Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང་ལས་བྱང་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང་ལས་བྱང་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན།next

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང་ལས་བྱང་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན།


CMR011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང་ལས་བྱང་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན་བཞུགས་སོ། །རྒྱས་བསྡུས་གང་ལ་ཡང་གཞུང་འདི་ཡིན་ནོ།།


CMR011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

།ཧོ།མཐཾ༔ བཅོམ་ལྡན་འདས་ཞི་ཁྲོ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོ་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་གཞུང་བསྲང་བ་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་མོ༔ སྔོན་འགྲོ་ཐུན་མོང་ལས་བདུན་ཏེ༔ མཚམས་གཅོད་སྒོ་དབྱེ་བརྡའ་ཕྱག་འཚལ༔ དམ་བཅའ་བྱིན་དབབ་མཆོད་བཤགས་བྱ༔ དངོས་གཞི་ལས་རིམ་ཉེར་ལྔ་སྟེ༔ ཏིང་འཛིན་རྣམ་གསུམ་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་བྱིན་དབང་བསྐུར༔ རང་བཞིན་སྤྱན་དྲངས་བརྟན་པར་བཞུགས༔ ཕྱག་དང་ཕྱག་རྒྱ་གླུས་མཆོད་ཅིང་༔ ཕྱི་དང་ནང་དང་གསང་མཆོད་བྱ༔ དུག་གསུམ་སྨན་གཏོར་རཀྟ་དང་༔ བདུད་རྩི་གསང་མནན་སྦྱོར་སྒྲོལ་མཆོད༔ བསྟོད་བཤགས་འཛབ་བཟླས་དངོས་གྲུབ་བླངས༔ རྗེས་ཀྱི་ལས་འགྲིགས་བཅུ་


CMR011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྟེ༔ ཆེ་བ་བསྐྱེད་ཅིང་ཕྲིན་ལས་བསྐུལ༔ ཚོགས་དང་ལྷག་ཆོག་གཏོར་སྐྱོང་བྱ༔ གཏོར་ཟོར་བརྟན་མ་རྣམ་བཞི་བྲོ༔ དཀྱིལ་འཁོར་བསྡུ་དང་རྒྱུན་སྤྱོད་བྱ༔ དེ་དག་ལས་གཞུང་རྩ་ཐོར་སྡེབས༔ བསྐལ་པ་ཅན་དང་འདི་འཕྲད་ཤོག༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤརྒྱ།མུཤ༔ ཧཱུྃམཎྜ༔ ཐུགས་དམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ གསང་བ་སྒྲུབ་ཆེན་གྱི་གཞུང་བསྲང་ལ༔ སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ་མོ༔ སྔོན་འགྲོ་ཐུན་མོང་ལ་བདུན་ཏེ༔ དང་པོ་ཕྱི་ནང་གསང་བའི་མཚམས་བཅད་པ་ནི༔ དེ་ལ་དང་པོ་རང་ཉིད་ཏིང་ངེ་འཛིན་ལྟ་བའི་མཚམས་ཀྱིས་བསྐྱེད་དོ༔ ཧཱུྃ༔ རྒྱལ་བ་ཡོངས་རྫོགས་ཞི་ཁྲོའི་དཀྱིལ་འཁོར་དུ༔ སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་


CMR011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚོགས༔ ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན༔ རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ༔ འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས༔ བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲཅུ་གྲིཉྩ་ཧཱུྃ༔ གྲིབྟ་པ་ཡ་གྲིདྡྷཱ་པ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝན༔ བིད་རཱ་ཙ་ཧཱུྃ་ཕཊ༔ གཉིས་པ་མཚོན་ཆའི་མཚམས་ཀྱིས་བསྲུང་བ་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས༔ དྲག་པོ་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ༔ མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར༔ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་ཁྱབ་པར་བསྲུངས༔ ཨོཾ་བཛྲ་ཙཀྲ་ཏིག་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ༔ ཁྲོ་བོ་རོལ་པའི་མཚམས་བཅད་པ་ནི། ཧཱུྃ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་སོགས༔ གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་སྒྲོག་ཅིང་བཞུགས༔ བར་ཆད་འབྱུང་པོ་ཐམས་ཅད་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་དྷ་སྭ་བྷ་ཝ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་བྷི་ཤ་ཙཀྲ་ཛྭ་ལ་མནྜ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ༔ དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་


CMR011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་༔ གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལྷ༔ དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པའི༔ རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག༔ བྷཾ་པྲ་ཝེ་ཤ་ཡ་ཕཊ༔ བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ༔ མ་རྟོགས་རང་ངོ་རང་གིས་མ་ཤེས་པས༔ ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཐོང་༔ རང་རིག་བརྡ་ཡི་དོན་དང་མཇལ་ཕྱག་འཚལ༔ ཧཱུྃ་ཧེ་རུ་ཀ་ཨ་ཏི་པཱུ་ཧོ༔ པྲ་ཏི་ཛཧོ༔ དེ་ནས་དམ་བཅའ་ཡོངས་སུ་བཟུང་བ་ནི། ཧཱུྃ༔ དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས༔ བསྐལ་པ་སྔོན་འདས་དུས་ན་ཡི་དམ་ལྷ༔ ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས༔ སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ༔ ཨོཾ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ༔ དེ་ནས་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་ལྔ་ཡི་ཕོ་བྲང་ནས༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་རིགས་ལྔའི་ཞི་ཁྲོ་འཁོར་དང་བཅས༔ སྤྲུལ་སྐུ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ ཐུགས་དམ་དབང་གིས་གནས་འདིར་གཤེགས་སུ་གསོལ་༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་


CMR011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ དམ་རྫས་མཆོད་གཏོར་འདི་ལ་བཅུད་ཅིག་ཕོབ༔ བསྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་ཞིག་བསྐུར༔ བྱིན་རླབས་མཐུ་རྩལ་འབྱུང་བའི་དུས་ལ་བབ༔ ཁྱེད་ཀྱི་ཐུགས་རྗེ་མཆོག་གིས་བཟུང་དུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀྲོ་ཏ་དྷེ་ཝ་སརྦ་དུཥཱན་དྷཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི༔ ཧཱུྃ༔ རང་དང་གཉིས་མེད་ལྷ་ཚོགས་ལ༔ མར་མེ་སྨན་གཏོར་རཀྟ་དང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རྣམས༔ ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྛ་ཧཱུྃ༔ ཨོཾ་བཛྲ་གྷནྡྷེ་ཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུྃ༔ ཨོཾ་བཛྲ་ནེ་ཝིདྱ་ཧཱུྃ༔ ཨོཾ་བཛྲ་ཤབྡ་ཧཱུྃ༔ བཛྲ་སརྦ་པཱ་ཙ་མེ་གྷ་ཧཱུྃ་སྭཱ་ཧཱ། ཞེས་དགུའམ་ཉེར་གཅིག་བརྗོད༔ དྲིའི་ལྷ་མོ་སྔོན་མོས་སྤོས་མེ་ཐོགས་པ༔ མེ་ཏོག་ལྷ་མོ་དཀར་མོས་མེ་ཏོག་ཐོགས་པ༔ མར་མེའི་ལྷ་མོ་དམར་མོས་མར་མེ་ཐོགས་པ༔ དྲི་ཆབ་ལྷ་མོ་དཀར་མོས་དྲི་ཆབ་ཐོགས་པ༔ ཞལ་ཟས་ལྷ་མོ་དཀར་མོས་ཞལ་ཟས་ཐོགས་པ༔ རོལ་མོའི་ལྷ་མོ་ལྗང་ཁུས་སིལ་སྙན་ཐོགས་པ་རྣམས་ཀྱིས་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་གང་ཞིང་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་


CMR011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཧཱུྃ་ཧི་ཁཱ་ཧཱུྃ༔ ཨོྃ་ཨཱ༔ཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛཱ་བ་ལིཾ་ཏ་བ་ལ་བ་ཏེ་གྲུ་ཡ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མ་དྷ་ལ་ཧཱུྃ་ཧཱིཊ་ཕཊ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཙ་མ་ཧཱ་པཉྩ་མ་ཧཱ་བྷ་ལིཏྟ་མ་ཧཱ་རཀྟ་ཨ་ཧོ་སུ་ཁ་ས་མ་ཡ་སྭཱ་ཧཱ༔ དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དགོངས༔ བསྐལ་པ་སྔོན་ནས་ད་ལྟའི་དུས་ཡན་ཆད༔ རྩ་བ་ཡན་ལག་དམ་ཚིག་ཚིག་ཉམས་སོགས༔ རང་གནོང་འགྱོད་སེམས་དྲག་པོས་མཐོལ་ཞིང་བཤགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ས་མ་ཡ་ཛ༔ ན་ར་ཀ༔ ཕྲེ་ཏ་ཀ༔ ཏིརྱ་ཀ༔ ནི་ཝི་ཤན༔ མ་ནུ་ཤརྗེ་ཝ་ཏཱི༔ དྷེ་ཝ་ཨ་མི་དྷེ་བི་ཤུདྡྷེ་བི་ཤུདྡྷེ་དག་ཤ་ཀ་བི་ཤུདྡྷེ་སྭཱ་ཧཱ༔ དེ་ཡན་ཆད་སྔོན་དུ་འགྲོ་བའོ༔ གསང་བ་སྒྲུབ་ཆེན་གྱི་གཞུང་བསྲང་བའོ༔ དངོས་གཞི་ཁྱད་པར་བསྐྱེད་རྫོགས་ཀྱི་ལས་ཉེར་ལྔས་སྟོན་པ་ལ་དང་པོ་ནི༔ ཧཱུྃ༔ སྤྲོས་མེད་ཡང་དག་དེ་བཞིན་ཉིད༔ མཉམ་ཡང་ཕྱོགས་བྲལ་ཀུན་ཏུ་བརྡལ༔ མ་ནོར་མ་བཅོས་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་ངང་གིས་གསལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྷཱ་ན་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ༔ ཧཱུྃ༔ དེ་བཞིན་ཀུན་ཁྱབ་ཀུན་ཏུ་སྣང་༔ མ་རིག་འཁྲུལ་སྣང་འཁོར་བའི་ཀློང་༔ གཟུང་འཛིན་


CMR011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་རབ་ཏུ་འཐས༔ མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ ཨོཾ་དྷརྨ་དྷརྟ་པྲ་བྷ་ཝ་བི་ཤུདྡྷེ་མ་དྷ་ལ་ཧཱུྃ༔ ཧཱུྃ༔ ཆོས་རྣམས་རང་བྱུང་རྟེན་འབྲེལ་ཏེ༔ རྒྱུ་ལས་མ་བྱུང་གང་ཡང་མེད༔ ཧཱུྃ་ནི་ཐམས་ཅད་བསྐྱེད་པའི་རྒྱུ༔ དགོས་འདོད་འབྱུང་བའི་ཡི་གེ་བསྒོམ༔ ཡེ་ཤེས་སེམས་དཔའི་རང་བཞིན་ནོ༔ ཙིཏྟ་བཛྲ་ཧཱུྃ༔ རཾ་ཡཾ་ཁཾ༔ དེ་ནས་འབྱུང་བ་རིམ་བརྩེགས་བསྒོམ་པ་ནི། ཧཱུྃ༔ བསྐལ་པ་གསུམ་གྱི་འཇིག་རྟེན་སྟོང་༔ ཡེ་ནས་དག་པའི་ངང་ཉིད་ལས༔ སྣོད་བཅུད་སྦྱང་ཕྱིར་འབྱུང་རིམ་བརྩེགས༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་གསལ༔ ཧཱུྃ་ཨེ་ཡཾ་ར་སུཾ་ཀེ་རཾ་ཧཱུྃ༔ ཧཱུྃ༔ ཨེ་ལས་ནམ་མཁའ་མཐའ་དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་༔ ར་ལས་རཀྟའི་རྒྱ་མཚོ་འཁྱིལ༔ སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ ཀཾ་ལས་རུས་པའི་རི་རབ་སྟེང་༔ རཾ་ལས་བསྐལ་པའི་མེ་དཔུང་འབར༔ དེ་ནས་གཞལ་ཡས་ཁང་རྟེན་བརྟེན་བཅས་བསྐྱེད་པ་ནི། ཧཱུྃ༔ ཧཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་༔ དུར་ཁྲོད་རབ་འཇིགས་དཀྱིལ་འཁོར་བསྐྱེད༔ ཟླ་གམ་ཡེ་ཤེས་འཆར་སྒོའི་དབུས༔ ཆོས་སྐུ་འགྱུར་མེད་ཨེ་རུ་གསལ༔ བྷནྡྷ་སྐམ་རློན་ཕོ་བྲང་བརྩེགས༔ རིན་ཆེན་


CMR011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པའི་དཀྱིལ་འཁོར་དགུ༔ འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས༔ གྲུ་ཆད་བར་ཁྱམས་སྒོ་ཁྱུད་རྫོགས༔ ཕྱི་ནང་མེད་པར་ཀུན་ཏུ་གསལ་རང་བཞིན་ལྷུན་གྲུབ་ངོ་མཚར་ཆེ༔ དྲེགས་པ་པདྨ་ཉི་ཟླའི་གདན༔ གཙོ་དང་འཁོར་ལ་འཚམས་པར་གསལ༔ ཧཱུཾ་བི་ཤྭ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜལ་ཧཱུྃ་བྷྱོ༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ༔ མ་སུརྱ་མཎྜ་ལ་ཧཱུྃ༔ ཨ་ཙནྡྲ་མཎྜ་ལ༔ པཾ་པདྨ་མཎྜ་ལ༔ དེ་ནས་ལྷ་གཙོ་འཁོར་ཡོངས་རྫོགས་སུ་བསྒོམ་པ་ནི༔ ཧཱུྃ༔ རྒྱུ་ཡི་ཡི་གེ་གཏན་ལ་དབབ༔ སྤྲོ་བསྡུ་སྦྱོར་བ་དཔལ་ཆེན་སྐུ༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་གྱད་ཀྱི་འདོར་ཐབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུ་རྒྱན་ཐུགས་སྲོག་ཧཱུྃ༔ སྤྱན་དགུ་ཞལ་བསྒྲད་མཆེ་བ་གཙིགས༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷནྡྷ་འཛིན༔ དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན༔ གནམ་ཞལ་ཡུམ་ཆེན་ཀུན་བཟང་སྦྱོར༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་༔ གཡས་པས་གཙོ་འཁྱུད་ཁཊཾ་འཛིན༔ གཡོན་པས་དུང་དམར་གཙོ་ལ་


CMR011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབ༔ ཡབ་ཡུམ་སྦྱོར་བའི་བྱིན་རླབས་ལས༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏཱི་ཤྭ་རི་སྟོ༔ ཧཱུྃ༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀ་ནས༔ ཕྱོགས་བཞི་མཚམས་བཞིའི་དཀྱིལ་འཁོར་དུ༔ མཐིང་ནག་ཧཱུྃ་ཆེན་ཡིག་འབྲུ་སྤྲོས༔ ཁྲག་འཐུང་ཡབ་ཡུམ་སྲས་བཅས་བསྐྱེད༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ རྒྱུ་ལས་བསྐྱེད་པའི་སྔགས་བརྗོད་པས༔ ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བསྐལ་པའི་མེ་དཔུང་ཀློང་དཀྱིལ་ནས། རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ བཀའ་བརྒྱད་གསལ་གདབ་པ་ནི༔ དང་པོ་ཤར་དུ་ཡང་དག་ཡབ་ཡུམ་བསྐྱེད་པ་ནི༔ ཧཱུྃ༔ ཤར་དུ་བཛྲ་ཧེ་རུ་ཀ༔ བཛྲ་ཀྲོ་ཏཱི་ཤྭ་རཱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ ཟ་བྱེད་བྷེ་ཏ་ནག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཏུ་དབང་ཆེན་རྟ་མཆོག་རྒྱལ༔ པདྨ་གཟི་ལྡན་ཁྲོ་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་


CMR011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གསལ༔ ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་དུ་རྡོ་རྗེ་གཞོན་ནུ་ཆེ༔ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ཉིད་བཞི་བདེ་མཆོག་ཡུམ་ཆེན་མོ༔ མ་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤཱི་ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་རིག་འཛིན་ཐོད་པ་རྩལ༔ རྡོ་རྗེ་རྣལ་འབྱོར་གསང་བའི་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ༀ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་དྲེགས་པ་ཀུན་འདུལ་རྗེ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྚ་སརྦ་དུཥཱན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་སྟོབས་ལྡན་ནག་པོ་ཆེ༔ འབྱུང་བ་ལྔ་ཡི་བདག་མོ་ཡུམ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཎྞཾ་ཨེ་ཛ་བྷྱོ་ཧཱུྃ་ཕཊ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་ཆེན་སོ་སོའི་སྤྲུལ་འཁོར་བཅས༔ ཕྱི་རོལ་སྒོ་བ་རིགས་བཞི་ནི༔ ཡ་མཱན་པྲཛྙཱ་


CMR011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བིག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ ཕྱི་རིམ་ལྕགས་རིའི་འཁོར་ཡུག་ལ༔ མཁའ་འགྲོ་དབང་ཕྱུག་གིང་ལང་ཀ༔ འབར་མ་མ་སྲིང་བཀའ་སྡོད་ཚོགས༔ བསམ་གྱིས་མི་ཁྱབ་ཡོངས་རྫོགས་གཏིབས༔ མ་ཧཱ་མུ་ཏྲ་ས་མ་ཧོ༔ ཞེས་ལྷ་བསྐྱེད་པར་བྱའོ༔ ཤམགྱིgཐ། སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཁྲོ་བོ་རོལ་པའི་གཏོར་ཟློག་འདི་ལ༔ རྒྱལ་པོའམ་བསོད་ནམས་ཅན་གྱི་ཟློག་པ་བྱེད་ན༔ དབུ་ཉི་ཤུ་རྩ་གཅིག་པ་ལ་ཁོག་ཕུབ༔ བཙུན་མོ་དང་བློན་པོ་ལྟ་བུའི་ཟློག་པ་བྱེད་ན༔ དབུ་དགུ་ཕྱག་བཅོ་བརྒྱད་པ༔ དམངས་ལྟ་བུའི་ཟློག་པ་བྱེད་ན༔ ཞལ་གསུམ་ཕྱག་དྲུག་པ་ལ་ཁོག་ཕུབ་ལ་མན་ངག་གི་ཡི་གེ་ལས་འབྱུང་བ་དང་༔ གཏེར་གཞུང་བསད་ལས་བཏུའི་ཡིག་ཆུང་ལས༔ གཏོར་མ་མདུན་བསྐྱེད་ནི་རྒྱས་པར་དཀྱིལ་འཁོར་དགུ་ཡོངས་རྫོགས་དང་༔ བསྡུ་ན་དུར་ཁྲོད་གཞལ་ཡས་ཁང་དུ་འཁོར་ལོ་རྩིབས་བརྒྱད་ལ་ལྟེ་བར་ཆེ་མཆོག༔ རྩིབས་བརྒྱད་ལ་དཔལ་དགུ་བསྐྱེད་པར་བཤད་ཅིང་༔ དེ་དག་གང་ལའང་ལས་བྱང་གཞུང་བསྲང་བའི་དུས་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་པ་དང་༔ དབང་བསྐུར་བ་དང་༔ ཡེ་ཤེས་གཞུག་པ་དང་༔ མཆོད་བསྟོད་ཟུང་འཇུག་ཏུ་བྱའོ༔ ཞེས་གསུངས་པ་བདག་


CMR011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཚར་ནས༔ མདུན་གྱི་དཀྱིལ་འཁོར་མ་ཀྲྀ་བསྒྲལ་བའི་ཕུང་པོ་ལས༔ རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་༔ ཡངས་ཤིང་རྒྱ་ཆེ་བ་གྲུ་བཞི་སྒོ་བཞི་པ༔ ཕྱི་རིན་པོ་ཆེ་ལ་ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོ་ཕྱི་གཅིག་ལ་ནང་ཕོ་བྲང་གླིང་དགུའི་དབུས་དམར༔ ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་སྨུག་ནག་ཞལ་ཉི་ཤུ་རྩ་གཅིག༔ ཕྱག་བཞི་བཅུ་རྩ་གཉིས་ལ་ཞི་བ་བཞི་བཅུ་རྩ་གཉིས་བསྣམས་པ༔ ཞབས་བརྒྱད་པ་དྲེགས་པ་ཕོ་མོ་གནོན་པ༔ ཡུམ་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ་དབུ་དགུ་ཕྱག་བཅོ་བརྒྱད་པ་དང་ཞལ་སྦྱོར་བ༔ དེ་ལ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་ཀྱིས་བསྐོར་བ༔ ཤར་དུ་བཛྲ་ཧེ་རུ་ཀ་ལ་ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ༔ ལྷོར་འཛམ་དཔལ་གཤིན་རྗེའི་གཤེད་ལ་འཇམ་དཔལ་སྐུའི་ལྷ་ཚོགས་ཀྱིས་བསྐོར་བ༔ ནུབ་ཏུ་པདྨ་དབང་ཆེན་ལ་པདྨ་གསུང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱིས་བསྐོར་བ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ་ལ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱིས་བསྐོར་བ༔ ལྷོ་ནུབ་ཏུ་རྡོ་རྗེ་ཐོད་པ་རྩལ་ལ་རིག་འཛིན་གྱི་ལྷ་ཚོགས་ཀྱིས་


CMR011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ༔ ནུབ་བྱང་དུ་དྲེགས་པ་ཀུན་འདུལ་ལ་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ༔ བྱང་ཤར་དུ་སྟོབས་ལྡན་ནག་པོ་ལ་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ༔ དེ་རྒྱབ་སྒོ་བཞི་ལ་སྒོ་མ་བཞི༔ དེའི་ཕྱི་ཡི་ཁྱམས་ལ་དཔལ་གྱི་ཅི་བགྱིས་ཀྱི་ལྷ་ཚོགས་དཔལ་མགོན་བདུན་ཅུ་ལྷ་སྲིན་སྡེ་བརྒྱད་དང་བཅས་པ༔ དེ་ཐམས་ཅད་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ༔ ནམ་མཁའི་འཇའ་ཚོན་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་གྱུར༔ དེ་ནས་ལས་བྱང་ལྟར་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནས་ཛབ་ཡན་ཆད་བདག་མདུན་ཟུང་འཇུག་ཏུ་བྱ་སྟེ༔ མདུན་བསྐྱེད་ཀྱི་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ༔ མཆོད་པ་བསྟོད་པ་རྣམས་ནི་ལས་བྱང་གིས་ཚང་ལ༔ མཆོད་པ་ཕུད་བསྐང་ཡང་བདུད་རྩི་སྨན་མཆོད་ལ་ཚང་༔ དགོངས་གསོལ་ཟེར་བ་ནི་ཕྲིན་ལས་སྒྲུབ་པའི་སྙན་གསན་དབབ་པ་སྟེ༔ ཆོ་ག་བསྡུས་པའི་སྐབས་སུ་མི་དགོས༔ ཁྱུང་བསྐང་ཡང་བསྐང་བའི་ནང་དུ་དོན་གྱིས་ཚང་ལ༔ ཆེ་བ་བསྐྱེད་པ་ནི་ལས་བྱང་ནང་དུ་འཐུས་ཡོད༔ སྤྱི་བསྐུལ་ཡང་ལས་བྱང་ནང་དུ་འཐུས་ཡོད༔ མཆོད་བྱང་ནི་ཕྱི་མཆོད་ནང་དུ་འདུས༔ བསྟོད་བྱང་ནི་བསྟོད་པ་ལ་འདུས༔ བཤགས་སྦྱང་ནི་བཤགས་པ་ལ་འདུས་ཡོད༔ རྒོད་བསྐུལ་རྒྱས་འབྲིང་གཉིས་ཀྱང་བསྡུས་པ་ལ་


CMR011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འདུས༔ གབ་པ་དོན་བདུན་རྒྱས་འབྲིང་གཉིས་ཀྱང་བསྡུས་པ་ལ་འདུས༔ བསད་པ་ལས་བཅུ་དང་ཕུར་ཐུན་ཚོམ་བསྐུལ་གཉིས་དོན་ལ་བསྒྲལ་ལས་སུ་གཅིག་པ་དང་དེ་གབ་པ་ཆུང་བ་དང་གབ་སྤྱད༔ ཁྱུང་ཟློག་དང་ཁྱུང་གི་ཐན་ཟློག་གཞུང་གི་ཁྱུང་ལ་འདུས༔ དངོས་གྲུབ་ལེན་ཆོག་དང་ཆེ་བ་བསྐྱེད་པ་གཉིས་ལས་བྱང་ལ་འདུས༔ བཞེངས་ཞུས་བསྡུས་པའི་སྐབས་སུ་མི་དགོས་ཏེ་ལམ་བསྟན་ལ་འདུས༔ དཀར་གཏོར་མི་དགོས་སྤྱི་མཚམས་པས་ཆོག༔ རྡོ་བྲོ་ལས་བྱང་གི་དེས་ཆོག༔ ཆད་མདོ་རྒྱས་པ་ཡང་ལས་བྱང་གི་དེས་ཆོག༔ བཤལ་ཆུ་ལས་བྱང་གི་བརྟན་སྐྱོང་ལ་འདུས༔ བཤགས་པ་དལ་བསྡུ་སྨོན་ལམ་རྒྱུན་སྤྱོད་རྣམས་ལས་བྱང་ལ་འདུས༔ ཞེས་པའང་༧རཱ་ག་ཨ་སྱས་བྲིས་པའོ༔ ༈ དེ་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། ཡེ་ཤེས་ལྔས་དབང་བསྐུར་བ་ནི༔ ཧཱུྃ༔ རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་རློབས་ལ༔ ཡེ་ཤེས་རྣམ་ལྔས་དབང་བསྐུར་ཅིག༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཧཱིཧཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཛྙཱ་ན་པཉྩ་སྭ་བྷ་ཝ་ཨཏྨ་ཀོཉཧཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། བདག་དམ་ཚིག་སེམས་དཔའི་ཐུགས་ཀའི་འོད་ཟེར་ལས་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་བཞི་སྤྲོས་ཏེ༔ འོག་མིན་ཆོས་ཀྱི་


CMR011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཀྱི་ཕོ་བྲང་༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ནས༔ ལོངས་སྤྱོད་རྫོགས་པའི་སྐུ་ཞི་ཁྲོ་ཡོངས་རྫོགས་ཚོམ་བུ་དགུ་ཡི་ལྷ་ཚོགས་སྔོན་གྱི་ཐུགས་དམ་དང་ཐུགས་རྗེའི་དབང་གིས་དམ་ཚིག་གི་དཀྱིལ་འཁོར་འདིར་འགྲོ་བ་སེམས་ཅན་གྱི་དོན་ལ་བཛྲ་ས་མ་ཡ་ཛ༔ཛ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུར་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་ས་མ་ཡ་ཛ༔ཧཱུྃ་བཾ་ཧོ༔ ཧྲིང་ཧྲིང་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ ཆུ་ལ་ཆུ་བཞག་ཅི་བཞིན་དུ༔ དུ་མ་རོ་གཅིག་བརྟན་པར་བཞུགས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ ཧཱུྃ༔ ཆོས་རྣམས་རང་བཞིན་ཡེ་ནས་དག༔ རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མ་ཧྲིང་༔ དེ་ནས་ཕྱི་ཡི་མཆོད་པས་ལྷ་གསལ་གདབ་པ་ནི༔ ཧཱུྃ༔ གདུལ་བྱའི་མོས་བློ་ཐ་དད་པས༔ ཞི་དང་ཁྲོ་དང་འདྲེས་པའི་ཚུལ༔ སྐུ་མདོག་ཞལ་ཕྱག་བསམ་འདས་


CMR011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ ལྷ་རྣམས་གསལ་འདེབས་གར་མཆོད་འབུལ༔ ཧཱུྃ༔ དབུས་ཕྱོགས་ཆོས་དབྱིངས་གཞལ་ཡས་ཁང་༔ སེང་ཆེན་ཉི་ཟླ་པདྨའི་སྟེང་༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་སེམས་དཔའ་ནི༔ ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང་༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཡུམ་ཆེན་ཀུན་བཟང་དབྱིངས་ཕྱུག་འཁྲིལ༔ རྒྱན་རྫོགས་སྐུ་གསུང་ཐུགས་སྲོག་ལ༔ རིགས་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཧཱུྃ༔ དབུས་ནས་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་གྱི་ཕྱག་གསུམ་བྷར་འཛིན༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ གཡས་པས་གཙོ་འཁྱུད་ཁཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་


CMR011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐིང་ཞལ༔ རིགས་ལྔའི་དབུ་རྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊཾ་རྗེལ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་ཏཱི་ཤྭ་རཱི་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་སྟ༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བེ་ཏ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེསཾ༔ ཧཱུྃ༔ དཔལ་ཆེན་པདྨ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲལ༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་


CMR011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས༔ ཡུམ་ཆེན་ཨེ་ཀ་ཙ་ཏི་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག །རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊཾ་ག༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞགས༔ གཡོན་གསུམ་བྷན་ཞིང་ག་འུ་བསྣམས༔ ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་


CMR011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ བདེ་གཤེགས་རིག་འཛིན་ཐོད་པ་རྩལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བསྒྲད༔ སྐུ་མདོག་དཀར་དམར་རུས་རྒྱན་མཛེས༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་འཁྲིལ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་བསྐྱེད༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་དྲེགས་པ་ཀུན་འདུལ་རྗེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་སྟོབས་ལྡན་ནག་པོ་ཚེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ དབུ་གསུམ་


CMR011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་འཇིགས་པ་ལ༔ རིགས་ལྔའི་དབུ་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང་༔ གཡོན་གསུམ་བྷནྡྷ་ཀླུབརྒྱད་སྙིང་༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ གཡས་པས་གཟུགས་ཁམས་མཁའ་ལ་འདེག༔ གཡོན་པས་འདོད་ཁམས་ས་ལ་གནོན༔ ཡབ་ཡུམ་ཐབས་ཤེས་ཟུང་འཇུག་རྒྱ༔ ཕྱག་རྒྱ་གར་གྱི་མཆོད་པ་བཞེས༔ ཧཱུྃ༔ སོ་སོའི་རིགས་བཞི་འཁོར་ཚོགས་རྣམས༔ ཞལ་དང་ཕྱག་མཚན་ཅི་བསྒྱུར་ཡང་༔ བདེ་གཤེགས་ཐམས་ཅད་གར་གྱི་བདག༔ ཕྱག་རྒྱ་གར་གྱི་མཆོད་འབུལ་བཞེས༔ མ་ཧཱ་མུ་དྲ་པཱུ་ཙ་ཧོ༔ དེ་ནས་རྡོ་རྗེ་གླུ་ཡི་མཆོད་པ་ནི༔ ཧཱུྃ༔ སྟོང་པའི་རང་བཞིན་ཅིར་ཡང་སྣང་༔ སྣང་བའི་མཚན་ཉིད་སྐྱེ་བ་མེད༔ གླ་ནི་འདུ་འབྲལ་མེད་པའི་གླུ༔ བྲོ་ནི་བར་ཆད་མེད་པར་འབུལ༔ ཨོཾ་མ་ཧཱ་ཛྷཱ་ན་ཏེ་ཏེ་ཧཱུཾ༔ ཏེ་ན་ཧཱུྃ་ཏེ་ཏེ་ཧཱུྃ་ཧཱུྃ༔ དེ་ནས་ཕྱིའི་མཆོད་པ་རྣམ་ལྔས་མཆོད་པ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་རང་ལ་མཆོད་པར་བསམས་ལ༔ རྡོ་རྗེ་དྲིལ་བུ་སྟོབ་ཚུལ་ལམ། ཕྱག་རྒྱ་བྱས་ལ། ཧཱུྃ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ བདུག་སྤོས་མེ་ཏོག་མར་མེ་དྲི༔ ཞལ་ཟས་སིལ་སྙན་


CMR011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན༔ དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ༔ ཨོཾ་པ་ན་པེ༔ པེ་ནུ་སུ་ར་ཏོ༔ ཏེ་པུ་པ་ར་མུ༔ སརྦ་ཏ་ཐཱ་ག་ཏ་སི་ཏི་ས་མ་ཡ་ཧོ༔ འདི་ཀུན་ལ་འགྲེས་སུ་བྱ་གསུངས། ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ༔ པུཊྚེ་པུ༔ ཨཱ་ལོ་ཀེ་ཧི༔ གནེ་ཧོ༔ ནེ་ཝི་དྱ་ཨཱ༔ ཤབྡ་ཧཱུྃ༔ དེ་ནས་ནང་གི་མཆོད་པ་ནི། ནང་འདོད་ཡོན་གྱི་མཆོད་པ་ནི། འདོད་ཡོན་ལྔ་ཡི་ལྷ་མོ་གཟུགས་རྡོ་རྗེ་མ༔ སྒྲ་རྡོ་རྗེ་མ༔ དྲི་རྡོ་རྗེ་མ༔ རོ་རྡོ་རྗེ་མ༔ རེག་བྱ་རྡོ་རྗེ་མ༔ ཆོས་ཁམས་རྡོ་རྗེ་མ་རྣམས་སོ་སོའི་མཆོད་རྫས་ཐོགས་པ་སྤྲུལ་ནས། རང་ཉིད་ཀྱི་དབང་པོ་ལྔ་ལ་མཆོད་པ་བྱེད་པར་བསམས་ལོ༔ ཧཱུྃ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་རང་བཞིན་སྤྲིན་ཚོགས་གཏིབས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ འདོད་ཡོན་ལྔ་ལྡན་མཆོད་པར་བཞེས༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་ས་མ་ཡ་ཧོ༔ གསང་བ་སྦྱོར་སྒྲོལ་དུག་ལྔའི་མཆོད་པ་ནི༔ ཧཱུྃ༔ འདོད་ཆགས་ཞེ་སྡང་གཏི་མུག་ཆེ༔ ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ༔ ཡེ་ནས་རིགས་ལྔའི་མཛད་སྤྱོད་དེ༔ སྦྱོར་སྒྲོལ་ཏིང་འཛིན་མཆོད་པར་བཞེས༔ ཧ་ལ་པཉྩ་པཱུ་ཙ་ཧོ༔ དེ་ནས་དུག་གསུམ་གྱི་མཆོད་པ་ནི༔ ཧཱུྃ༔ ཤ་ཁྲག་རུས་པ་རྣམ་པ་གསུམ༔ དུག་གསུམ་མཆོད་


CMR011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པ་བླ་ན་མེད༔ ཡེ་ནས་སྐུ་གསུམ་རང་བཞིན་ཡིན༔ རང་གྲོལ་ཉིད་དུ་མཆོད་པར་བཞེས༔ མ་ཧཱ་ཀཾ་ནི་རི་ཏི༔ མ་ཧཱ་རཀྟ༔ མ་ཧཱ་མྲ་ཤ་ཁཱ་ཧི༔ དེ་ནས་བདུད་རྩི་སྨན་གྱི་མཆོད་པ་ནི། ཧཱུྃ༔ རང་བྱུང་གདོད་ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་བསྒྲུབ་པའི་རྫས༔ རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར༔ དུག་ལྔ་སེལ་བའི་བདུད་རྩི་ཆེ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧི་ཋཱ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བ་ཡི༔ ཐུན་མོང་མཆོག་དང་ཁྱད་འཕགས་འདི༔ དུས་གསུམ་བླ་མ་ཡི་དམ་ལྷ༔ རྒྱལ་བ་ཞི་ཁྲོ་འཁོར་བཅས་ལ༔ རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེའི་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་མཚན་བསྟོད་བྱེ་བྲག་ཏུ་འབུལ་ལ༔ ཕོ་བྲང་དགུ་ལ་མཚན་སོ་སོར་སྦྱར་ལ༔ དབུས་ནས་ཆེ་མཆོག་ཡབ་ཡུམ་དང་༔ རིགས་བཞི་ལ་སོགས་འཁོར་བཅས་ལ༔ རྣམ་དག་ཐུགས་རྗེས་འགྲེས་སུ་བྱ༔ དེ་ནས་དངོས་གྲུབ་བླངས་བ་ནི༔ ཧཱུྃ༔ ལྕེ་ཡི་རྡོ་རྗེའི་དམ་ཚིག་ལ༔ དམ་ཚིག་ཅན་གྱི་ཧཱུྃ་བསྒོམ་སྟེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡི༔


CMR011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ནས་དངོས་གྲུབ་མཆོག་ཐོབ་འགྱུར་ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧཱུྃ༔ དེ་ནས་གཏོར་མའི་མཆོད་པ་ནི། ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་འདི༔ འདོད་ཡོན་ལྔ་ཡི་ཕུང་པོར་གསལ༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ༔ རྒྱལ་བ་ཡོངས་རྫོགས་ཞི་ཁྲོའི་ཐུགས་དམ་བསྐང་༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་རཀྟའི་མཆོད་པ་ནི། ཧཱུྃ༔ རུ་ཏྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོར་བཅས་པའི་བྷནྡྲར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་བྱའི་ཕྱིར༔ དཔལ་ཆེན་ཚོགས་ཀྱི་ཞལ་དུ་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་བདུད་རྩི་ཆང་གི་གསང་བའི་མཆོད་པ་ནི། ཧཱུྃ༔ རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི༔ དུག་ལྔ་སྨན་བསྒྱུར་དམ་པའི་རྫས༔ ཛ་གད་དཔའ་བོའི་བདུད་རྩི་འདི༔ རྒྱལ་བ་ཡོངས་རྫོགས་ཞི་ཁྲོའི་ཐུགས་དམ་བསྐང་༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཛ་གད་ལ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ དབྱིངས་རིག་དབྱེར་མེད་སྦྱོར་བ་ཡི༔ འཁོར་འདས་གཉིས་སུ་མེད་པར་སྦྱོར༔ གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས༔ རྒྱལ་བ་ཡབ་ཡུམ་མཉེས་གྱུར་ཅིག༔ ཛཧཱུྃ་བཾ་ཧོ༔ པདྨ་ཡོ་གི་ནི་ས་མ་ཡ་ཨཱ་བེ་ཤ་ཡ་


CMR011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ དེ་ནས་བསྒྲལ་བའི་མཆོད་པ་ནི། ཧཱུྃ༔ ཡང་དག་དོན་རྟོགས་བློ་ཡིས་ནི༔ མ་རྟོགས་སེམས་ཅན་གནས་སུ་བསྒྲལ༔ དུས་གསུམ་བདེ་གཤེགས་དེ་ལ་མཉེས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་ཏྲ་པྲ་བྷན་ཙཀྲ་ཧཱུྃ་ཕཊ༔ པྲ་ཝེ་ཤ་ཡ་ཕཊ༔ ཏི་ཧཱུྃ་ཨ་སྤ་ར་ཎ་ཕཊ༔ དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་བསྟོད་པ་ནི། ཨོཾ༔ མཉམ་ཉིད་ཆོས་སྐུའི་རང་བཞིན་ནི༔ ཀུན་བཟང་ཟག་པ་མེད་པར་བདེ༔ སེམས་ཅན་དོན་ལ་དེ་བཞིན་གཤེགས༔ ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ༔ མ་འགགས་རང་གསལ་འཛིན་པ་མེད༔ ཆགས་མེད་སྐྱོན་བྲལ་པདྨའི་གསུང་༔ ཡང་དག་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ སྤྲོས་པ་མེད་པ་དབྱིངས་ཀྱི་ངང་༔ མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས༔ བླང་དོར་མེད་པ་ཆོས་ཀྱི་དབྱིངས༔ འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ སྭ༔ ཆོས་དབྱིངས་རོལ་པ་ཆེན་པོ་ལ༔ རྩལ་དང་རོལ་པ་མི་དམིགས་ཀྱང་༔ ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱི༔ ཡོན་ཏན་རེ་བསྐང་ཕྱག་འཚལ་བསྟོད༔ ཧཱ༔ རང་བཞིན་ཅིར་


CMR011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་ངེས་ཀྱང་༔ དཀྱིལ་འཁོར་ཆེན་པོའི་ཆས་བཟུང་ནས༔ རྟོགས་མེད་དྲེགས་པ་ངང་གིས་འདུལ༔ ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ ཨོཾ་ཨཱཎཱཧཱུྃ་སྭཱ་ཧཱ༔ ན་མཧིདྷ་ཡ༔ ཨོཾ་ན་མོ༔ དེ་ནས་བཤགས་པ་ཁ་གསོ་ནི། ཧཱུྃ༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་དགོངས༔ སྔོན་ནས་རང་དང་མཉམ་ཉིད་དོན༔ མ་རྟོགས་རིགས་མཚན་སོ་སོར་བཟུང་༔ དབྱེར་མེད་རྣམ་དག་ཀློང་དུ་བཤགས༔ ས་མ་ཡ་ཨེ་ཧོ་ཤུདྡྷེ་ཨཱཿ ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ཧེ་རུ་ཀ་ཏེ་ནོ་པ༔ ཏིཥྛ་ཌིབྷྱོ་མེ་བྷ་ཝ༔ སུ་ཏོཊོ་མེ་བྷ་ཝ༔ སུ་པོཁྱོ་མེ་བྷ་ཝ༔ ཨ་ནུ་རཀྟ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏཱ༔ བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ༔ བཛྲ་བྷ་ཝ༔ མ་ཧཱ་ས་མ་ཡ༔ བཛྲ་ཧེ་རུ་ཀ་སཏྭ་ཨཱ༔ འདིར་གསོལ་འདེབས་བྱ༔ འོག་གི་ཛབ་དགོངས་འདི་ལ། རྒྱས་པར་འགྲེས་བཤང་ལ་ཞི་བའི་བསྙེན་པ་བརྒྱའམ་སྟོང་བྱའོ༔ སྟོང་ཚིག་མཆོད་པ་འདོན། དེ་ནས་དཔལ་དགུ་རེ་རེ་ལའང་བརྒྱའམ་སྟོང་རེ༔ ཁྱུང་བཀའ་སྡོད་ལ་བརྒྱ་རེ༔ མཚམས་མཚམས་སོ་སོར་སྟོང་ཚིག་མཆོད་པ་རེ༔ ཡེ་ཤེས་ལྷ་ཚོགས་ཞེས་པ༔ ཆེ་མཆོག་ལྷ་ཚོགས་ཞེས་སོགས་


CMR011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བསྒྱུར་བར་བྱའོ༔ ཞལ་གདམས་སོ།།


CMR011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་


previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཕྲིན་ལས་གཞུང་བསྲང་ལས་བྱང་རིགས་ལྔའི་ཕྱག་མཚན་གྱི་རྒྱ་ཅན།next