Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
སྒྲལ་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲལ་ལས།next

སྒྲལ་ལས།


CMR011_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། ཚོགས་ཐ་མའི་སྐབས་སུ་བབ་དུས་བྱ་རྒྱུ་ཡིན་ནོ༔ བཀའ་བརྒྱད་ཁྲོ་བོ་རོལ་པ་རྒྱས་པའི་སྐབས་སུ་བསྒྲལ་ལས་དང་ཟློག་གཞུང་དོན་བདུན་སྒོས་བསྐུལ་ཐམས་ཅད་གབ་སྤྲད་ལུགས་ལ་ཕྱག་ལེན་འདྲ་མིན་མང་བར་འདུག་ནའང་རྒྱས་བསྡུས་རན་ཞིང་འཚམས་པར་བསྒྲིག་པ་འདི་ཙམ་འཐད་པར་སྣང་སྟེ༔ ཧ་ཅང་རྒྱས་པ་དང་བསྒྲལ་ལས་དོན་བརྒྱད་སོགས་རྒྱས་བསྡུས་མང་དུ་གསུངས་པ་ནི་སྔགས་པ་མང་པོས་སོ་སོར་འདོན་རྩིས་ཡིན་ལ་འདིར་ཕྱོགས་གཅིག་ཏུ་བསྒྲིགས་འདོན་བྱ་བའི་ཕྱིར་ཐམས་ཅད་དོན་ཚང་ལ་རན་པ་ཡིན་ནོ༔


CMR011_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐ་མའི་སྐབས་སུ་དཔོན་སློབ་མང་ན་མཆོད་གཡོག་གི་མདུན་དུ༔ ཉུང་ན་རྣལ་འབྱོར་པ་རང་གི་མདུན་དུ་གཞི་ནག་པོ་བཏིང་ལ་ནས་ཚོམ་དགུ་བཀོད་པའི་སྟེང་དུ་ཉ་བོ་བཅུའམ་བཅུ་གཅིག་ཁྲག་གིས་སྦག་པ༔ ཚོགས་ཐ་མའི་དུམ་བུ་དེ་དང་མཉམ་པ༔ ཤ་དུམ་གཏོར་ཆུང་ཉི་ཤུ༔ ནས་གཙང་མ་སྡེར་གང་༔ ཆང་ཕུད་གཙང་མ༔ སྣོད་གཙང་ནང་དུ་ཁྲག་མང་བ༔ ཆང་དང་ཁྲག་གིས་ཕུད་སྐྱོགས་དང་བཅས་པ༔ ཡོད་ན་ལིང་རོ་འབུལ་བའི་གཏོར་སྐྱོགས༔ མེད་ན་ཟངས་ལྕགས་སམ་ཐོད་ཏིང་༔ ཐུན་རྫས་ཡུངས་ཀར༔ ཁྲག༔ མཚེ༔ དུག༔ ཐང་ཤོ་ལྟ་བུའི་ལོ་མ༔ ལྕགས་ཕྱེའམ༔ རལ་གྲི༔ མདའ་དང་རྡོ་ཐུན༔ གྲི་གུག་གམ་རལ་གྲི༔ ཐོ་བ་རྣམས་བཀོད༔ ཀ་ཊོ་རའམ་བཙོ་ཆུང་ཕུར་གདན་ནས་ཀྱིས་བཀང་བ༔ དེ་རྣམས་མདུན་དུ་


CMR011_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད༔ མདོས་འོག་གི་བྲུབ་ཁུང་ཡང་ཁ་ཕྱེས་ལ༔ དེའི་ལིང་ག་རྣམས་ཀྱང་ཁྲག་གམ་ཆུ་གཙང་གིས་བྲན༔ མདུན་གྱི་ལིང་ག་ཐམས་ཅད་དུས་གཅིག་ཏུ་བྲན་ལ༔ དེ་ནས་མཆོད་གཡོག་པས་ཕུད་ཕོར་དུ༔ ཆང་རྒོད་གཙང་མ་ལ་གསེར་སྐྱེམས་བརྡར་ནས་འབྲུ་བླུགས་པ་བཀྱགས་ལ་གསེར་སྐྱེམས་འདི་འདོན་ནོ༔ ཀྱེ༔ སྟེང་གི་ལྷ་དང་འོག་གི་ཀླུ། བར་གྱི་བཙན་དང་ཆོས་སྐྱོང་དང་༔ བོན་གྱི་ལྷ་སྲུང་ཕོ་ལྷ་དང་༔ དགྲ་བླ་འགོ་བའི་ལྷ་ལྔ་དང་༔ སྲོག་ལྷ་ཡུལ་ལྷ་མ་ལྷ་དང་༔ ཞང་ལྷ་རྩེ་ལྷ་རྩེ་སྨན་སོགས༔ ལྷ་འདྲེ་ཐམས་ཅད་མི་འགུགས་ཀྱིས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དོ་ནུབ་ང་ཡི་ལས་མཛོད་ཅིག༔ དུས་


CMR011_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྒྱལ་བའི་བཀའ་བྱུང་གིས༔ ལུས་སེམས་འདི་རུ་མ་ཆགས་པར༔ བག་ཟོན་རང་རང་གནས་སུ་དེངས༔ བདག་གིས་མ་ཉེས་མ་གཡོས་སོ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ མ་ཉེས་མ་ཡོ་ཡེ་ཤེས་ལྷ༔ སྲིད་པའི་མ་མོ་ར་མདར་ལོགས༔ ལྷ་སྲིན་སྡེ་བརྒྱད་དམ་ལ་འདུས༔ མ་ཉེས་ཞལ་ལྕེ་ལྷ་འདྲེ་ཡོངས་ཀྱིས་ཆོད༔ དམ་ཉམས་དགྲ་བགེགས་ལས་ངན་འདི༔ བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་ཏེ༔ ཉམས་པ་བདུན་ལ་གཏོགས་པ་དང་༔ སྐུ་དགྲོ་རྣམ་ལྔར་གྱུར་པ་ལ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ དྲིན་ལེན་གཏང་རག་ཁྱེད་ལ་གཏོང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གསེར་སྐྱེམས་ཕྱི་རོལ་ནམ་མཁར་གཏོར༔ ཕཊ༔ སྐད་ཅིག་གིས་མདོས་གཞིའི་འོག་ཏུ་རུ་ཏྲའི་བྲང་རུས་ལས་གྲུབ་པའི་ལྕགས་ཁང་ནག་པོ་དགུའི་ནང་དང་༔ མདུན་དུ་བྷན་གྲུ་གསུམ་འབར་བ་བཅུའི་ནང་དུ༔ ཧྲི་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་རྣམས་མངོན་སུམ་དུ་གསལ་བར་གྱུར༔ ན་མོ༔ དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བདེན་པ་དང་༔ ཆོས་ཀྱི་


CMR011_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་༔ དགེ་འདུན་གྱི་བདེན་པ་དང་༔ ཡི་དམ་རྒྱལ་བ་ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ བཀའ་སྲུང་ཕོ་ཉ་ཐམས་ཅད་ཀྱི་བདེན་པ་དང་གཞན་ཡང་གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས༔ སྤྱིར་ཞིང་བཅུ་ཚང་བ་སངས་རྒྱས་བསྟན་པའི་སྤྱི་དགྲ༔ བླ་མ་དང་དཀོན་མཆོག་གི་སྐུ་དགྲ༔ དོ་བསྡོ་ཕོད་བཙུགས་འགྲས་ཚོལ༔ དགྲ་སྣ་རྐུན་སྣ་ཇག་སྣ་སྟོན་པ་རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གདོན༔ ཚེ་སྲོག་བསོད་ནམས་ལ་བར་དུ་གཅོད་པའི་བདུད༔ ནད་འདྲེ་གཅོང་སྲི༔ ཟ་འདྲེ་ཤི་སྲི༔ གོད་འདྲེ་གོད་སྲི༔ ཆུང་སྲི་དར་སྲི༔ དམ་སྲི་ཕུང་སྲི༔ སྒབ་འདྲེ་བྱུར་འདྲེ༔ བྱད་མ་རྦོད་གཏོང་༔ ད་ལྟ་གནོད་ཅིང་འཚེ་བར་བྱེད་པ༔ ཕྱིན་ཆད་གནོད་ཅིང་འཚེ་བར་གྱུར་པ་གང་ཡིན་པ་ཐམས་ཅད༔ མགོན་བྱེད་ཀྱི་ལྷ་དང་ཚེ་དང་དབང་ཐང་བསོད་ནམས་དང་དུས་ཀྱི་དབང་དུ་མ་བཏང་བར༔ ད་ལྟ་


CMR011_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ལིང་ག་འདི་ལ་ཁུག་ཅིག༔ དྲག་སྔགས་སོ་ལྔ་པའི་མཇུག་ཏུ༔ དགྲ་བགེགས་ནི་ཏྲ་ཛཧཱུྃ་བཾ་ཧོ༔ ཨཱ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ལན་གསུམ་བྱའོ༔ ཧཱུྃ༔ ཨེ་ཡི་ལྷ་ཚོགས་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམས་པ་ལ༔ ཁྲོས་པའི་ཡིད་ཀྱིས་བསྐུལ་བྱས་ན༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིགས༔ བདུད་རྩི་ལྔའམ་རྫ་ས་ལྔ་ལ༔ གཟུགས་དང་མིང་རུས་བཅས་པ་བྱས༔ ཕོ་ཉས་བཀུག་སྟེ་ཕུར་པས་བཏབ༔ རྡུལ་དུ་བརླགས་ཏེ་ཚོགས་སུ་འབུལ༔ ཁྲག་འཐུང་རྡོ་རྗེ་འཁོར་བཅས་ཀྱིས༔ ཁམས་གསུམ་སྲིད་གསུམ་འཁོར་འདས་ཀུན༔ རྡུལ་དུ་བརླགས་ཤིང་ཚོགས་སུ་འབུལ༔ ཁྲག་འཐུང་རྡོ་རྗེ་འཁོར་བཅས་ཀྱིས༔ ཁམས་གསུམ་སྲིད་གསུམ་འཁོར་འདས་ཀུན༔ རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་༔ དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས༔ ཞགས་པ་ཅན་གྱིས་མགུལ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུ་ཅན་གྱིས་སྤྱི་ནས་ཆོམས༔ ཐུན་ཟོར་ཅན་གྱིས་བརྒྱལ་དུ་ཆུགས༔ མཆེ་བ་ཅན་གྱིས་བསྡིག་པར་གྱིས༔ གཤོག་པ་ཅན་གྱིས་འཇུམ་པར་གྱིས༔ སྡེར་མོ་ཅན་གྱིས་འབྲད་


CMR011_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས༔ ཕུར་བུ་ཅན་གྱིས་སྙིང་ལ་ཐོབ༔ དུག་ཟོར་ཅན་གྱིས་མྱོས་སུ་ཚུགས༔ རལ་གྲི་ཅན་གྱིས་ལྷུ་དུམ་ཕྲོལ༔ མདའ་མདུང་ཅན་གྱིས་ཟངས་ཐལ་གྱིས༔ འཁོར་ལོ་ཅན་གྱིས་དུམ་བུར་གཏུབས༔ དུག་ཟོར་ཅན་གྱིས་མྱོས་སུ་ཆུགས༔ ཐོ་བ་དགྲ་སྟས་རྡུལ་དུ་རློགས༔ མེ་དཔུང་ཅན་གྱིས་སྲེགས་པར་གྱིས༔ རླུང་གཡབ་ཅན་གྱིས་རྗེས་མེད་གྱིས༔ རིངས་པར་ཁུག་ལ་བྱེད་དུ་ཆུགས༔ ལྷ་དང་ཕྲོལ་ལ་སྨྱོ་རུ་ཆུགས༔ མྱུར་དུ་ཁུག་ལ་ཞལ་དུ་སྟོབ༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོདི༔ ཅེས་བཀུག་གཞུག་བྱས་ནས་ལྷ་དང་ཕྲལ་ཏེ༔ ཧཱུྃ༔ ལྷ་མོ་བློ་ལྡན་ཚོགས་ཀྱི་བདག༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ སློབ་དཔོན་སྐུ་ལ་བསྡོ་བ་དང་༔ རྡོ་རྗེ་སྤུན་ལ་འཁུ་བ་དང་༔ བདག་ལ་བར་དུ་གཅོད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཁྲག་འཐུང་ལྷ་ཚོགས་འཁོར་བཅས་ཀྱིས༔ དབང་དུ་བསྡུས་ལ་རྡུལ་དུ་རློགས༔ ཧཱུྃ༔ དམ་ཉམས་དགྲ་བགེགས་སྡིག་ཅན་ལ༔ མགོན་པར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བགེགས་སྡིག་


CMR011_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིགས༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མར་གསང་སྔགས་གཉེན་པོ་བཀྲལ༔ ལས་དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ནི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ཡིན་པས༔ འདི་ཡི་མགོན་སྐྱབས་མ་བྱེད་པར༔ ཡེ་ཤེས་ལྷ་ནི་རང་བཞིན་གནས་སུ་གཤེགས༔ འཇིག་རྟེན་ལྷ་ནི་རང་གི་གནས་སུ་སོང་གལ་ཏེ་མི་འགྲོ་འདི་ཡི་སྐྱབས་བྱེད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ནི་རྡུལ་དུ་བརླག་པར་འགྱུར༔ དེ་ཕྱིར་འདི་ཡི་མགོན་སྐྱབས་མ་བྱེད་ཅིག༔ ཧཱུྃ་ཧཱུྃ་བྷི་ཤྭ་བཛྲ་ཀྲོ་ཏ་ཛཱ་ལ་མ་དྷ་ལ་ཧཱུྃ་ཕཊ༔ ཅེས་ཁོ་ཡི་ལྷ་ཐམས་ཅད་བྲོས་པར་བསམ། ཧཱུྃ༔ ངན་སོང་གསུམ་དུ་འཁྱམས་པའི་སེམས་ཅན་ཁྱོད༔ ཐར་པའི་ལམ་སྣ་འདྲེན་པའི་དེད་དཔོན་ང་ཡིན་པས༔ དགའ་དང་སྤྲོ་བའི་སེམས་ཀྱིས་མོས་གྱིས་ལ༔ མཚན་མའི་ལིང་ག་འདི་ལ་གནས་པར་གྱིས༔ བཛྲ་ཨང་ཀུ་ཤ་ཛ་ཛ༔ ཁོ་ལིང་ག་ལ་བསྟིམ། ཧཱུྃ༔ ཉོན་མོངས་འཁོར་བའི་སེམས་ཅན་ཁྱོད༔ མ་བསད་པ་ན་སྙིང་རེ་རྗེ༔ བསྒྲལ་བ་ཐུགས་རྗེ་ཆེན་པོ་ཡིན༔ ལུས་ཀྱི་


CMR011_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྔ་པོ་འདི༔ སྲས་མཆོག་རིགས་ལྔའི་ཞལ་དུ་བསྟབ༔ སེམས་ཀྱི་མི་དགེ་བཅུ་པོ་འདི༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དང་བརྒྱུད་པའི་སྲུང་མ་རྣམས་ཀྱི་ཞལ་དུ་བསྟབ༔ དེ་ལ་སོགས་པའི་རྫས་རྣམས་ཀུན༔ དུར་ཁྲོད་མ་མོའི་ཚོགས་ཀྱི་ཞལ་དུ་བསྟབ༔ བསྟབ་བོ་བསྟབ་བོ་སླར་ལ་མ་ཟློག་ཅིག༔ ནམ་ཡང་གཏོང་བར་མི་བྱའོ༔ ཞེས་ལིང་ག་ལ་བསྟིམས་ནས་དབྱེར་མེད་དུ་བསམ་མོ༔ ཞལ་གདམས་ནི་རྒྱས་པའི་བསྒྲལ་ལས་དང་ཐམས་ཅད་གབ་སྤྲད་པ་རྒྱས་པའི་ལུགས༔ རྒྱས་པ་དེ་ལ་འགྲེས་མི་བཤངས་གབ་མི་སྤྲད་པ་འབྲིང་པོ༔ བསྡུས་པ་དེ་ལ་གབ་སྤྲད་པ་བསྡུས་པའོ༔ བསྡུས་པ་ལ་གབ་མི་སྤྲད་དུས་གཅིག་ཏུ་བསྒྲལ་ལ༔ གཞུང་ཚར་རེ་འདོན་པ་ཤིན་ཏུ་བསྡུས་པའོ༔ དེ་རྣམས་གང་བྱེད་ཀྱང་༔ ལས་བྱང་ཉིན་རེ་དང་མཚན་རེར་ཚར་རེ་གལ་ཆེའོ༔ ཧ་ཅང་གལ་མི་ཆེ་ན་ཟློག་པའི་སྔགས་བྱང་སྒྱུར་བར་བྱའོ༔ བསད་སྔགས་རྒྱས་པ་དཔལ་དགུའི་དྲག་སྔགས་རིང་མོ་ནི་སྒྲུབ་ཆེན་དང་འབྲེལ་བའི་ཕུར་འདེབས་ལ་ཡིན་གྱིས༔ འདིར་ནི་བསད་སྔགས་ཐམས་ཅད་དྲག་སྔགས་སོ་ལྔ་པས་ཆོག་པར་གསུངས་སོ༔ དྲག་སྔགས་རིང་མོ་ཇི་ལྟ་བར་བྱེད་ན་ཕུར་པ་ཡང་ལྷ་གྲངས་དགོས་པས་འདིར་མི་འབྱར་རོ༔ མཚན་ཐུན་ལ་ཟློག་གཞུང་ཤིན་ཏུ་བསྡུས་པ་དེ་སྦྱར་ན་ལེགས་སོ༔ ནུབ་རྒྱུན་དུ་ཆད་མདོ་བརྟན་སྐྱོང་རང་གཞུང་ལྟར་བྱའོ༔ ཟློག་གཞུང་ཉུང་ངུའི་བདག་


CMR011_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དང་སྒོ་དབྱེ་སོགས་མི་འདོན་ནོ༔ ཤིན་ཏུ་བསྡུས་པ་དེ་གཏོར་འབུལ་འདྲ་ལ་སྦྱར་བའི་རྒྱུན་ཁྱེར་བྱ་རྩིས་ལགས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲལ་ལས།next