Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆ་རྐྱེན་ཁྲོ་བོ་རོལ་པའི་གཏོར་ཟློག་ཟབ་གཉན་བཀའ་རྒྱ་ཅན་གུ་རུ་ཆོས་དབང་གི་གཏེར་མ་ལ་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆ་རྐྱེན་ཁྲོ་བོ་རོལ་པའི་གཏོར་ཟློག་ཟབ་གཉན་བཀའ་རྒྱ་ཅན་གུ་རུ་ཆོས་དབང་གི་གཏེར་མ་ལ་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆ་རྐྱེན་ཁྲོ་བོ་རོལ་པའི་གཏོར་ཟློག་ཟབ་གཉན་བཀའ་རྒྱ་ཅན་གུ་རུ་ཆོས་དབང་གི་གཏེར་མ་ལ་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།


CMR011_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆ་རྐྱེན་ཁྲོ་བོ་རོལ་པའི་གཏོར་ཟློག་ཟབ་གཉན་བཀའ་རྒྱ་ཅན་གུ་རུ་ཆོས་དབང་གི་གཏེར་མ་ལ་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ༔


CMR011_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ཀྱི༔ དྲག་པོའི་གཏོར་མས་ཟློག་པའི་ཐབས༔ རྒྱུད་ལས་བཏུས་ཏེ་བཤད་པར་བྱ༔ མཎྜལ་མདའ་གང་གྲུ་བཞི་ལ༔ ཞིང་ཆེན་ཁྲག་གིས་ཆག་ཆག་གདབ༔ ཨེ་ཁྲམ་དགུ་ཡི་དཀྱིལ་འཁོར་བྲིས༔ དེ་སྟེང་བྷནྡྷ་དགུ་ནང་དུ༔ འབྲུ་ཟན་དཔལ་བཤོས་ཟུར་གསུམ་དགུ༔ གཏོར་སྐྱུའི་མཐའ་ལ་བསྐོར་བྱ་སྟེ༔ ཤ་སྣ་ཁྲག་སྣ་སྙིང་སྣས་བརྒྱན༔ རྔམ་དང་མཚེ་དང་ཡུངས་ཀར་སོག་གས༔ བྱ་ཁྱུང་དགུ་ཡང་རྩེ་ལ་གཟུགས༔ དར་འཕན་ཞིང་སོགས་རུ་མཚོན་བརྒྱན༔ ཞིང་ལྤགས་གདུགས་ཕུབ་ཡོལ་ནག་བྲིས༔ ཨེ་ཁྲམ་དགུ་ཡི་ནང་དུ་ནི༔ དགྲ་གཟུགས་ཁྲག་གིས་བྱུག་


CMR011_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ མིང་རུས་བྲིས་ལ་འགུགས་གཞུག་བྱ༔ ཟོར་རྐང་རྩང་བཅས་དགུ་དགུས་སྐོར༔ ཕུར་པ་ཉུང་དཀར་མདའ་རྡོ་ཁྲག༔ ཐུན་རྫས་དྲག་པོའི་རྫས་རྣམས་བཤམས༔ སྔོན་འགྲོ་ཆ་གསུམ་བཏང་བྱས་ལ༔ ལས་བྱང་གཞུང་སྲོང་འཛབ་བཟླས་བསྟོད༔ དྲག་པོ་སྔགས་ཀྱི་ཤམ་བུ་རུ༔ དུས་མིན་འཆི་དང་རྦོད་གཏོང་རྣམས༔ བཟློག་བྷྱོ་ཅེས་པའི་ཤམ་བུ་བཏགས༔ ཚོགས་འཁོར་བྱ་ཞིང་བསྐང་གསོལ་བྱ༔ སྤྱི་བསྐུལ་སྒོས་བསྐུལ་ཚོམ་བུར་བསྐུལ༔ དགྲ་བགེགས་འགུགས་བསྒྲལ་བསྟབ་པ་བྱ༔ ལྷ་རྣམས་མཚན་དོན་ཟློག་ཅེས་སྦྱར༔ བྱོས་གདབ་འདོད་དོན་ཕྲིན་ལས་བཅོལ༔ ཁྱུང་ཟློག་གཏོར་ཟློག་སྒོ་དབྱེ་བྱ༔ ཟོར་འཕངས་རྗེས་སུ་ཚེ་འགུགས་བསྟིམས༔ ཕན་ཡོན་གཞུང་བཞིན་འབྱུང་བར་ངེས༔ གཏོར་མས་ཟློག་པའི་མདོར་


CMR011_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྡོམས༔ སྐལ་ལྡན་བུ་དང་འཕྲད་པར་ཤོག༔ རྒྱ་རྒྱ་རྒྱ༔ སཱ་མཱ་ཡཱ༔ མནྡྷ་གུ་ཧྱ༔ ༈ ཞི་ཟློག་བསྡུས་པ་ནི༔ ཧཱུྃ༔ བདེ་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ ཕུང་ཁམས་སྐྱེ་མཆེད་ཉོན་མོངས་དག་པའི་སྐུ༔ བླ་མེད་མཆོག་གི་མཆོད་པ་འདི་བཞེས་ལ༔ འཁྲུལ་པས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས༔ དག་པ་སྐུ་དང་ཡེ་ཤེས་ངང་དུ་ཟློག༔ ཅེས་ཞི་ཟློག་རྒྱས་པའི་དོན་བསྡུས་པ་ཨ་རཱ་གས་སོ།། ༈ དང་པོ་ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམས་པའི་ཞལ༔ གཡས་གསུམ་རྡོ་རྗེ་གཡོན་གསུམ་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པར་བརྒྱན༔ ཞབས་བཞི་བསྒད་པས་བདུད་བཞི་ཟིལ་གྱིས་གནོན༔ གཡས་ཞལ་དཀར་ལ་འཚེར་བར་སྟོན་པ་ཡིས༔ གཞན་སྤྲུལ་ཁྲོ་བོའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་ཞལ་དམར་ལ་གདངས་བར་བསྟན་པ་ཡིས༔ མ་མོ་མཁའ་འགྲོའི་ཐུན་སྔགས་བཟློག་ཏུ་གསོལ༔ དབུས་ཞལ་མཐིང་ལ་རྔམས་པར་བསྟན་པ་ཡིས༔


CMR011_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་སྲིན་པོའི་དམག་ཚོགས་བཟློག་ཏུ་གསོལ༔ ཞལ་ནས་མཆེ་བ་རྣོ་དཀར་གཙིགས་པ་ཡིས༔ སྲིན་པོ་ཕོ་མོའི་དམག་ཚོགས་བཟློག་ཏུ་གསོལ༔ སྤྱན་རྩ་དམར་པོ་སྡང་མིག་བསྒྲད་པ་ཡིས༔ ཡེ་ཤེས་མ་མོའི་དམག་ཚོགས་བཟློག་ཏུ་གསོལ༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས་པ་ཡིས༔ སྲིད་གསུམ་གདུག་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ རིགས་ལྔའི་སངས་རྒྱས་དབུ་ལ་བཞུགས་པ་ཡིས༔ ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ བྷན་ལྕང་ལོའི་དབུ་བརྒྱན་བྱས་པ་ཡིས༔ ལྷ་ཡི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡས་ཀྱི་དབུ་ལ་ལྷ་ཆེན་བརྒྱད་ཀྱིས་བརྒྱན༔ ལྷ་ཆེན་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་གྱི་དབུ་ལ་ཀླུ་ཆེན་བརྒྱད་ཀྱིས་བརྒྱན། ས་བདག་ཀླུ་སྲིན་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ དབུས་ཀྱི་དབུ་ལ་བདུད་ཀྱིས་མགུལ་ཆུ་བྱས༔ ཡ་བདུད་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ མ་མོ་བདུན་གྱིས་མགུལ་ཆུར་བྱས་པ་ཡིས༔ མ་བདུད་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་གྱི་དབུ་ལ་གཟའ་བརྒྱད་མགུལ་ཆུ་བྱིས་པ་ཡིས༔ གཟའ་སྐར་ཕོ་ཉའི་ཚོགས་རྣམས་བཟློག་


CMR011_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པ་ཡིས༔ ལྷ་སྲིན་སྡེ་བརྒྱད་དམག་ཚོགས་བཟློག་ཏུ་གསོལ༔ གཡས་ཀྱི་ཕྱག་གསུམ་རྡོ་རྗེ་བསྣམས་པ་ཡིས༔ ཁམས་གསུམ་སྲིད་གསུམ་གདུག་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡོན་གྱི་ཕྱག་གསུམ་བྷནྡྷ་བསྣམས་པ་ཡིས༔ ཉོན་མོངས་དུག་གསུམ་མ་རིག་འཁོར་ཚོགས་བཟློག་ཏུ་གསོལ༔ ཞབས་བཞི་ཐུར་དུ་སྟབས་ཀྱིས་བསྒྲད་པ་ནི༔ ཉོན་མོངས་བདུད་བཞིའི་གནོད་པ་བཟློག་ཏུ་གསོལ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི༔ ཉོན་མོངས་དུག་ལྔའི་དགྲ་བགེགས་བཟློག་ཏུ་གསོལ༔ བྷྱོ༔ ཡུམ་ཆེན་ཁྲོ་མོ་གནམ་ཞལ་དབྱིངས་ཕྱུག་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ནག་རྔམས༔ ཞལ་གདངས་མཆེ་གཙིགས་འཇིགས་ལ་རྔམས་པ་ཡིས༔ ཁྲོ་མོ་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་པ་ཡིས༔ ཡེ་ཤེས་མ་མོའི་ཚོགས་རྣམས་བཟློག་ཏུ་གསོལ༔ གཡས་པས་ཁ་ཊཾ་གཡོན་པས་དུང་ཁྲག་སྟོབ༔ ཁྲོ་མོའི་ཚོགས་ཀྱི་གནོད་པ་བཟློག་ཏུ་གསོལ༔ གཟིག་ཤམ་རུས་པའི་རྒྱན་གྱིས་སྤྲས་པ་ཡིས༔ གནོད་བྱེད་གདུག་པའི་ཚོགས་རྣམས་བཟློག་ཏུ་


CMR011_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཞབས་གཉིས་བསྒྲད་པས་རྟག་ཆད་མཐའ་གཉིས་གནོན༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བཟློག་ཏུ་གསོལ༔ ཕྱག་མཚན་མཚོན་ཆས་མ་བདུད་ཕོ་ཉར་འགྱེད༔ དགྲ་བགེགས་ཤ་རུས་པགས་པ་གཏུབ་ཅིང་རོལ༔ གནོད་བྱེད་གདུག་པའི་ཕོ་ཉ་བཟློག་ཏུ་གསོལ༔ ཧཱུྃ༔ ཤར་གྱི་ཕྱོགས་ནས་རཀཱ་ཧེ་རུ་ཀས༔ རྡོ་རྗེ་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ ལྷོ་ཡི་ཕྱོགས་ནས་གུ་ཧྱ་ཧེ་རུ་ཀས༔ རིན་ཆེན་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ ནུབ་ཀྱི་ཕྱོགས་ནས་བི་ཤུ་ཧེ་རུ་ཀས༔ པདྨ་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ བྱང་གི་ཕྱོགས་ནས་ཡཀྵ་ཧེ་རུ་ཀས༔ ལས་ཀྱི་རིགས་ཀྱི་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ རཀྵ་ཀྲོ་ཏིས་ས་ལ་གནས་པའི་ལྷ་འདྲེ་བཟློག་ཏུ་གསོལ༔ གུ་རྒྱ་ཀྲོ་ཏིས་མེ་ལ་གནས་པའི་ལྷ་འདྲེ་བཟློག་ཏུ་གསོལ༔ བི་ཤྭ་ཀྲོ་ཏིས་ཆུ་ལ་གནས་པའི་ལྷ་འདྲེ་བཟློག་ཏུ་གསོལ༔ ཡཀྲ་ཀྲོ་ཏིས་རླུང་ལ་གནས་པའི་ལྷ་འདྲེ་བཟློག་ཏུགསོལ༔ ཧཱུྃ༔ སྟེང་ཕྱོགས་ལྷ་གདོན་འདུལ་མཛད་ཁྲོ་བོ་ཡིས༔ ལྷ་ཡི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཤར་ཕྱོགས་དྲི་ཟ་འདུལ་མཛད་


CMR011_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཡིས༔ དྲི་ཟའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཤར་ལྷོ་མེ་ལྷ་འདུལ་མཛད་ཁྲོ་བོ་ཡིས༔ མེ་ལྷའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ལྷོ་ཕྱོགས་གཤིན་རྗེ་འདུལ་མཛད་ཁྲོ་བོ་ཡིས༔ གཤིན་རྗེའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ལྷོ་ནུབ་སྲིན་པོ་འདུལ་མཛད་ཁྲོ་བོ་ཡིས༔ སྲིན་པོའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ནུབ་ཕྱོགས་ཆུ་ལྷ་འདུལ་མཛད་ཁྲོ་བོ་ཡིས༔ ཆུ་ལྷའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ནུབ་བྱང་རླུང་ལྷ་འདུལ་མཛད་ཁྲོ་བོ་ཡིས༔ རླུང་ལྷའི་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ བྱང་ཕྱོགས་གནོད་སྦྱིན་འདུལ་མཛད་ཁྲོ་བོ་ཡིས༔ གནོད་སྦྱིན་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ བྱང་ཤར་དབང་ལྡན་འདུལ་མཛད་ཁྲོ་བོ་ཡིས༔ དབང་ལྡན་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ༔ འོག་ཕྱོགས་ས་བདག་འདུལ་མཛད་ཁྲོ་བོ་ཡིས༔ ས་བདག་དམག་ཚོགས་ཐམས་ཅད་བཟློག་ཏུ་གསོལ༔ ཡ་མཱནྟ་ཀྲིས་ལྕགས་ཀྱུས་དམག་ཚོགས་ཟློག༔ པྲད་ཛྷཱ་ཏ་ཀྲིས་ཞགས་པས་དམག་ཚོགས་ཟློག༔ པདྨ་ཏ་ཀྲིས་ལྕགས་སྒྲོག་དམག་ཚོགས་བཟློག༔ བིགྷན་ཏ་


CMR011_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲིས་དྲིལ་བུའི་དམག་ཚོགས་བཟློག༔ བཀའ་ཡི་བསྟན་སྲུང་ལྕེ་སྤྱང་མ་བརྒྱད་ཀྱིས༔ ཕྱོགས་བཞི་མཚམས་བརྒྱད་དགྲ་བགེགས་དམག་ཚོགས་ཟློག༔ ཧཱུྃ། སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཚྭ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་པ་བྱའོ། །དེས་དཀྱིལ་འཁོར་དགུ་ལ་འགྲེས་སུ་སྦྱར། ༈ དེ་ནས་ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ རྡོ་རྗེ་ཁྲག་འཐུང་དབང་དུ་སྡུད་པ་དང་༔ དམ་ཉམས་དགྲ་བགེགས་རྣམ་ཤེས་འདི་རོལ་ལ༔ རྡོ་རྗེ་ཁྲག་འཐུང་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཡུམ་ཆེན་བཛྲ་ཀྲོ་ཏི་ཤྭ་རཱི་མ༔ རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ བུདྡྷ་ཧེ་རུས་གཏི་མུག་ཕོ་ཉའི་


CMR011_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་བཟློག་ཏུ་གསོལ༔ རཏྣ་ཧེ་རུས་ང་རྒྱལ་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ པདྨ་ཧེ་རུས་འདོད་ཆགས་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཀརྨ་ཧེ་རུས་ཕྲག་དོག་ཕོ་ཉའི་ཚོགས་རྣམས་བཟློག་ཏུ་གསོལ༔ བུདྡྷ་ཀྲོ་ཏིས་དེ་བཞིན་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ བཛྲ་ཀྲོ་ཏིས་རྡོ་རྗེའི་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ རཏྣ་ཀྲོ་ཏིས་རིན་ཆེན་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ པདྨ་ཀྲོ་ཏིས་པདྨ་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཀརྨ་ཀྲོ་ཏིས་ལས་ཀྱི་སྤྲུལ་པའི་ཚོགས་རྣམས་བཟློག་ཏུ་གསོལ༔ ཀོའུ་རི་མ་མོས་ཞིང་དབྱུག་ཐོགས་པ་ཟློག༔ ཙོ་རི་མ་མོས་མདའ་གཞུ་ཐོགས་པ་ཟློག༔ པྲ་མོ་དམར་མོས་རྒྱལ་མཚན་ཐོགས་པ་ཟློག༔ བེ་ཏ་ནག་མོས་རྡོ་རྗེ་ཐོགས་པ་ཟློག༔ པུས་ཀཱ་སི་ཡིས་གློ་སྙིང་འདྲེན་པ་ཟློག༔ གྷསྨཱ་རི་ཡིས་ཐོད་ཁྲག་ཐོགས་པ་ཟློག༔ སྨེ་ཤ་ནི་ཡིས་བྱིས་སྙིང་འཛིན་པ་ཟློག༔ ཙནྡྲ་ལི་ཡིས་མགོ་ལུས་ཕྲལ་བ་ཟློག༔ ཕྲ་མེན་སིདྷས་སེང་གེའི་མགོ་ཅན་ཟློག༔ ཕྲ་མེན་བྷེ་ཀྲིས་སྟག་གི་མགོ་ཅན་ཟློག༔ ཕྲ་མེན་སྲི་ལས་ཝ་ཡི་མགོ་ཅན་ཟློག༔ ཕྲ་མེན་ཤོ་ནས་སྤྱང་ཀིའི་མགོ་ཅན་


CMR011_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ཕྲ་མེན་ཀྲི་ཏས་བྱ་རྒོད་མགོ་ཅན་ཟློག༔ ཕྲ་མེན་ཀཾ་ཀས་ཀཾ་ཀའི་མགོ་ཅན་ཟློག༔ ཕྲ་མེན་ཁ་ཁས་ཁ་ཁའི་མགོ་ཅན་ཟློག༔ ཕྲ་མེན་ཧུ་ལུས་འུག་པའི་མགོ་ཅན་ཟློག༔ རྟ་གདོང་དཀར་མོས་ལྕགས་ཀྱུ་ཐོགས་པ་ཟློག༔ ཕག་གདོང་སེར་མོས་ཞགས་པ་ཐོགས་པ་ཟློག༔ སྤྲེལ་གདོང་དམར་མོས་ལྕགས་སྒྲོག་ཐོགས་པ་ཟློག༔ སྤྱང་གདོང་ལྗང་གུས་དྲིལ་བུ་ཐོགས་པ་ཟློག༔ བཀའ་ཡི་བསྟན་པ་བསྲུང་བའི་ལས་བྱེད་ཚོགས༔ བཀའ་སྲུང་སྲིན་མོ་ཉི་ཤུ་རྩ་བརྒྱད་ཀྱིས༔ ཕྱོགས་མཚམས་དགྲ་བགེགས་མ་ལུས་ཐམས་ཅད་ཟློག༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ། ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཅེས་བསྟབ་བོ༔ འདོད་གསོལ་བྱ༔ དམ་བདར་བཅོལ་བསྐུལ་བྱའོ༔ ༈ དེ་ནས་འཇམ་དཔལ་སྐུ་ཡི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་


CMR011_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ ཐམས་ཅད་དབང་དུ་སྡུད་མཛད་ཁྲོ་བོའི་རྗེ༔ དགྲ་བགེགས་འདི་ཡི་ཤ་ཁྲག་སྲོག་ལ་རོལ༔ ལས་ཀྱི་ཁྲོ་བོས་གཤིན་རྗེའི་ཕོ་ཉ་ཟློག༔ སྦྱོར་ཡུམ་བྷེ་ཏས་མ་བདུད་ཕོ་ཉ་ཟློག༔ སྒོལ་ཡུམ་ཙ་ཏིས་སྔགས་ཀྱི་ཕོ་ཉ་ཟློག༔ ཡ་མ་རཱ་ཙས་གཤིན་རྗེའི་དམག་ཚོགས་ཟློག༔ སྦྱོར་ཡུམ་བདུད་ལྕམ་བདུད་མོའི་གནོད་པ་ཟློག༔ སྒྲོལ་ཡུམ་བཀའ་ཉན་དཔལ་གྱི་ཕོ་ཉ་ཟློག༔ མྱོས་བྱེད་འབར་བས་གཤིན་རྗེ་སྲིན་པོ་ཟློག༔ སྦྱོར་ཡུམ་དུག་ཧྲུལ་མ་མོའི་གནོད་པ་ཟློག༔ སྒྲོལ་ཡུམ་ཆག་བཞིས་མ་བདུད་གནོད་པ་ཟློག༔ ཨརྱ་མེ་རུས་བདུད་ཀྱི་ཕོ་ཉ་ཟློག༔ སྦྱོར་ཡུམ་འོད་ཟེར་ཁྲོ་མོའི་གནོད་པ་ཟློག༔ སྒྲོལ་ཡུམ་གཙུག་འབྱམས་གླིང་བཞིའི་གནོད་པ་ཟློག༔ རལ་པ་ཚར་དགུས་གནོད་སྦྱིན་གནོད་པ་ཟློག༔ སྦྱོར་ཡུམ་རེ་ཏིས་ལྷ་མོའི་གནོད་པ་ཟློག༔ སྒྲོལ་ཡུམ་མགོས་འཕྱངས་སྲིན་པོའི་གནོད་པ་ཟློག༔ གཤིན་རྗེ་ནག་འཇོམས་སྟེང་ཕྱོགས་ལྷ་གདོན་ཟློག༔ གཤིན་རྗེ་ཕྱ་སངས་སྟེང་ཕྱོགས་ལྷ་ཡི་གདོན་ཚོགས་ཟློག༔ གཤིན་རྗེ་སྲོག་འཇོམས་ཤར་གྱི་གདོན་ཚོགས་ཟློག༔ ཨ་ཝ་གླང་མགོས་


CMR011_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོའི་གདོན་ཚོགས་ཟློག༔ གཤིན་རྗེ་ཡ་ཏིས་ལྷོ་ཡི་གདོན་ཚོགས་ཟློག༔ གཤིན་རྗེ་མིག་དམར་ལྷོ་ནུབ་གདོན་ཚོགས་ཟློག༔ གཤིན་རྗེ་སྒྲིག་པས་ནུབ་ཀྱི་གདོན་ཚོགས་ཟློག༔ གཤིན་རྗེ་ཏིལ་པས་ནུབ་བྱང་གདོན་ཚོགས་ཟློག༔ གཤིན་རྗེ་བདུད་འཇོམས་བྱང་གི་གདོན་ཚོགས་ཟློག༔ གཤིན་རྗེ་ཆོས་རྒྱལ་བྱང་ཤར་གདོན་ཚོགས་ཟློག༔ གཤིན་རྗེ་དམར་པོས་འོག་གི་གདོན་ཚོགས་ཟློག༔ གཤིན་རྗེ་ཐོད་དབྱུག་འོག་གི་ཀླུ་གདོན་ཟློག༔ ནག་མོ་རལ་གཅིག་སྟེང་གི་ལྷ་གདོན་ཟློག༔ ཤེལ་གྱི་གདོང་དགུས་ཚངས་པའི་དམག་དཔུང་ཟློག༔ ཤེལ་མིག་རལ་གཅིག་དྲི་ཟ་ཕོ་མོ་ཟློག༔ དཀར་སྐྱ་མཆེ་གཙིགས་དྲང་སྲོང་ཕོ་མོ་ཟློག༔ དྲེད་ཀྱིས་རྔམས་སྟབས་གྲུལ་བུམ་ཕོ་མོ་ཟློག༔ ཁྲག་གིས་རལ་གཅིག་སྲིན་པོ་ཕོ་མོ་ཟློག༔ ཀླུ་མོ་སྤུས་འགྲོས་ཆུ་ལྷ་ཕོ་མོ་ཟློག༔ རླུང་ལྷ་སྤྱན་གསུམ་རླུང་ལྷ་ཕོ་མོ་ཟློག༔ སྨུག་ནག་རལ་གཅིག་གནོད་སྦྱིན་ཕོ་མོ་ཟློག༔ རྡོ་རྗེ་སྤྱན་གཅིག་དབང་ལྡན་ཕོ་མོ་ཟློག༔ ཐོད་དབྱུག་དམར་མོས་ཀླུ་རྒྱལ་ཕོ་མོ་ཟློག༔ ནག་མོ་ཕག་མགོས་ས་བདག་ཕོ་མོ་ཟློག༔ དཀར་མོ་རྒོད་མགོས་ལྕགས་ཀྱུའི་ཕོ་ཉ་ཟློག༔ ནག་


CMR011_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྟག་མགོས་ཞགས་པའི་ཕོ་ཉ་ཟློག༔ དམར་མོ་ཀཾ་ཀས་ལྕགས་སྒྲོག་ཕོ་ཉ་ཟློག༔ སྔོན་མོ་སྤྱང་ཀུས་དྲིལ་བུའི་ཕོ་ཉ་ཟློག༔ བཀའ་ཡི་བསྟན་སྲུང་གིང་བདུད་རྩིས་ཤན་གྱིས་དགྲ་བགེགས་རུ་ཏྲ་གནོད་བྱེད་ཐམས་ཅད་ཟློག༔ ཧཱུྃ༔ སེར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ འཇམ་དཔལ་སྐུའི་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་ཧྲིཏྟི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ལཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཅེས་བསྟབ་བོ༔ འདོད་གསོལ་བྱ༔ དམ་བརྡར་བཅོལ་བསྐུལ་བྱའོ༔ ༈ དེ་ནས་པདྨ་གསུང་གི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་པདྨ་དབང་༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པ་དང་༔ དགྲ་བགེགས་བྱད་མ་ཆགས་པའི་ཁྲག་ལ་རོལ༔ དབང་ཆེན་ཕོ་གདོན་བགེགས་ཀྱི་ཚོགས་རྣམས་ཟློག༔ ཡུམ་ཆེན་ཁྲོ་མོ་པདྨ་གཟི་ལྡན་མས་དབང་ཆེན་མོ་གདོན་བགེགས་ཀྱི་ཚོགས་རྣམས་ཟློག༔ བྱི་


CMR011_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ལའི་མགོ་ཅན་གདུག་པའི་བསམ་སྦྱོར་ཟློག༔ ཕུག་ཤུད་མགོ་ཅན་གདུག་པའི་སྡང་སེམས་ཟློག༔ རྡོ་རྗེ་དབང་ཆེན་ཞེ་སྡང་གདོན་ཚོགས་ཟློག༔ རིན་ཆེན་དབང་ཆེན་ང་རྒྱལ་གདོན་ཚོགས་ཟློག༔ པདྨ་དབང་ཆེན་འདོད་ཆགས་གདོན་ཚོགས་ཟློག༔ ཀརྨ་དབང་ཆེན་ཕྲག་དོག་གདོན་ཚོགས་ཟློག༔ རྡོ་རྗེ་དབང་ཕྱུག་ཤར་ཕྱོགས་དྲི་ཟ་ཟློག༔ རིན་ཆེན་དབང་ཕྱུག་ལྷོ་ཕྱོགས་གཤིན་རྗེ་ཟློག༔ པདྨ་དབང་ཕྱུག་ནུབ་ཕྱོགས་ཀླུ་གདོན་ཟློག༔ ལས་ཀྱི་དབང་ཕྱུག་བྱང་ཕྱོགས་གནོད་སྦྱིན་ཟློག༔ ཡེ་ཤེས་ཟིལ་གནོན་ཡེ་ཤེས་བཀའ་ཆད་ཟློག༔ ཁྲོ་རྒྱལ་ཟིལ་གནོན་ཁྲོ་བོའི་བཀའ་ཆད་ཟློག༔ མ་མོ་ཟིལ་གནོན་མ་མོའི་བཀའ་ཆད་ཟློག༔ ཁྱུང་ཆེན་ཟིལ་གནོན་ཁྱུང་ཆེན་གནོད་པ་ཟློག༔ ཕོ་རྒྱུད་ཟིལ་གནོན་ཕོ་རྒྱུད་གནོད་པ་ཟློག,མོ་རྒྱུད་ཟིལ་གནོན་མོ་རྒྱུད་གནོད་པ་ཟློག༔ གཟའ་སྐར་ཟིལ་གནོན་གཟའ་སྐར་གནོད་པ་ཟློག༔ ཀླུ་རྣམས་ཟིལ་གནོན་ཀླུ་བདུད་གནོད་པ་ཟློག༔ མི་ཕམ་ཁྲོ་མོས་ལྷ་མོའི་བཀའ་ཆད་ཟློག༔ ཁྲོ་གཉེར་ཁྲོ་མོས་ཁྲོ་མོའི་བཀའ་ཆད་ཟློག༔ རོ་ལངས་ཁྲོ་མོས་རོ་ལངས་བཀའ་ཆད་ཟློག༔ སྤྱན་གཅིག་ཁྲོ་མོས་ཁྱུང་གི་


CMR011_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཆད་ཟློག༔ ཁྲོ་མོ་ལས་བྱེད་ཕོ་ཉའི་བཀའ་ཆད་ཟློག༔ ཁྲོ་མོ་གཤིན་རྗེས་གཤིན་རྗེའི་བཀའ་ཆད་ཟློག༔ ཁྲོ་མོ་གཟའ་འདུལ་གཟའ་ཡི་བཀའ་ཆད་ཟློག༔ ཁྲོ་མོ་ཀླུ་འདུལ་ཀླུ་ཡི་བཀའ་ཆད་ཟློག༔ གཟའ་ཀླུ་ཟིལ་གནོན་གཟའ་ཀླུའི་བཀའ་ཆད་ཟློག༔ ཁྲོ་མོ་གནོད་སྦྱིན་གནོད་སྦྱིན་བཀའ་ཆད་ཟློག༔ ཤར་གྱི་སྒོ་བས་ཤར་གྱི་གནོད་བྱེད་ཟློག༔ ལྷོ་ཡི་སྒོ་བས་ལྷོ་ཡི་གནོད་བྱེད་ཟློག༔ ནུབ་ཀྱི་སྒོ་བས་ནུབ་ཀྱི་གནོད་བྱེད་ཟློག༔ བྱང་གི་སྒོ་བས་བྱང་གི་གནོད་བྱེད་ཟློག༔ བཀའ་ཡི་བསྟན་སྲུང་ཁམ་བརྒྱད་དམུས་ལོང་དང་༔ དཔལ་གྱི་ཁྱི་སྤྱང་མེ་འབྲུག་རླུང་འབྲུག་ཚོགས༔ གདུག་པའི་དགྲ་བགེགས་གནོད་བྱེད་འབྱུང་པོ་ཟློག༔ ཧཱུྃ༔ དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ པདྨ་གསུང་གི་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་ཧཱུྃཔདྨནྟ་ཀྲིཏྟ་མ་ཧཱ་ཀྲོ་དྷ་ཧྱ་གཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མ་ཧཱ་མཱི་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་


CMR011_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ རིགས་ཀྱི་ཁྲོ་རྒྱལ་ཐམས་ཅད་དབང་བསྡུས་ལ་དགྲ་བགེགས་བྱད་མའི་གཟུགས་ཕུང་རྣམ་ཤེས་རོལ༔ སྟེང་འོག་ཕྱོགས་བཅུ་ཀུན་གྱི་གནོད་པ་ཟློག༔ ཡུམ་མཆོག་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དམ་པ་མཛོད༔ བཛྲ་ཀཱི་ལས་དགྲ་བགེགས་ཞི་བས་ཟློག༔ རཏྣ་ཀཱི་ལས་དགྲ་བགེགས་རྒྱས་པས་ཟློག༔ པདྨ་ཀཱི་ལས་དགྲ་བགེགས་དབང་གིས་ཟློག༔ ཀརྨ་ཀཱི་ལས་དགྲ་བགེགས་དྲག་པོས་ཟློག༔ བུདྡྷ་ཀཱི་ལས་དགྲ་བགེགས་ལས་བཞིས་ཟློག༔ སངས་རྒྱས་ཡུམ་ཆེན་ས་གདོན་མ་ལུས་ཟློག༔ རིན་ཆེན་ཡུམ་ཆེན་ཆུ་གདོན་མ་ལུས་ཟློག༔ པདྨའི་ཡུམ་ཆེན་མེ་གདོན་མ་ལུས་ཟློག༔ ཀརྨའི་ཡུམ་ཆེན་རླུང་གདོན་མ་ལུས་ཟློག༔ ཧཱུྃ་དཀར་རྒྱལ་པོས་ཚངས་པའི་དམག་ཚོགས་ཟློག༔ རྣམ་པར་རྒྱལ་བས་དྲི་ཟའི་དམག་ཚོགས་ཟློག༔ དབྱུག་པ་སྔོན་པོས་མེ་ལྷའི་དམག་ཚོགས་ཟློག༔ གཤིན་རྗེའི་གཤེད་པོས་གཤིན་རྗེའི་དམག་ཚོགས་


CMR011_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ མི་གཡོ་མགོན་པོས་སྲིན་པོའི་དམག་ཚོགས་ཟློག༔ རྟ་མགྲིན་རྒྱལ་པོས་ཆུ་ལྷའི་དམག་ཚོགས་ཟློག༔ གཞན་གྱིས་མི་ཐུབ་རླུང་ལྷའི་དམག་ཚོགས་ཟློག༔ བདུད་རྩི་འཁྱིལ་པས་གནོད་སྦྱིན་དམག་ཚོགས་ཟློག༔ ཁམས་གསུམ་རྣམ་རྒྱལ་བགེགས་ཀྱི་དམག་ཚོགས་ཟློག༔ སྟོབས་ཆེན་རྒྱལ་པོས་ས་བདག་དམག་ཚོགས་ཟློག༔ ཧཱུྃ༔ རྡོ་རྗེ་སྒྲ་འབྱིན་སྟེང་གི་དགྲ་བགེགས་ཟློག༔ རྡོ་རྗེ་བསྙེམས་མས་ཤར་གྱི་དགྲ་བགེགས་ཟློག༔ རྡོ་རྗེ་སྡེར་མོས་ཤར་ལྷོའི་དགྲ་བགེགས་ཟློག༔ དུར་ཁྲོད་བདག་མོས་ལྷོ་ཡི་དགྲ་བགེགས་ཟློག༔ རྡོ་རྗེ་གཏུན་ཁུང་ལྷོ་ནུབ་དགྲ་བགེགས་ཟློག༔ རྡོ་རྗེ་གཏུམ་མོས་ནུབ་ཀྱི་དགྲ་བགེགས་ཟློག༔ རྡོ་རྗེ་མདའ་བསྙེམས་ནུབ་བྱང་དགྲ་བགེགས་ཟློག༔ རྡོ་རྗེ་རླུང་འབྱིན་བྱང་གི་དགྲ་བགེགས་ཟློག༔ རྡོ་རྗེ་གསོད་མས་བྱང་ཤར་དགྲ་བགེགས་ཟློག༔ རྡོ་རྗེ་སྤྱོད་མས་འོག་གི་དགྲ་བགེགས་ཟློག༔ ཕག་མགོ་ཅན་གྱིས་སྟེང་གི་དགྲ་བགེགས་ཟློག༔ སྟག་མགོ་ཅན་གྱིས་ཤར་གྱི་དགྲ་བགེགས་ཟློག༔ གཡག་མགོ་ཅན་གྱིས་ཤར་ལྷོའི་དགྲ་བགེགས་ཟློག༔ ཤ་བའི་མགོ་ཅན་ལྷོ་ཡི་དགྲ་བགེགས་ཟློག༔ གཟིག་མགོ་ཅན་གྱིས་ལྷོ་


CMR011_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དགྲ་བགེགས་ཟློག༔ བྱི་ལའི་མགོ་ཅན་ནུབ་ཀྱི་དགྲ་བགེགས་ཟློག༔ སྤྱང་ཀུའི་མགོ་ཅན་ནུབ་བྱང་དགྲ་བགེགས་ཟློག༔ སེང་གེའི་མགོ་ཅན་བྱང་གི་དགྲ་བགེགས་ཟློག༔ དོམ་གྱི་མགོ་ཅན་བྱང་ཤར་དགྲ་བགེགས་ཟློག༔ དྲེད་ཀྱི་མགོ་ཅན་འོག་གི་དགྲ་བགེགས་ཟློག༔ སྨིག་བུའི་མགོ་ཅན་སྟེང་གི་ལྷ་གདོན་ཟློག༔ བྱ་རྒོད་མགོ་ཅན་ཤར་ཕྱོགས་དྲི་ཟ་ཟློག༔ བྱ་རོག་མགོ་ཅན་ཤར་ལྷོའི་མེ་ལྷ་ཟློག༔ འག་པའི་མགོ་ཅན་ལྷོ་ཕྱོགས་གཤིན་རྗེ་ཟློག༔ ཁྭ་ཏའི་མགོ་ཅན་ལྷོ་ནུབ་སྲིན་པོ་ཟློག༔ པུ་ཤུད་མགོ་ཅན་ནུབ་ཕྱོགས་ཆུ་ལྷ་ཟློག༔ ཁྲ་ཡི་མགོ་ཅན་ནུབ་བྱང་རླུང་ལྷ་ཟློག༔ ཕ་ཝང་མགོ་ཅན་བྱང་ཕྱོགས་གནོད་སྦྱིན་ཟློག༔ སྲེ་མོང་མགོ་ཅན་བྱང་ཤར་དབང་ལྡན་ཟློག༔ བྱི་བའི་མགོ་ཅན་འོག་ཕྱོགས་ས་བདག་ཟློག༔ པུ་ཤུད་མགོ་ཅན་འཛིན་བྱེད་ཕོ་ཉ་ཟློག༔ སྐྱ་ཀའི་མགོ་ཅན་འཆིང་བྱེད་ཕོ་ཉ་ཟློག༔ སྲིན་བྱའི་མགོ་ཅན་སྡོམ་བྱེད་ཕོ་ཉ་ཟློག༔ ཁྲ་ཡི་མགོ་ཅན་འབེབས་བྱེད་ཕོ་ཉ་ཟློག༔ བཀའ་ཡི་བསྟན་སྲུང་མ་མོ་བཅུ་གཉིས་དང་༔ དམ་ཅན་ཕུར་སྐྱོང་ཕོ་བདུད་བཅུ་གཉིས་ཀྱིས༔ དགྲ་བགེགས་གནོད་བྱེད་འབྱུང་པོ་བཟློག་ཏུ་


CMR011_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཧཱུྃ༔ ལྗང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཅེས་བསྟབ་བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་མ་མོ་རྦོད་གཏོང་གི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ སྲིད་པའི་མ་མོ་ཐམས་ཅད་ཟིལ་གྱིས་གནོན༔ དམ་ཉམས་བྱེད་མའི་རྣམ་ཤེས་འདི་ལ་རོལ༔ མ་མོའི་དམག་དཔུང་དམ་ཉམས་དགྲ་ལ་ཟློག༔ ཡུམ་ཆེན་ཀུན་བཟང་ཉིད་བཞི་མུ་ཁ་ལེ༔ སྲིད་པའི་མ་མོས་གདུག་རྩུབ་དགྲ་ལ་ཟློག༔ སྣང་གསལ་མ་མོས་རྡོ་རྗེ་མཁའ་འགྲོ་ཟློག༔ འོད་གསལ་མ་མོས་རིན་ཆེན་མཁའ་གྲོ་ཟློག༔ གཉེན་གསལ་མ་མོས་པདྨ་མཁའ་འགྲོ་ཟློག༔ ཡང་གསང་མ་མོས་ལས་ཀྱི་མཁའ་འགྲོ་ཟློག༔ བཀྲག་གསལ་མ་མོས་སངས་རྒྱས་


CMR011_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཟློག༔ རྗེ་མོ་བཅུ་བཞིའོ། སྲིད་པ་བདེ་འགྲོས་ལྷ་འདྲེའི་དམག་དཔུང་ཟློག༔ ཉི་ཟླ་ཐོད་ཕྲེང་གཟའ་སྐར་དམག་དཔུང་ཟློག༔ ཉི་མ་ཁྲོས་མས་རྡོ་རྗེའི་ཕོ་ཉ་ཟློག༔ ཁམས་གསུམ་ཁྲོས་མས་རིན་ཆེན་ཕོ་ཉ་ཟློག༔ ཁྲག་འཐུང་ཁྲོས་མས་པདྨའི་ཕོ་ཉ་ཟློག༔ སྲིད་གསུམ་ཁྲོས་མས་ལས་ཀྱི་ཕོ་ཉ་ཟློག༔ རྒྱན་གྱི་རྒྱལ་མོས་ཁྲམ་ཁ་ཤོ་རྡེའུ་ཟློག༔ གཅིག་པུ་ཡུམ་མཆོག་ཟློག་སྒྱུར་དགྲ་ལ་ཟློག༔ དབྱིངས་ཕྱུག་རྒྱལ་མོས་དབྱིངས་ནས་དགྲ་བགེགས་ཟློག༔ བདག་ཉིད་ཆེན་མོས་དགྲ་བགེགས་གནོད་པ་ཟློག༔ ། དཀར་མོ་སྤྱན་གཅིག་ཤར་གྱི་དགྲ་བགེགས་ཟློག༔ ནག་མོ་རལ་གཅིག་ལྷོ་ཡི་གདོན་ཚོགས་ཟློག༔ དམར་མོ་དབང་སྡུད་ནུབ་ཀྱི་གདོན་ཚོགས་ཟློག༔ སེར་མོ་ལས་མཁན་བྱང་གི་གདོན་རྣམས་ཟློག༔ སྲིད་པ་ཆགས་བྱེད་སྲིད་གསུམ་དམག་དཔུང་ཟློག༔ སྲིད་པ་ཆགས་སྙམ་སྲིད་གསུམ་གདུག་པ་ཟློག༔ ཙིཏྟ་རལ་གཅིག་ལས་ཀྱི་དགྲ་བགེགས་ཟློག༔ ཨེ་ཀ་ཙ་ཏིས་བསྟན་པའི་རུ་ཏྲ་ཟློག༔ འདོད་ཁམས་གཙོ་མོས་བདུད་དང་གཤིན་རྗེ་ཟློག༔ མདོག་བཟང་ནག་མོས་ནག་མོའི་དམག་དཔུང་ཟློག༔ མདོག་བཟང་དཀར་མོས་དཀར་


CMR011_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་དམག་དཔུང་ཟློག༔ མདོག་བཟང་སེར་མོས་སེར་མོའི་དམག་དཔུང་ཟློག༔ མདོག་བཟང་དམར་མོས་དམར་མོའི་དམག་དཔུང་ཟློག༔ མདོག་བཟང་སྔོན་མོས་སྔོན་མོའི་དམག་དཔུང་ཟློག༔ དབུ་བརྒྱ་སྤྱན་སྟོང་སྟོང་ཕྲག་བརྒྱད་ཅུ་ཟློག༔ པདྨ་གར་དབང་ས་བདག་ཀླུ་གཉན་ཟློག༔ དཀར་མོ་མཆེ་གཙིགས་དྲི་ཟའི་དམག་ཚོགས་ཟློག༔ ནག་མོ་ཁ་འབྱམས་གྲུལ་བུམ་གནོད་པ་ཟློག༔ དམར་མོ་མཆུ་འཇིབ་ཀླུ་ཡི་གནོད་པ་ཟློག༔ སེར་མོ་རྐང་ལྡག་གནོད་སྦྱིན་གནོད་པ་ཟློག༔ ཧར་ཏིང་དཀར་མོས་ཤར་ལྷོའི་གདོན་ཚོགས་ཟློག༔ དུན་ཏིང་ནག་མོས་ལྷོ་ནུབ་གདོན་ཚོགས་ཟློག༔ ཤིནྟཾ་དམར་མོས་ནུབ་བྱང་གནོད་པ་ཟློག༔ གྲུབ་ཏིང་སེར་མོས་བྱང་ཤར་གདོན་ཚོགས་ཟློག༔ དཔལ་ལྡན་ཤུགས་འགྲོ་དྲུག་ཅུས་དགྲ་བགེགས་ཟློག༔ མཛེས་ཚུལ་ཁྲོ་བྱེད་མ་མོས་དགྲ་བགེགས་ཟློག༔ བདུད་དྲེགས་ཀུན་འདུལ་མ་མོས་དགྲ་བགེགས་ཟློག༔ ཕོ་ཉ་དྲུག་ཅུའི་མ་མོས་དགྲ་བགེགས་ཟློག༔ གཏུམ་ཆེན་ཟ་བྱེད་མ་མོས་དགྲ་བགེགས་ཟློག༔ འབྱུང་པོ་འཆིང་བྱེད་མ་མོས་དགྲ་བགེགས་ཟློག༔ གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་༔ ལྷ་ཡི་ཆད་པ་དགྲ་ལ་ཟློག༔


CMR011_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་༔ གཤིན་རྗེའི་ཆད་པ་དགྲ་ལ་ཟློག༔ དཀར་མོ་གཡག་ཐོད་ཀླུ་ཡི་སྲིང་༔ ཀླུ་ཡི་ཆད་པ་དགྲ་ལ་ཟློག༔ ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་༔ གནོད་སྦྱིན་ཆད་པ་དགྲ་ལ་ཟློག༔ དཀར་མོ་དབུ་དགུས་བརྒྱལ་ནད་སྨྱོ་འབོག་ཟློག༔ མཚོ་སྨན་རྒྱལ་མོས་མཛེ་ནད་སྣ་དགུ་ཟློག༔ སྲིད་པའི་མ་མོས་རིམས་ནད་ཡམས་ནད་ཟློག༔ ཙ་མུན་ཏི་ཡིས་བཙན་རྒོད་རྦོད་གཏོང་ཟློག༔ བཀའ་སྲུང་ལས་མཁན་སྲིད་པའི་མ་མོའི་ཚོགས༔ སྣང་སྲིད་མ་མོའི་གདོན་ཚོགས་དགྲ་ལ་ཟློག༔ ཧཱུྃ༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ཕོ་བྲང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་གུ་ཧྱ་ཛྙཱ་ན་ཤཱི་ཧེ་རུ་ཀ་ཧཱུྃཕཊ༔ མ་མོ་ཀྲོ་ཏཱི་ཤྭ་རཱི་སིཾ༔ མ་མ་ཡོ་ཀི་ནི༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་རིག་འཛིན་


CMR011_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ རིག་འཛིན་དཔའ་བོ་རྣལ་འབྱོར་བྱེ་བའི་ཚོགས༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ མི་དམིགས་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་མས༔ དགྲ་བགེགས་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ལྷུན་གྲུབ་རིག་འཛིན་ལྷ་བུའི་བདུད་ཚོགས་ཟློག༔ ཕྱག་རྒྱའི་རིག་འཛིན་ཉོན་མོངས་བདུད་ཚོགས་ཟློག༔ ས་གནས་རིག་འཛིན་ས་ལམ་བར་ཆད་ཟློག༔ ཚེ་དབང་རིག་འཛིན་འཆི་བདག་བདུད་ཚོགས་ཟློག༔ རྣམ་སྨིན་རིག་འཛིན་ཕུང་པོའི་བདུད་ཚོགས་ཟློག༔ ཡང་དག་རིག་འཛིན་ཤར་གྱི་དགྲ་བགེགས་ཟློག༔ འཇམ་དཔལ་རིག་འཛིན་ལྷོ་ཡི་དགྲ་བགེགས་ཟློག༔ རྟ་མགྲིན་རིག་འཛིན་ནུབ་ཀྱི་དགྲ་བགེགས་ཟློག༔ ཕུར་པའི་རིག་འཛིན་བྱང་གི་དགྲ་བགེགས་ཟློག༔ ཡོན་ཏན་རིག་འཛིན་ལྷོ་ནུབ་དགྲ་བགེགས་ཟློག༔ ཆོད་གཏོང་རིག་འཛིན་ཤར་ལྷོའི་དགྲ་བགེགས་ཟློག༔ མཆོད་བསྟོད་རིག་འཛིན་ནུབ་བྱང་དགྲ་བགེགས་ཟློག༔ དྲག་སྔགས་རིག་འཛིན་བྱང་ཤར་དགྲ་བགེགས་ཟློག༔ དབང་གི་རིག་འཛིན་བར་ཆད་ཞི་བས་


CMR011_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ རྒྱུད་ཀྱི་རིག་འཛིན་བར་ཆད་རྒྱས་པས་ཟློག༔ ལུང་གི་རིག་འཛིན་བར་ཆད་དབང་གིས་ཟློག༔ ཉམས་ཀྱི་རིག་འཛིན་བར་ཆད་དྲག་པོས་ཟློག༔ བཀའ་ཡི་བསྟན་སྲུང་མཁའ་འགྲོ་གིང་གི་ཚོགས༔ ཐུགས་རྗེ་ནུས་པའི་བྱིན་རླབས་རྩལ་ཕྱུངས་ལ༔ བར་ཆད་དགྲ་བགེགས་སྐྲོད་གཏོང་ཐམས་ཅད་ཟློག༔ ཧཱུྃ༔ གདུང་འཚོབས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་རྗེ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ དྲེགས་པ་ཟིལ་གྱིས་གནོན་ཅིང་སྡེ་བརྒྱད་ཟློག༔ ཡུམ་ཆེན་ཁམས་གསུམ་སྲིད་པ་སྤྱི་


CMR011_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་མས༔ སྣང་སྲིད་མོ་རྒྱུད་དབང་སྡུད་ཕོ་ཉ་ཟློག༔ མ་ཧཱ་དེ་ཝས་ཕོ་རྒྱུད་གདོན་རྣམས་ཟློག༔ ཨུ་མ་དེ་ཝས་མོ་རྒྱུད་གདོན་རྣམས་ཟློག༔ ཡ་མ་རཱ་ཙས་གཤིན་རྗེའི་གདོན་རྣམས་ཟློག༔ གསོད་བྱེད་ནག་མོས་གཤིན་རྗེའི་གདོན་རྣམས་ཟློག༔ སྲིད་པའི་རྒྱལ་མོས་མ་མོའི་གདོན་རྣམས་ཟློག༔ ཨེ་ཀ་ཙ་ཏིས་སྔགས་སྲུང་གདོན་རྣམས་ཟློག༔ སྐོས་རྗེ་ཏྲང་དཀར་བདུད་ཀྱི་གདོན་རྣམས་ཟློག༔ བདུད་མོ་རེ་ཏིས་བདུད་མོའི་གདོན་རྣམས་ཟློག༔ པེ་ཀར་རྒྱལ་པོས་རྒྱལ་པོས་གདོན་རྣམས་ཟློག༔ སྲོག་བདག་ཚངས་པས་གིང་གི་གདོན་རྣམས་ཟློག༔ སྐུ་ལྷ་གསང་བས་དགྲ་བླའི་གདོན་རྣམས་ཟློག༔ ཁྱབ་འཇུག་ཆེན་པོས་གཟའ་ཡི་གདོན་རྣམས་ཟློག༔ ནག་པོ་གློག་འཕྲེང་སྲིན་པོའི་གདོན་རྣམས་ཟློག༔ སྦལ་མགོ་ཁྲག་མིག་སྲིན་མོའི་གདོན་རྣམས་ཟློག༔ ཡཀྵ་མེ་དབལ་གནོད་སྦྱིན་ཕོ་གདོན་ཟློག༔ མོན་མོ་ནག་མོས་གནོད་སྦྱིན་མོ་གདོན་ཟློག༔ མ་ཧཱ་ཀཱ་ལས་མགོན་པོའི་གདོན་རྣམས་ཟློག༔ བན་ཆེན་བདུད་འདུལ་རུ་ཏྲའི་གདོན་རྣམས་ཟློག༔ དམུ་བདུད་བཀྲག་མེད་དམུ་བདུད་གདོན་རྣམས་ཟློག༔ གུ་ལང་ནག་པོས་མུ་སྟེགས་གདོན་རྣམས་ཟློག༔ ལྷ་


CMR011_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཤམ་པོས་ཡུལ་ལྷའི་གདོན་རྣམས་ཟློག༔ ཐོག་གི་བུ་ཡུག་རྣམ་སྨིན་གདོན་རྣམས་ཟློག༔ གཡའ་སྤང་སྐྱེས་ཅིག་མ་སངས་གདོན་རྣམས་ཟློག༔ སྲོག་ཟན་དམར་པོས་བཙན་གྱི་གདོན་རྣམས་ཟློག༔ གནམ་ཐེལ་དཀར་པོས་ཐེའུ་རང་གདོན་རྣམས་ཟློག༔ ཡམ་ཤུད་དམར་པོས་འགོང་པོའི་གདོན་རྣམས་ཟློག༔ བྱི་ན་ཡ་ཀས་བགེགས་ཀྱི་གདོན་རྣམས་ཟློག༔ མཁའ་འགྲོ་མགྱོགས་བྱེད་མཁའ་འགྲོའི་གདོན་རྣམས་ཟློག༔ ཀླུ་བདུད་མགོ་དགུས་ཀླུ་གདོན་མ་ལུས་ཟློག༔ ཀླུ་མོ་ནག་མོས་ཀླུ་མོའི་གདོན་རྣམས་ཟློག༔ བཀའ་ཡི་བསྟན་སྲུང་ལྷ་སྲིན་སྡེ་བརྒྱད་ཀྱིས༔ བར་ཆད་དགྲ་བགེགས་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ༔ དམ་རྫས་རྫ་ལྟར་ལྷག་པའི་དཀྱིལ་འཁོར་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྛན་ཧཱུྃ་ཕཊ༔ མ་ཧཱ་ཚྭ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། །འདོད་གསོལ་བྱ།


CMR011_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ དམ་ཉམས་དགྲ་བགེགས་རྣམ་ཤེས་འདི་ལ་རོལ༔ སྔགས་ཀྱི་བདག་པོས་དྲེགས་པ་ཕོ་རྒྱུད་ཟློག༔ ཡུམ་ཆེན་འབྱུང་བ་ལྔ་ཡི་བདག་མོ་ཡིས༔ སྔགས་ཀྱི་བདག་མོས་དྲེགས་པ་མོ་རྒྱུད་ཟློག༔ འཆི་བདག་ནག་པོས་གཤིན་རྗེའི་དམོད་པ་ཟློག༔ སྲོག་གི་བདག་མོས་མ་མོའི་དམོད་པ་ཟློག༔ ཀ་ལ་ཡཀྵས་མུ་སྟེགས་དམོད་པ་ཟློག༔ མེ་ཡི་ཁ་རླངས་བདུད་པོའི་དམོད་པ་ཟློག༔ ནག་མོ་ཁྲག་འཛག་བདུད་མོའི་དམོད་པ་ཟློག༔ ཐར་པ་ནག་པོས་རུ་ཏྲའི་དམོད་པ་ཟློག༔ སྲིན་པོ་གསོད་བྱེད་སྲིན་པོའི་དམོད་པ་ཟློག༔ སྲིན་མོ་ནག་མོས་སྲིན་མོའི་དམོད་པ་ཟློག༔ རཱ་ཧུ་ལ་ཡིས་གཟའ་ཡི་དམོད་པ་ཟློག༔ གང་བ་བཟང་པོས་གནོད་སྦྱིན་དམོད་པ་ཟློག༔ ཤ་ཟ་རལ་གཅིག་གནོད་སྦྱིན་མོ་གདོན་ཟློག༔ མ་ཧཱ་དེ་ཝས་ལྷ་ཡི་དམོད་པ་ཟློག༔ ལི་བྱིན་ཧ་རས་རྒྱལ་འགོང་དམོད་པ་ཟློག༔ ཡམ་ཤུད་དམར་པོས་བཙན་གྱི་དམོད་པ་ཟློག༔ དམུ་རྗེ་བཙན་པོས་དམུ་ཡི་དམོད་པ་ཟློག༔ ཁུ་ལེ་


CMR011_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དགུས་འགོང་པོའི་དམོད་པ་ཟློག༔ རྡོ་རྗེ་ལེགས་པས་ཐེའུ་རང་དམོད་པ་ཟློག༔ གཞོན་ནུ་གཏུམ་པོས་ཀླུ་ཡི་དམོད་པ་ཟློག༔ བཀའ་ཡི་བསྟན་སྲུང་ཤན་པ་སྡེ་བརྒྱད་ཀྱིས༔ སྡེ་བརྒྱད་དམོད་པའི་མཚོན་ཆ་དགྲ་ལ་ཟློག༔ ཧཱུྃ༔ གཏུམ་དྲག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྛན་ཨེ་ཛབྷྱོ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀི་ནི་རི་ཏི་ལ་ཁཱ་ཧི་མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ།། ༈ དེ་ནས་དཔལ་གྱི་བཀའ་སྡོད་ཀྱི་ལྷ་ཚོགས་རྣམས་ལ་ཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ དཀྱིལ་འཁོར་དགུ་ཡི་བར་ཁྱམས་འཁོར་ཡུག་ནས༔ དཔལ་གྱི་བཀའ་སྲུང་དམ་ཅན་དགྲ་བགེགས་ཟློག༔ རྡོ་རྗེ་མཁའ་འགྲོ་མ་བརྒྱད་དབང་ཕྱུག་བདུན༔ དྲི་ཟ་ལ་སོགས་ཤར་གྱི་གནོད་བྱེད་ཟློག༔ རིན་ཆེན་མཁའ་འགྲོ་མ་བརྒྱད་དབང་ཕྱུག་བདུན༔ གྲུ་བུམ་ལ་


CMR011_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྷོ་ཡི་གནོད་བྱེད་ཟློག༔ པདྨ་མཁའ་འགྲོ་མ་བརྒྱད་དབང་ཕྱུག་བདུན༔ ཀླུ་གདོན་ལ་སོགས་ནུབ་ཀྱི་གནོད་བྱེད་ཟློག༔ ལས་ཀྱི་མཁའ་འགྲོ་མ་བརྒྱད་དབང་ཕྱུག་བདུན༔ གནོད་སྦྱིན་ལ་སོགས་བྱང་གི་གནོད་བྱེད་ཟློག༔ གིང་དང་ལང་ཀ་ཆུང་མར་བཅས་པ་ཡིས༔ ཟ་འདྲེ་ཕུང་སྲི་གོད་འདྲེའི་ཚོགས་རྣམས་ཟློག༔ མ་མོ་ཆེན་མོ་བདུན་དང་སྲིང་མོ་བཞིས༔ ས་སྲིན་ཀླུ་སྲིན་གྲོང་རྒྱུག་བསེན་མོ་ཟློག༔ གནོད་སྦྱིན་ཆེན་མོ་འབར་མ་བརྒྱད་རྣམས་ཀྱིས༔ ལྷ་སྲིན་སྡེ་བརྒྱད་གནོད་པ་ཐམས་ཅད་ཟློག༔ ས་བདག་བདུད་འདུལ་ཆེན་མོ་བརྒྱད་རྣམས་ཀྱིས༔ བདུད་དང་གནོད་སྦྱིན་རྣམས་ཀྱི་གནོད་པ་ཟློག༔ ས་བདག་གཟའ་འདུལ་ཆེན་མོ་བརྒྱད་རྣམས་ཀྱིས༔ མིག་དམར་ལ་སོགས་གཟའ་ཡི་གནོད་པ་ཟློག༔ ས་བདག་བཙན་བདུད་ཆེན་མོ་བརྒྱད་རྣམས་ཀྱིས༔ ཟླ་བ་ཐོད་དཀར་ལ་སོགས་བཙན་གྱི་གནོད་པ་ཟློག༔ ས་བདག་ཀླུ་འདུལ་ཆེན་མོ་བརྒྱད་རྣམས་ཀྱིས༔ ཀླུ་དང་གཉན་དང་ས་བདག་གནོད་པ་ཟློག༔ རིགས་བཞིའི་ཕོ་ཉ་དྲུག་ཅུ་རྩ་བཞི་ཡི༔ ཏྲང་རྗེ་དཀར་ནག་ལ་སོགས་དམ་སྲི་ཟློག༔ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་རྣམས་


CMR011_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ མཁའ་འགྲོའི་ཆད་པ་རིམས་ནད་ཡམས་ནད་ཟློག༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱིས༔ མ་ཡམས་ནག་མོ་རྣམས་ཀྱི་གནོད་པ་ཟློག༔ ཧཱུྃ༔ ཚོམ་བུ་དགུ་ཡི་བཀའ་སྡོད་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་རུས་པ་འདི་བཞེས་ལ༔ ལོག་འདྲེན་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ སརྦ་ཌཱཀྐི་ནཱི་ས་མ་ཡ་ཧྲིང་ཧྲིང་ཧཱུྃ་ཧཱུྃ་ཕཊ་ཕཊ༔ མ་ཧཱ་མཱ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཞེས་བསྟབ་བོ། །འདོད་གསོལ་བྱ། དམ་བདར་བཅོལ་བསྐུལ་བྱའོ། །ལྷ་འདྲེའི་དམག་དཔུང་བསྐུལ་ལོ།། ༈ བདེན་སྟོབས་ཟློག་པ། ཧཱུྃ༔ བདེར་གཤེགས་བཀའ་བརྒྱད་ལྷ་ཚོགས་བདེན་པའི་སྟོབས༔ བདེན་པའི་སྟོབས་ཀྱིས་མི་བཟློག་གང་ཡང་མེད༔ བདེན་པའི་མཐུ་དང་སྟོབས་ཀྱིས་བཟློག་ཏུ་གསོལ༔ དུས་མིན་”འཆི་བ་བརྒྱད་རྣམས་བཟློག་ཏུ་གསོལ༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་བཟློག་ཏུ་གསོལ༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཏུ་གསོལ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་


CMR011_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་གསོལ༔ བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག་ཏུ་གསོལ༔ ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཏུ་གསོལ༔ འདུ་བ་རྣམ་བཞིའི་ནད་རྣམས་བཟློག་ཏུ་གསོལ༔ བད་ཀན་དཀར་སྨུག་ནད་རྣམས་བཟློག་ཏུ་གསོལ༔ རླུང་ནད་འཕྱོ་བའི་ནད་རྣམས་བཟློག་ཏུ་གསོལ༔ ཁྲག་ནད་མཁྲིས་པའི་ནད་རྣམས་བཟློག་ཏུ་གསོལ༔ བརྒྱལ་ནད་སྨྱོ་འབོག་ནད་རྣམས་བཟློག་ཏུ་གསོལ༔ བད་ཀན་མ་ཞུའི་ནད་རྣམས་བཟློག་ཏུ་གསོལ༔ རླུང་སྨོན་གཞུང་རྒྱུད་ནད་རྣམས་བཟློག་ཏུ་གསོལ༔ མཛེ་རིགས་བཅོ་བརྒྱད་ནད་རྣམས་བཟློག་ཏུ་གསོལ༔ སིབ་དང་བས་ལྡག་ནད་རྣམས་བཟློག་ཏུ་གསོལ༔ དྲེག་དང་ཞི་གྲུམ་ནད་རྣམས་བཟློག་ཏུ་གསོལ༔ ལྷོག་པ་སྐྲང་ལྷོག་ནད་རྣམས་བཟློག་ཏུ་གསོལ༔ རྐུན་བུ་གཞོན་པའི་ནད་རྣམས་བཟློག་ཏུ་གསོལ༔ ཤུ་བ་རྒྱ་ཐོར་ནད་རྣམས་བཟློག་ཏུ་གསོལ༔ རླུང་ཁམས་འབྲས་ཆེན་ནད་རྣམས་བཟློག་ཏུ་གསོལ༔ ཕོལ་མིག་འབྲུམ་བུའི་ནད་རྣམས་བཟློག་ཏུ་གསོལ༔ རིམས་ནད་སེམས་ཀྱི་ནད་རྣམས་བཟློག་ཏུ་གསོལ༔ གློ་གཟེར་ཚ་རིམས་ནད་རྣམས་བཟློག་ཏུ་གསོལ༔ ལུས་ལ་ན་ཚ་གཏོང་བ་བཟློག་ཏུ་གསོལ༔ སྲོག་ལ་ཧུར་


CMR011_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཐུམ་བྱེད་པ་བཟློག་ཏུ་གསོལ༔ ཚེ་ཡི་བར་ཆད་བྱེད་པ་བཟློག་ཏུ་གསོལ༔ སྡེ་བརྒྱད་ནད་ཡམས་བྱེད་པ་བཟློག་ཏུ་གསོལ༔ དགྲ་སྣ་དམག་སྣ་ཇག་སྣ་བཟློག་ཏུ་གསོལ༔ ནད་སྣ་རིམས་སྣ་ཡམས་སྣ་བཟློག་ཏུ་གསོལ༔ མ་ཉེས་ཁ་ཡོག་གྱོད་སྣ་བཟློག་ཏུ་གསོལ༔ བྱུར་གྱི་སྣ་འདྲེན་བྱེད་པ་བཟློག་ཏུ་གསོལ༔ བསྒྱུར་ཞིང་ཟློག་པའི་ཕྲིན་ལས་མཛད་དུ་གསོལ༔ བདེན་སྟོབས་ཟློག་པ་འདི་དཔལ་དགུ། བཀའ་སྡོད་དང་བཅུ་ལ་སྦྱར་རོ། །སྤྲོ་ན་དང་པོ་ཞི་བཟློག་ལ་ཡང་སྦྱར་རོ། །བདེན་སྟོབས་ཟློག་པ་འི་འགྲེས་རྩ་ཟུར་དུ་བསྐོལ་བ་འདིས་འཐུས་ཏེ༔ ཟློག་གཞུང་གི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ ཞེས་སོགས་ཀྱི་མཇུག་ཏུ་སོ་སོར་སྦྱར་ན་ལེགས་སོ། །ཤིན་ཏུ་བསྡུ་ན་རྗེས་ནས་འདི་བཏོན་པས་ཀྱང་དོན་ལྡན་པ་ཡིན་ནོ།། ༈ བཀའ་བརྒྱད་ཐན་ཟློག་བསྡུས་པ༔ ཧཱུྃ༔ བཀའ་བརྒྱད་ལྷ་ཚོགས་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐན་དང་ལྟས་ངན་ཟློག་པའི་ཕྲིན་ལས་མཛོད༔ སྲོད་ལ་བྱ་གྲགས་དམུ་ཡི་ཐན༔ ནམ་ཕྱེད་མཛོ་ངུར་འགོང་པོའི་ཐན༔ འུག་པ་དགོད་པ་སྲིན་པོའི་ཐན༔ སྦྲུལ་ནག་བྱི་ཟན་ཀླུ་བཙན་ཐན༔ དེ་ཡི་ལྟས་ངན་དགྲ་ལ་སྒྱུར༔ ཁང་པ་འཚག་པ་རྒྱལ་འགོང་ཐན༔ ཤ་ཕོ་རུ་


CMR011_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འཛིང་དྲི་ཟའི་ཐན༔ ཡུ་མོ་སྐྱིད་ལྷས་སྨན་གྱི་ཐན༔ ཁང་ཁྱིམ་འོད་བྱུང་གནམ་ཐིལ་ཐན༔ དེ་ཡི་ལྟས་ངན་དགྲ་ལ་སྒྱུར༔ སྐར་མ་ཁྱིམ་བབ་གཟའ་ཡི་ཐན༔ སྦྲ་ལ་སྐྱ་ཐིག་གཉན་གྱི་ཐན༔ སྦལ་པ་ཁྱིམ་འོང་ཕོ་ལྷའི་ཐན༔ སྦྲུལ་གྱིས་ཁྱིམ་བསྐོར་ཡུལ་འབུད་ཐན༔ དེ་ཡི་ལྟས་ངན་དགྲ་ལ་སྒྱུར༔ བྱ་ཐན་ཁྱིམ་བྱུང་གཟའ་བྱེའི་ཐན༔ སྒོ་ཁྱི་རྔོ་འབྲས་ནོར་བརླག་ཐན༔ སྤྲེལ་རོ་རྙེད་པ་དམེ་འདྲེའི་ཐན༔ ངར་ངུར་རོ་རྙེད་གླུ་གཉན་ཐན༔ དེ་ཡི་ལྟས་ངན་དགྲ་ལ་སྒྱུར༔ གླ་བ་དམར་པོ་བཙན་གྱི་ཐན༔ རང་འཐག་སྟོང་འཁོར་རྩོད་དབྱེའི་ཐན༔ གཅན་གཟན་ཁྱིམ་དུ་འཛུལ་བ་ནི༔ མནའ་བྱེད་སྡིག་པའི་ལྟས་ངན་ཡིན༔ དེ་ཡི་ལྟས་ངན་དགྲ་ལ་སྒྱུར༔ སློབ་བུ་དམ་ལོག་སྟེང་དུ་སྒྱུར༔ ལེ་གུ་ལྷ་ལོག་སྟེང་དུ་སྒྱུར༔ ཉེ་བ་ཁྲེལ་མེད་སྟེང་དུ་སྒྱུར༔ ཤག་རོགས་མནའ་ཟན་སྟེང་དུ་སྒྱུར༔ ཕ་ཆེན་རྒྱབ་ལོག་སྟེང་དུ་སྒྱུར༔ ནད་པ་སོས་ལོག་སྟེང་དུ་སྒྱུར༔ བྲན་འཁོར་སྙིང་རིང་སྟེང་དུ་སྒྱུར༔ ཐན་རིགས་བརྒྱད་ཅུ་རྩ་གཅིག་སྒྱུར༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་སྒྱུར༔ ནད་རིགས་བཞི་བརྒྱ་རྩ་བཞི་སྒྱུར༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་སྒྱུར༔ བགེགས་


CMR011_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྟོང་ཕྲག་བརྒྱད་ཅུ་སྒྱུར༔ ཟློག་ཅིག་སྒྱུར་ཅིག་ས་མ་ཡ༔ བྷྱོ་བྷྱོ༔ ཟློག་བཟློག༔ ཅེས་བཀའ་བརྒྱད་ཐན་ཟློག་ཆེན་མོའི་དོན་བསྡུས། ཨ་རཱ་གས་སོ།། ཨྠྀི༔ དེ་ནས་བྱ་ཁྱུང་གི་ཟློག་པ་ནི། སྐད་ཅིག་གིས་བྱ་ཁྱུང་རྣམས་ཁྲོ་དམར་ནག་འོད་དུ་ཞུ་བ་ལས༔ གྷ་རུ་ཊ་གནམ་ལྕགས་ཀྱི་རྭ་དང་མཆུ་སྡེར༔ རལ་གྲིའི་གཤོག་པ་དང་སྤུ་གྲིའི་ཐེལ་ཕྲན༔ ཆུ་གྲིའི་མཇུག་སྒྲོ་ཅན༔ སྤྲུལ་པའི་ཁྱུང་གིས་ནམ་མཁའ་གང་ཞིང་རྡོ་རྗེའི་མེའི་སེར་བ་དང་༔ བྱེ་ཚན་གྱི་ཆར་གྱིས་གནོད་བྱེད་ཀླུ་གཉན་བསྲེག་པའི་རང་བཞིན་ཅན་དུ་གྱུར༔ ག་རུ་ཊ་དངོས་སུ་བསྐྱེད་ལ། ཁྲོ་ག་རུ་ཊ་ཛ༔ཧཱུྃ་བཾ་ཧོ༔ ས་མ་ཡ་སྟི༔ སྐབས་འདིར་དམ་བདར་བཅོལ་བསྐུལ་སྡེ་བརྒྱད་ལྷ་འདྲེའི་དམག་དཔུང་བསྐུལ་ལོ། །རྒྱས་པར་བྱེད་ན་བྱ་ཁྱུང་གི་སྤྱན་འདྲེན་གུད་ན་ཡོད་པས་སྐབས་འདིར་བྱའོ། །སྦྱོ་བཟློག་རྒྱས་པར་བསྐྱེད་ཆོག་ཆེན་མོ་ལྟར་བྱའོ། །ཞེས་པས་སྤྱན་དྲངས་ལ་བསྟིམ། མཆོད་པ་གཏོར་མ་སྨན་དང་རཀྟ་འབུལ། ཁྲོ་ག་རུ་ཊ་ཧཱུྃ་ཕཊ༔ ཅེས་པའི་ཁྱུང་སྔགས་དྲུག་པ་བཟླ་ཞིང་། དེ་ནས་བྱ་ཁྱུང་སྤྱན་འདྲེན་ནི། འདི་སྐད་དོ། །ཧཱུཾ་རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་རྒྱས་པ་ཤིང་གི་སྡོང་པོ་ནས༔ སྲིད་པའི་བྱ་ཁྱུང་རྒྱལ་པོ་ཁྲོ་བོའི་རྒྱལ༔ བདག་གི་དད་པ་དང་ནི་དམ་


CMR011_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་བྱ་ཁྱུང་ག་རུ་ཊ༔ ལྟས་ངན་བཟློག་ཅིང་ཕྲིན་ལས་སྒྲུབ་པའི་ཕྱིར༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་བོ་སྤྱན་མ་རྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ༔ ཛཧཱུྃ་བཾ་ཧོ༔ མ་ཧཱ་ག་རུ་ཊ་རཱ་ཙ་ས་མ་ཡ་ཛ༔ཛ༔ ཧཱུྃ༔ སྣང་སྲིད་འདོད་ཡོན་ཚོགས་ཀྱི་མཆོད་པ་དང་༔ རྨད་དུ་བྱུང་བའི་གཏོར་མའི་མཆོད་པ་དང་༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་༔ སྦྱོར་སྒྲོལ་རཀྟའི་མཆོད་པས་ཐུགས་དམ་བསྐང་༔ མ་ཧཱ་ག་རུ་ཊ་རཱ་ཙ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ ག་རུ་ཎ་པུ་ཛ་མེ་གྷ་ཧཱུྃ༔ རྒྱས་པའི་དུས་བྱ་ཁྱུང་ལ་བསྒྲལ་ལས་མེད་པས། འདིར་ཁྱུང་ལ་གཏོར་ཆུང་ལིང་ག་འབུལ་ལོ༔ བསྡུས་པའི་དུས་སུ་ཁྱུང་ལ་བསྒྲལ་ལས་ཡོད་པས་འདི་མི་འབུལ་ལོ།། ཧཱུྃ༔ དཔལ་ཆེན་སྐུ་སྤྲུལ་བྱ་ཁྱུང་ག་རུ་ཊ༔ ལྕགས་སྡེར་བསྒྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབས་པས་གཟའ་ཀླུ་དབང་དུ་སྡུད༔ ཁྱུང་སྐད་སྟོང་སྟོང་ཀླུ་རྣམས་སྲོག་རྩ་གཅོད༔ དགྲ་བགེགས་གཤེད་མ་བྱ་ཁྱུང་རྒྱལ་ལ་བསྟོད༔ ལྟས་ངན་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ དེ་ནས་ཟློག་གཞུང་གི་


CMR011_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུང་ཟློག་ལ། ཧཱུྃ་ཁྲོ་བྷྱོ༔ ཁྲོ་རྒྱལ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་འཇིགས་པའི་སྐུ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན༔ ཕྱག་ན་གདུག་པའི་མཚོན་ཆ་བསྣམས༔ ཁྲོ་ཆུང་ཉེར་གཅིག་སྐུ་ལས་སྤྲུལ༔ སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ སྤྲུལ་པའི་ཁྱུང་ཆེན་སྟོབས་པོ་ཆེ༔ དབུ་ཡི་སྟེང་ན་བརྗིད་པར་བརྒྱན༔ ལྕགས་ཀྱི་རྭ་དང་མཆུ་སྡེར་ཅན༔ གཡུའི་གཤོག་ཅན་དམར་ཟླུམ་མིག༔ ཁྲོ་བོའི་སྤྱན་གྱི་སྡང་མིག་གིས༔ དྲེད་མོང་རལ་འཛིངས་ལྟས་ངན་ཟློག༔ གཡས་གཤོག་དང་པོ་བརྡབས་པ་ཡིས༔ འབྲུག་སེང་འཐབས་པའི་ལྟས་ངན་ཟློག༔ གཡས་གཤོག་གཉིས་པ་བརྡབས་པ་ཡིས༔ སྟག་སེང་འཛིངས་པའི་ལྟས་ངན་ཟློག༔ གཡས་གཤོག་གསུམ་པ་བརྡབས་པ་ཡིས༔ བུད་མེད་རལ་འཛིངས་ལྟས་ངན་ཟློག༔ གཡས་གཤོག་བཞི་པ་བརྡབས་པ་ཡིས༔ དབྱིག་གི་ནོར་བུའི་ལྟས་ངན་ཟློག༔ གཡས་གཤོག་ལྔ་པ་བརྡབས་པ་ཡིས༔ ལྕི་བ་ཟས་ཀྱི་ལྟས་ངན་ཟློག༔ གཡོན་གཤོག་དང་པོ་བརྡབས་པ་ཡིས༔ མེ་ཏོག་བཅུད་ཉམས་ལྟས་ངན་ཟློག༔ གཡོན་གཤོག་གཉིས་པ་བརྡབས་པ་ཡིས༔ ལྗི་ཡམས་


CMR011_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོད་པའི་ལྟས་ངན་ཟློག༔ གཡོན་གཤོག་གསུམ་པ་བརྡབས་པ་ཡིས༔ གཏེར་གྱི་བཅུད་ཉམས་ལྟས་ངན་ཟློག༔ གཡོན་གཤོག་བཞི་པ་བརྡབས་པ་ཡིས༔ སེང་གེ་ངུ་འབོད་ལྟས་ངན་ཟློག༔ གཡོན་གཤོག་ལྔ་པ་བརྡབས་པ་ཡིས༔ རྣོ་དབལ་མཚོན་གྱི་ལྟས་ངན་ཟློག༔ རྨ་བྱ་གཡེང་བའི་ལྟས་ངན་ཟློག༔ གཡུ་སྒོང་སྔོན་པོ་ཡར་བ་ཟློག༔ ལྕགས་ཀྱི་སེར་བ་འབེབས་པ་ཟློག༔ ཤེལ་སྒོང་ནང་དུ་དུག་གཡོས་ཟློག༔ ཟངས་སྒོང་དམར་པོ་འདྲིལ་བ་ཟློག༔ ཉི་མ་སྤྲིན་གྱིས་སྒྲིབ་པ་ཟློག༔ འཚུབ་མ་མང་པོའི་སྙིང་བཏགས་ཟློག༔ སེང་གེ་གངས་ནས་ལྷུང་བ་ཟློག༔ ཤེལ་གྱི་སྒོ་ང་ཡར་བ་ཟློག༔ སྤྲིན་ཆེན་ཡར་བའི་ལྟས་ངན་ཟློག༔ བོང་བུའི་བཅུད་ཆེན་ཟག་པ་ཟློག༔ ཅེས་བསྡུ་ན། དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས༔ ལྟས་ངན་བཅུ་གསུམ་སླར་ལ་ཟློག༔ ཁྱུང་གི་མཇུག་སྒོ་འབར་བ་ཡིས༔ སྤུ་སྡུག་ཉམས་པའི་ལྟས་ངན་ཟློག༔ རྒྱལ་མོ་བཞི་དང་བློན་མོ་བཞིས༔ སྤྲུལ་པའི་འོད་ཕྲེང་ལྟས་ངན་ཟློག༔ ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུཾ་སྒྲ་སྒྲོག༔ ཟངས་ཁྲབ་གསོལ་ཞིང་མདུང་དམར་ཐོགས༔ བ་དན་རྩེ་གསུམ་གཡབ་པ་ཡིས༔ ལྷ་སྲིན་དབང་སྡུད་


CMR011_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གསོལ༔ བདུད་དཔུང་འཇོམས་ཤིང་སྲོག་དབུགས་དབང་༔ མདུང་དམར་དབལ་གྱི་ལོག་འདྲེན་སྒྲོལ༔ ལྟས་ངན་ཐམས་ཅད་བཟློག་ཏུ་གསོལ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག་གནོད་པའི་བགེགས་ལ་ཟློག༔ ཅེས་པ་ཆག་ཆེན་ཉམ་ང་མོ་ངན༔ སྤུ་ངན་སོག་སྡིག་བྱེད་ཁ་དང་༔ ཕུར་ཁ་རྦོད་གཏོང་གཏོང་བ་དང་༔ བྱད་མ་ལྷ་དང་བཅས་པ་ཐམས་ཅད་ཀུན༔ བྱ་ཁྱུང་གིས་སྡེར་མོས་བྱེད༔ གཤོག་པས་གཡབ༔ རྭས་རྡུང་༔ མཆུས་ཟོས་ཏེ༔ ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླགས་པར་བསམ་མོ།། ༈ དེ་ནས་ཟློག་གཞུང་གི་ཁྱུང་ཟློག་ལ༔ དེའི་མཇུག་ཏུ་ཁྱུང་གི་ཐན་ཟློག་བསྡུས་པ་འདི་སྦྱར་རོ༔ ཀྱེེ༔ གནམ་གྱི་བྱ་ནག་སྡེར་འཛིང་དེ༔ ཡེ་འདྲོག་ཐོག་ཤོར་ལྟས་ངན་ཡིན༔ སྲེག་པ་ཁྱིམ་དུ་འོང་བ་དེ༔ འདྲེ་སྲིན་ཀུན་གྱི་ལྟས་ངན་ཡིན༔ བྲག་བྱ་འུག་པ་དགོད་པ་དེ༔ ཐན་སྲིན་ནག་མོའི་ལྟས་ངན་ཡིན༔ ལྕོང་ཁྲས་ཕུགས་སུ་ཚང་བཅས་དེ༔ གཉན་བདུད་འདྲིལ་བའི་ལྟས་ངན་ཡིན༔ བྱ་རོག་ཤ་འཐབ་བྱེད་པ་དེ༔ གློ་བུར་གོད་པའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ སྟོན་གྱི་ཤ་ཕོ་རུ་འཛིང་དེ༔ གནམ་ལྷ་དཀར་པོའི་ལྟས་ངན་ཡིན༔ བྲག་ནག་གླ་རོ་རྙེད་པ་དེ༔ བྲག་སྲིན་


CMR011_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡི་ལྟས་ངན་ཡིན༔ སྤང་ལས་དགོ་རོ་རྙེད་པ་དེ༔ གངས་གསུམ་བཙན་གྱི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ སྲོད་ལ་ཝ་མོ་བརྒྱལ་བ་དེ༔ དུར་སྲི་ནག་མོའི་ལྟས་ངན་ཡིན༔ བྲག་ལས་གནའ་རོ་རྙེད་པ་དེ༔ བྲག་སྲིན་མོ་ཡི་ལྟས་ངན་ཡིན༔ སྲེ་མོང་བྱི་རོ་ཁྱེར་བ་དེ༔ ཆུང་སྲི་འདྲེ་མོའི་ལྟས་ངན་ཡིན༔ སྲེ་མོང་རང་སྐད་ཙེ་རེ་ར༔ འདྲེ་སྲིན་རྣམས་ཀྱི་ལྟས་ངན་ཡིན་༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ ཁང་ཁྱིམ་ཁུ་ལོང་བབས་པ་དེ༔ ཤི་ཆད་འོང་བའི་ལྟས་ངན་ཡིན༔ ཆབ་ཀྱི་ཉ་མོ་རྔ་འཛིང་དེ༔ ཀླུ་བདུད་ནག་པོའི་ལྟས་ངན་ཡིན༔ སྦལ་ནག་སྡེར་འཛིང་མཐོང་བ་དེ༔ ས་བདག་གཉན་གྱི་ལྟས་ངན་ཡིན༔ ཐན་སྦྲུལ་གྱི་རོ་ཟ་བ་དེ༔ ཀླུ་སྲིན་གདུག་པའི་ལྟས་ངན་ཡིན་བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ སྟག་དོང་ནང་ན་སྦྲང་ཚང་བཅའ༔ མི་བརླ་འཁྱམས་པའི་ལྟས་ངན་ཡིན༔ སྲོད་ལ་རྟ་ཕོ་འཚེར་བ་དེ༔ གཉན་ལ་དགའ་བའི་ལྟས་ངན་ཡིན༔ ཐོ་རངས་སྒོ་ཁྱི་དུ་བ་དེ༔ གྲོང་རྐུན་འདྲེ་མོའི་ལྟས་ངན་ཡིན༔ དུད་འགྲོ་ཟོ་ལག་བྲང་བརྡུང་དེ༔ མ་མོ་རྣམས་ཀྱི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་


CMR011_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ དུད་འགྲོ་མགོ་གཉིས་ལུས་གཅིག་དེ༔ མ་བདུད་སྲིན་གྱི་ལྟས་ངན་ཡིན༔ དུད་འགྲོ་གཅིག་ལ་གཉིས་ཁྲིད་དེ༔ མོ་འདྲེ་མ་ཡི་ལྟས་ངན་ཡིན༔ དུད་འགྲོས་རྒྱུ་མ་བཤལ་བ་དེ༔ བཙན་འགོང་དམར་པོའི་ལྟས་ངན་ཡིན༔ དུད་འགྲོ་ལུས་གཅིག་མགོ་དགུ་དེ༔ བདུད་པོ་སྡེ་དགུའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ དུད་འགྲོ་ལུས་གཅིག་རྐང་གཉིས་དེ༔ མགྱོགས་པ་རྐང་བརྒྱད་ལྟས་ངན་ཡིན༔ དུད་འགྲོ་ཁ་བཞི་དོད་པ་དེ༔ བཙན་པོ་ཁ་བཞིའི་ལྟས་ངན་ཡིན༔ དུད་འགྲོ་ལྷག་ཆད་ཐན་དགུ་དེ༔ གསེར་ཐིང་རྒྱལ་མོའི་ལྟས་ངན་ཡིན༔ དུད་འགྲོ་ཐན་དགུ་གཟུགས་བཅུ་དེ༔ བྲ་མ་སྟོན་རོ་མ་ཡི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ བྱི་བས་གོས་ནོར་བཏོགས་པ་དེ༔ ནད་ཡུན་རིང་བའི་ལྟས་ངན་ཡིན༔ ཀྱེ༔ ཐན་ཕྲན་སུམ་བརྒྱ་དྲུག་ཅུ་དེ༔ གནམ་གྱི་བྱ་དཀར་མཆེ་བ་ཅན༔ ས་ཡི་ཁྱི་ནག་འདབ་མ་ཅན༔ དེ་གཉིས་འཚོགས་པའི་ལྟས་ངན་ཡིན༔ ཁང་པ་ཚག་ཅིང་ཐུག་ཆོམ་བྱུང་༔ བེ་གར་རྒྱལ་པོའི་ལྟས་ངན་ཡིན༔ སྒོ་ཁྱིས་སྒོ་ཐེམ་འདྲེད་པ་དེ༔ ཐེའུ་རང་ནག་པོའི་ལྟས་ངན་ཡིན༔


CMR011_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲ་ཡི་གུང་ཤིང་ཆག་པ་དེ༔ ཐིལ་བྱིན་ནག་པོའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ སྦྲ་གུར་ཆོན་ཐག་འགུལ་བ་དེ༔ བཙན་ཤ་རྒྱུག་པའི་ལྟས་ངན་ཡིན། ཁྱིམ་ནང་འོད་དུ་འབྱུང་བ་དེ༔ རྒྱལ་པོ་ཆེན་པོའི་ལྟས་ངན་ཡིན༔ སྤྲེལ་གྱིས་གླ་བ་ཞོན་པ་དེ༔ དགེ་བསྙེན་ཆེན་པོའི་ལྟས་ངན་ཡིན༔ དྲེལ་རྟས་རྔ་རྔོག་འཆའ་བ་དེ༔ མཚོན་ཆ་འཁྲུག་པའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ གནམ་ནས་རྡོ་ནག་བབས་པ་དེ༔ ལྷ་འདྲེ་ཡོངས་ཀྱི་ལྟས་ངན་ཡིན༔ བུད་མེད་ངུ་བ་རྨིས་པ་དེ༔ མ་མོ་འཁྲུག་པའི་ལྟས་ངན་ཡིན༔ བུད་མེད་རྒྱན་མེད་མང་དུ་རྨིས་པ་དེ༔ འདྲེ་སྲིན་མོ་ཡི་ལྟས་ངན་ཡིན༔ འོ་བཤིགས་མར་མེད་སྤུ་ལུད་མང་༔ སྨན་ཕྲན་མང་པོའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ ལྷ་ཁང་མཆོད་རྟེན་རྨིས་པ་དེ༔ འབྱུང་པོ་བེ་ནག་ལྟས་ངན་ཡིན༔ ཟན་ལ་ཁྲག་ཏུ་ཁོལ་བ་དང་༔ ཡོས་བཏགས་རམ་ཕྱེ་འབྱུང་བ་དེ༔ སྡེ་བརྒྱད་ཡོངས་ཀྱི་ལྟས་ངན་ཡིན༔ འོད་འཁྱིལ་སྒོ་རུ་འོང་བ་དང་༔ མེ་འབུད་རང་འཐག་འཁོར་བ་དེ༔ མགར་བ་ནག་པོའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔


CMR011_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲ་ལ་སྐྱ་རིས་གཟུགས་བརྙན་འཆར༔ ཁང་པར་བུང་པས་མཁར་བུ་བརྩིགས༔ སྒོ་བཞི་སྟོང་བའི་ལྟས་ངན་ཡིན༔ རི་བྲག་འགྱེལ་ཞིང་ཉིལ་བ་དེ༔ ཡུལ་ལྷ་འཁྱམས་པའི་ལྟས་ངན་ཡིན༔ རི་རྡོ་ཞིང་དུ་འདྲིལ་བ་དེ༔ ཞིང་བདག་འཆི་བའི་ལྟས་ངན་ཡིན༔ ཞིང་ལས་ས་གཡོས་ཆད་པ་དེ༔ ཞིང་ལྷ་འཁྱམས་པའི་ལྟས་ངན་ཡིན༔ བརྡའ་ཐན་སྒྱུར་རོ་ལྟས་ངན་ཟློག༔ ཁང་སྐམ་ཆུ་འཛག་ལྟས་ངན་དང་༔ ཐིགས་པ་ཁྲག་ཏུ་རེད་པ་དང་༔ འོ་མ་ཁྲག་ཏུ་བྱུང་བ་དང་༔ འོ་བཤིགས་འོ་མར་མར་མི་བྱུང་༔ བཙུགས་པའི་ཁྲི་ངར་འགྱེལ་བ་དང་༔ ཁྱིམ་ཕུག་ཤ་མོང་སྐྱེས་པ་དང་༔ རི་བྱ་ཁྱིམ་དུ་འོང་བ་དང་༔ བྱ་ཆེན་སྟེང་དུ་བབས་པ་དང་༔ སྔར་མེད་བྱ་ཐན་བྱུང་བ་དང་༔ བྱ་རོག་དཀར་པོ་མཐོང་བ་དང་༔ འདྲེ་གཟུགས་སྣ་ཚོགས་མཐོང་བ་དང་༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་༔ ཐན་ཕྲན་སུམ་བརྒྱ་དྲུག་ཅུ་རྣམས་༔ ཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ སྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡཱ༔ ཨོཾ་བཛྲ་པ་ཏི༔ ག་རུ་ཊ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ བྷྱོ་བྷྱོ་ཟློག་ཟློག༔ སྤྱིར་ཁྱུང་ཟློག་གི་


CMR011_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སོ་སོར་སྣང་ན་ཡང་༔ ཁྱུང་སྐུ་ཁྲོ་རོལ་གྱི་རྩེར་བཙུགས་ནས་འདོན་བྱ་ཟློག་གཞུང་གི་ཁྱུང་ཟློག་དེས་འཐུས་ལ༔ ཅུང་ཟད་རྒྱས་པར་འདོད་ན་འདི་ཁྱུང་ཟློག་གི་སྐབས་སུ་སྦྱར་བས་ཆོག་སྟེ༔ འདི་ནི་ཁྱུང་གི་བསྐང་བ་དང་ཁྱུང་གི་སྤྱན་འདྲེན་མཆོད་བསྟོད། ཁྱུང་ཟློག་གི་གཞུང་དང་བཅས་པ་དང་། ཁྱུང་གི་ཐན་ཟློག་དང་གསུམ་ཀའི་དོན་བསྡུས་ནས༔ ཨ་རཱ་གས་སྦྱར་བ་ལ་འགལ་འཁྲུལ་གང་མཆིས་བཤགས་ཤིང་དགེ་བས་འགྲོ་བའི་རྣམ་རྟོག་དྲུངས་ཕྱུངས་ནས། མི་རྟོགས་ཡེ་ཤེས་ཚོགས་ལ་རོལ་བར་ཤོག། མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆ་རྐྱེན་ཁྲོ་བོ་རོལ་པའི་གཏོར་ཟློག་ཟབ་གཉན་བཀའ་རྒྱ་ཅན་གུ་རུ་ཆོས་དབང་གི་གཏེར་མ་ལ་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next