Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
འགྲེས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའགྲེས་བྱང་།next

འགྲེས་བྱང་།


CMR011_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དབང་དུ་གྱུར་ཅིག༔ དབང་དངོས་གྲུབ་ཏུ་གྱུར་ཅིག༔ དངོས་གྲུབ་སྐྱེ་མེད་དུ་གྱུར་ཅིག༔ སྐྱེ་མེད་ཡེ་ཤེས་སུ་གྱུར་ཅིག༔ འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཅིག༔ མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག༔ མི་ཤིགས་པའི་རྡོ་རྗེར་གྱུར་ཅིག༔ མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག༔ འཁོར་ལོ་བསྐོར་བ་ལྟ་བུ་སྐུའི་ཚེ་དང་ལྡན་པར་གྱུར་ཅིག༔ པདྨ་བརྩེགས་པ་ལྟ་བུ་གསུང་གི་ཚེ་དང་ལྡན་པར་གྱུར་ཅིག༔ རིན་ཆེན་སྤུངས་པ་ལྟ་བུ་ཡོན་ཏན་གྱི་ཚེ་དང་ལྡན་པར་གྱུར་ཅིག༔ རལ་གྲི་དཀྲོལ་བ་ལྟ་བུ་ཕྲིན་ལས་ཀྱི་ཚེ་དང་ལྡན་པར་གྱུར་ཅིག༔ སྲ་བརྟན་རྡོ་རྗེ་ལྟ་བུ་ཐུགས་ཀྱི་ཚེ་དང་ལྡན་པར་གྱུར་ཅིག༔ ཚེ་དབང་རིན་པོ་ཆེ་ཕུན་ཚོགས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ སྐྱེ་མེད་ཚེ་འདི་བརྟན་པར་མཛོད༔ འགག་མེད་ཚེ་འདི་བརྟན་པར་མཛོད༔ འཁྲུལ་མེད་ཚེ་འདི་བརྟན་པར་མཛོད༔ ཚེ་ཆད་པ་ཡོད་ན་མཐུད༔ གས་པ་ཡོད་ན་སྲུབས༔ ཡར་བ་ཡོད་ན་བསྡུས༔ ཡོ་བ་ཡོད་ན་སྲུངས༔ ཉམས་པ་ཡོད་ན་བསྐང་༔ འཆི་མེད་རྡོ་རྗེ་ལྟ་བུའི་ཚེ་དང་ལྡན་པར་གྱུར་ཅིག༔ སྒས་མེད་ཉི་ཟླ་ལྟ་བུའི་ལུས་དང་ལྡན་པར་གྱུར་ཅིག༔ ཆད་


CMR011_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྡོ་རྗེ་ལྟ་བུའི་སྲོག་དང་ལྡན་པར་གྱུར་ཅིག༔ ཚེ་ལོ་ལྷུན་གྱིས་གྲུབ་པ་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ་རིག་པ་འཛིན་པ་ཚེ་ལ་དབང་བ་མཆོག་གི་དངོས་གྲུབ་ཐོབ་པ་གུ་རུ་མཚོ་སྐྱེས་རྡོ་རྗེ་དང་མཉམ་པར་གྱུར་ཅིག༔ ཚེ་ཡི་བདག་པོ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་དང་མཉམ་པར་གྱུར་ཅིག་ཅེས་དང་། གཞན་ཡང་ཚེ་གཟུངས་མང་དུ་བཟླའོ། །སངས་རྒྱས་གླིང་པའི་གཏེར་ཁ་ནས་བྱུང་བའི་ཚེ་བྱང་ངོ་།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའགྲེས་བྱང་།next