Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོའི་ལས་ཚོགས་སྟོབས་ཆེན་མ་ཧཱ་བ་ལའི་སྒོ་ནས་དགྲ་འདྲེ་དམ་སྲི་སྒབ་འདྲེ་མནན་པའི་མན་ངག་གསང་རྒྱ་ཅན་སྟོབས་ཆེན་འདྲེ་འདུལ་གཤེད་མ།།
   
   
   
   
   
   
   


 
previousབླ་མ་དྲག་པོའི་ལས་ཚོགས་སྟོབས་ཆེན་མ་ཧཱ་བ་ལའི་སྒོ་ནས་དགྲ་འདྲེ་དམ་སྲི་སྒབ་འདྲེ་མནན་པའི་མན་ངག་གསང་རྒྱ་ཅན་སྟོབས་ཆེན་འདྲེ་འདུལ་གཤེད་མ།།next

བླ་མ་དྲག་པོའི་ལས་ཚོགས་སྟོབས་ཆེན་མ་ཧཱ་བ་ལའི་སྒོ་ནས་དགྲ་འདྲེ་དམ་སྲི་སྒབ་འདྲེ་མནན་པའི་མན་ངག་གསང་རྒྱ་ཅན་སྟོབས་ཆེན་འདྲེ་འདུལ་གཤེད་མ།།


CMR010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ལས་ཚོགས་སྟོབས་ཆེན་མ་ཧཱ་བ་ལའི་སྒོ་ནས་དགྲ་འདྲེ་དམ་སྲི་སྒབ་འདྲེ་མནན་པའི་མན་ངག་གསང་རྒྱ་ཅན་སྟོབས་ཆེན་འདྲེ་འདུལ་གཤེད་མ་བྱ་བ་བཞུགས་སོ༔ ཁ་ཐམ


CMR010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཤམཐཐམ༔ གོག །རྒ་། འཇིགས་བྱེད་སྟོབས་ལྡན་མ་ཧཱ་བ་ལར་འདུད༔ འདི་ཡི་སྒོ་ནས་དགྲ་འདྲེ་གདོན་གསུམ་གང་མནན་ཡང་༔ དང་པོ་མ་ཧཱ་བ་ལ་དངོས་ལ༔ སྐུ་སྟོད་མི་ལ་གླང་གི་མགོ་ཅན་ཁ་གདངས་མཆེ་གཙིགས་ལྗགས་འདྲིལ་ནས༔ རྭ་ཅོ་ཟང་ངེ་ཡོད་པ༔ སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན༔ དེ་སྟེང་ཁྲོ་ཞལ་དམར་པོས་སྤྲུལ་ཟ་བ༔ དེ་སྟེང་མེ་མགོ་སྔོན་པོ་མིག་གཅིག་པ༔ སྐུ་སྨད་སྤྲུལ་དུ་འཁྱིལ་བ༔ ཕྱག་གཉིས་ཐུགས་ཀར་ཕུར་བུ་འདྲིལ་བ་ལྟོ་བ་ཟུར་གསུམ་ཧོ་ཁུང་ནང་ན་ནི་ཏྲི་ལ་ཕུར་སོ་ཚད་པ༔ རལ་པ་དམར་སེར་གཟེངས་ནས་སྤྲུག་པའི་འཇིགས་པ་གཅིག་བྲིས་ལ༔ དེ་ཡི་རྒྱབ་ཏུ་སྔགས་འདི་བརྩེགས་མར་བྲི༔ ཨོ་ཤག་རྦད་མཱ་ར་ན་པྲ་མ་ཤ་ཧཱུྃ་ཧཱུྃ་ཧཱུྃ་ནན་ནན་དུལ་དུལ་ཤག་ཆད་སོད་སྙིང་ལ་མཱ་ར་


CMR010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྦད་སོད་སོད༔ ཅེས་བྲི། དེ་ནས་སྒབ་འདྲེ་མནན་པའི་ལིངྒ་ནི་རྒྱས་པར་དཔེའུ་རིས་ལྟར་ལ༔ འབྲིང་པོ་ལིངྒ་སྐྱེ་མཆེད་ཚང་བར་བྲིས་ཤིང་གནས་ཡིག་རྣམས་ཚང་བར་སྙིང་གར་ཀྲྀ་ཏཱི༔ ཐ་མར་སརྦ་ཛ་ནི་ཏྲི་ནི་ཧཱུྃ་ཛ༔ ག་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཕ་ཏྲི་ག་ཏྲི་ནི་ཧཱུྃ་ཛ༔ ཤད་ཏྲི་སུ་ཏྲི་ནི་ཧཱུྃ་ཛ༔ ཀཏྲི་ནག་ཏྲི་གྲུམ་གྲུམ་ཧཱུྃ་ཛ༔ སརྦ་ནི་ཏྲི་ཧཱུྃ་ཛ༔ ཤན་ཏཱི་ནི་ཧཱུྃ་ཛ༔ སུ་ཏྲི་ནི་ཧཱུྃ་ཛ༔ དམ་སྲི་གནོད་བྱེད་སྒབ་འདྲེ༔ ཆུང་སྲི་དམ། སྒྲུབ་པ་ལ་བར་དུ་གཅོད་པའི་སྙིང་ལ་མཱ་ར་ཡ་རྦད་ནན༔ བྲི་ཛ་ཁྲམ་བསྐོར༔ ཡི་དམ་སྔགས་ཤམ་དུ་བཏགས་ལ་བཟླ༔ ཐུན་བྲབ་ཚོན་སྐུད་དང་རེ་བས་དྲིལ༔ ཕྱི་སྒོའི་ཐེམ་འོག་ཏུ་མནན༔ འདྲེ་གདོན་ཐུབ་པར་ཐེ་ཚོམ་མེད༔ ཨྠྀི༔ གོད་གཅོད་ལ་ཡང་གོད་གང་ཤི་བའི་ཐོད་པ་ལེགས་པར་གང་རེ་བྱས་ལ༔ ལྟག་པར་རྡོ་རྗེ་རྒྱ་གྲམ༔


CMR010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་གཡུང་དྲུང་༔ རྣ་ལྟག་ལ་ཁྲམ་རིས༔ འགྲམ་གཡས་གོད་སྲི་ཁ་ཐཾ༔ འགྲམ་གཡོན་གོད་ཁ་ཆོད་ཅིག༔ མཚུར་པར་རཾ༔ ཁ་ནང་གྲོ་ཤོག་ལ༔ གོད་འདྲེ་ཟ་འདྲེ་བྲུབ་བོ་ནན༔ བྲིས་པ་བཅུག༔ འཁོར་ལོ་ལིངྒ་ཐུན་དང་བཅས་པ་ཐོད་པར་བཙུག་གོ༔ ཁ་དམ་པར་བཅད་ཚོན་སྐུད་རེ་བས་དྲིལ་ལ་མནན་པ་ཞལ་ཤེས་ལྟར་མནན་པས་གོད་ཁ་ཤི་ཁ་ཆོད་པར་ཐེ་ཚོམ་མེད་དོ༔ ས་མ་ཡ་ཁ་ཐཾ༔ དགྲ་མནན་བྱེད་ན་ལིངྐ་དཔེའུ་རིས་ལྟར་ལ་མན་ངག་ཞལ་ལས་ཤེས༔ རྒྱལ་བསེན་སྒབ་འདྲེ་གནོན་ན༔ ལིངྒ་མགོ་སྤྲད་ལ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ༔ དཔྲལ་བར་ནན༔ རྣ་བར་འོན༔ ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ དཔུང་གཉིས་ཆག་ཆག༔ བརླ་གཉིས་ཞྭ་ཞྭ༔ རྐང་ཞབས་གཉིས་ཡོ་ཡཾ༔ སྙིང་ཁར་ནི་ཏཱི་རཾ་ཏྲི་ཛ༔ གསང་བར་ཕཊ༔ མཐའ་མར་སྔགས་དང་གནོད་བྱེད་རྒྱལ་འགོང་འདོད་གསོལ་བྲིས༔ གནོད་བྱེད་འདྲེ་མོ་སོགས་རང་གཟུགས་སྙིང་གར་བྲི༔ སྔགས་ཐུན་བཅིངས་བསྡམས་བྱས་ལ་ཁ་སྦྱོར་ནས༔ མཆོད་རྟེན་ཐེམ་འོག་མནན་པར་བྱའོ༔ ༈ གོང་གི་ཚོན་ལ་འཇིགས་བྱེད་རང་དུད་ཁ༔ སྦྲུལ་ཚོན་བཀྲ༔ ཁྲོ་ཞལ་དམར༔ མི་མགོ་སྔོ༔ ཕུར་བུ་སྔོ༔ གྲུ་གསུམ་དམར༔ སྦྲུལ་མཇུག་ལྗང་ཁྲའོ༔ རྒྱལ་པོ་དཀར༔ སྲིན་མོ་དམར༔ དེ་ནི་ཚོན་གྱི་ཞལ་ཤེས་སོ༔ ད་ནི་གོང་གི་མནན་པ་གང་བྱས་ཀྱང་མནན་ཆས་རྣམས་རང་གཞུང་ལྟར་གྲུབ་ཟིན་ནས༔ མ་ཧཱ་བ་ལའི་སྐུ་རྟེན་བསྟིམ་པ་ནི༔ གཏོར་མ་གཅིག་ཀྱང་བཤམས་ལ༔ གཉིས་ཀ་བྲན་ནས༔ ཨོཾ་སྭ་


CMR010_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་སྐུ་གཟུགས་མི་དམིགས་པ་ལས༔ ཁྲོ་བོ་སྟོབས་པོ་ཆེ་ཁྲོས་པའི་ངོ་བོ་འཇིགས་བྱེད་མ་ཧཱ་བ་ལ་སྐུ་མདོག་དུད་ཁ་ཞལ་གསུམ་པ༔ རྩ་ཞལ་གླང་གི་ཞལ་དམར་པོ་ཁ་གདངས་ཤིང་མཆེ་བ་བཞི་གཙིགས་པ༔ ལྗགས་བརྐྱངས་བའི་རྩེ་མོ་བསྒྲིལ་བ༔ སྤྱན་གསུམ་སྡང་མིག་གིས་དགྲ་འདྲེ་ལ་གཟིར་བ་འཇིགས་སུ་རུང་བ༔ རྭ་ཅོ་དམར་ཟང་ངེ་ལྡིང་བ་སྦྲུལ་མགོ་དགུ་ཡི་གདེངས་ཀ་འཕྱོ་བ༔ བར་མ་ཁྲོ་ཞལ་དམར་པོ་སྤྱན་གསུམ་པས་སྦྲུལ་ཟ་བ༔ སྟེང་མ་མི་མགོ་སྔོན་པོ་མིག་གཅིག་པ༔ མགོ་བོ་དར་སྔོན་པོའི་ཅོད་པན་བཅིངས་བ༔ རལ་པ་དམར་སེར་གཟེངས་ནས་ཡོད་པ༔ སྐུ་སྨད་སྦྲུལ་དུ་འཁྱིལ་བ༔ ལྟེ་བ་གྲུ་གསུམ་ཧོམ་ཁུང་འབར་བའི་ནང་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་ནས༔ ཕྱག་གཉིས་ཐུགས་ཀར་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་ནི་ཏྲི་ལ་འདེབས་ནས་གསོད་པར་བྱེད་པའི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བ་གླང་སྤྱོད་ནས་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མཱ་ཡ་ཛ༔ ཧཱུྃ༔ འདི་ནས་ཉི་མ་ནུབ་ཀྱི་ཕྱོགས༔ རི་རབ་ལྷུན་པོའི་


CMR010_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ངོས་ནས༔ ཉི་མ་ཟླ་བའི་གཤེགས་ལམ་ནས༔ ནམ་མཁའ་དམར་ལ་ས་གཞི་དམར༔ རྒྱ་མཚོ་དག་ཀྱང་དམར་པོ་སྟེ༔ དེ་ལ་མིང་དང་མཚན་བཏགས་པ༔ བ་གླང་སྤྱོད་ཀྱི་གླིང་ཞེས་བྱ༔ དེ་ན་བཞུགས་པའི་སྟོབས་པོ་ཆེ༔ འདྲེ་སྲིན་འདུལ་བའི་མཐུ་སྟོབས་ཅན༔ མ་ཧཱ་བ་ལ་བདུད་ཀྱི་བུ༔ གནོད་བྱེད་འདུལ་ཕྱིར་སྤྱན་འདྲེན་ན༔ སྐད་ཅིག་ཡུད་ཀྱིས་འདིར་བྱོན་ལ༔ སྐུ་གཟུགས་འདི་དང་དབྱེར་མེད་དུ༔ དགྲ་བགེགས་འདུལ་ཕྱིར་བཞུགས་སུ་གསོལ༔ ཨོཾ་མ་ཧཱ་བ་ལ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན༔ ཨོཾ་མ་ཧཱ་བ་ལ་ཧཱུྃ་ཕཊ༔ བསྙེན་པ་བརྒྱ་རྩ་བརྒྱད་བཟླ་ཞལ་ཤེས་མཆན། ཨོཾ་ཡེ་དྷརྨ་ཚར་གསུམ་དང་གཏོར་མ་བྲན་ལ༔ ཨོཾ་སྭ་བྷ་ཝ་སོགས༔ སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས༔ ཨོཾ་མ་ཧཱ་བ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན། ཨཧཱུྃ་སོགས་ཀྱིས་མཆོད༔ དེ་ནས་དོང་བྲུ་བ་ནི༔ ཧཱུྃ་འཇིག་རྟེན་ལྷ་འདྲེ་ཀུན་གྱི་གཤེད་པོ་སྟེ༔ ལས་ཀྱི་མཐུ་ལས་གྲུབ་པ་བདུད་ཀྱི་བུ༔ བ་གླང་སྤྱོད་ཀྱི་གླིང་ལ་དབང་བསྒྱུར་བ༔ སྟོབས་ཆེན་མ་ཧཱ་བ་ལ་ཁྱོད་ལ་བསྟོད༔ དམ་རྫས་


CMR010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་གཏོར་མ་འདི་བཞེས་ལ༔ སྐུ་གཟུགས་འདི་དང་དབྱེར་མེད་བརྟན་བཞུགས་ལ༔ བདག་ལ་གནོད་པའི་ཆེ་བྱད་མ་འདི༔ ཁྱོད་ཀྱི་འདུལ་སྐལ་ཡིན་པས་འདྲེ་འདི་ནོན༔ སྟོབས་ཆེན་ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཅི་བཅོལ་ལས་རྣམས་མྱུར་སྒྲུབས་ཕྲིན་ལས་མཛོད༔ ཅེས་མཆོད་ཅིང་བསྟོད་ནས་སྐུ་གཟུགས་ལ་ངེས་པར་བསྟིམ་མོ༔ ༈ དེ་ནས་མནན་པའི་གནས་དགུ་གང་དགོས་སུ་ཕྱིན་ནས་དགྲ་འདྲེ་གཉིས་མ་གཏོགས་སྔོན་ལ་བསང་དང་དཀར་གཏོར་སོགས་གནས་བདག་ལ་བསྔོ༔ ས་ཆོག་ཕབ་བརྡར་སོགས་མཐོང་བ་བརྒྱུད་པ་ལྟར་བྱས་ལ། དོང་གྲུ་གསུམ་གྲུ་གང་པ་གཏིང་ཟབ་པ་ཁ་དོག་པ་གཅིག་བྲུས་ལ༔ དོང་ནང་དུ་ཐོད་པ་ལིངྒ་གོང་ལྟར་གན་རྐྱལ་མགོ་ཕྱིར་བསྟན་ལ་བྲན་ནས་བཀུག་གཞུག་ཡི་དམ་རྨི་མོའི་སྒོ་ནས་རྒྱས་པ་ལན་གསུམ་མམ་བདུན་དགུ་སོགས་དང་བཅས་ཤིང་༔ ན་མོ་བཛྲ་པཱ་ཎི་ཡེ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ མ་ཧཱ་བ་ལའི་བདེན་པའི་མཐུས༔ ཡོན་མཆོད་མི་ནོར་རྟ་ཕྱུགས་ལ༔ གནོད་པའི་ཆེ་སྒབ་འདྲེའམ། གོད་འདྲེའམ། ཆུང་སྲིའམ། དམ་སྲིའམ། སྨྱོ་འདྲེའམ། ཐན་ལྟས་སམ། དགྲ་བོའམ། བྱད་མ་ཡི༔ བླ་སྲོག་རྣམ་པར་ཤེས་པ་ནི༔ གཟུགས་བྱང་ལིངྒ་འདི་ལ་ཁུག༔ ཨོཾ་མ་ཧཱ་བ་ལ་ཧྥེ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱ་རྩ་བརྒྱད་


CMR010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་དང་ཡང་ན་ཁུག་རྟགས་མ་བྱུང་བར་དུ་བྱ༔ ཁུག་རྟགས་རབ་འབྲིང་ཐ་གསུམ་སློབ་དཔོན་ཞལ་ལས་ཤེས༔ ལིངྒ་དགྲ་བགེགས་དངོས་སུ་བསམས་ལ༔ དེ་ནས་སྐུ་གཟུགས་ལག་ཏུ་ཐོགས་ནས༔ མ་ཧཱ་བ་ལ་དངོས་སུ་ཡིན་པར་གསལ་བཏབ་ཅིང་༔ ཧཱུྃ༔ འདྲེ་སྲིན་གདུག་པ་འདུལ་བའི་ཕྱིར༔ སྟོབས་ཆེན་ཁྲོ་བོའི་སྤྲུལ་པ་སྟེ༔ བ་གླང་སྤྱོད་ལ་དབང་བསྒྱུར་བའི༔ མ་ཧཱ་བ་ལ་བདུད་ཀྱི་བུ༔ སྐུ་ནི་དུད་ཁ་རི་རབ་ཙམ༔ རྩ་ཞལ་དམར་པོ་གླང་གི་གདོང་༔ གནམ་ལྕགས་མེ་ཡི་རྭ་ཅོ་གཟེངས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག༔ རལ་པ་དམར་སེར་སྲིད་རྩེར་གཡོ༔ བར་པ་ཁྲོ་ཞལ་ཀླུ་གདོན་ཟ༔ སྟེང་ཞལ་སྔོན་པོ་མིག་གཅིག་པ༔ དར་སྔོན་འབར་བའི་ཅོད་པན་འཕུར༔ མཇུག་མ་ཞེ་སྡང་སྦྲུལ་དུ་འཁྱིལ༔ ལྟེ་བར་ཟུར་གསུམ་ཧོམ་ཁུང་ནང་༔ དགྲ་བགེགས་བཀུག་ནས་བྲུབ་པར་བྱེད༔ ཕྱག་གཉིས་གནམ་ལྕགས་ཕུར་བུ་ནི༔ འདྲིལ་ཞིང་གནོད་བྱེད་གསོད་པར་བྱེད༔ ལས་ལ་གྲུབ་པའི་མཐུ་བོ་ཆེ༔ ཁྱོད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་གདུག་རྩུབ་མྱུར་བྱུང་ལ༔ མིང་དང་གཟུགས་སུ་བྲིས་པ་ཡི༔ གནོད་བྱེད་དམ་སྲི་ཆྒཻ་སོགས་


CMR010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་བྱེད་མ་འདི༔ ཁྱོད་ལ་གཏད་དོ་མ་ཤོར་ཅིག༔ ཤུགས་ཆེན་མི་ཡིས་བྱིས་པ་ནི༔ མནན་པས་འགུལ་ཙམ་མེད་པ་བཞིན༔ མྱུར་དུ་ཟུངས་ལ་དམ་དུ་ནོན། སྡང་དགྲ་གནོད་བྱེད་རྒེ་འདི༔ མནན་པ་ཡིན་པས་མ་ལྡང་ཞིག༔ མ་ཧཱ་བ་ལའི་ཞབས་སུ་མནན༔ སྟོབས་པོ་ཆེ་ཡི་ཞབས་སུ་མནན༔ བྱམས་པ་མགོན་པོ་མ་བྱོན་བར༔ ནམ་ཡང་སྟེང་དུ་མ་ལྡང་ཞིག༔ དེ་དུས་བྱང་ཆུབ་སེམས་ཞུས་ལོངས༔ དེ་བར་མ་ཧཱ་བ་ལས་ནོན༔ མ་ཧཱ་བ་ལ་ཧྥེ་ཨོཾ་ལཾ་ཨཱལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན༔ ཞེས་དམིགས་པ་གསལ་བས་བརྗོད་ཅིང་མ་ཧཱ་བ་ལའི་སྐུ་ལིངྒ་གི་སྟེང་དུ་ཁ་སྦུབ་ཕྱིར་བསྟན་ལ་མནན༔ དེའི་སྟེང་དུ་རོ་གཡམ་ལ་རོ་སོལ་གྱི་ཞབས་སུ་རྒྱ་གྲམ་དང་སྟེང་དུ་གླིང་བཞི་བྲིས་ལ་མནན༔ དེ་སྟེང་ས་བླུག༔ དེ་ནས་མེ༔ ཆུ༔ ས༔ ཤིང་རྣམས་བླུགས་ལ་རྡོ་རྗེ་རྒྱ་གྲམ་དགུ་བྲི༔ དེ་སྟེང་བ་ལའི་གཏོར་མས་རྩེ་ཐུར་མནན༔ དེ་ནས་བཅགས་བརྡུང་ལེགས་པར་བྱས་ནས༔ སྟབས་བྲོ་རྒྱུས་པར་བརྡུང་༔ དགྲ་མིན་ན་ཁུ་ཡེ་དང་རྗེས་ཆོག་བཀྲ་ཤིས་རྣམས་བྱའོ༔ མན་ངག་ཞལ་ཤེས་ལ་སྒབ་འདྲེ་གནོན་ན་ལོ་རྒྱུས་དང་ལིངྒ་སྔགས་བཟླས་པ་སོགས་གཞན་དུ་གསལ་ལྟར་ལ་མནན་པ་དུས་འདིར་བྱ༔ གོད་གཅོད་དང་གཟའ་བསྒོ་སོགས་ལ་བཅས་དང་ལིངྒ་མནན༔ གནས་རང་གཞུང་ལྟར་བྱ་ཞིང་འདིའི་མནན༔ དགྲ་མནན་སོགས་ལ་དེ་ལྟར་ཆས་དང་ལིངྒ་


CMR010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཞུང་ལྟར་དམིགས་རྟགས་བྱུང་ན་མནན་པ་འདི་བྱ༔ དེ་ལྟར་གང་ལ་གང་དགོས་ཅི་ལྟར་དུ་གང་མནན་ཀྱང་༔ ཅུང་ཟད་སྔགས་བཟླས་ཙམ་ལས་མི་དགོས་པའི༔ དགྲ་འདྲེ་བཙན་ཐབས་སུ་མནན་པའི་ཐབས་ཟབ་མོ་མན་ངག་ལག་ཁྲིད་འདི༔ འཇིག་རྟེན་ཁམས་ལ་གསེར་བས་མི་དཀོན་ནམ༔ ཕལ་གྱིས་ཡིག་ཆ་མཐོང་ཡང་ཕྱག་ལེན་བྲལ༔ དེ་ཕྱིར་ཟབ་པའི་མཐར་ཐུག་མན་ངག་འདི༔ གཞན་ལ་གསང་ཞིག་སྦོས་ཤིག་གུ་རྒྱ་རྒྱ༔ མཚམས་སྒྲུབ་བྱེད་པས་སྒབ་འདྲེ་མནན་པ་གལ་ཆེའོ༔ སྒབ་འདྲེ་མ་ནོན་པར་མཚམས་སྒྲུབ་བྱས་ན༔ ལུས་ལ་ན་ཚ་དང་གོད་ཁ་འབྱུང་འདུག་པས་དེ་ལུགས་མཛོད༔ ཅེས་པ་འདི་བླ་མ་དྲག་པོའི་ལས་ཚོགས་རཏྣའི་གཏེར་མར་དྲག་པོ་མ་ཧཱ་བ་ལའི་དགྲ་སྲི་མནན་ཐབས་ཞེས་།རྙིང་མ་ལུགས་དང་༔ གཞན་ཞལ་བཞི་པའི་ལས་ཚོགས་མ་ཧཱ་བ་ལ་ལ་བརྟེན་ནས་དགྲ་འདྲེ་མནན་ཐབས་སོགས༔ གསར་རྙིང་གཉིས་ཀའི་དོན་དང་ཁྱད་པར་རྙིང་ལུགས་ལ་མན་ངག་ཕྱག་ལེན་གྱིས་བརྒྱན་ནས་དོན་བསྡུས་འདོན་འགྲིགས་བལྟས་ཆོག་ཏུ་གསང་རྒྱ་ཅན་འདི་ནི་རང་གིས་དབོན་པོའི་ཡང་ཡང་ནན་གྱིས་བསྐུལ་བ་ལ་བརྟེན་ནས་སྔགས་ནག་རཱ་ག་ཨ་སྱས་ཁྱེར་བདེ་བར་བྲིས་པའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ གཞན་ཕལ་ཆེར་ལ་དམ་རྒྱ༔ སྤྱི༔ གུ་ཧྱ༔ མངྒ་ལཾ༔ ཧཱུྃ༔ བསྟན་པའི་དགྲ་བགེགས་དམ་ཉམས་འདི༔ མནན་ནམ་དེ་ནི་མ་མནན་ན༔ རི་རབ་ཆེན་པོའི་ཞབས་སུ་མནན༔ མནན་ནོ་དེ་ནི་མ་ལྡང་ཞིག༔ བསྟན་པའི་དགྲ་


CMR010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དམ་ཉམས་འདི༔ བསྒྱུར་རོ་དེ་ནི་མ་བསྐྱུར་ན༔ རྒྱ་མཚོ་ཆེན་པོའི་གཏིང་དུ་སྒྱུར༔ བསྒྱུར་རོ་དེ་ནི་མ་ལྡང་ཞིག༔ བསྟན་པའི་དགྲ་བགེགས་དམ་ཉམས་འདི༔ བརྗོང་ངོ་དེ་ནི་མ་བརྫངས་ན༔ ཆུ་སྲིན་གདུག་པའི་གྲེ་བར་བརྫང་༔ བཛྲ་ང་ངོ་དེ་ནི་མ་ལྡང་ཞིག༔ བསྟན་པའི་དགྲ་བགེགས་དམ་ཉམས་འདི༔ བསྐྱོན་ནོ་དེ་ནི་མ་བསྐྱོན་ན༔ འཁོར་ལོ་ཆེན་པོའི་རྩེ་ལ་བསྐྱོན༔ བསྐྱོན་ནོ་དེ་ནི་མ་ལྡང་ཞིག༔ ཧཱུྃ༔ འཁོར་འདས་དབང་བསྒྱུར་འཇམ་དཔལ་དཔལ་ཆེན་སྐུ༔ ཆོས་ཀྱི་དབྱིངས་ལས་ལོངས་སྐུར་སྐུ་བཞེངས་ལ༔ སྟོང་གསུམ་སྲིད་གསུམ་འདུལ་བ་རྡོ་རྗེའི་བྲོ༔ བརྡུངས་བས་དགྲ་བགེགས་དམ་སྲི་ཐལ་བར་རློགས༔ དགྲ་བགེགས་དམ་སྲི་ཨོ་ལཾ་ཨཱལཾ་ཧཱུཾ་ལཾ་སུཾ་བྷ་ཡ་ནན༔ མཱ་ར་ཡ་ནན༔ ༈ དམུ་ཐག་འཐེན་པའི་དབུ་ཡིག་གཟིགས་ཕྱོགས་ལགས་སོ༔ དམུ་ཐག་འཐེན་པ་ནི༔ ཀྱེ༔ དམུ་ཐག་འདི་གྱེན་དུ་འཐེན་པས་བདག་ཅག་ཡོན་མཆོད་འདི་ལོ་བཅུ་གསུམ་གྱི་བར་དུ་ཚེ་ཡི་དམུ་ཐག་ཟུང་༔ ས་ཡི་རྟེན་ཕུར་ཚུགས༔ དབང་ཐང་དྲག་པོའི་གཡང་ང་བསྐྱེལ༔ སྐྱེད་པའི་དབུ་ཚུགས༔ སྡུག་པའི་འཕྲོ་ཆོད༔ ཤི་སྒབ་ཆོད༔ གསོན་


CMR010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྒབ་སྤེལ༔ མི་ནོར་ལ་འཕེལ་སྐྱེད་ཐོན༔ དམུ་ཐག་འདི་ཤར་དུ་འཐེན་པས༔ རྒས་པའི་ཚེ་བསྲིང་བ་དང་༔ གཞོན་པའི་དཔལ་བསྐྱེད་པ་དང་ཁ་རྗེ་བསོད་ནམས་ལྗོན་ཤིང་ལྟར་དུ་ལོ་འདབ་རྒྱས་པར་གྱུར་ཅིག༔ སྐྱིད་པའི་མི་ཆད་པ་དང་༔ རབས་ཆད་ཀྱི་འདྲེ་མི་ལྡང་བར་གྱུར་ཅིག༔ དམུ་ཐག་འདི་ལྷོ་རུ་འཐེན་པ་ཡིས༔ བུ་དང་ཚ་བོ་མ་སྨད་འདབ་ལགས་རྒྱས་ཤིང་བཙན་དར་བཙུན་གསུམ་མེ་ལྕེ་འབར་བ་ལྟར་མཛོད་ཅིག༔ མེ་འདྲེ་དང་གྲི་བོ་མ་ལྡང་ཞིག༔ དམུ་ཐག་འདི་ནུབ་ཏུ་འཐེན་པས་ཁ་རྗེ་དབང་ཐང་དར་བ་དང་༔ ར་བ་ནོར་གྱིས་གང་ནས་འགྲོགས་པའི་གཡང་ར་མི་སྟོང་བར་ཤོག་ཅིག༔ ཐེའུ་རང་དང་འགོང་འདྲེ་མི་ལྡང་བར་གྱུར་ཅིག༔ དམུ་ཐག་འདི་བྱང་དུ་འཐེན་པས༔ ཁ་རྗེ་དང་བསོད་ནམས་དབང་ཐང་སྐྱིད་མཐའ་ཆུ་བས་རིང་བར་གྱུར་ཅིག༔ བསྒྲེན་འདྲེ་ངན་པས་མི་ལྡང་བར་གྱུར་ཅིག༔ དམུ་ཐག་འདི་གནམ་དུ་འཐེན་པས་ཁ་རྗེ་དགུང་བས་མཐོ་བར་གྱུར་ཅིག༔ དམུ་ཐག་འདི་ས་ལ་འཐེན་པས་རྟེན་ཕུར་ས་ལ་ཚུགས་པར་གྱུར་ཅིག །


previousབླ་མ་དྲག་པོའི་ལས་ཚོགས་སྟོབས་ཆེན་མ་ཧཱ་བ་ལའི་སྒོ་ནས་དགྲ་འདྲེ་དམ་སྲི་སྒབ་འདྲེ་མནན་པའི་མན་ངག་གསང་རྒྱ་ཅན་སྟོབས་ཆེན་འདྲེ་འདུལ་གཤེད་མ།།next