Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
བཀའ་བརྒྱད་བརྒྱུད་རིམ་གསོལ་འདེབས་ཁྱད་པར་ཅན་བཞུགས་པའི་དབུ་ཕྱོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབཀའ་བརྒྱད་བརྒྱུད་རིམ་གསོལ་འདེབས་ཁྱད་པར་ཅན་བཞུགས་པའི་དབུ་ཕྱོགས།next

བཀའ་བརྒྱད་བརྒྱུད་རིམ་གསོལ་འདེབས་ཁྱད་པར་ཅན་བཞུགས་པའི་དབུ་ཕྱོགས།


CMR011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བརྒྱུད་རིམ་གསོལ་འདེབས་ཁྱད་པར་ཅན་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྷི་ཧཱུྃ། རིག་འཛིན་ཐོད་རྩལ་རིག་འཛིན་ཚོགས། །བདེ་གཤེགས་ཞི་བ་བཞི་བཅུ་གཉིས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །འཇམ་དཔལ་བཤེས་གཉེན་གནུབས་སྟོན་དང་། །གཤིན་རྗེའི་གཤེད་པོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཀླུ་སྒྲུབ་རྒྱལ་བ་མཆོག་དབྱངས་དང་། །པདྨ་དབང་ཆེན་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཧཱུཾ་ཆེན་ཀཱ་ར་ནམ་སྙིང་དང་། །


CMR011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཧེ་རུ་ཀའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །བི་མ་གཉགས་ཆེན་ཛྷཱ་ན་དང་། །དཔལ་ཆེན་ཆེ་མཆོག་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །པྲ་ཆེན་ཧསྟི་མཚོ་རྒྱལ་དང་། །རྡོ་རྗེ་གཞོན་ནུ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །དྷ་ན་སཾ་སྐྲྀ་དཔལ་ཡེ་ཤེས། །བླ་མེད་ཁྲག་འཐུང་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་


CMR011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །དྷེ་ཝ་ཙནྡྲ་གླང་དཔལ་སེང་། །དྲེགས་པ་ཀུན་འདུལ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། ། ཤིནྟཾ་གནྡྷ་བེ་རོ་ཙཱ། །སྟོབས་ལྡན་ནག་པོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཁྲི་སྲོང་ཉང་རལ་གུ་རུ་ཆོས་དབང་ཕྱུག༔ རིག་འཛིན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཅེ་སྤྱང་མ་བརྒྱད་དབང་ཕྱུག་ཚོགས། །གྲི་ཤོ་ཤན་ཁྲམ་བཅུ་དྲུག་པོ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །ཁྱི་སྤྱང་འབྲུག་ལོང་ཕོ་ཉ་དང་། །ཕུར་སྲུང་བཅུ་དྲུག་མ་མོའི་ཚོགས། ། གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་པོ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །མ་ནིང་སྡེ་ལྔ་གཏེར་སྲུང་དང་། །གིང་ལང་དཔའ་བོ་ཌཱཀི་མ། །བརྟན་མ་མགུར་ལྷ་དགེ་བསྙེན་


CMR011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བར་ཆད་སོལ་ལ་དངོས་གྲུབ་སྩོལ། །རྟགས་དང་མཚན་བཟང་བསྟན་པ་དང་། །དངོས་གྲུབ་མ་ལུས་འདིར་སྩོལ་ཅིག །ཅེས་བཀའ་བརྒྱད་དབང་མོ་ཆེ་བཙུགས་དུས་ཚུབ་སློང་ཆེན་པོ་བྱུང་དུས་ཚེས་བཅུ་ལ་ཀརྨ་ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


no previousབཀའ་བརྒྱད་བརྒྱུད་རིམ་གསོལ་འདེབས་ཁྱད་པར་ཅན་བཞུགས་པའི་དབུ་ཕྱོགས།next