Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་ཤིན་ཏུ་བསྡུས་པ།next

བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་ཤིན་ཏུ་བསྡུས་པ།


CMR011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་ཤིན་ཏུ་བསྡུས་པ་ཡིན༔ འདི་ལ་ཡང་རྒྱས་པར་ན་ལྷ་དཔལ་དགུ་དང་༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་སོ་སོའི་མིང་བསྒྱུར་ལ་གབ་སྤྲད་པར་བྱའོ༔ བསྡུ་ན་འདི་ཡོད་ཚུགས་ཚར་གཅིག་བྱས་ལ་བཟློག་གཞུང་གཉིས་འདོན་རེས་དང་༔ མདོས་ཐབས་ལ་ཁྲམ་བཟློག་སྟེ་གབ་མི་སྤྱད་ཀྱང་རུང་ངོ་༔ ཉང་ལུགས་བསྡུས་པའོ། །སྤྱི་བསྐུལ་བསྡུས་པ་བཞུགས་སོ༔ བདེ་གཤེགས་སྤྱི་བསྐུལ་བསྡུས་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་ལ་བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི་འདི་སྐད་དོ༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོའི་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ༔ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ སྒྲུབ་པ་བཀའ་བརྒྱད་ལྷཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ༔ གཉིས་སུ་མེད་པར་ཕྱག་བགྱི་བཞུགས་སུ་གསོལ༔ དམ་རྫས་བདུད་རྩིའི་མཆོད་པ་འདི་


CMR011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དབང་དང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཉང་གཏེར་རོ༔ ༈ ཤམ། ན༔ དཔལ་ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དཔལ་དགུའི་བཀའ་སྲུང་གི་ཕོ་ཉ་སྒོས་བསྐུལ་བསྡུས་པ་ཐུགས་དམ་གནད་ནས་བསྐུལ་བ་ནི༔ དཔལ་གཏོར་གསོལ་ཁ་ལ༔ རཀྟ་སྦྲེངས་ཤིང་༔ རྫ་དྲག་ཏུ་བརྡུང་ཞིང་དཔལ་གྱི་རྔམ་སྐད་ཀྱིས་འདི་སྐད་དོ༔ ཧཱུྃ༔ རབ་འཇིགས་དུར་ཁྲོད་རྔམ་པའི་ཀློང་དཀྱིལ་ནས༔ དཔལ་གྱི་བཀའ་སྲུང་དམ་ཅན་སྐུ་བཞེངས་ཤིག༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཅེ་སྤྱང་མི་བརྒྱད་དབང་ཕྱུག་ཉི་ཤུ་བརྒྱད༔ གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་པོ་བཞི༔ ཤོ་ཐོགས་རྩིས་བཞི་སྲོག་གཅོད་ཤན་པ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་སུམ་ཅུ་གཉིས༔ ཁྱི་བརྒྱུད་སྤྱང་བརྒྱད་མེ་འབྲུག་རླུང་འབྲུག་དང་༔ དཀར་སེར་དམར་སྔོ་དྲྭ་བ་གློག་འགྱུ་མ༔ དབང་ཕྱུག་གསེར་གྱི་སེང་གེ་ཉི་ཤུ་བརྒྱད༔ དམ་ཅན་བཅུ་དྲུག་དྲེགས་པ་ཉི་ཤུ་གཅིག༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ ལས་བྱེད་མ་བརྒྱད་རྩིས་ཀྱི་མ་མོ་གསུམ་གསང་བའི་མ་


CMR011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐུགས་ཀྱི་དགྱེས་སྡེ་བཞི༔ མཁའ་འགྲོ་བཞི་པོ་དཔའ་བོ་ཆེན་པོ་བཞི༔ སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་དང་༔ གིང་ཆེན་བཅོ་བརྒྱད་ལང་ཀ་བཅུ་དྲུག་དང་༔ འབར་མ་བརྒྱད་དང་དུར་ཁྲོད་མ་མོ་བདུན༔ སྲིན་མོ་བཞི་དང་རྟོག་བྱེད་མ་མོ་བཞི༔ གདབ་ཕུར་བརྒྱ་དང་རྩ་བརྒྱད་སྒོ་མ་བཞི༔ ཕོ་ཉ་ཆེན་པོ་དྲུག་ཅུ་རྩ་བཞི་དང་༔ ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་དང་༔ མ་ཡམས་བརྟན་མ་བཅུ་གཉིས་ལ་སོགས་ཏེ༔ ཕོ་ཉ་བཀའ་སྲུང་དགྲ་འདུལ་ཐུགས་དམ་ཅན༔ དམ་རྫ་ས་བདུད་རྩིས་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ དེ་ནས་ཏིང་ངེ་འཛིན་དང་ལྡན་པས་བསྐུལ་ཕྲིན་ལས་བཅོལ་ལོ༔ དཔལ་དགུའི་བཀའ་སྲུང་ཤིན་ཏུ་བསྡུས་པའི་ཚུལ་བསྡུས༔ ཉང་གཏེར་རོ། །བསྡུས་པའོ།


CMR011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་ཤིན་ཏུ་བསྡུས་པ།next