Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
སྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ།next

སྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ།


CMR011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ་བཞུགས་སོ༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་ཚིག་ཉམས་ཆག་བསྐང་བ་དང་༔ དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་ཕྱིར༔ སྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་ནི་འདི་སྐད་དོ༔ ཧཱུྃ༔ འཁོར་འདས་རྒྱལ་བའི་དཀྱིལ་འཁོར་ལ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་ཨནྡྷཾ་དང་༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་འོད་ཀྱི་ཞུན་མར་དང་༔ མཁའ་ལྡིང་ཤེལ་སྒོང་ཙ་ར་དང་༔ འདི་དག་མདངས་ཀྱིས་ཐུགས་དམ་བསྐང་༔ ཚོམ་བུ་བརྒྱད་ཀྱི་དཀྱིལ་འཁོར་དུ༔ རིག་འཛིན་བརྒྱད་ལ་སོགས་པ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་རྦོད་གཏོང་


CMR011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་དང་༔ དམོད་པ་རིག་འཛིན་འཁོར་བཅས་དང་༔ བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་༔ དང་པོ་ཐུགས་དམ་བསྐང་བ་ཡང་༔ རྣམ་དག་མཉམ་པའི་ངང་ཉིད་ལས༔ དབྱིངས་ལ་སྐྱེ་བ་མེད་མོད་ཀྱང་༔ སྐྱེ་བའི་ཆོ་འཕྲུལ་བཞི་བཅུ་གཉིས༔ ཞི་བ་འཁོར་བཅས་ཐུགས་དམ་བསྐང་༔ ཆེ་མཆོག་ཡོན་ཏན་ཐུགས་དམ་བསྐང་བ་ནི༔ སྐྱེ་མེད་དབྱིངས་ལས་ཆེ་མཆོག་སྐུ༔ ཁྲོ་བོ་དཀྱིལ་འཁོར་ཀུན་གྱི་གཙོ༔ ཆེ་མཆོག་ལྷ་ཚོགས་ཐུགས་དམ་བསྐང་༔ སྐུ་ཡི་རིག་འཛིན་ཐུགས་དམ་བསྐང་བ་ཡང་༔ འཇམ་དཔལ་རྔམ་བྱེད་གཤིན་རྗེའི་སྐུ༔ གཏུམ་རྔམ་ལས་ཀྱི་ཚོགས་དང་བཅས༔ སྲོག་དབུགས་མདངས་དང་བདུད་རྩི་ཡི༔ མཉེས་པར་བྱ་ཕྱིར་ཐུགས་དམ་བསྐང་༔ གསུང་གི་ཐུགས་དམ་བསྐང་བ་ཡང་༔ ཁམས་གསུམ་ཡོངས་སྒྲོལ་ཤ་ཁྲག་དང་༔ གཏུམ་ཆེན་འབར་བར་སྐུ་སྤྲུལ་ཞིང་༔ གཏུམ་པོའི་ཚོགས་དང་སྲིན་པོའི་ཚོགས༔ གཅན་གཟན་དོམ་དྲེད་ཝ་སྤྱང་དང་༔ ཟ་བྱེད་མཆེ་བ་བརྡར་བ་ཡི༔ དཀར་དམར་ལ་སོགས་ནང་ཆ་ཡི༔ དོན་སྙིང་དབང་པོ་ཤ་ཁྲག་དང་༔ མཆོད་པའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཐུགས་ཀྱི་ཐུགས་


CMR011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་བ་ཡང་༔ ཐུགས་ཉིད་དོན་གྱི་རང་བཞིན་ལ༔ ཁྲག་འཐུང་འཁོར་བཅས་ཐུགས་དམ་བསྐང་༔ ཕྲིན་ལས་ཐུགས་དམ་བསྐང་བ་ཡང་༔ སྣང་སྲིད་གྲུ་གསུམ་གཞལ་ཡས་སུ༔ དཀྱིལ་འཁོར་གསུམ་ལ་ལས་བྱེད་པ༔ བསེ་ལྕགས་དུང་གསུམ་ཕྲིན་ལས་བདག༔ དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་མོའི་ཐུགས་དམ་བསྐང་བ་ཡང་༔ ཡེ་ཤེས་ལས་ཀྱི་མ་མོ་རྣམས་ཀྱི་ཐུགས་དམ་བསྐང་༔ རྩ་སོགས་དབུགས་ལ་གནས་པ་ཡི༔ སྐྱེ་འཆི་རྩ་སོགས་བདག་པོ་ཀུན༔ སྲོག་དང་མདངས་ཀྱིས་ཐུགས་དམ་བསྐང་༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐང་བ་ཡང་༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་རྦོད་གཏོང་མཆོད་བསྟོད་སྔགས༔ ཕྱག་རྒྱ་ལྷུན་གྲུབ་ཚེ་ལ་སོགས༔ དམ་རྫས་མཆོད་པའི་ཐུགས་དམ་བསྐང་༔ མཆོད་བསྟོད་ཐུགས་དམ་བསྐང་བ་ཡང་༔ འཇིག་རྟེན་དྲེགས་པ་སུམ་ཅུ་ཡང་སྔོན་གྱི་རྣམ་སྨིན་ལས་གྲུབ་པའི༔ འབྲས་བུ་རང་རྒྱུད་དྲེགས་པར་སྨིན༔ འདི་རྣམས་གོང་བཞིན་བསྟན་པའི་ཕྱིར༔ དམ་རྫ་ས་གཟུགས་མཆོག་ཚང་བས་བསྐང་༔ དྲག་སྔགས་ཐུགས་དམ་བསྐང་བ་ཡང་༔ གཤིན་


CMR011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མ་མོ་ལ་སོགས་པའི༔ དྲེགས་པ་དམོད་པའི་མཚོན་ཆ་ཅན༔ སྡེ་དཔོན་བཅོ་བརྒྱད་ངོ་བོར་སྨིན༔ སྲོག་མདངས་དམ་རྫས་ཚང་བ་ཡང་༔ ཇི་ལྟར་མོས་བཞིན་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་སྡོད་ཐུགས་དམ་བསྐང་བ་ཡང་༔ དབང་ཕྱུག་ལང་ཀ་མཁའ་འགྲོ་གིང་༔ འབར་མ་ས་བདག་མ་བདུན་སྲིང་༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ སྲོག་དབུགས་མདངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་ལྷ་ཚོགས་ནི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ བཀའ་བརྒྱད་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ རྣལ་འབྱོར་དམ་ཚིག་ཚིག་ཉམས་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡིད་ལ་བརྣག་པའི་དགྲ་བགེགས་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་འདི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་དགྱེས་མཆོད་དང་༔ སྣང་གསལ་


CMR011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ཞུན་མར་དང་༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ མཁའ་ལྡིང་མདངས་དང་ཤེལ་སྒོང་མདངས༔ ཙ་ར་འདི་ཡི་མདངས་ཀྱིས་བསྐང་༔ འདི་ལྟར་བསྐངས་བསྐངས་གསོལ་གསོལ་ནས་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ གཡར་དམ་བསྐང་ལ་རྐྱེན་རྣམས་བཟློག༔ དམིགས་པའི་དགྲ་བོ་མྱུར་དུ་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྣལ་འབྱོར་ཉམས་ཆག་བསྐང་བར་མཛོད༔ སྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ༔ ཨོ་རྒྱན་ཆེན་པོ་པདྨ་སཾ་བྷ་ཝས་མཛད་པ་རྫོགས་སོ༔


CMR011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲུབ་པ་བཀའ་བརྒྱད་ཀྱི་བསྐང་བ་བསྡུས་པའི་རིམ་པ།next