Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་དྲག་ཕུར་མཇུག་གི་དབང་རྒྱལ་འགོང་འདུལ་བྱེད་ཤིན་ཏུ་བཀའ་གཉན་པས་བཀའ་རྒྱ་དོག་པར།
   
   


 
previousགུ་དྲག་ཕུར་མཇུག་གི་དབང་རྒྱལ་འགོང་འདུལ་བྱེད་ཤིན་ཏུ་བཀའ་གཉན་པས་བཀའ་རྒྱ་དོག་པར།next

གུ་དྲག་ཕུར་མཇུག་གི་དབང་རྒྱལ་འགོང་འདུལ་བྱེད་ཤིན་ཏུ་བཀའ་གཉན་པས་བཀའ་རྒྱ་དོག་པར།


CMR010_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གུ་དྲག་ཕུར་མཇུག་གི་དབང་རྒྱལ་འགོང་འདུལ་བྱེད་ཤིན་ཏུ་བཀའ་གཉན་པས་བཀའ་རྒྱ་དོག་པར་བྱའོ༔ ༔


CMR010_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

།ཧ།ཛདེབ། ཉྩ༔ ན་མོ་གུ་རུ༔ གུར་དྲག་ཕུར་མཇུག་སྒྲུབ་པ་ནི༔ དཀྱིལ་འཁོར་གཏོར་མ་དཔེའུ་རིས་ལྟར༔ ཐིག་བཅས་བྲིས་ལ་རྟེན་དུ་བཞག༔ རྒྱུན་བསྙེན་ལ་ནི་མེད་ཀྱང་ཆོག༔ དབང་ལ་འདབ་བརྒྱད་ཚོམ་བུའི་སྟེང་༔ བུམ་པ་མཆོད་གཏོར་སྤྱི་ལྟར་བཤམ༔ མངོན་རྟོགས་གཅིག་གིས་བདག་མདུན་དང་༔ བུམ་གཏོར་སྐད་ཅིག་དྲན་རྫོགས་བསྐྱེད༔ དེ་ནས་དམིགས་པ་འདི་ལྟར་བྱ༔ རྩ་བ་གསུམ་གྱི་ལྷ་ལ་སྐྱབས་སུ་མཆི༔ སེམས་ཅན་ཀུན་གྱི་སྨྱོ་འབོག་འདུལ་བའི་ཕྱིར༔ བདག་གིས་གུར་དྲག་ཕུར་མཇུག་ཅན་བསྒྲུབ་བྱ༔ སྟོང་པའི་ངང་ལས་གུར་དྲག་ཕུར་མཇུག་ཅན༔ ཞལ་བཞི་ཕྱོགས་བཞིར་བལྟས་ནས་རྒྱལ་འགོང་འདུལ༔ ཕྱག་བཞི་


CMR010_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཉིས་ཀྱིས་རྡོ་རྗེ་དང་༔ སྡིག་པ་འཛིན་ཏེ་འོག་གཉིས་གྲི་ཁ་ཊཾ༔ སྐུ་སྨད་ཕུར་པ་དབལ་དང་ལྡན་པ་ནི༔ རྒྱལ་བསེན་སྙིང་ཁར་དབལ་མི་ཐུབ་པར་ཟུག༔ ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་པ་སྤྱན་དྲངས༔ དབང་ལྷ་རྣམས་ཀྱིས་དབང་བསྐུར་རིགས་བདག་མཚན༔ དེ་ཡི་ཐུགས་ཀར་ཧཱུྃ་ལས་སྔགས་གཡས་བསྐོར༔ སྔགས་དེ་དྲག་ཏུ་འཁོར་བས་འགྲུབ་པར་འགྱུར༔ འོད་འཕྲོས་ཟངས་མདོག་དཔལ་གྱི་རི་བོ་ནས༔ གུར་དྲག་དཔག་མེད་སྤྱན་དྲངས་སིབ་སིབ་ཐིམ༔ ཨོཾ་ཨརྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དེ་ཡིས་གུར་དྲག་ཕུར་མཇུག་འགྲུབ༔


CMR010_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁཐཾ༔ གུཧྱ༔ ཏབ་ཚེ༔ ལས་སྦྱོར་སྔགས་དམིགས་འདི་ལྟ་སྟེ༔ རང་ཉིད་གུ་རུ་དྲག་པོར་བསམ༔ རང་གི་མེ་ཡི་ཚྭ་ཚྭ་ལས༔ རང་འདྲའི་གུ་རུ་དྲག་པོ་རེ༔ གདོན་བགེགས་རྒྱལ་བསེན་མི་ཚུགས་བསམ༔ གཟུགས་རྣམས་ཐམས་ཅད་གུར་དྲག་བསམ༔ སྒྲ་རྣམས་ཐམས་ཅད་དྲག་སྔགས་བསམ༔ གནོད་བྱེད་རྒྱལ་བསེན་མི་ཚུགས་བསམ༔ རྩ་སྔགས་ཀྱི་མཇུག་ཏུ༔ བཛྲ་མྲྀ་ཏ༔ བཛྲ་ཨ་མྲྀ་ཏ༔ བཛྲ་སུ་མྲྀ་ཏ༔ བཛྲ་ཧོ་ར་མྲྀ་ཏ༔ བཛྲ་ཧཱུྃ་མྲྀ་ཏ༔ བཛྲ་རཀྵ་མྲྀ་ཏ༔ བཛྲ་མ་མྲྀ་ཏ༔ བཛྲ་ཀྵ་མྲྀ་ཏ༔ བཛྲ་ཡཾ་མྲྀ་ཏ༔ བཛྲ་དྷི་མྲྀ་ཏ༔ བཛྲ་མྲྀ་ཏ་མྲྀ་ཏ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཀློམཐུན། དབང་སྒྲུབ་དུས་བསྙེན་པ་ཅི་འགྲུབ་རྗེས། ཨནྡྷཾ་སོགས། ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཁྲུས་དང་མཎྜལ་ཕུལ། ༈ འོ་ན་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ བདག་འདྲ་ཨོ་རྒྱན་པདྨ་ཡིས༔ རྒྱ་གར་ཤར་ནུབ་ཡུལ་ཁམས་


CMR010_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ ཐེག་པ་དགུ་ཡི་རྣམ་འཕྲུལ་བསྟན༔ ཉན་བཤད་སྒོམ་པའི་བསྟན་པ་སྤེལ༔ གངས་ཅན་བོད་ཀྱི་ཡུལ་ཁམས་སུ་ཆོས་རྒྱལ་ཡབ་སྲས་དགོངས་པ་བསྒྲུབས༔ རྗེ་འབངས་དད་ལྡན་ལམ་ལ་བཀོད༔ མཐུ་སྟོབས་རྫུ་འཕྲུལ་དཔག་མེད་བསྟན༔ ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས༔ ང་ནི་ཆོས་སྐུ་ཀུན་ཏུ་བཟང་༔ སྙིང་པོ་ཐིག་ལེའི་ཀློང་དུ་གནས༔ ང་ནི་ལོངས་སྐུ་ཞི་ཁྲོའི་ལྷ༔ རྟོག་ཚོགས་ལྷ་དང་ཡེ་ཤེས་ཤར༔ ང་ནི་སྤྲུལ་སྐུ་གསང་བའི་བདག༔ མཐའ་ཡས་རྒྱུད་དང་ལུང་གི་མཛོད༔ དགའ་རབ་རྡོ་རྗེ་འཇམ་དཔལ་དང་༔ ཀླུ་སྒྲུབ་ཧཱུྃ་མཛད་པྲ་བྷ་ཝ༔ བི་མ་མི་ཏྲ་དྷ་ན་དང་༔ རོམྱུ་གུ་བྱ་ཤཱནྟི་པ༔ སངས་རྒྱས་གསང་བ་གོ་མ་དྷེ༔ ཨིནྡྲ་བྷ་ཏི་ཏེ་ལོ་པ༔ ནཱ་རོ་བིརླ་ཤཱནྟི་པ༔ ཀུ་ཀུ་རི་པ་ཨན་པ༔ ཟླ་བ་གྲགས་པ་འཕགས་པ་ལྷ༔ མ་ཏི་ཙི་ཏྲ་ཟླ་བ་བཟང་༔ གུལྟ་ལ་སོགས་ཐམས་ཅད་དེ༔ གཅིག་ཡིན་ཐ་དད་ཡོད་མ་ཡིན༔ པདྨ་འབྱུང་གནས་བདག་ཉིད་ཀྱང་༔ དེ་རྣམས་དང་ནི་སོ་སོ་མིན༔ ང་ཡིན་ང་ནི་ཀུན་ཏུ་བཟང་༔ ཀུན་བཟང་ཀུན་ཏུ་ཁྱབ་ཅིང་ཁྱབ༔ ཀུན་བྱེད་ཀུན་རིག་ཀུན་ཏུ་གསལ༔ ང་ཡི་སྐུ་ཉིད་


CMR010_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའམ༔ འོན་ཏེ་ཁྲོ་བོར་བསྒོམ་ཡང་རུང་༔ ཕྱག་རྒྱ་རྒྱན་རྣམས་གཅིག་གམ་གཉིས༔ ཞལ་ཕྱག་མང་ཉུང་ཇི་ལྟ་བུ༔ བསྒོམ་ཡང་འཁྲུལ་པ་ཡོང་ཡེ་མེད༔ ཅི་ཕྱིར་ང་ནི་ཀུན་ཏུ་སྣང་༔ རང་ཉིད་གཙོ་དང་འཁོར་དང་བཅས་མང་ཉུང་བློ་ཡི་བྱེ་བྲག་གིས་ཇི་ལྟར་གསལ་བ་བསྒོམ་ཡང་རུང་༔ ང་ཡི་དངོས་གྲུབ་ང་དང་མཉམ༔ པད་འབྱུང་ང་ཡི་སྤྲུལ་པ་བརྗོད་ལས་འདས༔ སེམས་ཅན་རེ་རེའི་རྩ་ན་ངོ་རེ་ཡོད༔ འཁྲུལ་ཚབས་ཆེ་བའི་སྟོབས་ཀྱིས་མི་མཐོང་ངོ་༔ ང་ཡིས་བརྩེ་བའི་སྟོབས་ཀྱིས་བཟོད་གླགས་མེད༔ ཁྱད་པར་བོད་ཡུལ་གདུལ་བྱར་གྱུར་པ་ལ༔ ང་ནི་ལྷོ་ནུབ་ཞིང་ཁམས་གར་ཡོད་ཀྱང་ཐུགས་རྗེའི་ཕྲིན་ལས་བོད་ལ་རྒྱུན་ཆད་མེད༔ སྨོན་ལམ་མོས་གུས་ཅན་ལ་ཞལ་ཡང་སྟོན༔ ང་ཡི་སྤྲུལ་པ་བོད་ལ་རྒྱུན་ཆད་མེད༔ ཐུགས་རྗེ་ཕྲིན་ལས་མྱུར་བ་ང་ལས་མེད༔ ཞི་བས་མི་འདུལ་དྲག་པོའི་ཐབས་ཀྱིས་འདུལ༔ ཞི་དང་ཁྲོ་ཚུལ་ཁྲོ་ཐབས་འགྲོ་དོན་མཛད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ༔ སྤྲུལ་པ་ཡང་སྤྲུལ་ཞིང་ཁམས་བྱེ་བ་འགྱེད༔ སེམས་ཅན་བསོད་ནམས་དམན་པས་འཁྲུལ་ཚབས་ཆེ་ན་ཡང་༔ ང་ལ་གསོལ་བ་སྙིང་


CMR010_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་བཏབ་ཨང་༔ ནད་ཀྱིས་གཟིར་ན་སྨན་གསོ་ང་ལས་འབྱུང་༔ བཟའ་བ་མེད་ན་བཟའ་བཏུང་ང་ལས་འབྱུང་༔ ཉོན་མོངས་སྐོམ་གྱིས་གདུང་བ་ང་ཡིས་སེལ༔ མགོན་སྐྱོབས་མེད་ན་མགོན་སྐྱབས་ང་ཡིས་བྱེད༔ རྟེན་གནས་མེད་ན་རྟེན་གནས་ང་ཡིས་འབྱུང་༔ འཇིགས་ཤིང་སྐྲག་ན་འཇིགས་སྐྱོབ་ང་ཡིས་བྱེད༔ ལོངས་སྤྱོད་དབུལ་ན་ལོངས་སྤྱོད་ང་ལས་འབྱུང་༔ ངན་སོང་འཇིགས་ན་སྐྱེ་སྒོ་ང་ཡིས་བཀག༔ བདེ་ཆེན་ཐར་ལམ་འདོད་ན་ང་ཡིས་བསྐྱེལ༔ གནས་སྐབས་བདེ་བ་འདོད་ན་ང་ལས་འབྱུང་༔ མཐར་ཐུག་བདེ་བ་འདོད་ན་ང་ལས་འབྱུང་༔ འཇིགས་པ་བརྒྱད་ཀྱིས་འཚེ་ན་ང་ཡིས་སྐྱོབ༔ དགོས་འདོད་ཆར་ལྟར་ཐམས་ཅད་ང་ལས་འབྱུང་༔ ཐུན་མོང་དངོས་གྲུབ་ཐམས་ཅད་ང་ལས་འབྱུང་༔ མཆོག་གི་དངོས་གྲུབ་ཐམས་ཅད་ང་ལས་འབྱུང་༔ ཕྱིར་མི་ལྡོག་པའི་ཞིང་ཁམས་འདོད་ན་ང་ལས་འབྱུང་༔ འགྲོ་བའི་དོན་ལ་སེམས་ཅན་ང་ལས་འབྱུང་༔ ཚེ་དང་བསོད་ནམས་འདོད་ན་ང་ལས་འབྱུང་༔ ནད་གདོན་སྡིག་སྒྲིབ་སྦྱོང་ན་ང་ཡིས་སྲེག༔ དབང་སྡུད་འདོད་ན་དབང་སྡུད་ང་ལས་འབྱུང་༔ དྲེགས་པ་ཚར་གཅོད་


CMR010_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན་ང་ལས་འབྱུང་༔ ཕྲིན་ལས་རྣམ་བཞི་འདོད་ན་ང་ལས་འབྱུང་༔ དགོས་འབྱུང་བསམ་འགྲུབ་པདྨ་ང་ལས་འབྱུང་༔ ཅི་དང་ཅི་བསམ་ཐོགས་མེད་ང་ལས་འབྱུང་༔ ཚ་གདུང་ཉོན་མོངས་ནད་རྣམས་ང་ཡིས་སེལ༔ བར་དོའི་འཕྲང་གི་སྔངས་སྐྲག་ང་ཡིས་སེལ༔ སངས་རྒྱས་ཞིང་ཁམས་སྙིང་པོར་ང་ཡིས་བསྐྱེལ༔ པདྨ་བདག་ནི་ཡི་དམ་ལྷ་ཡི་གཙོ༔ འོད་གསལ་ཆོས་སྐུ་སྙིང་པོའི་དོན་ཡང་སྟོན༔ དགོས་འདོད་ཀུན་འབྱུང་པདྨ་འབྱུང་གནས་ཡིན༔ ཞེས་དང་༔ ཛྷཱ་ན་ཌཱ་ཀི་སཱ་ག་ར༔ གང་གི་མིང་ཙམ་ཐོས་ན་ཡང་༔ བ་སྤུ་འཁྲུགས་ཤིང་མཆི་མ་བླགས༔ དེ་ཡི་ཆོས་དང་རིགས་ལ་དད༔ དེ་ཡང་པདྨ་རྒྱལ་པོ་སྟེ༔ དེ་དང་ཕྲིན་ལས་ཕུར་པ་ཡི༔ རབ་འབྱམས་དངོས་གྲུབ་དེ་ཡིས་སྟེར༔ ཞེས་གསུངས་པས་ཨོ་རྒྱན་ཡབ་ཡུམ་དང་ཕུར་པ་ཡང་གཅིག་པ་ཡིན་ཏེ༔ ད་རེས་ལྷ་འདི་ནི་ཨོ་རྒྱན་ཡབ་ཡུམ་དང་ལྷ་རྡོ་རྗེ་གཞོན་ནུ་དབྱེར་མེད་པ་དྲག་པོ་ཕུར་མཇུག་ཅན་ཞེས་བྱ་བ་ཡིན་ཏེ༔ ཨོ་རྒྱན་རིན་པོ་ཆེས་མ་འོངས་ལུང་བསྟན་རྣམས་ལས༔ དུས་ངན་སྙིགས་མ་ལུང་བསྟན་པའི་སྐབས་སུ༔ དེ་འདྲའི་དུས་སུ་གཟའ་བདུད་ཁ་ལངས་པས་བེ་ཧར་རྒྱལ་པོའི་


CMR010_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དར་བར་འགྱུར༔ ཞེས་པ་དང་༔ དེའི་དུས་སུ་བེ་ཧར་རྒྱལ་པོ་མངའ་ཐང་དར་བས༔ མི་རྣམས་ལ་སྨྱོ་འབོག་དང་གློ་བུར་དུ་འཆི་བ་མང་བ་གསུངས་ཤིང་༔ རྒྱ་གར་གྱི་པཎྜི་ཏ་གསེར་ལ་ཆགས་པ་གཅིག་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་པ་ཐོབ་ཀར་གཤིན་རྗེ་ནག་པོ་ཧབ་ཤས་སྲོག་གཅོད་བྱས་ནས༔ རྒྱ་འདྲེ་ནག་པོ་ཧ་ལ་ཞེས་བྱ་བར་སྐྱེས་ཏེ༔ དེ་བོད་དུ་ཕྱིན་ནས་ནད་ངན་པས་མི་ཕྱེད་ཕྱགས་མས་འདེབས་པ་དང་༔ མ་གཅིག་ལབ་སྒྲོན་གྱི་སྐྱེ་བ་སྔོན་མ་པཎྜི་ཏ་རིན་ཆེན་གྲུབ་ཀྱིས་མུ་སྟེགས་པ་མང་པོ་བཏུལ་དུས༔ མུ་སྟེགས་ཀྱི་པཎྜི་ཏ་གཉིས་སྨོན་ལམ་ལོག་པར་བཏབ་སྟེ་འཕུར་ནས་རི་རབ་ཀྱི་ཁོང་གསེང་དུ་སོང་ནས་ཤི༔ དེ་གཉིས་ཀྱི་སྐྱེ་བ་སྨོན་ལམ་གྱི་སྟོབས་ཀྱིས༔ དམ་སྲི་གཅོད་པའི་ཆ་ལུགས་འཛིན་པ༔ ཤར་ནུབ་གཉིས་སུ་འབྱུང་སྟེ༔ སྨྱོ་འབོག་དང་ན་ཚ་དྲག་པོ་གཏོང་བར་བྱེད་པ་དང་༔ གཞན་ཡང་དམ་ཚིག་ཉམས་པ་ཐམས་ཅད་བེ་ཧར་རྒྱལ་པོས་དབུགས་བསྡུས་ཏེ༔ འཁོར་དུ་སྐྱེས་ནས་རྒྱལ་ཕྲན་ནམ་མཁའ་ལ་སྦྱར་མ་ལངས་པ་ཙམ་འབྱུང་བར་ལུང་བསྟན༔ མི་ཕྱེད་སྨྱོན་པར་འགྲོ་ཞིང་ཕལ་ཆེར་རང་སྲོག་རང་གིས་གཅོད་


CMR010_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས༔ རྒྱ་ནག་ཡུལ་ནས་ནོར་ཕྱིར་འགོང་པོ་སྤུན་དགུ་འབྲངས་ནས་བོད་ཁམས་ཐམས་ཅད་སིལ་བུར་འཁྲུག་པའི་དུས༔ གངས་ཅན་བོད་ཀྱི་ཁྲོད་འདིར་བླ་མ་སློབ་དཔོན་དགེ་བཤེས་རྗེ་བློན༔ ཆོས་མཐུན་རྣམས་ཀྱིས་སྲོག་དབུགས་ལེན་པའི་དུས༔ དགེ་བའི་བཤེས་གཉེན་ཆེ་བཙུན་གྱི་ཐུགས་དམ་རྒྱ་འདྲེ་འགོང་པོའི་ཚོགས་ཀྱིས་བར་དུ་གཅོད་ནས་བདེ་སྡུག་གི་བྱ་བ་ལ་སྤྱོད་པའི་དུས༔ དེའི་དུས་སུ་ཕན་ཐོགས་པར་དགོངས་ནས༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་བྱ་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་ལྔ་ནུབ་གུར་དྲག་ཕུར་མཇུག་ཅན་ཞལ་བཞི་ཀ་དམར་པོ་ཅན་གཅིག་གིས་དངོས་སུ་གསུངས༔ དེ་ལྟར་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན་པས༔ འདིའི་དབང་བསྐུར་ཞིང་བསྙེན་པ་བྱེད་བཅུག་པས་སྲོག་རླུང་དང་བརྒྱལ་གཟེར་གྱི་ནད་ལ་ཕན་པ་ལན་མང་དུ་མྱོང་བས་འགྲུབ༔ དེ་ལྟ་བུའི་དབང་ཞུ་བའི་ཕྱིར་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས༔ རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ བླ་མ་དྲག་པོ་འཁོར་བཅས་ལ༔ བདག་གིས་རྩེ་གཅིག་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བསྩལ་དུ་གསོལ༔ ད་སྐྱབས་འགྲོ་སེམས་


CMR010_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ནས༔ སེམས་ཅན་ཐམས་ཅད་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་པ་མཆོག་སྤྱད་ནས༔ འགྲོ་ཕན་སངས་རྒྱས་མྱུར་ཐོབ་ཤོག ། གསུམ་མམ་ཚིག་རྗེས་མ་གསུམ༔ ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན༔ བྱིན་པས་དངོས་གྲུབ་ཐོབ་པར་འགྱུར༔ ཏེ་བྱོ་ཛ་ཧུ་ཧཱུྃ་ཕྱོ༔ བཙན་དུག་སྡོང་པོས་བདུད་རྩི་བསྒྲེས་པའི་དམ་ཆུ་སྦྱིན་པར་བསམས་ལ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ས་མ་ཡ་ཀ་ཧི་ཧ་ས་ཧཱུྃ༔ སླར་ཡང་གསོལ་འདེབས་འདིའི་རྗེས་ཟློས་མཛོད༔ སངས་རྒྱས་ཀུན་གྱི་རང་བཞིན་སྐུ༔ སློབ་དཔོན་ཁྱེད་ལ་བདག་སྐྱབས་མཆི༔


CMR010_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟད་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱེད་ཀྱིས་བསྒྲལ་དུ་གསོལ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ད་སློབ་མ་ཁྱེད་རང་རྣམས༔ སྟོང་པའི་ངང་ལས་གུར་དྲག་ཕུར་མཇུག་ཅན༔ ཞལ་བཞི་ཕྱོགས་བཞིར་བལྟས་ནས་རྒྱལ་འགོང་འདུལ༔ ཕྱག་བཞི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་༔ སྡིག་པ་འཛིན་ཏེ་འོག་གཉིས་གྲི་ཁ་ཊཾ༔ སྐུ་སྨད་ཕུར་པ་དབལ་དང་ལྡན་པ་ནི༔ རྒྱལ་བསེན་སྙིང་ཁར་དབལ་མི་ཐུབ་པར་ཟུག༔ ཨོཾ་ཨཱཿཧཱུྃ༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག་པས༔ སྐད་ཅིག་གིས་གུ་རུ་དྲག་པོ་ཕུར་མཇུག་ཅན་གྱི་སྐུ་གསུང་ཐུགས་སུ་ཁྲོས་ནས་འུར་སྒྲ་ཆེམ་སྒྲ་དང་བཅས་ཏེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ དབྱངས་རོལ་མོ་སྤོས་དང་བཅས༔ ཧཱུྃ༔ གུར་དྲག་ཕུར་མཇུག་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ རྩ་སྔགས་དང་༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་


CMR010_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བརྗོད༔ རྡོ་རྗེ་མགོར་བཞག་ལ༔ ཏིཥྛ་བཛྲ༔ དེ་ནས་བུམ་པ་ཐོགས་ལ༔ ཧཱུྃ༔ འདི་ནི་གནམ་ལྕགས་གཞལ་ཡས་ཁང་༔ དེ་ནང་བླ་མ་དྲག་པོ་ནི༔ གསལ་བ་ཁྱེད་ཀྱི་མགོར་བཞག་པས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཀུམ་བྷ་ས་ནི་ཨ་ཡེ༔ འབའ་འབུ་ཨ་ཡི་ཀ་ཀི་ཀ་ཀོ༔ རྩ་སྔགས་བརྗོད་ཅིང་བུམ་པ་མགོར་བཞག་བུམ་ཆུ་བླུད༔ སྐུ་གཟུགས་ཐོགས་ལ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོའི་སྐུ༔ སྐྱེས་བུ་སློབ་མ་ཁྱོད་ཀྱི་ནི༔ སྤྱི་བོར་བདག་གིས་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ལྷབ་ལྷབ་པ་ལྡི་མ་པ་སྐུ་་ཧ་སྱ་ཡེ༔ ཧཱ་ཏྲ་ཀ་ལེ་ཀི་ལེ་ཀ་ས་ལེ་སི་ལེ་པ་ཏཾ༔ བ་ལེ་བི་ལེ་བ་ཏཾ༔ ཧ་ཧཱུྃ་ས་ཏིམ་ས་ཏིམ་རྩ་སྔགས༔ ཀཱ་ཡ་ཨ་བྷི་ཊིཉྩ་ཧཱུྃ༔ དེ་ནས་རྡོ་རྗེ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་གནམ་ལྕགས་རྡོ་རྗེ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རལ་གྲི་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་རལ་གྲི་འབར་བ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ ཏིཀ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་


CMR010_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡིག་པ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་ལྕགས་སྡིག་མགོ་དགུ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ རཀྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁ་ཊཾ་ལག་ཏུ་ཐོགས་ལ༔ ཧཱུྃ༔ འདི་ནི་བླ་མ་དྲག་པོ་ཡི༔ ཕྱག་མཚན་ཁ་ཊཾ་འབར་བ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བླ་མ་དྲག་པོའི་དབང་ཐོབ་ཤོག༔ རྩ་སྔགས༔ ཏྲི་ཤུ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ མར་མེ་ཕུལ་ནས་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད༔ མ་ཧཱ་གུ་རུ་ཙིཏྟ་མ་མ་ཏ་རི་ཀླུ་ཥ་བྱ་ན་ཧྱ༔ འབྲས་སྙེ་ཐོགས་ལ༔ ཧཱུྃ༔ འདི་ནི་རིན་ཆེན་འབྲས་སྙེ་སྟེ༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ དྲག་པོ་ཕུར་མཇུག་གསུང་དབང་ཀུན༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨ་ཀྵི་ཧ་ཀྱི་པ༔ ཀྱི་ཀྱི་ཀླུ་བེ་གེ་ན་ཧ་ཡ་སྭཱ་ཧཱ༔ ཀྱེ་ཀྱེ་་ཧེ་ཧི་ཧེ་བྱེ་ཀ་ཏི་ཀ་ཀ་ཏི༔ དུང་དཀར་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གཡས་འཁྱིལ་རྩ་རྗེས་ཡོངས་རྫོགས་དོད་པ་འདི༔ བུ་ཁྱོད་སྙིང་ཁར་བཞག་པའི་བྱིན་རླབས་ཀྱིས༔ དྲག་པོ་ཕུར་མཇུག་ཐུགས་དབང་ཐོབ་བར་ཤོག༔ ཨ་ཨ་ཨ་ཨ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་


CMR010_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཧ༔ ཀ་ཏིམ་ཡ་ན༔ ག་ཀོ་བང་བ་ཏི༔ ཞིང་དབྱུག་གམ་ཐོད་ཕྲེང་ཐོགས་ལ༔ ཧཱུྃ༔ སློབ་མ་རིགས་ཀྱི་བུ་ཁྱོད་ལ༔ ཞིང་དབྱུག་ཐོད་ཕྲེང་དབང་བསྐུར་བས༔ དྲག་པོ་ཕུར་མཇུག་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་དབང་ཐོབ་ཤོག༔ གྷི་ཧུ་ར་ཧ་གྱ༔ ཧེ་ཨ༔ ཧཱུྃ་ཧཱུྃ༔ ད་གཏོར་མ་འདི་ཉིད་གུར་དྲག་ཕུར་མཇུག་ཅན་མངོན་སུམ་དུ་གསལ་བ་ཁྱེད་རང་གི་སྤྱི་བོར་བྱོན་འོད་དུ་ཞུ་ཁྱེད་རང་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ གཏོར་མ་འདི་ནི་གུར་དྲག་ཕུར་མཇུག་ཅན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ བཅོམ་ལྡན་རིགས་བདག་སྣང་བ་མཐའ་ཡས༔ གུ་རུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལྷ་མཆོག་རྡོ་རྗེ་གཞོན་ནུ༔ ལྷ་བཞི་གཅིག་བསྡུས་གུ་རུ་དྲག་པོ་ཕུར་མཇུག་ཅན་གྱིས་སློབ་མ་འདི་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ༔ བརྒྱལ་ནད་སྨྱོ་འབོག་སྲོག་རླུང་སྟོད་འཚངས་ལྕི་ཞིང་འཐིབས་པ་དང་བརྒྱལ་ཞིང་འབོགས་པའི་ནད་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་མཛད་དུ་གསོལ༔ ཕོ་གདོན་རྒྱལ་པོ་འགོང་པོ་སྤུན་


CMR010_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དགུ༔ དམ་སྲི་དམར་ནག་རྒྱ་འདྲེ་གསར་རྙིང་༔ གདུག་འདྲེ་དམ་སྲི་རིགས་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ༔ མ་ཉི་ཏ་ཡ་ཀ་ཏི་ཧུ༔ ཧ་སྱ་ལ་མྱ་སེ་ལེ་ཡེ༔ ལྕེ་ལྕེ་མྱ་ཏྱ་རྒྱ་ཧཱུཾ་ཧཿ ཨོཾ་ཨཱཿཧཱུཾ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་པཱ་པ་ནན༔ བཛྲ་རཀཱ་ནན༔ ཧེ་ལ་མ་ནན༔ བྷ་ལ་དྷཱ་ན་ནན༔ གུ་ཧུ་ཏི་ལ་ནན༔ བཛྲ་དྷ་དྷི་ནན༔ ཏི་ལ་ཏི་ལ་ནན༔ བཛྲ་བཛྲ་ཧ་ཕྱུང་རཀྵ་རཀྵ༔ སི་ཏ་འུ་སུ་ནན༔ རྭ་ཙ་ཨ་མུ་ཀ༔ ཙིཏྟ་རྦད༔ ཚྭ་ས་རྦད༔ རཀྟ་རྦད་རྦད༔ ཀཾ་ནི་རི་ཏི་རྦད་རྦད༔ གོ་རོ་ཙ་ན་ཆད་ཆད༔ བ་སུ་ཏ་རྦད་རྦད༔ ཙིཏྟ་ཕྱུང་༔ ཙིཏྟ་གཏུབས༔ ཨ་ཏྲི་ལ་ཕི་དྷི་ཡེ་སྭཱ་ཧཱ༔ འོ་དེས་དྲག་པོ་ཕུར་མཇུག་གི་དབང་ལེགས་པར་ཐོབ་པ་ཡིན་པས་ད་ནས་བཟུང་སྟེ༔ རང་ཉིད་གུ་རུ་དྲག་པོར་བསྒོམ༔ རང་གི་མེ་ཡི་ཚྭ་ཚྭ་ལས༔ རང་འདྲའི་གུ་རུ་དྲག་པོ་རེ༔ གདོན་བགེགས་རྒྱལ་བསེན་མི་ཚུགས་བསྒོམ༔ གཟུགས་རྣམས་ཐམས་ཅད་གུར་དྲག་བསྒོམ༔ སྒྲ་རྣམས་ཐམས་ཅད་དྲག་སྔགས་


CMR010_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ གནོད་བྱེད་རྒྱལ་བསེན་མི་ཚུགས་བསྒོམ༔ དེ་ལྟར་ཉམས་སུ་ལེན་སྙམ་པས་རྗེས་ཟློས་མཛོད༔ ཀ་ཏི་ཀ་པ་མ་ཡ༔ ཨ་མྲྀ་ཏ་ལའི༔ ཧ་ལ་ཧ་ལ་པ་གྷ་ས་མ་ཡ༔ ཨ་དྷེ་ཝ་ཨ་ས་མ་ཡ༔ ན་ར་ཀ་ག་ཛཱ་སྭཱ་ཧྭ༔ མཎྜལ་ཕུལ༔ ས་གཞི་སྤོས་སོགས། འདི་བཀའ་རྒྱ་དགོས་ཤིང་ཤིན་ཏུ་གཉན་པས་མང་དབང་མི་རུང་༔ ཡོན་ཏན་ཅན་ནམ་སྔོན་བསྙེན་སྒྲུབ་འགའ་རེ་ཐོན་ཀྱང་༔ སྲོག་རླུང་རྒྱལ་གཟེར་ནད་བྱུང་བས་ཅིས་ཀྱང་མ་ཕན་པ་ལ་འདིའི་གེལ་དབང་མང་དུ་བསྐུར་ཏེ༔ འདིའི་མངོན་རྟོགས་བྱིན་ནས་བསྙེན་པ་བྱེད་བཅུག་ན་ངེས་པར་ཕན༔ སྔོན་དུ་བསྙེན་སྒྲུབ་ཅི་མང་མ་ཐོན་པའི་གསར་བུས་ནི་རྒྱུན་བསྙེན་ཕྲེང་བསྐོར་ཡ་ཟུང་ཙམ་རུང་གི༔ དུས་གཅིག་ཚན་ཆེན་བཟླས་ན་མི་ནོན༔ རེ་ཞིག་ཐུ་འོང་བས་གོང་བསྙེན་གཞན་སོང་མ་སོང་དང་བསྟུན༔ འདིའི་བསྙེན་པ་འབུམ་ཕྲག་ལྷག་སོང་ཡང་བདེ་ཁ་མ་བྱུང་ན༔ ལས་སྦྱོར་གྱི་དམིགས་པ་དང་སྔགས་རིང་སྦྱར་ལ་བཟླས་པས་ངེས་པར་ཕན༔ རང་ལ་བརྒྱལ་ནད་སོགས་མེད་ཀྱང་༔ དུས་ཀྱི་དབང་གིས་རྒྱལ་འགོང་གི་གནོད་པ་ཆེ་བར་འདུག་པ་ལ༔ དྲན་རྫོགས་སུ་བསྒོམས་ནས་བསྙེན་པ་ཅུང་ཟད་རྒྱུན་བསྙེན་བྱས་ན་རང་སྲུང་གི་མཆོག་ཡིན་ཏེ༔ རྒྱལ་འགོང་གི་རིགས་བྱེ་བ་དུང་ཕྱུར་སོགས་ཡོད་པས༔ རང་ལ་གནོད་པའི་རྒྱལ་འགོང་གང་ཡིན་པ་དེའི་སྙིང་དཀར་ནག་མཚམས་སུ་སྐུ་སྨད་ཕུར་པའི་རྩེ་དམ་དུ་ཟུག་པར་བསྒོམ་པ་གནད་ཡིན་ནོ༔ ཞེས་པ་


CMR010_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་བྱུང་བའི་སྒྲུབ་ཐབས་དང་ལས་ཚོགས༔ གཟུངས་དབང་རྣམས་དབང་བཤད་ཀྱིས་བརྒྱན་ཏེ་ཁྱེར་བདེ་བར་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ༔ འདི་ལ་སྦ་འོས་གསལ་བར་བཀོད་པའི་ཉེས་པ་གང་མཆིས་གིང་གི་མགོན་པོ་འཁོར་དང་བཅས་པ་ལ་བཤགས་སོ༔ བཟོད་པར་བཞེས་ཤིག༔ འདི་བྲིས་པའི་དགེ་བས་འདི་དང་འབྲེལ་པ་ཐོགས་ཚད་གདུག་འདྲེའི་གནོད་པ་ཞི་ནས་ལུས་སེམས་བདེ་བ་དང་ལྡན་ནས༔ སྡུག་བསྔལ་དང་བྲལ་བར་གྱུར་ཅིག༔ མངྒ་ལཾ༔ བྷ་ཝནྟ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགུ་དྲག་ཕུར་མཇུག་གི་དབང་རྒྱལ་འགོང་འདུལ་བྱེད་ཤིན་ཏུ་བཀའ་གཉན་པས་བཀའ་རྒྱ་དོག་པར།next