་ཅིག༔ ཨོཾ་ཨ་མྲྀ་ཏ་ཝ་རེ་ཝ་རེ་ཝ་ར་ཝ་ར་པྲ་ཝརྟ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་བཛྲ་རཀྵ་རཀྟ༔ ཞེས་བརྗོད་སྲུང་སྐུད་དེ་ཉིད་བཏགས་པར་བྱ༔ མདའ་དར་ཆུ་ནས་ལ་སོགས་ཅི་བདེར་ཆོག༔ དེ་ཡིས་བུ་ཚ་སོས་པར་གདོན་མི་ཟ༔ ཤིན་ཏུ་ཟབ་ཕྱིར་ཡང་དག་ཆེས་གུད་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཨཱི༔ གཞུང་འདི་རཏྣའི་གཏེར་མ་བསླད་མེད་པ༔ འདོན་བྱ་མེད་ཕྱིར་ལག་ལེན་བྱེད་མཁན་མེད༔ ཀྱེ་མ་ཐོབ་དཀའི་མི་ལུས་ཐོབ་མ་ཐག༔ འཆི་བ་རྣམས་ལ་སྙིང་རྗེས་མ་བཟོད་ནས༔ སྟོན་པའི་བཀའ་དང་ཨོ་རྒྱན་མན་ངག་བསྡེབས༔ སྙིགས་དུས་སྔགས་འཆང་རཱ་ག་ཨ་སྱས་ཡིས༔ སྐྱབས་མེད་བྱིས་པ་རྣམས་ཀྱི་སྐྱབས་སུ་བཞག༔ ཡི་གེ་པ་ནི་དགེ་སློང་སྦྱིན་པས་བྲིས༔ ཉེས་པ་བཤགས་ཤིང་དགེ་བས་འགྲོ་ཕན་ཤོག༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་རུ་དྲག་པོ་ལས༔ བྱིས་པའི་གླུད་བཏང་བའི་ཟིན་བྲིས་འདོན་འགྲིགས།next