Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་དགོངས་པ་ཡང་ཟབ་ལས༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་ལས༔ ལྷ་གཅིག་བསྒྲུབས་པས༔ ཆར་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ།
   
   
   


 
previousདམ་ཆོས་དགོངས་པ་ཡང་ཟབ་ལས༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་ལས༔ ལྷ་གཅིག་བསྒྲུབས་པས༔ ཆར་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ།next

དམ་ཆོས་དགོངས་པ་ཡང་ཟབ་ལས༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་ལས༔ ལྷ་གཅིག་བསྒྲུབས་པས༔ ཆར་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ།


CMR010_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་དགོངས་པ་ཡང་ཟབ་ལས༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་ལས༔ ལྷ་གཅིག་བསྒྲུབས་པས༔ ཆར་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པའོ། །སརྦ་མངྒ་ལཾ། །


CMR010_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུ་བཀོད། གཏོར་མ་རྡོ་རྗེའི་དབྱིབས་ཙཀློའི་བརྒྱན་པ་དང་། རྡོ་རྗེ་ཕུར་བུ་མཆོད་པས་བསྐོར། སྐྱབས་སེམས་ད་ནངས་སོང་བས་འཐུས། དབང་བསྒྲུབ་ནི། དང་པོར་ཆོས་རྣམས་དམིགས་སུ་མེད༔ དེ་ལས་འགྲོ་བ་སྙིང་རྗེར་གསལ༔ མཁའ་ལ་ཉི་ཤར་ཇི་བཞིན་དུ༔ བདག་ནི་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྤྱན་གསུམ་རབ་བསྒད་ཨཾ་གཙིགས་གཉེར༔ དབུ་སྐྲ་སྨིན་མ་ཨག་ཚོམ་་དམར་སེར་མཆན། འབར༔ ཕྱག་གཡས་རྡོ་རྗེ་་གསེར་གྱི་རྡོ་རྗེ་འབར་བ་མཆན། རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་བུའི་གནམ་ལྕགས་ལས་གྲུབ་པའི། དགྲ་སྙིང་གཟིར༔ རུས་པའི་རྒྱན་དང་ཐོད་


CMR010_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་གསོལ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་ཚུལ༔ དཔའ་གཏུམ་སྟག་སེང་དགྲ་བགེགས་ཀྱི༔ གདན་ལ་ལོག་འདྲེན་ཚོགས་ཀུན་གཟིར༔ སྐུ་ལ་ཁྲོ་ཆུང་དཔག་མེད་འཕྲོ༔ རྡོ་རྗེའི་མེ་འབར་གུར་ནང་བཞུགས༔ ཐུགས་ཀར་ཉི་དབུས་ཧཱུཾ་མེ་འབར༔ བདག་གཞན་ལོག་རྟོག་བག་ཆགས་བསྲེགས༔ རིག་པའི་ངར་ལྡན་ཧཱུཾ་སྒྲ་སྒྲོག༔ འཁོར་དུ་དཔའ་བོ་མཁའ་འགྲོ་ཡིས༔ ས་དང་ནམ་མཁའ་བར་སྣང་ཁེངས༔ དེ་རྣམས་ཞལ་ནས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་ངར་ལྡན་བརྗོད༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡིག༔ སྟོང་གསུམ་ཀུན་


CMR010_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཧཱུཾ་སྒྲས་གང་༔ སྣང་སྲིད་མ་ལུས་རླུང་འཚུབ་ཀྱིས་རྩྭ་སྦུར་ཇི་བཞིན་དབང་བསྡུས་ཤིང་༔ སྲིད་གསུམ་འཁོར་བ་དོང་སྤྲུགས་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བསྙེན་པ་བྱ། སྤྱན་དྲངས་མཆོད་པ་བསྐུལ་པའང་ཡོད༔ རང་ཉིད་གུ་རུ་པདྨ་བདག༔ ཡིན་པའི་འདུ་ཤེས་དུས་ཀུན་ཏུ༔ འབྲལ་བ་མེད་པ་མཆོག་ཏུ་གཅེས༔ ཞེས་གསུངས་སོ༔ དེ་ནས་སློབ་མ་ཁྲུས་བྱས་བགེགས་བསྐྲདི༔ རྡོ་རྗེ་མེ་རིའི་སྲུང་འཁོར་བསྒོམ༔ མཎྜལ་ཕུལ༔ འོ་ན་ད་ལམ་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་བསྐུར་བ་ལ༔ ལོ་རྒྱུས་ཟུར་ཙམ་ནི་གཞུང་ལས༔ ཨེ་མ༔ ལས་དང་སྐལ་པར་ལྡན་པ་ཡི༔ སྨོན་ལམ་དག་པའི་འདིར་འཚོགས་ཉོན༔ ཁོ་བོ་པདྨ་འབྱུང་གནས་ནི༔ འདས་པའི་སངས་རྒྱས་ཐུགས་ཀྱི་དགོངས༔ མ་འོངས་སངས་རྒྱས་བཀའ་གྲོས་ནས༔ ད་ལྟའི་སངས་རྒྱས་རྒྱལ་ཚབ་ཏུ༔ རིན་ཆེན་མཚོ་གླིང་པད་སྡོང་ལས༔ མཁའ་ལ་ཉི་ཤར་ལྟ་བུར་འོང་༔ རྒྱལ་སྲིད་སྐྱོང་དང་རབ་ཏུ་བྱུང་༔ ཐེག་ཆེན་གསང་བའི་སྔགས་ཀྱི་སྤྱོད་ཡོངས་སུ་རྫོགས་ཏེ་སངས་རྒྱས་ཀྱིས༔ བསྟན་པ་རྒྱས་ཕྱིར་ཕྲིན་ལས་བཞི༔ རྒྱ་གར་ཡུལ་དུ་སུམ་སྟོང་སྐྱོངས༔ སླར་ཡང་བོད་ཡུལ་གངས་རི་འདིར༔ སྨོན་ལམ་དབང་གིས་


CMR010_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཉིས་མཆིས༔ རྒྱལ་པོའི་བཀའ་བསྒྲུབ་བསམ་ཡས་ཀྱི༔ ས་བཏུལ་རབ་གནས་ལེགས་པར་བསྒྲུབས༔ ད་ལྟ་ཕན་ཆད་རྗེ་འབངས་ལ༔ བསྐལ་པ་དང་མཚུངས་ཆོས་འཁོར་བསྐོར༔ བོད་ཀྱི་མི་རྣམས་དུག་ལྔ་ཧྲག༔ ཁོ་བོ་པདྨ་འབྱུང་གནས་ལ༔ ཟོབ་ཏུ་ལྟ་དང་ཐེ་ཚོམ་ཅན༔ ཡང་དག་མི་ལྟ་མགོ་རྟོག་གིས༔ ཀུན་ཏུ་ལྟ་བའི་གོ་སྐབས་མང་༔ བོད་ཡུལ་དངོས་ཀྱི་གདུལ་བྱ་མང་༔ ལོ་ནི་བརྒྱ་དང་བཅུ་གཅིག་སྟེ༔ ད་ནི་གྲངས་ཀྱང་ཐེམ་ལ་ཉེ༔ དེ་འདས་ཁོ་བོ་ཨཱ་ཙརྱ༔ ལྷོ་ནུབ་སྲིན་པོ་འདུལ་དུ་མཆི༔ འོ་འོན་དད་ལྡན་གང་ཟག་ལ༔ ཁོ་བོ་སྐྱེ་ཤི་འདས་གྲོང་དང་༔ གནས་ཀྱི་ངེས་པ་མ་མཆིས་ཏེ༔ དངོས་སུ་ལུང་བསྟན་ཆོས་འཆད་དང་༔ དབང་སྐུར་རྒྱུད་སྨིན་གྲོལ་བར་བྱེད༔ ཅེས་གསུངས་པ་ལྟ་བུའི་སྐབས་དེར༔ རྒྱལ་པོ་ཁྲི་སྲོང་གི་སྲས་འཇིང་ཡོན་པ་སད་ན་ལེགས་ཀྱིས༔ དངུལ་གྱི་མཎྜལ་སོགས་མཆོད་པ་རྒྱ་ཆེན་པོ་ཕུལ་བས༔ དམ་ཆོས་དགོངས་པ་ཡང་ཟབ་ཀྱི་སྐོར་དང་ཁྱད་པར་བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་མ་འདི་གནང་བས༔ ཏི་གྲོ་བྲག་གི་མཁའ་འགྲོའི་ཚོགས་ཁང་དུ་སྦས༔ མ་འོངས་ལྷ་སྲས་


CMR010_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྐྱེ་བས་འདོན་པར་ལུང་བསྟན་པ་ལྟར༔ གཏེར་སྟོན་སྣ་ཚོགས་རང་གྲོལ་ཞེས་ཀྱང་བྱ༔ གནམ་ལྕགས་མེ་འབར་ཞེས་ཀྱང་བྱ༔ མཚན་དངོས་ཞབས་དྲུང་རིན་ཆེན་ཕུན་ཚོགས་ཞེས་བྱ་བས་གཏེར་ནས་བཏོན་ཏེ༔ དག་པའི་སྣང་བས་རྔ་ཡབ་གླིང་དུ་བྱོན་ནས་དབང་ལུང་ཕྱག་ཁྲིད་ཞུས་པས༔ གཞུང་ལས༔ དེ་ལས་འདུད་པའི་རྒྱལ་སྲས་བསྟན་འཛིན་ལྔས༔ ཆོས་ཀྱིས་སྲིད་སྐྱོང་འགྲོ་ཀུན་འདྲེན་པར་བྱེད༔ འགྲོ་དོན་ཁམས་ཀྱི་ཕྱོགས་སུ་འབྱུང་༔ སྨིན་ཅིང་གྲོལ་བའང་འགའ་ཡིན་ཏེ༔ སྨིན་པ་ལྷོ་བོ་མོན་དུ་སྨིན་གཞན་དོན་སྤྱོད་པའང་འགའ་ཞིག་འབྱུང་༔ ཞེས་གསུངས་པ་ལྟར༔ དེང་སང་བོད་ཡུལ་ཕལ་ཆེར་དུ་དུག་ལྟར་སྤྱོད་པ་ཡིན་ལ༔ དེ་ཡང་གཞུང་ལས༔ ལྔ་བརྒྱ་ཐ་མ་དུག་ལྔ་སྤྱོད་པའི་དུས༔ རྗེས་འཛིན་སྤྲུལ་པ་ལྷ་སྲས་སྐྱེ་བ་ཡིས༔ ཐུགས་དམ་གཙོ་བོ་ཡི་དམ་ལྷ་སྐལ་དུ༔ ཡང་ཏིག་གསང་བ་གསེར་གྱི་འབྲུ་གཅིག་ཡིན༔ གཏད་དོ་འཆང་ལ་ཉམས་ལེན་མཐར་ཐོན་ཞིག༔ སྙིང་གི་བུ་གཅིག་གསང་བ་སེམས་ཀྱི་གཏེར༔ བཀའ་དང་དགོངས་སྤྱོད་རྒྱ་མཚོ་བསམ་ཡས་ལ༔ དཔག་གིས་མི་ལོངས་དེ་དོན་ཤེས་པར་གྱིས༔ དུས་


CMR010_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིག་འཛིན་ཐུགས་དམ་འདི་ཉིད་ཡིན༔ འདི་ལས་གུད་དུ་ཉམས་ལེན་གཞན་མེད་དོ༔ སེམས་ཀྱི་བུ་གཅིག་ཉམས་ལེན་འདི་ལ་མཛོད༔ ཚེ་གཅིག་འདི་ལ་མཆོག་གི་དངོས་གྲུབ་ཐོབ༔ རྣམ་སྨིན་སྒྱུ་ལུས་རྡོ་རྗེ་ལྟ་བུར་འགྱུར༔ རྒྱལ་བ་རྒྱ་མཚོ་ཞི་ཁྲོ་བདེ་གཤེགས་དང་༔ རྡོ་རྗེ་སློབ་དཔོན་རིག་འཛིན་མ་ལུས་དང་༔ བདེ་གཤེགས་གང་མོས་མངོན་དུ་འགྲུབ་པའི་གནད༔ ཉིན་ཞག་རེ་ལ་ཐུགས་ཀྱི་སྙིང་པོ་འདི༔ ཉི་ཁྲི་ཆིག་སྟོང་སྔོན་དུ་བསྙེན་པའི་གནད༔ གསང་སྔགས་ལྟོ་ཚིལ་ཡང་ཏིག་ཀུན་གྱི་སྲོག་དུས་གསུམ་བདེ་གཤེགས་མ་ལུས་ཀུན་གྱི་ཐུགས༔ སྐྱེ་འགྲོ་ཚེ་ཐུང་ལོངས་སྤྱོད་དབུལ་བའི་ཚེ༔ བསྒྲུབ་པའི་ལོངས་མེད་ཚེ་ཡི་དུས་བྱེད་འགྱུར༔ ཚེ་གཅིག་བྱང་ཆུབ་སྙིང་པོ་སྒྲུབ་པ་ལ༔ མདོ་རྒྱུད་བསྟན་བཅོས་ཉན་བཤད་ཁྲི་བ་ཆོད༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཆོས་ཉིད་རང་བྱུང་རྟོགས༔ འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་འགྱུར༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱིས༔ ཐུགས་དགོངས་རྒྱ་མཚོ་མུ་མཐའ་མེད་པ་ལས༔ བཀའ་གསང་རབ་འབྱམས་ཇི་སྙེད་ཆོས་གསུངས་


CMR010_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ སྙིང་པོར་དྲིལ་ལ་ལྷ་གཅིག་གསལ་བ་སྟེ༔ སྔགས་གཅིག་བཟླས་དང་བསམ་གཏན་རྩེ་གཅིག་བསྒོམས༔ ཀུན་གྱི་སྙིང་པོ་འདི་ཉིད་གསུམ་ལ་འདུས༔ ལྷ་ཡི་རང་བཞིན་བྱེ་བྲག་བསམ་འདས་ཀྱང་༔ སྐུ་ཡི་ངོ་བོ་རྡོ་རྗེ་སློབ་དཔོན་ཡིན༔ འདི་ལ་ལྷ་ཚོགས་མ་འདུས་གང་ཡང་མེད༔ སྔགས་ཀྱི་རིམ་པ་བྱེ་བྲག་བསམ་ཡས་ཀྱང་༔ གསུང་གི་སྙིང་པོ་ཡི་གེ་ཧཱུཾ་འདི་ཡིན༔ འདི་ལ་སྙིང་པོ་མ་འདུས་གང་ཡང་མེད༔ ཐུགས་ཀྱི་དགོངས་པ་བརྗོད་བྲལ་བསམ་ཡས་ཀྱང་༔ ཀུན་བཟང་དགོངས་པ་སྟོང་གསལ་འཛིན་མེད་ཡིན༔ བློ་འདས་དོན་ལ་མི་འདུ་གང་ཡང་མེད༔ སྐུ་ཡི་ངོ་བོ་རྡོ་རྗེ་སློབ་དཔོན་ནི༔ དུས་གསུམ་བདེ་གཤེགས་རིག་འཛིན་མ་ལུས་ཀྱི༔ དབང་བསྐུར་རྗེས་གནང་པདྨ་དྲག་པོ་རྩལ༔ པདྨ་འབྱུང་གནས་བདག་ཉིད་བསྒོམ་པ་ཡི༔ ཞི་ཁྲོ་རབ་འབྱམས་མ་ལུས་བདག་ལ་རྫོགས༔ ཏིང་འཛིན་རྩེ་གཅིག་དེ་ཉིད་རྒྱུད་ལ་འཆར༔ དུས་གསུམ་རིག་འཛིན་མ་ལུས་བདག་ལ་རྫོགས༔ དབྱིངས་རིག་རྣམ་པར་དག་པ་རྒྱུད་ལ་འཆར༔ བྱམས་སེམས་འཕགས་པའི་སྤྲུལ་སྐུ་བདག་ལ་རྫོགས༔ བྱང་སེམས་སྙིང་རྗེ་འགྲོ་དོན་ལྷུན་གྱིས་གྲུབ༔ གསུང་གི་


CMR010_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཡི་གེ་ཧཱུྃ་བརྗོད་པས༔ གསང་སྔགས་ཕྱི་ནང་མ་ལུས་སྙིང་པོ་རྫོགས༔ ངག་གིས་བདེན་པའི་མཐུ་རྩལ་འགྲུབ་པ་དང་༔ ཆོས་ཉིད་རང་བྱུང་མངོན་སུམ་རྗེན་པར་རྟོགས༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ རིག་འཛིན་མ་ལུས་ཀུན་གྱི་ཡང་སྙིང་ཡིན༔ རྣམ་སྨིན་རྒྱུ་ལུས་འཇིགས་པའི་ནད་དང་བྲལ༔ ཚེ་ཡི་སྒྲུབ་པ་ཐུགས་ཀྱི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཕྱི་ནང་བར་ཆད་འཇོམས༔ ཁམས་གསུམ་སེམས་ཅན་མ་ལུས་ཀུན་གྱི་སེམས༔ དེ་ཉིང་བཟླས་པས་འགྲོ་ཀུན་དབང་དུ་འདུ༔ རྒྱལ་པོ་བཞིན་དུ་སྟོང་ཁམས་ཟིལ་གྱིས་གནོན༔ ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཀུན་གྱི་སྲོག༔ འདི་ཉིད་བཟླས་པས་འགྲོ་ཀུན་དབང་དུ་འདུ༔ གཡུ་འབྲུག་བཞིན་དུ་སྙན་པས་ཀུན་ཏུ་ཁྱབ༔ ཐུགས་ཀྱི་དགོངས་པ་སྟོང་གསལ་འཛིན་མེད་ལ༔ ཡེངས་མེད་དྲན་པའི་འཕྲང་སེམས་མན་ངག་གཅེས༔ དུས་གསུམ་རྒྱལ་བའི་དགོངས་པ་འདི་ཁོ་ན༔ ཁམས་གསུམ་སྐྱེ་འགྲོའི་སེམས་ཉིད་འདི་ཡིན་ཏེ༔ སྣང་སྲིད་ལྷ་འདྲེའི་སྲོག་རྩ་འདི་ཉིད་དུ༔ རྣལ་འབྱོར་ཉམས་ལེན་འདི་ལས་གཞན་མེད་དེ༔ དེ་ལྟར་གནས་ལུགས་མ་བཙལ་རང་ཤེས་


CMR010_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ དྲན་པ་རང་གྲོལ་ཤེས་ན་ལྟ་བ་ཡིན༔ དེ་ཡི་ངང་ལ་གནས་ན་བསྒོམ་པ་ཡིན༔ ཅི་བྱེད་དེ་དང་འབྲེལ་ན་སྤྱོད་པ་ཡིན༔ དེ་ལྟར་རྟོགས་ན་སྐུ་གསུམ་ལྷུན་གྱིས་གྲུབ༔ ས་ལམ་དྲོད་ལྔ་མ་ལུས་དེ་ལ་རྫོགས༔ རྒྱལ་བའི་ཡོན་ཏན་མ་ལུས་ཤུགས་ལ་འཆར༔ རིག་འཛིན་གྲུབ་རྟགས་མ་ལུས་མངོན་དུ་འཆར༔ བྱང་སེམས་འཕགས་པའི་ནོར་གྱིས་དེ་ལ་ཕྱུག༔ ཨུ་དུམ་ཝ་ར་ལྟ་བུ་ཀུན་གྱིས་བསྟོད༔ ནོར་བུ་དབང་བཞིན་དགོས་འདོད་ཐམས་ཅད་འབྱུང་༔ ༈ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ ཕྱི་ནང་གསང་བའི་སྒྲུབ་ཐབས་ཀུན༔ ཁ་ཚང་དོན་དྲིལ་མང་སྦས་ཀྱང་༔ ཡང་གསང་སྙིང་པོ་ཧཱུྃ་སྒྲུབ་འདི༔ ཀུན་གྱིས་སྙིང་པོ་ཡིན་ནོ་བུ༔ འགྲུབ་རྟགས་བདག་ཉིད་ཞལ་མཐོང་དང་༔ བདག་དང་དབྱེར་མེད་རྟོགས་པ་འཆར༔ གསང་སྒྲུབ་ལས་ཀུན་ཐོགས་མེད་འགྲུབ༔ བདེ་གཤེགས་ཀུན་འདུས་བླ་མ་ཡི༔ སྒྲུབ་ཐབས་གསང་སྙིང་ཧཱུཾ་སྒྲུབ་འདི༔ མཚན་བདུན་ཀུན་འདུས་གྲོ་ལོད་དོ༔ མ་འོངས་སྙིགས་མའི་དུས་དེ་རུ༔ པདྨ་ཁྲོ་བོའི་སྐུར་བསྟན་ལ༔ ཡེ་ཤེས་པ་དང་འཇིག་རྟེན་ཞེས་ཁྱད་པར་བྱེད་པའི་དུས་འབྱུང་གི༔ དོན་དུ་རང་སྣང་པདྨ་སྟེ༔


CMR010_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྟར་བལྟས་ཡེ་ཤེས་པ༔ འཇིག་རྟེན་ལྟར་བལྟས་འཇིག་རྟེན་པ༔ ང་ལ་འདི་ཞེས་རྩིས་ཁྲིགས་མེད༔ རྣམ་པ་སྒྲ་ཡི་དོན་ཚོལ་བ༔ ཀྲོ་ཏ་ལོ་ཀོརྟ་ར་སྟ་ར༔ ཟུར་ཆགས་འབྲུ་བསྡུས་གྲོ་ལོད་ཅེས༔ ཁྲོ་བོ་འཇིག་རྟེན་འདས་པར་འགྱུར༔ ཞེས་དང་༔ ཧཱུྃ་གི་སྒྲ་སྒྲོག་ཅིང་མང་བར་བརྗོད༔ ལུས་ཀྱི་གར་བསྒྱུར་བས་སློབ་མ་རྣམས་ལ་བྱིན་མངོན་སུམ་དུ་བབ་པའི་རྟགས་མ་བྱུང་ན༔ པདྨ་བདག་གིས་དམ་བཅའ་ཉམས་པར་འགྱུར་རོ༔ ཐུགས་དམ་བསྐུལ་བ་འདི་ལ་ཡིད་གཉིས་ཐེ་ཚོམ་མེད་པར་ཡི་དམ་དུ་བྱས་ཏེ་གསོལ་བ་བཏབ་ན༔ ཟངས་མདོག་དཔལ་རིར་པདྨ་འོད་འབར་གྱི་ཀློང་ན་བདག་གི་དད་པ་དེས་ལམ་སྣ་འདྲེན་པར་ཐེ་ཚོམ་མེད་དོ༔ ན་ར་ཀན༔ ཁ་ཙམ་ཚིག་ཙམ་གྱིས་མ་ཡིན་ནོ༔ ཞེས་གསུངས་པས༔ སློབ་མ་དད་པ་རྩེ་གཅིག་དང་ལྡན་པ་ལ༔ དབང་འདི་བསྐུར་ཞིང་བྱིན་འབེབས་འདི་བྱས་པས༔ ཨོ་རྒྱན་ཉིད་འབྱོན་ཅིང་བྱིན་གྱིས་བརླབ་པ་དང་ལམ་སྣ་འདྲེན་པར་མི་མཛད་རེ་དབུ་བསྙུངས་བཞེས་པ་ཡིན་པས༔ སེམས་ཐེ་ཚོམ་མེད་པའི་དད་གུས་བསྐྱེད་པ་འདིའི་རྗེས་ཟློས་མཛོད༔ ཨེ་མ་བླ་མ་རྡོ་རྗེ་འཛིན༔ སངས་རྒྱས་


CMR010_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཐུགས་གསང་བ༔ བདེ་གཤེགས་ཐུགས་སྲས་དམ་པ་ཡི༔ བྱིན་རླབས་བདག་ལ་བསྩལ་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ། དེ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་ཕྱིར་རྗེས་ཟློས་མཛོད༔ ཧཱུྃ༔ བདེ་གཤེགས་འདུས་པ་སྐུ་གསུམ་བསྒྲུབ་པའི་ལྷ༔ དོན་གཉིས་མཐར་ཕྱིན་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་བྱང་ཆུབ་ཐོབ་པའི་ཕྱིར༔ བྱམས་དང་སྙིང་རྗེའི་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ། བླ་མས། ཀྱེ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་བདག་ལ་གསོན༔ གསང་བ་མཆོག་འདིར་རབ་ཏུ་གཉན་པས་ན༔ མི་འདའ་རྡོ་རྗེའི་དམ་ཚིག་བསྲུང་ནུས་སམ༔ དེ་ལྟར་ཁས་ལེན་བདག་གིས་དབང་མཆོག་སྦྱིན༔ ཞེས་དམ་ཆུ་སྦྱིན་ལ། འདིའི་རྗེས་ཟློས་མཛོད༔ ས་མ་ཡ་ཨི་དན་ན་ར་ཀན༔ ཀུ་ཤའི་ཡུ་བས་སློབ་མ་བྲན་ཚུལ་བྱས་ལ། ད་ཁྱེད་རང་སློབ་མ་རྣམས་པདྨ་ཐོད་ཕྲེང་རྩལ་དུ་བསྐྱེད་པ་འདི་ལྟར་སྒོམས་ཤིག༔ དང་པོ་ཆོས་རྣམས་དམིགས་སུ་མེད༔ དེ་ལས་འགྲོ་བ་སྙིང་རྗེར་གསལ༔ མཁའ་ལ་ཉི་ཤར་ཇི་བཞིན་དུ༔ བདག་ནི་པདྨ་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ སྤྱན་གསུམ་རབ་བསྒྲད་ཨོཾ་


CMR010_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཙིགས་གཉེར༔ དབུ་སྐྲ་སྨིན་མ་ཨག་ཚོམ་འབར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ ཕྱག་གཡོན་ཕུར་བུའི་དགྲ་སྙིང་གཟེར༔ རུས་པའི་རྒྱན་དང་ཐོད་ཕྲེང་གསོལ༔ ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་ཚུལ༔ དཔའ་གཏུམ་སྟག་སེང་དགྲ་བགེགས་ཀྱི༔ གདན་ལ་ལོག་འདྲེན་ཚོགས་ཀུན་གཟིར༔ སྐུ་ལ་ཁྲོ་ཆུང་དཔག་མེད་འཕྲོ༔ རྡོ་རྗེའི་མེ་འབར་གུར་ནང་བཞུགས༔ ཐུགས་ཀར་ཉི་དབུས་ཧཱུཾ་མེ་འབར༔ བདག་གཞན་ལོག་རྟོགས་བག་ཆགས་བསྲེགས༔ རིག་པའི་ངར་ལྡན་ཧཱུཾ་སྒྲ་སྒྲོག༔ འཁོར་དུ་དཔའ་བོ་མཁའ་འགྲོ་ཡིས༔ ས་དང་ནམ་མཁའ་བར་སྣང་ཁེངས༔ དེ་རྣམས་ཞལ་ནས་ཧཱུྃ་སྒྲ་སྒྲོག༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་ངར་ལྡན་བརྗོད༔ འཇིག་རྟེན་ཁམས་ཀུན་ཤིག་ཤིག་ལྡིག༔ སྟོང་གསུམ་ཀུན་ཀྱང་ཧཱུཾ་སྒྲས་གང་༔ སྣང་སྲིད་མ་ལུས་རླུང་འཚུབ་ཀྱིས་རྩྭ་སྦྱར་ཇི་བཞིན་དབང་བསྡུས་ཤིང་༔ སྲིད་གསུམ་འཁོར་བ་དོང་སྤྲུགས་བསམ༔ དེ་ལྟར་སློབ་མ་པདྨ་ཐོད་ཕྲེང་རྩལ་དུ་བསྐྱེད་པའི་སྙིང་ཁར་ཟླ་བའི་སྟེང་དུ་ཡི་གེ་ཡ་སྔོ་སྐྱ་རླུང་གི་རང་བཞིན༔ དེའི་སྟེང་དུ་གཡུང་དྲུང་དམར་པོ་ཡན་ལག་བཞི་ལ་ཧ་རི་ནི་སས་མཚན་པ་གཡུང་དྲུང་གི་


CMR010_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཧཱུྃ་དམར་པོ༔ ཡཾ་ལས་རླུང་བྱུང་གཡུང་དྲུང་གཡས་སུ་འཁོར་ཞིང་ཡི་གེ་ལྔ་ལས་འོད་ཟེར་འཕྲོས༔ རྔ་ཡབ་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ སྙིང་ཁར་གཡུང་དྲུང་དང་ཧ་རི་ནི་ས་ཧཱུཾ་གི་སྦྱོར་བས་བདག་ཉིད་བྱིན་ཕབ་ཅིང་༔ བླ་མས་འདི་སྐད་ཅེས་བསྐུལ་ལ། ཧཱུཾ་ཧཱུཾ་ཧཱུཾ༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ འགྲོ་བ་ཡོངས་ཀྱི་སྐྱབས་གནས་རིན་པོ་ཆེ༔ ཁྱད་པར་ཐུགས་རྗེས་བོད་ཀྱི་སེམས་ཅན་གཟིགས༔ ལས་ངན་སྤྱད་པའི་རྣམ་སྨིན་གྱིས་མནར་བའི༔ བདག་ཅག་རྗེས་འཇུག་རྗེས་འབྲང་སློབ་མ་རྣམས༔ ཐུགས་ཀྱི་འོད་ཟེར་མ་ཧཱ་གུ་རུ་རྗེ༔ ཐུགས་རྗེས་ཡལ་ཡོལ་བཏང་སྙོམས་མངའ་བ་ན༔ ཡང་སངས་རྒྱས་པའི་དགོས་པ་ཅི་ཞིག་མཆིས་བདག་ཅག་ལུས་ནི་གང་བས་མཆི་མ་འཁྲུགས་གསོལ་འདེབས་ང་རོའི་འབོད་པ་ཅང་གསན་ནམ༔ ཡིད་བཞིན་རྩེ་གཅིག་ཁྱོད་ཀྱི་ཡོན་ཏན་དྲན༔ ཕ་ཡི་ཐུགས་རྗེས་གཟིགས་ཤིག་རིན་པོ་ཆེ༔ བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་པའི་སྐུ༔ ལུས་ལ་བདེ་བ་སྤོར་ཞིག་མཁའ་འགྲོའི་ཚོགས༔ ངག་ལ་ནུས་པ་བསྐྱེད་ཅིག་ཡི་དམ་ལྷ༔ སེམས་ལ་རྟོགས་པ་


CMR010_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྤོར་ཞིག་གུ་རུ་རྗེ༔ འདིར་འཚོགས་མོས་པའི་བུ་ལ་བྱིན་ཕོབ་ཅིག༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཕོབ་ཅིག༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཕོབ་ཅིག༔ ཡིད་ལ་རང་བྱུང་ཐུགས་ཀྱི་བྱིན་ཕོབ་ཅིག༔ ཡོན་ཏན་འགྲན་ཟླ་བྲལ་བའི་བྱིན་ཕོབ་ཅིག༔ ཕྲིན་ལས་འགྲོ་འདུལ་རྣམ་བཞིའི་བྱིན་ཕོབ་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ ཅེས་ཧཱུྃ་གིས་སྒྲ་བསྒྲག་ཅིང་མང་བར་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ལུས་ཀྱི་གར་སྟབས་བསྒྱུར༔ དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་འདི་རྣམས་ལ་གདོད་མ་ནས༔ རང་རིག་པདྨ་ཐོད་ཕྲེང་རྩལ་འདི་ལྟ་བུ་ཡོད་ཀྱང་རང་ངོ་མ་ཤེས་ཏེ༔ ད་རེས་གུ་རུ་པདྨའི་ཐུགས་འདི་ལྟར་དུ་རྟེན་འབྲེལ་འཛོམས་པས༔ སྔོན་ཆད་ངོ་མ་ཤེས་པ་དེ་ནི་ཤེས་ཏེ༔ ཡེ་རེ༔ ས་ལེ༔ ཝ་ལེ༔ ལམ་མེ་ངོ་བོ་ཅི་ཡང་མ་ཡིན་ལ༔ རྣམ་པ་ཀྱང་མི་འགགས་པ༔ འདིའི་བྱིན་ཕབ་པའི་བྱིན་རླབས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེ་ལས་གཞན་དུ་མ་སྤྲོ༔ མ་བསྡུ༔ རང་སར་ཞོག་ཅིག༔ འདི་ནི་མ་བཅོས་རང་བྱུང་གི་ཡེ་ཤེས་ཡིན་ཏེ༔ འདི་ལས་མ་གཡོས་ན་འཁོར་བའི་སྐྱོན་གྱིས་


CMR010_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མ་གོས་པ་པདྨ་འབྱུང་གནས་སོ༔ ཡོན་ཏན་ཀུན་གྱི་ངོ་བོར་བཞུགས་པས་པདྨ་སཾ་བྷའོ༔ ཤེས་བྱ་ཐམས་ཅད་གསལ་བས་བློ་ལྡན་མཆོག་སྲེད་དོ༔ ཁམས་གསུམ་མ་ལུས་ཀྱི་བདག་པོ་ཡིན་པས་པདྨ་རྒྱལ་པོའོ༔ མི་ཤེས་པའི་མུན་པ་ཀུན་སངས་བས་ཉི་མ་འོད་ཟེར་རོ༔ བདུད་བཞི་ཀུན་གྱིས་མི་རྗེ་བས་ཤཱཀྱ་སེངྒེའོ༔ ༔ བཟང་ངན་གྱིས་ཕྱོགས་སུ་མ་རུངས་བས་སེངྒེ་སྒྲ་སྒྲོག་གོ༔ བགེགས་དང་ལོག་འདྲེན་ཀུན་འདུལ་བས་རྡོ་རྗེ་གྲོ་ལོད་དོ༔ རིགས་ཀྱི་བུ་དེ་ལྟར་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱང་རང་རིག་པའི་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ་འདི་ཡིན་ནོ༔ ད་ངོ་སྤྲད་པོ་དེ་བརྟན་པར་བྱ་བའི་ཕྱིར་གཏོར་མ་སྐུ་འབགས་ཀྱིས་དབང་བསྐུར༔ གཏོར་མ་ཐོགས་ལ། ཧཱུྃ༔ སྣང་སྟོང་མ་འགགས་རིག་པའི་དབང་༔ རང་རིག་པདྨ་ཐོད་ཕྲེང་རྩལ༔ སྐུ་གཟུགས་རྫས་ཀྱི་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྤྱི་བོར་གཏད། ཧཱུྃ༔ གྲག་སྟོང་སྐྱེ་མེད་རྡོ་རྗེའི་ཚིག༔ སྙིང་པོ་ཧཱུྃ་གི་དོན་སྟོན་པ༔ འགགས་མེད་སྔགས་སྒྲ་གྲག་སྟོང་དབང་༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རྗེས་ཟློས་བྱ་ཞིང་རྡོ་རྗེ་ཧཱུྃ་བཅས་མགྲིན་པར་བསྐུར་རོ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་གཅིག་བསྡུས་པ༔


CMR010_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆོག་འདུས་པའི་ཀཱི་ལ་ཡ༔ དུག་ལྔ་བསྒྲལ་བའི་དབང་བསྐུར་བས༔ ཕྲིན་ལས་ཡོངས་རྫོགས་འགྲུབ་གྱུར་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་སྙིང་ཁར་ཕུར་བུ་བསྐུར་རོ། གཞུང་ནས་བཀའ་བསྒོ་བ་བཤད་ཀྱང་། རྗེས་གནང་ཀུན་ལ་ཕྱག་སྲོལ་ཡོད་པ་ལྟར་གཏོར་མ་བཟུང་ལ། ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལྷ་སྲས་སད་ན་ལེགས༔ གཏེར་སྟོན་གནམ་ལྕགས་མེ་འབར༔ རྒྱལ་བའི་ཡབ་གཅིག་ཆོས་རྒྱལ་ཕུན་ཚོགས༔ རྒྱལ་དབང་ཆོས་ཀྱི་གྲགས་པ༔ རིག་འཛིན་སྤྲུལ་པའི་སྐུ་མཆོག་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་ལ་སོགས་པ༔ བཀའ་བབས་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་ཐམས་ཅད་དང་༔ ཡི་དམ་མཚན་བདུན་འདུས་པ་རྡོ་རྗེ་གྲོ་ལོད༔ འཁོར་དཔའ་བོ་ཌཱཀི་བྱེ་བ་འབུམ་དང་བཅས་པ་ཐམས་ཅད་ཀྱིས༔ རྡོ་རྗེ་སློབ་མ་འདི་རྣམས་བྱིན་གྱིས་རློབས་ཤིག༔ ལྷ་སྲིན་སྡེ་བརྒྱད་བདུད་དང་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ ནད་གདོན་དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབས་ཤིག༔ ཚེ་དང་བསོད་ནམས་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་


CMR010_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཞིག༔ འཆི་བ་མེད་པའི་ཚེ་དང་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་ཞིག༔ སྐྱེ་བ་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ཞིང་། ན་མོ༔ བྱིན་རླབས་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་ཤིང་༔ ཕྱོགས་དུས་མ་ལུས་ཀུན་ཏུ་མཐའ་ཡས་ཤིང་༔ བདེ་ལེགས་ཆར་རྒྱས་ཡོངས་སུ་གང་གྱུར་པའི༔ རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་དུ༔ དུས་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པས་བརྒྱན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲ༔ ཡི་དམ་ཞི་ཁྲོ་རབ་འབྱམས་བཀྲ་ཤིས་ཤོག༔ གནས་ཡུལ་མཁའ་སྤྱོད་སྤྲུལ་པའི་ཞིང་ཁམས་སུ༔ གང་འདུལ་ཐབས་ཀྱིས་འདུལ་བའི་གདུལ་བྱ་ལ༔ དཔའ་བོ་མཁའ་འགྲོ་སྲུང་མར་སྐུ་སྤྲུལ་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ དེ་ནས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་དབང་ལེགས་པར་ཐོབ་པས་རང་ལུས་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བསྒོམ༔ ངག་ཡང་གསེར་གྱི་འབྲུ་གཅིག་ཧཱུྃ་བསྙེན༔ སེམས་གསལ་སྟོང་རྫོགས་པ་ཆེན་པོའི་སྐུར་བསྒོམས༔ ཚེས་བཅུ་མཆོད་པ་ཅི་འབྱོར་བྱ་སྙམ་པས་འདིའི་


CMR010_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས། མཎྜལ་ཕུལ། སློབ་མ་རྣམས་གྱེས་སོ། །འདི་ནི་གཏེར་གཞུང་རྒྱུད་ཚིག་ནི་ཅུང་ཟད་ཁ་མི་གསལ་བས། ཡང་ཟབ་ལས་བྱང་ནས་སྐྱབས་སེམས་ཁ་བཀང་བར་འོས་ན་ཡང་གཏེར་གཞུང་འདི་ཉིད་བྱིན་རླབས་ཆེ་བར་བསམས་ནས། སྐྱབས་སེམས་དམ་བཞག་གསུམ་སྙིང་བྱང་ནས་བྱིན་འབེབས་དམིགས་པ་ཟུར་ཙམ་གསུམ་གཏོར་དབང་ནས་དང་། ལོ་རྒྱུས་པོད་གཞུང་ནས་བཏུས། བཀྲ་ཤིས་ཡང་ཟབ་ནས་སབ་སྟེ་ཆ་ཚང་མར་བསྒྲིགས་པ་ནི། དབོན་པོ་བླ་མཚན་གྱིས་བསྐུལ་ནས། ༧ རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་ཆ་མཆིས་ན་ཐམས་ཅད་བཀའ་སྲུང་མ་གཟའ་དམ་གསུམ་ཧ་ར་ནག་པོ་ལ་སོགས་པའི་དྲུང་དུ་བཤགས་ཤིང་། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མ་གྱུར་ཅིག །འདི་བྲིས་དགེ་བས་ཡང་ཟབ་གསང་བ་ཧཱུྃ་གཅིག་མ་འདིས་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བ་དང་། འབྲེལ་པ་ཐོགས་ཚད་ཨོ་རྒྱན་ཆེན་པོའི་རྗེས་སུ་བཟུང་བ་དང་། ཚེ་འདིའི་བར་ཆད་རྐྱེན་ཐམས་ཅད་བསལ་ནས། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །འདི་ནི་རྗེ་ལྷོ་པ་སྤྲུལ་པའི་སྐུ་ལས་བརྒྱུད་དེ་ཁོང་ལ་དང་པོར་རྗེ་ཞབས་དྲུང་དཀོན་མཆོག་རཏྣས་གནང་ཞིང་ཐུགས་དམ་གྱི་གཙོ་བོ་ལ་ཕྱིས་ཞབས་དྲུང་ཆོས་ཀྱི་གྲགས་པ་ལའང་གསན་སྣང་ངོ་། །དང་པོར་ཀུན་ལ་གསང་ཡང་ཕྱིས་ནས་བཀའ་རྒྱ་ཤིན་ཏུ་དོགས་པར་མཛད་འདུག་གོ །འདི་སྒྲགས་ཀྱི་ཡང་རྫོངས་སུ་རྗེ་ཆོས་དབྱིངས་རྡོ་རྗེས་ཞྭ་དམར་དྲུག་པ་ལ་ཡང་


CMR010_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གསན་འདུག་ཀཾ་ཚང་ཀུན་གྱིས་གྲམ་ཆུ་ལྡང་བ་ལྟར་བྱུང་བར་སྣང་ངོ་། །མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདམ་ཆོས་དགོངས་པ་ཡང་ཟབ་ལས༔ བླ་མའི་གསང་སྒྲུབ་ཡང་གསང་ཧཱུྃ་གཅིག་ལས༔ ལྷ་གཅིག་བསྒྲུབས་པས༔ ཆར་འབེབས་ཀྱི་བྱིན་རླབས་དབང་གི་རིམ་པ།next