Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡི་དམ་གུ་རུ་དྲག་པོའི་ལས་མཐའ་རོ་བྲབ་ཤན།།
   
   
   
   
   
   
   
   
   


 
previousཡི་དམ་གུ་རུ་དྲག་པོའི་ལས་མཐའ་རོ་བྲབ་ཤན།།next

ཡི་དམ་གུ་རུ་དྲག་པོའི་ལས་མཐའ་རོ་བྲབ་ཤན།།


CMR010_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གུ་རུ་དྲག་པོའི་ལས་མཐའ་རོ་བྲབ་ཤན་བཞུགས་སོ།།


CMR010_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་སྒོ་ནས། རོ་བྲབ་ཤན་བྱེད་ཐབས་འདི་ལ། མཐོང་བ་བརྒྱུད་པ་འདི་ལྟར། དང་པོ་སྐྱབས་འགྲོ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་རྫོགས་རྗེས་སྙིང་རྗེ་དྲག་པོ་བསྒོམ། །རོ་ཡི་གྲིབ་དང་མི་གཙང་བ། །ནད་གདོན་ཐམས་ཅད་རང་ལ་བསྟིམ། །སྟོང་ཉིད་ངང་ལ་ཡུད་ཙམ་བཞག །ན་མོ། བདེ་གཤེགས་རྒྱལ་བ་ཀུན་འདུས་སྐུ། །གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །བདག་ནི་བྱང་ཆུབ་མ་ཐོབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །བདག་ནི་རྣལ་


CMR010_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དབང་ཕྱུག་གིས། །རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི། །དྲེགས་པ་མ་ལུས་ཚར་གཅོད་པས། །གཞན་དོན་སྐྱོང་བར་སེམས་བསྐྱེད་དོ། །ཧཱུྃ། དྲག་པོའི་ཐོད་ཕྲེང་ལྷ་ཚོགས་གཤེགས། །དྲེགས་པ་སྡེ་བརྒྱད་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །།ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །གསང་སྔགས་བསྒྲུབ་ལ་རྗེས་ཡི་རང་། །དྲག་བསྒྲུབ་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་གཞན་དོན་བཞུགས། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །དྲག་པོའི་


CMR010_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་འགྲུབ་པར་མཛོད། །དེ་ནས། ཧཱུྃ། ཆོས་དབྱིངས་དག་པའི་མཁའ་ཀློང་ནས། །སྤྲོ་བསྡུ་སྦྱོར་བས་ཁྲོ་རྒྱལ་སྐུ། །བདག་ཉིད་རིག་པའི་ངོ་བོ་ལས།་།འཇིགས་བྱེད་རྡོ་རྗེ་ཐོད་ཕྲེང་རྩལ། །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་སྔོ་དབུས་དམར་ཞལ། །གཡས་གསུམ་རྡོ་རྗེ་གྲི་གུག་གྲི། །གཡོན་གསུམ་བྷནྡྷ་ཁཊཾ་སྡིག། ཞབས་བཞི་བརྐྱང་བསྐུམ་འདོར་ཐབས་བསྒྲད། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །དུར་ཁྲོད་ཆས་བརྒྱད་རྫོགས་པར་གསལ། །ཡུམ་ཆེན་ཕག་མོ་མཐིང་ནག་འཁྲིལ། །གྲི་ཐོད་འཁྱུད་ཅིང་བརྐྱང་བསྐུམ་སྦྱོར། །དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །ཞེས་བཟླ། ཞེས་བདག་བསྐྱེད་གསལ་བཏབ་ལ་ཨ་ཙིག་ཅུང་ཟད་བཟླ། ༈ དེ་ནས་ཨུར་གདོན་བྱེད་ན། དྲོད་པ་དེ་ཉིད་གཟའ་བདུད་དངོས་སུ་བསྐྱེད་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་། རང་རང་ལས་བྱེད་ཀྱི་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་འཕྲོས་པས་ཟ་འདྲེ་ཤི་གཤེད་རང་དབང་མེད་པ་བཀུག་ནས། ཁྱབ་མཇུག་གི་ཞལ་རབ་ཏུ་གདངས་བའི་ནང་དུ་བཅུག་པར་བསམས་ལ། གཏོར་ཟློག་དུས་ལྟར་བཀུག་ག༔ ཞུག་ཁ་བསྒྱུར་བྱ། དེ་ནས་བཤད། འི་མོ་ཡི་བདུན་ཟུར་སྟེང་དུ་མནན། དེ་ནས་རོ་བསྐུལ་བ་ནི། ཧཱུྃ།


CMR010_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ། །ཉོན་ཅིག་ཟ་འདྲེ་ཤི་གཤེད་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཁྲོ་རྒྱལ་འབར་བའི་བཀའ་ལས་ནི། །འབྱུང་པོ་གང་ཞིག་འདའ་བྱེད་པ། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །དམར་ནག་མེ་ཕྲེང་ཁྲོས་ནས་ནི། །ཁྲོ་བོའི་ཚོགས་ཀྱིས་ནམ་མཁའ་གང་། །ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང་། །བགེགས་ཚོགས་ཐལ་བ་རྡུལ་དུ་རློགས། །མིང་ཡང་གྲགས་པར་མི་འགྱུར་ཏེ། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་བརྗོད། ཨོཾ་བཛྲ་ཕཊ༔ བདག་ཉིད་པདྨ་འབྱུང་གནས་ཀྱི་བཀའ། དམར་ནག་མེ་ཡི་ཕྲེང་བ་ཅན་དང་རྟ་མཆོག་རྒྱལ་པོའི་ལུང་། སྔགས་འཆང་རྣལ་འབྱོར་རྡོ་རྗེ་དྲེགས་འཇོམས་རྩལ་གྱི། ཁྱོད་གདོན་གྱི་རྒྱལ་པོ་ཕྱོགས་སྐྱོང་བཅུ། སྟེང་གི་ལྷ། འོག་གི་ཀླུ། བར་སྣང་གི་གཟའ། ལྷ་མ་སྲིན་སྡེ་བརྒྱད། རྒྱལ་བསེན་བེ་དཀར་ནག་ཁྲ་གསུམ། མཁའ་ལ་རྒྱུ་བའི་འབྱུང་པོ། གཟུགས་ཅན་གཤིན་ཕ་རོལ་དུ་ཚེ་དུས་ལས་འདས་པའི་སྲོག་གཅོད་དབུགས་ལེན་བྱེད་མི་ཟ་འདྲེ་ཤི་གཤེད་རྣམས་ལ་སྤྲིངས་བ། གནོད་བྱེད་འབྱུང་པོ་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་མདངས་


CMR010_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོག་གསོན་བདུད་གཤིན་ལྕགས་ཤི་འདྲེ་ཤི་སྲི་ནད་འདྲེ་གཅོང་སྲི་རྣམས་དང་། དྲི་ཟ་འཆི་ཁའི་སེམས་ལ་འཇུག་པ་དང་། དྲི་ཟ་ཁྱབ་བྱེད་དང་། དྲི་ཟ་པི་ཤ་ཙ་ན་དང་། གནོད་བྱེད་སྨྲ་འདོད་དང་། གནོད་བྱེད་ཝ་ར་ཧ་ཏི་དང་། ཀུན་ཏུ་གཏོགས་འདོད་དང་ཡི་དྭགས་གཤིན་རྗེས་ཆད་པ་ལ་སོགས་པས་ཚེ་ལས་འདས་པ་ལ་མཐོ་རིས་ཐར་པའི་གེགས་བྱེད་ཅིང་། ངན་སོང་འཁོར་བའི་སྣ་འདྲེན་པ་ཐམས་ཅད་འདིར་མ་གནས་པ་གཞན་དུ་སོང་། དེང་ཕྱིན་ཆད་ནས། ངེད་མི་ནོར་གང་ལ་ཡང་གནོད་པ་མ་བྱེད་ཅིག །ཁྱིམ་སྒོ་ལམ་སྲང་ལ་མ་འགྲིམ་པར་གཞན་དུ་སོང་། གལ་ཏེ་ཡི་གེ་མཐོང་བ་བཞིན་དུ་གནོད་པ་བྱེད་ན། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། གཞན་ཡང་ཁྱད་པར་དུ་གུ་རུ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་


CMR010_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བདེན་པ་དང་། ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཕྲིན་ལས་སྟོབས་ལྡན་སྡིག་པ་ནག་པོ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཕོ་ཉ་ཟ་གསོད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། །རིག་འཛིན་སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་འདི་ལ་བརྟེན་ནས།་གནོད་བྱེད་འབྱུང་པོ། དམ་ཉམས་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་དམ་ཉམས་འབྱུང་པོ་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་ཤི་འདྲེ་ཤི་སྲི་ནད་འདྲེ་གཅོང་སྲི་མནའ་ཟན་འདི་རྣམས་འདི་ན་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིག་ཅིག །སྲིད་གསུམ་རྨིང་ནས་བསྐྱེལ་ཅིག །འཁོར་བ་སྟེང་ནས་ཕྱུང་ཅིག །བསྐལ་པའི་མེ་ཡིས་སྲེགས་ཤིག །དམ་ཚིག་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པས་ཆོད་ཅིག །གནམ་ལྕགས་ཐོག་གི་རལ་གྲིས་སྤྱི་བོ་ནས་ཁོས་ཤིག །སྲིད་གསུམ་གར་གནས་ཀྱང་ལུས་ལ་རྡོ་


CMR010_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཆར་ཕོབ་ཅིག །དམ་ཉམས་འབྱུང་པོ་ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་ཤི་འདྲེ་ཤི་སྲི་ནད་འདྲེ་གཅོང་སྲི་མནའ་ཟན་འདིའི་མགོ་བོ་ཚལ་པ་སྟོང་དུ་ཁོས་ཤིག །ལུས་དུམ་བུ་སྟོང་དུ་ཐོངས་ཤིག །སྙིང་དུམ་བུ་བརྒྱད་དུ་གཏུབས་ཤིག །མིག་འབྲས་ཐང་ལ་ལྷུངས་ཤིག །སྙིང་ཁྲག་ལས་མཁན་རྣམས་ཀྱི་དཔའ་ཟས་གྱིས་ཤིག །དམ་ཉམས་རུ་ཊ་འདི་མཐའ་ཡི་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་ཅིག །གནོད་བྱེད་ཨུ་ཙ་ཏ་ཡ་ཕཊ་སོད་ཅིག །ཅེས་པའི་བར་བརྗོད། ཐུགས་ཀའི་ཁྲོ་ཚོགས་དང་མཚོན་ཆ་མེ་དཔུང་གི་ཚོགས་སྤྲོས་པས་ཟ་འདྲེ་ཤི་གཤེད་ཐམས་ཅད་རྒྱ་མཚོའི་པར་འགྲམ་བསྐྲད་པར་བསམ། གང་དག་མི་འགྲོ་བ་ཐམས་ཅད་ཁྲོ་ཆུང་རྣམས་ཀྱིས་བསད་བཅད་ཟོས་ཏེ་མིང་ཡང་མི་གྲགས་པར་བསམ། ཐུན་བརྒྱབ་འབྱུང་བ་གནོན་པའི་ཐུན་དཔེར་ན་སྤར་ཁ་དྲ་ལྟ་བུ་ཡིན་ན་མེ་ཐུན་བརྒྱག་སྟེ། བདག་གུ་རུ་དྲག་པོའི་ཕྱག་གཡས་རྡོ་རྗེའི་ཁ་ནས་མེ་འབར་ཏེ་ཟ་འདྲེ་ཤི་གཤེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟར་གྱུར་ཅིང་སྟོང་གསུམ་ཐམས་ཅད་མེ་དཔུང་གིས་གང་བར་བསམ། གཞན་རྣམས་དེ་ཡིས་རིགས་འགྲེ། སྔགས་ནི་ཨོ་སུམ་བྷ་ནི་བརྗོད། གུར་དྲག་གི་སྔགས་རིང་ཡོངས་རྫོགས་དང་། ལོཀྟི་པ་ལ་དང་། སྤུ་གྲི་སྲོག་གཅོད་དང་། སྤུ་གྲི་རང་གཤེད་དང་། རྟ་མགྲིན་གྱི་རྦད་སྔགས་


CMR010_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དྲག་པོ་ལྕགས་འདུལ་གྱི་གཞུང་གི་ཟད་སྔགས་རྣམས་བཟླས་ལ། དེ་ནས་ཕུང་པོ་བཟའ་བཏུང་འཁྲི་བ་མེད་པར་བསམ། བདག་གི་ཐུགས་ཀ་ནས་ཧཱུྃ་དཀར་པོ་འཕྲོས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་ནུས་མཐུའི་རང་བཞིན་འཕྲོས། བེམ་པོ་ལ་ཐིམ་པས། བདུད་རྩིའི་རྐྱལ་པར་བསམས་ལ་ཁྱེར་རོ། །དེ་ནས་ཁྲོ་ཚོགས་རྣམས་ཚུར་འདུས་པ་ལས། སྲུང་བའི་གུར་ཁང་དུ་གྱུར་པར་བསམ། ཧཱུཾ། བདག་ནི་འབར་བ་དབང་གི་བདག་ཉིད་དེ། །ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར། །རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང་། །རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབ། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་བསྲུང་། །བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས། །བསྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱི། །སྲུང་བའི་དཀྱིལ་འཁོར་འདི་ལ་མ་འདའ་ཞིག །ཨོཾ་བཛྲ་ཙཀྲ་ཏིག་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་རཾ་བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཧཱུྃ་ཧཱུྃ། ལས་རྣམས་གྲུབ་ནས། དགེ་བ་འདི་ཡིས་མྱུར་དུ་བདག་སོགས། བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ། །སོགས་བསྔོ་སྨོན་བྱའོ། །ཞེས་པ་འདི་སྔགས་ཆུང་གསར་བུ་རྣམས་ལ་ཕན་པའི་ཕྱིར། ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར། ༧ རཱ་ག་ཨ་སྱས་སྦྱར་བའོ།།


previousཡི་དམ་གུ་རུ་དྲག་པོའི་ལས་མཐའ་རོ་བྲབ་ཤན།།next