Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
སྒྲུབ་ཆེན་བཀའ་བརྒྱད་རྒྱུན་ཁྱེར་ཉུང་ངུ་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་ཆེན་བཀའ་བརྒྱད་རྒྱུན་ཁྱེར་ཉུང་ངུ་།next

སྒྲུབ་ཆེན་བཀའ་བརྒྱད་རྒྱུན་ཁྱེར་ཉུང་ངུ་།


CMR011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཧེ་རུ་ཀ་ཡེ༔ སྒྲུབ་ཆེན་བཀའ་བརྒྱད་རྒྱུན་ཁྱེར་ཉུང་ངུ་བྲི། །སྐྱབས་འགྲོ་སེམས་བསྐྱེད་ད་ནངས་སོང་བས་འཐུས། བདག་དང་གཏོར་མ་སོ་སོར་ལྷར་གསལ་གདབ། བདག་མདུན་སོ་སོར་སྐད་ཅིག་ལ། ཀུན་བཟང་ཞི་བ་འོད་དུ་ཞུ་བ་ལས་བྱུང་བའི་ཆེ་མཆོག་ཧེ་རུ་ཀ་སྨུག་ནག་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་ཞེ་གཉིས། དེ་ཡི་ཐུགས་ཀར་ཆེ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ། དེ་ཡི་ཐུགས་ཀར་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། རྒྱུ་དང་འབྲས་བུའི་ཏིང་ངེ་འཛིན་གྱི་ཚུལ་དུ་དམ་ཚིག་ཡེ་ཤེས་གསེར་དང་འོད་ཀྱི་རྣམ་པར་གསལ་བར་གྱུར། དེ་ཡི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་ལ། ཤར་དུ་ཡང་དག་ཐུགས། ལྷོར་འཇམ་དཔལ་སྐུ། ནུབ་ཏུ་པདྨ་གསུང་། བྱང་དུ་ཕུར་པ་ཕྲིན་ལས་མཚམས་བཞིར་མ་མོ་རྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད། རིག་འཛིན་སློབ་དཔོན་ཐམས་ཅད་མེ་དཔུང་འབར་བའི་དབུས་ན་གསལ་བར་གྱུར། ཧཱུྃ། དེ་ལྟར་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས། །ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས། །བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉེར་ལྔ་རྣམས། །ཕྱོགས་


CMR011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས། །རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ། །ཧཱུཾ། ཆོས་དབྱིངས་རྣམ་དག་རིག་པའི་ཡེ་ཤེས་དང་། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས། །མ་བཅོས་ལྷུན་གྲུབ་ཛཧཱུཾ་བཾ་ཧོ་ཨཱ༔ ས་མ་ཡ་ཨཱ་ཝེ་ཤ་ཡ་ཏིཥྛ་ལྷན། རང་རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ། །ཧཱུྃ། རང་བྱུང་དབྱེར་མེད་ཐབས་ཤེས་སྨན་གྱི་མཆོག །རྒྱུ་རྐྱེན་རྣམ་དག་བདུད་རྩིས་གཏོར་མ་མཆོད། །ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད། །ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད། ། ཆོས་ཉིད་བླང་དོར་མེད་པའི་ངང་དུ་མཆོད། །སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་སུ་ཁ་མ་ཧཱ་བ་ལི་ཏ་ལ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ ཀུན་བཟང་ཐུགས་ཀྱི་འོད་ཟེར་འཕྲོ་འདུ་ལས། །ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ཤར། །མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར། །བར་ཆད་སྡིག་སྒྲིབ་བསྲེགས་ལ་ཕྱག་འཚལ་བསྟོད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅེས་སོ་སོའི་སྔགས་བཟླས་ཀྱང་ལེགས་ལ། སྤྱི་དྲིལ་དྲག་སྔགས་སོ་ལྔ་པ་འདི་


CMR011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཀྱང་ལེགས་ལ། ཨོ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བཀའ་བརྒྱད་འབྲེལ་བ་འཇོག་ཙམ་མོ། །རཱ་ག་ཨ་སྱས་སྨྲས་པའོ། །སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲུབ་ཆེན་བཀའ་བརྒྱད་རྒྱུན་ཁྱེར་ཉུང་ངུ་།next