Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲུབ་པ་བཀའ་བརྒྱད་བདེར་གཤེགས་མདོས་ཆེན་གྱི༔ མི་མངོན་དབྱིངས་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་པ་བཀའ་བརྒྱད་བདེར་གཤེགས་མདོས་ཆེན་གྱི༔ མི་མངོན་དབྱིངས་བསྐུལ།next

སྒྲུབ་པ་བཀའ་བརྒྱད་བདེར་གཤེགས་མདོས་ཆེན་གྱི༔ མི་མངོན་དབྱིངས་བསྐུལ།


CMR011_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་བདེར་གཤེགས་མདོས་ཆེན་གྱི༔ མི་མངོན་དབྱིངས་བསྐུལ་བཞུགས་སོ༔


CMR011_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཐུཊྛཐུམ༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨོཾ༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་ཕྲིན་ལས་མཛོད༔ ཨཱཿ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨོཾ༔ སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཧཱུྃ༔ སྤྲུལ་སྐུའི་འགྲོ་བའི་སེམས་ཅན་དོན་མཛད་ཕྱིར༔ ཧཱི༔ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ དབྱིངས་ནས་སྐུ་བསྐྱོད་དམ་རྫས་འདི་བཞེས་ལ༔ ཐུགས་


CMR011_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཨོ༔ གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱཿ སྒྲ་གྲག་ཐམས་ཅད་གསུང་གི་ངོ་བོར་སྣང་༔ ཧཱུྃ༔ དྲན་རྟོག་ཐམས་ཅད་ཐུགས་རྗེས་དགོངས་པར་འདུས༔ ཧཱུྃ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ དབྱིངས་ནས་སྐུ་བསྐྱོད་དམ་རྫས་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ སེང་ཆེན་ལ་སོགས་ཉི་ཟླ་པདྨའི་སྟེང་༔ དཔལ་འབར་ཞི་བ་ཡོངས་རྫོགས་ལྷ་ཚོགས་ནི༔ རྡོ་རྗེ་སེམས་


CMR011_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སངས་རྒྱས་ཀུན་གྱི་གཙོ༔ གཉིས་མེད་ཡུམ་ཆེན་ཀུན་ཏུ་བཟང་མོ་འཁྲིལ༔ རིགས་བཞི་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་དང་༔ ཡིད་ཆོས་ཐུབ་དྲུག་མཐར་བྱེད་ལ་སོགས་ཏེ༔ བཞི་བཅུ་རྩ་གཉིས་རྒྱལ་བའི་ཐུགས་དམ་ཅན༔ དབྱིངས་ནས་སྐུ་བསྐྱོད་དམ་རྫས་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ མཆོད་གཡོག་པས་མཐེབ་སྐྱུ་དང་འབྲུ་སྣ་ཞི་བའི་གཏོར་མའམ་མེད་ན་བླ་མ་གཏོར་མར་བླུག༔ བདུད་རྩི་འཐོར་ཞིང་༔ ཧོ༔ བདེར་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན༔ ཁྱེད་ལ་མཆོད་པ་འབུལ་བ་ནི༔ ཕྱི་ནང་གསང་བའི་དམ་རྫས་དང་༔ སྨན་རཀ་གཏོར་མའི་མཆོད་པ་འདི་བཞེས་ཤིག༔ མ་ཧཱ་པཉྩ་བ་ལི་ཏ་རཀྟ་སརྦ་པཱུཙྪ་ཁཱ་ཧི༔ སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ཉམས་ཆག་འགལ་འཁྲུལ་དུ་གྱུར་པ་ཐམས་ཅད་མཐོལ་ཞིང་བཤགས་སོ༔ ས་མ་ཡ་ཨཱ༔ ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་པ་བཞི་བདག་གི་ཡིད་བཞིན་དུ་སྒྲུབས་ལ༔ ལོག་ལྟ་ཐམས་ཅད་མྱུར་དུ་ཚར་ཆོད་ཅིག༔ ཤཱནྟཾ་པུཊྚི་པ་ཤང་མཱ་ར་ཡ་ཀུ་རུ་ཡེ་སྭཱ་ཧཱ༔ བདེར་གཤེགས་སྤྱི་བསྐུལ་འབྲིང་པོ་ལས་ཞི་བའི་བསྐུལ་པ་ལགས་སོ།། ༈ ཞི་བ་བཞི་བསྟོད་ནི། ཧཱུྃ༔ ཆོས་སྐུ་སྟོང་པ་


CMR011_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་རང་བཞིན་མེད༔ ཆོས་སྐུ་ཁྱབ་བརྡལ་ཆེན་པོའི་ངང་དུ་གཅིག༔ ཆོས་ཉིད་མཉམ་པའི་ངང་དུ་འདུ་འབྲལ་མེད༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང་༔ སྟོབས་ལྡན་ཁྲི་ལ་མཐིང་ཀ་རྡོ་རྗེ་བསྣམས༔ ཐུགས་མཆོག་རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད༔ གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་༔ སེང་ཆེན་ཁྲི་ལ་དུང་མདོག་འཁོར་ལོ་བསྣམས༔ སྐུ་མཆོག་རྣམ་སྣང་མཛད་ལ་ཕྱག་འཚལ་བསྟོད༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་༔ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་༔ ཤུགས་འཆང་ཁྲི་ལ་གསེར་མདོག་རིན་ཆེན་བསྣམས༔ ཡོན་ཏན་རིན་ཆེན་འབྱུང་ལ་ཕྱག་འཚལ་བསྟོད༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདོད་ཆགས་རྣམ་དག་ཀུན་རྟོགས་ཡེ་ཤེས་ངང་༔ མཛེས་ལྡན་ཁྲི་ལ་ལེ་བརྒན་པདྨ་བསྣམས༔ གསུང་མཆོག་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ ཕྲག་དོག་རྣམ་དག་ནན་ཏན་


CMR011_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ངང་༔ མཁའ་ལྡིང་ཁྲི་ལ་ལྗང་གུ་རྒྱ་གྲམ་བསྣམས༔ ཕྲིན་ལས་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད༔ འབྱུང་བ་རྣམ་དག་རིགས་ཀྱི་ཡུམ་ཆེན་ལྔ༔ ཀུན་བཟང་སངས་རྒྱས་སྤྱན་དང་མཱ་མ་གོས་དཀར་སྒྲོན༔ ཐབས་ཀྱི་སྐུ་ལ་ཤེས་རབ་དགྱེས་པར་འཁྲིལ༔ རིགས་ཀྱི་ཡུམ་ཆེན་ལྔ་ལ་ཕྱག་འཚལ་བསྟོད༔ སྐལ་བཟང་བྱང་ཆུབ་སེམས་དཔའ་བརྒྱད་རྣམས་ནི༔ དུས་གསུམ་སངས་རྒྱས་རྣམས་ཀྱི་སྤྲུལ་པ་སྟེ༔ ཡོན་ཏན་མི་བཟད་བསྐལ་པ་མཐའ་ཡས་པ༔ སེམས་དཔའ་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད༔ སྒེག་མོ་ཕྲེང་བ་དབྱངས་དང་གར་ལ་སོགས༔ བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་མ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་འབུལ་མ༔ མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྔ་ལ་རིགས་ལྔའི་སངས་རྒྱས་ཀྱི༔ སྤྲུལ་པས་ཞིང་ཁམས་བྱེ་བ་ཕྲག་བརྒྱ་འདུལ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དྲུག་གི༔ དོན་མཛད་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་ཆེན་པོ་སྒོ་བ་ཡབ་ཡུམ་ནི༔ གཤིན་རྗེ་རྟ་མགྲིན་སྟོབས་ཆེན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་ཁྲོལ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་


CMR011_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད༔ ཆོས་སྐུ་ཀུན་ཁྱབ་ཆེན་པོའི་ཡེ་ཤེས་ཀྱི༔ ཆེ་བའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་༔ རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི་ལས་དང་ཉོན་མོངས་སྒྲིབ་པ་ཀུན་བྱུང་ནས༔ འབྲས་བུ་སངས་རྒྱས་སྐུ་གསུམ་འགྲུབ་པར་ཤོག༔ རྫོགས་སོ༔ བདེར་གཤེགས་ཁྲོ་བོ་དྲུག་བསྟོད་ནི། བཅོམ་ལྡན་བདེར་གཤེགས་ཀུན་བཟང་རིགས་ལྔ་ཡབ༔ གདུག་པ་འདུལ་མཛད་ཁྲག་འཐུང་སྐུ་ལྔར་སྟོན༔ བཟང་མོ་ལ་སོགས་ཀྲོ་ཏི་ཡུམ་དང་སྦྱོར༔ སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུབ་པ་དྲུག༔ དྲེགས་པ་འཛོམས་མཛད་གཏུམ་རྔམས་ཚོགས་དང་བཅས༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ འདི་ནས་དཔལ་དགུ་བཀའ་སྲུང་རྣམས་འོག་ཏུ་གབ་སྤྲད་པ་ཕྱག་ལེན་ལྟར་བྲིས་ཡོད་དོ༔ རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ འགྲོ་དོན་འདོད་དགུ་བསྒྱུར་བའི་གཙོ་དང་འཁོར༔ ཅིར་ཡང་སྤྲུལ་པ་ཡེ་ཤེས་རིག་པའི་རྩལ༔ རང་ཤར་རང་གྲོལ་བདེ་ཆེན་གཡུང་དྲུང་ལྷ༔ རྣམ་དག་ཆོས་ཀྱི་དབྱིངས་ལ་གཡོ་བ་མེད༔ ཐམས་ཅད་ཆོས་སྐུ་ཡོངས་རྫོགས་བདེ་ཆེན་ལྷ༔ རང་བཞིན་དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་


CMR011_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ༔ གཉིས་མེད་ངང་དུ་ཕྱག་འཚལ་མཆོད་པ་འབུལ༔ སྨན་གཏོར་རཀྟའི་མཆོད་པ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བསྟོད་བྱང་བསྐུལ་བའོ།། ཧཱུྃ༔ བདེར་གཤེགས་ཞི་བའི་ལྷ་ཚོགས་བཞི་བཅུ་གཉིས༔ ཕུང་ཁམས་སྐྱེ་མཆེད་ཉོན་མོངས་དག་པའི་སྐུ༔ བླ་མེད་མཆོག་གི་མཆོད་པ་འདི་བཞེས་ལ༔ འཁྲུལ་པས་འཁོར་བར་འཁྱམས་པའི་སེམས་ཅན་རྣམས༔ དག་པ་སྐུ་དང་ཡེ་ཤེས་ངང་དུ་ཟློག༔ བྷྱོ། མ་ཏྲཾ་རུ་ཏྲ་ཚོགས་སུ་བསྒྲལ་བའི་དུར་ཁྲོད་ནས༔ བདུད་བཞིའི་མགོ་བོ་བཅད་པའི་གཞལ་ཡས་ནས༔ དུག་ལྔ་སྨན་དུ་བསྒྱུར་བའི་དུར་ཁྲོད་ནས༔ ཉི་ཟླ་འོད་ཟེར་འབར་བའི་ཕོ་བྲང་ནས༔ སྐྱེ་འགྲོ་གདན་དུ་བཏིང་བའི་ཁྲི་སྟེང་ནས༔ བཅོམ་ལྡན་དཔལ་ཆེན་བདེར་གཤེགས་ཞི་བའི་ལྷ༔ སྐུ་མདོག་དཀར་པོ་གངས་ལ་ཉི་ཤར་འདྲ༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོ་བ་ཡིས༔ ཤར་ཕྱོགས་དྲི་ཟའི་དམག་དཔུང་དགྲ་ལ་ཟློག༔ གསུང་ལས་འོད་ཟེར་དམར་པོ་འཕྲོ་བ་ཡིས༔ ནུབ་ཕྱོགས་ཀླུ་དབང་དམག་ཚོགས་དགྲ་ལ་ཟློག༔


CMR011_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལས་འོད་ཟེར་སྔོན་པོ་འཕྲོ་བ་ཡིས༔ བྱང་ཕྱོགས་གནོད་སྦྱིན་དམག་ཚོགས་དགྲ་ལ་ཟློག༔ ཡོན་ཏན་སྤྲུལ་པའི་འོད་ཟེར་སེར་པོ་ཡིས༔ ལྷོ་ཕྱོགས་གཤིན་རྗེའི་དམག་ཚོགས་དགྲ་ལ་ཟློག༔ ཕྲིན་ལས་སྤྲུལ་པའི་འོད་ཟེར་ལྗང་གུ་ཡིས༔ མཚམས་བཞིའི་དམག་ཚོགས་དགྲ་ལ་བཟློག་ཏུ་གསོལ༔ ཤར་ཕྱོགས་གསང་བའི་དུར་ཁྲོད་ནས༔ མཁའ་འགྲོ་དཀར་མོ་ཞི་བའི་སྐུ༔ མཁའ་འགྲོ་དཀར་མོའི་དམོད་པ་དགྲ་ལ་བཟློག་ཏུ་གསོལ༔ ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས༔ མཁའ་འགྲོ་སེར་མོ་རྒྱས་པའི་སྐུ༔ མ་མོ་སེར་མོའི་དམོད་པ་དགྲ་ལ་བཟློག་ཏུ་གསོལ༔ ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས༔ མཁའ་འགྲོ་དམར་མོ་དབང་གི་སྐུ༔ མ་མོ་དམར་མོའི་དམོད་པ་དགྲ་ལ་བཟློག་ཏུ་གསོལ༔ བྱང་ཕྱོགས་གསང་བའི་དུར་ཁྲོད་ནས༔ མཁའ་འགྲོ་སྔོན་མོ་དྲག་མོའི་སྐུ༔ མ་མོ་སྔོན་མོའི་དམོད་པ་དགྲ་ལ་བཟློག་ཏུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོ་བོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཛྙཱ་ན་དྷརྟ་ཨཱ༔ ཞེས་ཞི་ཟློག་བསྡུས་པ་ཡིན་ལ། དེ་ནས་མཁྱེན་པར་གསོལ་ཞིང་གནད་ནས་བསྐུལ་བ་ནི། ཆང་ཕུད་གཏོར་ཞིང་། ཧཱུཾ་བྷྱོ༔ གདོད་ནས་མ་སྐྱེས་བྱང་ཆུབ་སེམས་ཉིད་


CMR011_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ མ་དག་སྐྱེ་བོ་རྣམས་ཀྱིས་མ་རྟོགས་པས༔ སྐྱེས་མཆོག་བདག་གིས་དྲངས་ཤིང་དོན་བགྱི་རུ༔ བདུད་དང་སྲིན་པོས་ཚེ་ལ་བར་གཅོད་ཅིང་༔ བགེགས་དང་འབྱུང་པོས་འདི་ལ་གླག་ལྟ་ན༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་དཔང་གསོལ༔ ངེས་པའི་དོན་རྟོགས་འབྲས་བུ་ཆུད་མ་གསན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་ཟློག༔ ཧཱུྃ་བྷྱོ༔ ཐོས་བསམ་སྒོམ་དང་ཤེས་རབ་རྣམ་པ་གསུམ༔ ཞི་གནས་ལྷག་མཐོང་སྙོམས་ཤིང་འབྲེལ་པའི་ཚེ༔ ཏིང་འཛིན་གྲོགས་མཆོག་སྐྱེ་བའི་རྒྱུ་ཡིན་ཡང་༔ གནོད་བྱེད་བགེགས་ཀྱིས་བསྒོམ་དུ་མ་སྟེར་རོ༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་དཔང་གསོལ་ངེས་པའི་དོན་རྟོགས་འབྲས་བུ་ཆུད་མ་གསན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་ཟློག༔ ཧཱུཾ་བྷྱོ༔ འཇིག་རྟེན་ཁམས་འདིར་འདུས་བྱས་ཟས་དང་ནོར༔ འཕགས་པ་མཆོད་དང་འགྲོ་དོན་བགྱིད་དགོངས་ཀྱང་༔ དམ་ཉམས་དགྲ་བོས་བགྱིད་དུ་མ་སྟེར་རོ༔ ཀུན་མཁྱེན་མགོན་པོས་འདི་ལ་དཔང་མཛོད་ཅིག༔ མ་ནོངས་ཡེ་ཤེས་ལྷ་ལ་མཁྱེན་དཔང་


CMR011_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ངེས་པའི་དོན་རྟོགས་འབྲས་བུ་ཆུད་མ་གསན༔ དམ་ཅན་སྲུང་མ་མེད་དམ་ར་མདའ་ཟློག༔ ཧཱུཾ་བྷྱོ༔ བདག་ནི་ཟོར་མེད་ངེས་པའི་རྣལ་འབྱོར་པ༔ བླ་མེད་བྱང་ཆུབ་འགྲོ་བའི་དོན་བགྱིད་པར༔ སེམས་ཀྱིས་ཐག་བཅད་སྐྱེས་བུ་བདག་ལྟ་བུས༔ བཤགས་ཀྱང་མི་ཚང་སྨྲས་ཀྱང་མི་དགོངས་ན༔ བྱམས་མགོན་ཐུགས་རྗེ་ཆུང་བར་མི་འགྱུར་རམ༔ བཅོལ་ཡང་མི་མཛད་བསྐུལ་ཡང་མི་གསན་ན༔ སྔོན་གྱི་དམ་བཅའ་འགལ་བར་མི་འགྱུར་རོ༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་ནས༔ བསྟན་པའི་རུ་ཏྲ་དགྲ་བགེགས་རྣམ་གཉིས་པོ༔ མངོན་སྤྱོད་ཚུལ་གྱིས་མྱུར་བསྒྲལ་ཕྲིན་ལས་མཛོད༔ ཅེས་ཕུད་གཏོར་རོ། །འདི་ཡན་ལ་གབ་སྤྲད་རྒྱུ་མེད་དོ། ༈ འདི་ཡན་ཚར་གཅིག་ཡིན། འདི་མན་ཆད་གབ་སྤྲོད་དོ༔ མི་མངོན་དབྱིངས་བསྐུལ་དང་གཅིག༔ ཕོ་ཉ་སྒོས་བསྐུལ་དང་གཉིས༔ འགུགས་ལས་དང་གསུམ༔ ཕུར་སྐོར་དང་བཞི༔ ཉེས་པ་སྒོ་བསྒྲགས་དང་ལྔ༔ ཉ་བོ་བསྒྲལ་བ་དང་དྲུག༔ ཕུར་ཐུན་ཚོམ་བསྐུལ་དང་བདུན༔ ཐུན་དྲུག་དང་བརྒྱད༔ དམར་སྒྲེང་བ་དང་དགུ༔ བསྟབ་པ་དང་བཅུ༔


CMR011_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟློག་གཞུང་གཉིས་གང་འདོད་དང་བཅུ་གཅིག༔ ཁྲམ་ཟློག་དང་བཅུ་གཉིས༔ གཏོར་ཆུང་འབུལ་བ་དང་བཅུ་གསུམ༔ དྲུག་བསྟོད་དང་བཅུ་བཞི༔ བྷྱོས་གདབ་པ་དང་བཅོ་ལྔ༔ བཅོལ་གཏད་དང་བཅུ་དྲུག༔ བདེན་སྟོབས་ཐན་ཟློག་དང་བཅུ་བདུན༔ དེ་ལྟར་སྣ་ཁ་བཅུ་བདུན་པོ་གབ་སྤྲད་དཔལ་དགུ་བཀའ་སྲུང་དང་བཅུ་ལ་འགྲེས་བཤང་ངོ་༔ དེ་ནས་ཁྱུང་བསྐྱེད་སྤྱན་འདྲེན༔ ཁཱ་ཧི་དུས་ཉ་བོ་གཏོར་ཆུང་འབུལ༔ དེ་ནས་གཏེར་གོང་འོག་གི་ཁྱུང་ཟློག་གཉིས་གང་རེད་འདོན༔ དེ་ལ་ཐན་ཟློག་བསྡུས་པ་སྦྱར༔ དེ་ནས་ཟློག་བྱུང་སོགས་ཁ་བཀང་དེ་འདོན༔ དེ་ནས་ཟློག་པའི་སྔགས་བྱང་ཆེན་མོ༔ ཚོགས་ལ་རོལ༔ ལྷག་མ་འབུལ༔ རྩང་གྱེར་འདོན༔ དེ་ལྟར་ཉིན་རེ་ཚར་རེ་འདོན༔ ནུབ་ལས་བྱང་ཚར་གཅིག་བཏང་༔ ཚོགས་ཐོན་ན་ལེགས༔ བསྐང་བ་ཉུང་བ༔ ཟློག་གཞུང་ཤིན་ཏུ་བསྡུས་པ་བདག་གིས་བྱས་པ་དེའི་མདུན་བསྐྱེད་ནས་འབུལ་བའི་མཚམས་བར་འདོན༔ ལྷག་མ་དང་། དཀར་གཏོར། བཀའ་བརྒྱད་ཆད་མདོ་རྣམས་བྱའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲུབ་པ་བཀའ་བརྒྱད་བདེར་གཤེགས་མདོས་ཆེན་གྱི༔ མི་མངོན་དབྱིངས་བསྐུལ།next