Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་དྲེགས་པའི་གསོལ་ཁ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་དྲེགས་པའི་གསོལ་ཁ།next

བཀའ་བརྒྱད་དྲེགས་པའི་གསོལ་ཁ།


CMR011_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་དྲེགས་པའི་གསོལ་ཁ་བཞུགས་སོ༔ འདི་ཆོས་དབང་ལུགས་ཡིན༔ མདོས་གཞུང་གཙོ་བོ་ཡིན་ནོ༔ གཞུང་འདི་འདྲ་བ་ལ༔ གོང་དུ་དྲེགས་པ་ཀུན་འདུལ་མཆོད་བསྟོད་སོགས་ཧ་ཅང་རྒྱས་པ་གཅིག་ཡོད་དོ༔


CMR011_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་སྣོད་གྲུ་གསུམ་གྱི་ནང་དུ་གཏོར་མ་དགྲ་བགེགས་གནོད་བྱེད་དངོས་སུ་གསལ་བར་གྱུར༔ ན་མོ༔ དཀོན་གཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ བདེན་པའི་མཐུས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ༔ ཁྱད་པར་དུ་བསྲུང་བྱ་མི་ནོར་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཛ༔ ཛཧཱུྃ་བཾ་ཧོ༔


CMR011_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་བླ་སྲོག་འོད་དུ་ཞུ་བ་ལས་བྱུང་བའི༔ གཏོར་མ་སོ་སོའི་འདོད་པའི་ཡོན་ཏན་སྣ་ཚོགས་པ་ནམ་མཁའ་དང་མཉམ་པར་གྱུར༔ ཨོཾ་ཨ་ཀཱ་རོ་སོགས། རང་ཉིད་ཡི་དམ་གྱི་ཐུགས་ཀའི་འོད་ཟེར་གྱིས་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་སྐད་ཅིག་ལ་སྤྱན་དྲངསཾ༔ ཏྲི་བཛྲ་ས་མཱ་ཛ༔ ཧཱུྃ༔ སྟོང་གསུམ་སྲིད་པའི་གཞལ་ཡས་ནས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ནི༔ བཙུན་མོ་སྲས་དང་དམག་དཔུང་བཅས༔ བདག་གིས་མཆོད་ཅིང་བསྟེན་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡིད་སྤྲུལ་དགྱེས་


CMR011_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདན་ལ་བཞུགས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དང་༔ པདྨ་འབྱུང་གནས་བཀའ་བཞིན་དུ༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ རང་རང་མཐུན་པའི་དམ་རྫས་དང་༔ བདུད་རྩི་སྨན་རཀ་གཏོར་མ་བཞེས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འཁོར་བཅས་དགྱེས་ཤིང་ཚིམ་གྱུར་ཅིག༔ མ་ཧཱ་དྷེ་ཝ་ཨེ༔ ཨ་མི་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཨུ་མ་དེ་ཝ་ཨུ༔ ཨ་མྲ་སོགས། ཡ་མ་ཀེ་ཏ་ཡ༔ ཡ་མ་དུན་ཏིང་ཡ༔ མ་མ་རུ་ལུ་མ༔ ཨེ་ཀ་ཙ་ཏི་ཏྲག༔ དུ་ཕྲག་དུ༔ དུན་ཏིང་དུ༔ རཱ་ཙ་རཱ་ཙ༔ གིང་ཀ་ར་ཏྲི༔ བཛྲ་སཱ་དུ་ཏྲི༔ རཱ་ཧུ་ལ་ས༔ རཀཱ་རཿ༔ རགློ་ར༔ ཡཀྵ་ཀླ༔ ཡཀྵ་མོ་ཀྵ༔ མ་ཧཱ་ཀཱ་ལ་ཀྵ༔ རུ་ཏྲ་རྨི༔ མུན་མུན་པ༔ ཏིར་ཏིར་ཀ་ཐ༔ དྷེ་ཝ་ཨ༔ ཨ་སེ་ལ་ཨ༔ ཏིག་སྣ་འདྲེ་རུ་ཙ༔ ཨ་བི་ཀཱ་ཛ༔ ཏྲི་པ་ཤ་ལི་ཏཱི༔ ཧཾ་ཤཾ་ཏྲི༔ བྱི་ན་ཡ་ཀ་ཨུ༔ ཌཀི་ནཱི་མཾ༔ ནཱ་ག་ཕུ༔ ནཱ་ག་ཀྲོ་ཏི་ཤོ་རི་ཕུ༔ ཨ་མྲི་ཏ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཨགྷཾ་སོགས། ཞེས་ཨ་རཱ་གས་སོ། །འདི་མན་གཏེར་གཞུང་ངོ་༔ ༈ སྔགས་བདག་ལྷ་སྲིན་སྡེ་བརྒྱད་ཀྱི་བསྐུལ་གྱི་རིམ་པ་བསྟན་པ་ནི། ཧཱུྃ༔ དབང་ཕྱུག་མ་ཧཱ་


CMR011_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དྷེ་ཝ་དང་བཙུན་མོ་ཨུ་མ་དྷེ་ཝི་ནི༔ ལྷ་སྲིན་སྡེ་བརྒྱད་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཨེ་ལས་སྐུ་བཞེངས་པ༔ སྲིད་གསུམ་སྒྲོལ་བྱེད་རཀཱ་མཐུ་བོ་ཆེ༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་བསྟན༔ གདུག་པ་འདུལ་མཛད་སྦྲུལ་ཆུན་སྐུ་ལ་བརྒྱན༔ དགྲ་བགེགས་སྲེག་མཛད་ཨག་ཚོམ་མེ་ལྟར་འབར༔ སྒྲོལ་གིང་ཆེན་པོའི་དབུ་སྐྲ་གྱེན་དུ་བརྗེས༔ བསྟན་པའི་མངའ་བདག་མཐིང་ནག་བེར་ཆེན་གསོལ༔ppསྟོང་གསུམ་སྒྲོལ་མཛད་ཕྱག་གཡས་གྲི་གུག་བསྣམས༔ ཕྱག་གཡོན་འགྲོ་དྲུག་སྒྲོལ་ཕྱིར་ཙིཏྟ་བསྣམས༔ འགྲོ་དྲུག་ཟིལ་གནོན་སེང་གེ་དཀར་མོ་ཆིབས༔ བཙུན་མོ་ཨུ་མ་དྷེ་ཝི་ནི༔ ་ཆོས་ཉིད་མི་གཡོ་སྐུ་མདོག་མཐིང་ནག་བསྟན༔ བསྟན་པ་བསྲུང་ཕྱིར་ལྗང་ནག་བེར་ཆེན་གསོལ༔ ཕྱག་གཡས་སྲིད་གསུམ་སྒྲོལ་ཕྱིར་ཁཊཾ་རྩེ་གསུམ་བསྣམས༔ གཡོན་པས་འཁོར་བ་རྩད་གཅོད་ཐོད་ཁྲག་བསྣམས༔ ཁམས་གསུམ་ཟིལ་གནོན་འདེགས་པའི་གླང་ཆེན་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་ཕོ་རྒྱུད་མང་པོ་ཕོ་ཉར་འགྱེད༔ གཡོན་ནས་མོ་རྒྱུད་མང་པོ་ཕོ་ཉར་འགྱེད༔ འཁོར་དུ་


CMR011_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་རྣམས་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཨེ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཨེ་ལ་བསྡུས༔ མ་ཧཱ་དྷེ་ཝ་ཨེ༔ ཨུ་མ་དྷེ་ཝི་ཨུ༔ དབང་ཕྱུག་ཡབ་ཡུམ་སྲོག་སྔགས་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ གཤིན་རྗེ་ཡ་མ་རཱ་ཙ་ནི༔ གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཡིན། སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཡ་ལས་སྐུ་བསྐྱེད་པ༔ ཡ་མ་རཱ་ཙ་གཤིན་རྗེ་ཡོངས་ཀྱི་གཙོ༔ སྐུ་མདོག་ནག་པོ་རལ་པ་ཅན༔ ཐོད་སྦྲུལ་གདུག་པའི་གཡང་གཞི་གསོལ༔ གཅན་གཟན་གདུག་པའི་པགས་པ་མནབས༔ ཤ་ཟའི་མགོ་བཅང་ཐོད་དུ་བཅིངས༔ ཞལ་བསྒད་འབར་བའི་མཆེ་བ་གཙིགས༔ ཐོད་དབྱུག་འབར་བ་ཕྱག་ན་བསྣམས༔ ཆིབས་སུ་མ་ཧེ་སྔོ་ནག་ཆིབས༔ སྐྱེ་འགྲོ་སྲོག་གི་བདག་མོ་ནི༔ འཆི་བདག་ནག་པོའི་བཙུན་མོ་ཡིན༔ གསོད་པ་མོན་མོའི་ཚུལ་འཛིན་ཞིང་༔ ཟ་བྱེད་དུར་ཁྲོད་རྒྱན་ཆ་ཅན༔ འཁོར་ལོ་འབར་བས་གསོད་ཅིང་གཏུབ༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་གཤིན་རྗེ་ཕོ་བཅུ་ཕོ་ཉར་འགྱེད༔


CMR011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ནས་གཤིན་རྗེ་མོ་བཅུ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་གཤིན་རྗེས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཡ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཡ་ལ་བསྡུས༔ ཡ་མ་ཡེ་ཏ་ཀྵེ་ཡ༔ ཡ་མ་དུན་ཏིང་ཡ་ཞེས་བྱ་བ་ནི༔ གཤིན་རྗེ་ཡོངས་ཀྱི་སྲོག་སྔགས་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ མ་མོ་སྲིད་པའི་རྒྱལ་མོ་ནི༔ སྣང་སྲིད་མ་མོའི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་མོ་སྐུ་བཞེངས་ཤིག༔ ཡི་གེ་མ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དཀར་གསལ་འབར་བ་ལ༔ ན་བཟའ་དར་དཀར་གོ་ཟུ་གྱོན༔ གཡས་ན་སྲིད་གསུམ་འཁོར་ལོ་བསྐོར༔ གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས༔ ཆིབས་སུ་འབྲུག་མོ་ལྡིར་མགྱོགས་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་རྗེ་མོ་བཅུ་གཉིས་ཕོ་ཉར་འགྱེད༔ གཡོན་ནས་སྨན་མོ་ལྔ་ཅུ་རྩ་ལྔ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་མ་མོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་མ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་མ་ལ་བསྡུས༔ མ་མ་རུ་ལུ་མ་ཞེས་པ༔ མ་མོ་ཡོངས་ཀྱི་སྲོག་སྔགས་ཡིན༔


CMR011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྔགས་སྲུང་ཨེ་ཀ་ཙཱ་ཏཱི་ནི༔ གསང་སྔགས་ཡོངས་ཀྱི་སྲུང་མ་ཡིན༔ སྔགས་སྲུང་ཆེན་མོ་སྐུ་བཞེངས་ཤིག༔ ཡི་གེ་ཏྲག་ལས་སྐུ་བསྐྱེད་པ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ གཡུ་ཡི་སྨིན་མ་ཁྱུགས་སེ་ཁྱུག༔ སྐུ་ལ་མཐིང་ནག་བེར་ཆེན་གསོལ༔ གཡས་ན་ཞེ་སྡང་ཙིཏྟ་བསྣམས༔ གཡོན་པས་གཡུ་ཡི་སྤྱང་མོ་འགྱེད༔ ཆིབས་སུ་དྲེལ་རྟ་ནག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་བལ་མོ་འབུམ་སྡེ་ཕོ་ཉར་འགྱེད༔ གཡོན་ནས་མ་མོ་ནག་མོ་ལས་ལ་འཛུད༔ འཁོར་དུ་ནག་སྨུག་འབུམ་གྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཏྲག་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཏྲག་ལ་བསྡུས༔ ཨེ་ཀ་ཙཱ་ཏི་ཏྲག་ཅེས་པ༔ སྔགས་ཀྱི་སྲུང་མའི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བདུད་པོ་སྐོས་རྗེ་དྲང་དཀར་ནི༔ བདུད་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་དུ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དུག་གདོང་ཧ་ལ་འབར༔ ན་བཟའ་མཐིང་ནག་བེར་ཆེན་གསོལ༔ རལ་པ་ནག་


CMR011_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མུན་རུབ་འདྲ༔ སྤྱན་གཉིས་ཉི་ཟླ་འཁྱིལ་བ་འདྲ༔ མཆེ་བ་ཟུར་གསུམ་རབ་ཏུ་གཙིགས༔ སྨ་ར་ཁམ་ནག་སྲིད་རྩེར་འབར༔ ཁྲམ་ཤིང་གཡས་ན་དགྲ་ལྟ་།གཡོན༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་འཆིང་བྱེད་ཞགས་ཐོགས་མང་པོ་ཕོ་ཉར་འགྱེད༔ གཡོན་ནས་ཤན་པ་གྲི་ཐོགས་མང་པོ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་བདུད་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་དུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་དུ་ལ་བསྡུས༔ དུ་ཕྲག་དུ་ཞེས་བྱ་བ་ནི༔ བདུད་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བདུད་མོ་ནག་མོ་རེ་མ་ཏི༔ བདུད་མོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་དུ་ལས་སྐུ་བསྐྱེད་པ༔ ལྷ་མོ་ནག་མོ་འཇིགས་པའི་གཟུགས༔ བཀའ་བཟློག་བདུད་ནག་ཡུམ་གཅིག་མ༔ སྐུ་ལ་མཐིང་ནག་གོ་ཟུ་གསོལ༔ ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན༔ ཆིབས་སུ་ཅང་ཤེས་བོང་བུ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་བ་ལམ་དྲེལ་


CMR011_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཕོ་ཉར་འགྱེད༔ གཡོན་ནས་ཁྲི་སྨན་ལྡེམ་དྲུག་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་བདུད་མོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་དུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་དུ་ལ་བསྡུསཿ༔ དུན་ཏིང་དུ་ཞེས་བྱ་བ་ནི༔ བདུད་མོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈་རྒྱལ་པོ་ཆེན་པོ་བེ་དཀར་ནི༔ རྒྱལ་པོ་ཡོངས་ཀྱི་སྡེ་དཔོན་ཡིན་སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཙ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དཀར་གསལ་འབར་བ་ལ༔ སྐུ་ལ་དོམ་གྱི་པགས་པ་གསོལ༔ ཕྱག་ན་བདུད་ཞགས་སྤུ་གྲི་བསྣམས༔ དབུ་ལ་རྨོག་ཞུ་གདུགས་ཐབས་གསོལ༔ ཆིབས་སུ་བ་གླང་སྣ་རིང་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་དཔའ་བོ་སྟག་ཆས་བརྒྱ་ཡང་ཕོ་ཉར་འགྱེད༔ གཡོན་ནས་དགྲ་བཅོམ་གཞོན་ནུ་བརྒྱ་ཡང་ལས་ལ་འཛུལ༔ སྔོན་ན་བུད་མེད་ནག་མོ་བརྒྱ་ཡང་འོ་དོད་འབོད༔ ཀླད་ན་བནྡེ་ནག་པོ་བརྒྱ་ཡང་ཁ་ནས་ངན་སྔགས་བཟློག༔ སྐྱོ་བསངས་གར་འབག་སེང་གེ་བརྒྱ་ཡང་སྔོན་ནས་འཁྲོལ༔ འཁོར་དུ་སྣང་སྲིད་རྒྱལ་པོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་


CMR011_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཙ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཙ་ལ་བསྡུས༔ རྭ་ཙ་ཙ་ཞེས་བྱ་བ་ནི༔ རྒྱལ་པོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྲོག་བདག་ཚངས་པ་དཀར་པོ་ནི༔ གིང་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཏྲི་ལས་སྐུ་བསྐྱེད་པ༔ ཚངས་པ་སྲིད་གསུམ་མྱུར་མགྱོགས་ཅན༔ སྲོག་བདག་སྒྲོལ་གིང་ཐུགས་དམ་ཅན༔ སྐུ་མདོག་དཀར་པོ་ཤེལ་ལྟར་དཀར༔ ཤེལ་གྱི་རལ་པ་ཤ་ར་ར༔ སྐུ་ལ་བྱ་རྒོད་ཐུལ་པ་གསོལ༔ གཡས་ན་ཤེལ་གྱི་སྤུ་གྲི་བསྣམས༔ གཡོན་ན་ཉི་ཟེར་ཞགས་པ་བསྣམས༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ འོད་ཟེར་དཀར་པོ་ཀྱི་ལི་ལི༔ རྟ་དཀར་རྒྱུག་དང་ཕྲེངས་སེ་བྲེང་༔ བྱ་དཀར་ཟེ་དམར་ཅངས་སེ་ཅང་༔ ལུག་དཀར་འབའ་སྒྲ་དི་རི་རི༔ ར་དཀར་སྦྲིད་པ་ཤ་ར་ར༔ གཡས་ན་དུང་གི་སེང་ཆེན་འབྲང་༔ ཕྱི་ན་གཡུ་ཡི་བྱ་ཡང་ལྡིང་༔ གཡས་ནས་གིང་ཆེན་བཅོ་བརྒྱད་ཕོ་ཉར་འགྱེད༔ གཡོན་ནས་གིང་བདུད་འབུམ་ཕྲག་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་


CMR011_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གིང་གིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཏྲི་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཏྲི་ལ་བསྡུས༔ གིང་ཀ་ར་ཏྲི་ཞེས་པ་ནི༔ གིང་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྐྱེས་བུ་རྡོ་རྗེ་ལེགས་པ་ནི༔ དགྲ་བླ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཏྲི་ལས་སྐུ་བསྐྱེད་པ༔ སྐུ་མདོག་དཀར་གསལ་འབར་བ་ལ༔ སྐུ་ལ་ཤེལ་གྱི་སྤྱང་ཐུལ་གསོལ༔ མ་ཏྲང་གཡུ་ཡི་གོང་བ་འོད་རེ་གསལ༔ ཞུར་གཤམ་གསེར་གྱི་གོང་བ་འོད་རེ་གསལ༔ ཞུར་གཤམ་གསེར་གྱི་གོང་བ་གློག་ལྟར་འཁྱུག༔ ཆིབས་སུ་ར་སྐྱེས་གནམ་རུ་ཆིབས༔ གཡས་ན་ལྕགས་ཀྱི་རྡོ་རྗེ་བསྣམས༔ གཡོན་ན་ཙིཏྟ་རུ་མཚོན་བསྣམས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་འཛིན་གིང་བཞི་བཅུ་ཕོ་ཉར་འགྱེད༔ གཡོན་ནས་དགྲ་བླ་སུམ་བརྒྱ་དྲུག་ཅུ་ལས་ལ་འཛུད༔ མདུན་ན་སྤྲུལ་པ་སྤྱང་རྒོད་མང་པོ་ངུ་༔ ཀླད་ན་ཁྲ་དང་བྱ་ནག་ཆུམས་སེ་ཆུམ༔ འཁོར་དུ་སྣང་སྲིད་དགྲ་བླས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཏྲི་ལས་བསྐྱེད་


CMR011_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་བསྡུས་ཀྱང་ཡི་གེ་ཏྲི་ལ་བསྡུས༔ བཛྲ་སཱ་དྷ་ཏྲི་ཅེས་པ༔ རྡོ་རྗེ་ལེགས་པའི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་གཟའ་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་རྭ་ལས་སྐུ་བསྐྱེད་པ༔ རོ་ཏི་ཁྱབ་འཇུག་མི་ཟད་པ༔ ལུས་པོ་གཅིག་ལ་མགོ་བོ་དགུ་མགོ་ལུས་མེད་པར་མིག་གིས་ཁེངས༔ རོ་སྟོད་མི་ལ་རོ་སྨད་སྦྲུལ༔ ལུས་ནི་འཇིགས་པའི་དུད་ཁ་ལ༔ གཡས་ན་ར་ཡི་མདའ་གཞུ་བསྣམས༔ གཡོན་ན་ཆུ་སྲིན་ཞགས་པ་ཐོགས༔ ཆིབས་སུ་འབྲུག་ཆེན་ཁ་གདངས་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཟི་མདངས་གློག་གིས་འོད་དུ་འབྱིན༔ ང་རོ་འབྲུག་གིས་སྒྲ་རུ་སྒྲོག༔ ཁ་རླངས་སྤྲིན་དུ་འབྱུང་བར་བྱེད༔ སྤྲུལ་པ་ཐོག་དང་སེར་ཆེན་འབེབས༔ གཡས་ནས་སྡེ་བརྒྱད་ཕོ་ཉར་འགྱེད༔ གཡོན་ནས་གཟའ་བདུད་ལས་ལ་འཛུད༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ས་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ས་ལ་བསྡུས༔ རཱ་ཧུ་ལ་པ་ཞེས་བྱ་ནི༔ གཟའ་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་


CMR011_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྲིན་པོ་ནག་པོ་གློག་གི་ཕྲེང་བ་ཅན༔ སྲིན་པོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་རྭ་ལས་སྐུ་བསྐྱེད་པ༔ སྐུ་མདོག་ནག་པོ་འབར་བ་ལ༔ ལུས་ལ་གློག་གི་ཕྲེང་བས་བརྒྱན༔ ཕྱག་ནས་ཐོག་སེར་མདའ་ལྟར་འཕེན༔ ཆིབས་སུ་འབྲུག་དང་གློག་ལ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་སྲིན་པོ་འབུམ་ཕྲག་ཕོ་ཉར་འགྱེད༔ གཡོན་ནས་གསོད་བྱེད་ཤན་པ་དམར་པོ་ལས་ལ་འཛུད༔ སྤྲུལ་པ་གཅན་གཟན་མང་པོ་ཞ་ལ་ལ༔ འཁོར་དུ་སྣང་སྲིད་སྲིན་པོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ར་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་རྭ་ལ་བསྡུས༔ རག་ཤ་ར་ཅེས་བྱ་བ་ནི། སྲིན་པོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ སྲིན་མོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ར་ལས་སྐུ་བསྐྱེད་པ༔ སྐུ་མདོག་དམར་ནག་འབར་བ་ལ༔ ལུས་ལ་ཁྲག་གི་བལ་ནག་གསོལ༔ རུས་སྦལ་དཀར་པོའི་ཐོར་ཚུགས་ཅན༔ ཕྱག་ན་


CMR011_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་ཕུར་པ་བསྣམས༔ གཡོན་ན་ནད་ཀྱི་སེར་བ་འབེབས༔ ཆིབས་སུ་ཀེ་ལ་གདོང་དྲུག་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་གདོང་མོ་བཞི་ཡང་ཕོ་ཉར་འགྱེད༔ གཡོན་ནས་སྲིན་མོ་འབུམ་ཕྲག་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་སྲིན་མོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ར་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ར་ལ་བསྡུས༔ རག་མོ་ར་ཞེས་བྱ་བ་ནི༔ སྲིན་མོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ གནོད་སྦྱིན་ཡཀཱ་མེ་དབལ་ནི༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཀྵ་ལས་སྐུ་བསྐྱེད་པ༔ ཡཀཱ་མེ་དབལ་གནོད་སྦྱིན་གཙོ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ བསྐལ་པའི་མེ་དཔུང་གོས་སུ་གྱོན༔ ཕྱག་ན་མཚོན་ཆ་འབར་བ་བསྣམས༔ གཡོན་ན་རིན་ཆེན་འབར་བ་བསྣམས༔ ཆིབས་སུ་སྟག་སེང་རྔམས་པ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ན་མེ་འབར་ལམས་སེ་ལམ༔ གཡོན་ན་བུ་ཡུག་ཕྱུ་རུ་རུ༔ གཡས་ནས་གནོད་སྦྱིན་འབུམ་ཕྲག་ཕོ་ཉར་འགྱེད།


CMR011_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ནས་ཞུབ་ཅན་འབུམ་ཕྲག་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་གནོད་སྦྱིན་བརྒྱད་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཀཱ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཀྵ་ལ་བསྡུས༔ ཡཀྵ་ཀླུ་ཞེས་བྱ་བ་ནི༔ གནོད་སྦྱིན་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ གནོད་སྦྱིན་མོན་མོ་ནག་མོ་ནི༔ གནོད་སྦྱིན་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཀྵ་ལས་སྐུ་བསྐྱེད་པ༔ གནོད་སྦྱིན་བུ་མོ་འགུགས་བྱེད་མ༔ མོན་མོ་ནག་མོ་ལྕགས་མཆུ་ཅན༔ སྤྱན་གཉིས་གསེར་གྱི་ཁྲོ་གཉེར་ཅན༔ སྙན་ལ་གསེར་གྱི་རྣ་ཆས་མཚན༔ སྐུ་ལ་ཏེ་ལ་ནག་པོ་གསོལ༔ གཡས་ན་སྤུ་གྲི་རྣོན་པོ་བསྣམས༔ གཡོན་ན་གཡུ་ཡི་སྦྱང་མོ་བསྣམས༔ ཆིབས་སུ་ལྕགས་ཀྱི་སྤྱང་མོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་གནོད་སྦྱིན་འབུམ་ཕྲག་ཕོ་ཉར་འགྱེད༔ གཡོན་ནས་མོན་མོ་སྤུན་བདུན་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་གནོད་སྦྱིན་མོ་ཡིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཀླུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཀྵ་ལ་


CMR011_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས༔ ཡཀྵ་མོ་ཀླུ་ཞེས་བྱ་བ་ནི༔ གནོད་སྦྱིན་མོ་ཡི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ མགོན་པོ་མ་ཧཱ་ཀཱ་ལ་ནི༔ མགོན་པོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཀྱི་ལས་སྐུ་བསྐྱེད་པ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ རལ་པ་ཁམ་ནག་མུན་རུབ་འདྲ༔ སྨ་ར་ཨག་ཚོམ་མེ་ལྟར་འབར༔ བགྲང་ཕྲེང་ནག་པོ་སེ་རལ་ཁ༔ སྐུ་ལ་ལྗང་ནག་བེར་ཆེན་གསོལ༔ གསེར་སྐྱེད་རིན་ཆེན་འབར་བ་བསྣམས༔ ཕྱག་ན་ཙནྡན་བེང་ཆེན་བསྣམས༔ གཡོན་ན་གྲི་གུག་འབར་བ་བསྣམས༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་མགོན་པོ་འབུམ་ཕྲག་ཕོ་ཉར་འགྱེད༔ གཡོན་ནས་ཆོས་སྐྱོང་མང་པོ་ལས་ལ་འཛུད༔ སྤྲུལ་པ་རྒྱ་གར་ཡུལ་ན་འགྱེད༔ སྲོག་བདུད་བོད་ཡུལ་དབུས་སུ་གཅོད༔ འཁོར་དུ་སྣང་སྲིད་མགོན་པོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཀྱི་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཀྱི་ལ་བསྡུས༔ མ་ཧཱ་ཀཱ་ལ་ཤཱི་ཞེས་བྱ་བ་ནི༔ མགོན་པོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་


CMR011_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བན་ཆེན་རྡོ་རྗེ་བདུད་འདུལ་ནི༔ རུ་ཏྲ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཧཱུྃ་ལས་སྐུ་བསྐྱེད་པ༔ སྔགས་པ་ལྟ་བ་ལོག་པ་ཅན༔ རུ་ཏྲ་ཅེས་བྱའི་རིགས་སུ་སྐྱེས༔ སྐུ་མདོག་དམར་ནག་འབར་བ་ལ༔ ན་བཟའ་མཐིང་ནག་བེར་ཆེན་གསོལ༔ རལ་པ་ནག་པོ་མུན་ལྟར་གཏིབས༔ ཕྱག་ན་ཁྲག་དང་ཡུངས་ཀར་བུ་ཡུག་ཚུབས་སེ་ཚུབ༔ ཆིབས་སུ་དྲེལ་ནག་ཁམ་སྐྱ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་རལ་ནག་གྱོན་པ་མང་པོ་ཕོ་ཉར་འགྱེད༔ གཡོན་ནས་ཞིང་ལྤགས་རྡེབ་པ་མང་པོ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་རུ་ཏྲེས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ནི་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ནི་ལ་བསྡུས༔ རུ་ཏྲ་ཀྲྀ་ཞེས་བྱ་བ་ནི༔ རུ་ཏྲ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ དམུ་བདུད་ནག་པོ་བཀྲག་མེད་ནི༔ དམུ་བདུད་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་པ་ལས་སྐུ་བསྐྱེད་པ༔ སྐུ་མདོག་ནག་པོ་མུན་པའི་མདོག༔ སྐུ་ལ་དར་


CMR011_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བེར་ཆེན་གསོལ༔ ཤང་ལང་གཡས་ལ་མདའ་གཞུ་གཡོན༔ ཆིབས་སུ་དམུ་རྟ་མཆོངས་རྒོད་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་དམུ་བདུད་འབུམ་ཕྲག་ཕོ་ཉར་འགྱེད༔ གཡོན་ནས་དམུ་བྲན་མང་པོ་ལས་ལ་འཛུད༔ ཀླད་ན་མུན་པ་ནག་པོ་ཐིབས་སེ་ཐིབ༔ ཕོ་རོག་མང་པོ་གཤོག་སྒྲ་འུ་རུ་རུ༔ འཁོར་དུ་སྣང་སྲིད་དམུ་བདུད་ཀུན་གྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་པ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་པ་ལ་བསྡུས༔ མུན་པ་མུན་ཞེས་བྱ་བ་ནི༔ དམུ་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ མུ་སྟེགས་གུ་ལང་ནག་པོ་ནི༔ མུ་སྟེགས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཐ་ལས་སྐུ་བསྐྱེད་པ༔ སྐུ་མདོག་ནག་པོ་འབར་བ་ལ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་དར་ནག་གླིང་ཞུ་གསོལ༔ གཡས་ན་ཏྲི་ཤུ་རྩེ་གསུམ་བསྣམས༔ གཡོན་ན་བྷནྡྷ་ཁྲག་བཀང་བསྣམས༔ ཆིབས་སུ་སྟག་དང་མ་ཧེ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ ས་གཞི་དམག་གིས་བཀང་ནས་


CMR011_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སུ༔ བར་སྣང་དར་གྱིས་ཁེངས་པར་བྱ༔ སྔོན་ནས་གཅན་གཟན་མང་པོ་འབྲང་༔ དོམ་དྲེད་སྟག་གཟིག་ལ་སོགས་པ༔ སྤྱང་ཀུ་སྔོན་པོ་འདུར་མི་གཅོད༔ གཡག་རྒོད་མང་པོ་རུ་འཁྲོལ་ཞིང་༔ ཀླད་ན་འདབ་ཆགས་མང་པོ་ལྡིང་༔ བྱ་རོག་འུག་པ་ཀང་ཀའི་ཚོགས༔ བྱ་རྒོད་མང་པོ་གཤོག་སྒྲ་འབྱིན༔ གཡས་ནས་མུ་སྟེགས་འབུམ་ཕྲག་ཕོ་ཉར་འགྱེད༔ གཡོན་ནས་ནག་པོ་སྡེ་བདུན་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་མུ་སྟེགས་ཡོངས་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཐ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཐ་ལ་བསྡུས༔ ཏིར་ཏི་ཀ་ཐ་ཞེས་བྱ་ནི༔ མུ་སྟེགས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ ལྷ་རབས་ཡར་ལྷ་ཤམ་པོ་ནི༔ འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཨ་ལས་སྐུ་བསྐྱེད་པ༔ སྐུ་མདོག་གངས་རི་དཀར་པོ་འདྲ༔ ན་བཟའ་དར་དཀར་རལ་ག་གསོལ༔ གཡས་ན་དར་མདུང་དཀར་པོ་བསྣམས༔ གཡོན་ན་ཤེལ་གྲི་དཀར་པོ་བསྣམས༔ ཆིབས་སུ་ལྷ་གཡག་དཀར་པོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ སྔོན་ན་


CMR011_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཐོགས་མང་པོ་འུ་རུ་རུ༔ ཕྱི་ན་མདུང་ཐོགས་མང་པོ་ཤིགས་སེ་ཤིག༔ གཡས་ན་གོ་གྱོན་སུམ་བརྒྱ་དྲུག་ཅུ་ཕོ་ཉར་འགྱེད༔ གཡོན་ན་ལྷ་བྲན་སུམ་བརྒྱ་དྲུག་ཅུ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་ལྷ་ཡིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཨ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཨ་ལ་བསྡུས༔ དྷེ་ཝ་ཨ་ཞེས་བྱ་བ་ནི༔ ལྷ་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ གནམ་སྨིན་ཐོག་གི་བུ་ཡུག་ནི༔ གནམ་སྨིན་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཨ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དམར་སྐྱ་འབར་བ་ལ༔ ན་བཟའ་གསེར་གྱི་གོ་ཟུ་གསོལ༔ གཡས་པས་གནམ་ལྕགས་ཐོག་ཆེན་འབེབས༔ གཡོན་པས་ཁྲག་གི་སེར་ཆེན་འབེབས༔ ཆིབས་སུ་གློག་དང་འབྲུག་ལ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཞན་དུ་གློག་དང་མེ་འོད་འཁྲིགས༔ གཟའ་ཆེན་བརྒྱད་པོ་ཀླད་ལ་བསྐོར༔ རྒྱུ་སྐར་ཉེར་བརྒྱད་ཞབས་ལ་འཆར༔ གཡས་ནས་ལྷ་སྨན་འབུམ་སྡེ་ཕོ་ཉར་འགྱེད༔ གཡོན་ནས་དམུ་སྨན་འབུམ་ཕྲག་ལས་


CMR011_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཛུད༔ འཁོར་དུ་སྣང་སྲིད་སྨན་གྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཨ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཨ་ལ་བསྡུས༔ ཡི་གེ་ཨ་ཞེས་བྱ་བ་ནི༔ གནམ་སྨན་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ སྐྱེས་བུ་གཡའ་སྤང་སྐྱེས་གཅིག་ནི༔ མ་སང་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཙ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དཀར་གསལ་འབར་བ་ལ༔ རྒ་བྱེད་སྟོད་ཀྱི་སླག་པ་ཅན༔ འབུ་བྱེད་སྨད་ཀྱི་ཤམ་ཐབས་ཅན༔ དབུ་ལ་ཤེལ་རྨོག་དཀར་པོ་གསོལ༔ གཡས་ན་བཙན་མདུང་སྲིན་རྐང་བསྣམས༔ གཡོན་ན་ཤེལ་གྲི་དཀར་པོ་བསྣམས༔ ཆིབས་སུ་རྡོ་རྟ་གྲོ་བོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ ཀླད་ན་ལྕགས་ཀྱི་བྱ་ཁྱུང་ལྡིང་༔ ཕྱི་ན་གསེར་ཁྱི་སེར་པོ་འབྲང་༔ སྟག་སྨད་ཚང་མ་རོལ་དུ་ཁྲིད༔ གཡོས་ནས་སྟོང་དཔོན་མཆེད་ལྔ་ཕོ་ཉར་འགྱེད༔ གཡོན་ནས་མ་སང་སྤུན་བདུན་ལས་ལ་འཛུད༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཙོ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཙི་ལ་བསྡུས༔ ཏིག་སྣ་འདྲེ་རུཾ་


CMR011_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཙཾ་ཞེས་པ༔ མ་སང་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བྲག་བཙན་སྲོག་ཟན་དམར་པོ་ནི༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཀཱ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དམར་པོ་མེ་རི་འདྲ༔ སྐུ་ལ་དར་དམར་བེར་ཆེན་གསོལ༔ དབུ་ལ་བསེ་རྨོག་དམར་པོ་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་དམར་པོ་ཀྱི་ལི་ལི༔ གཡས་ན་སྲིན་མདུང་རྩེ་རྐང་བསྣམས༔ གཡོན་ན་མདའ་གཞུ་སྙིང་ལ་གཟིར༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ བཙན་གྱི་ཞགས་པ་རྒྱུངས་སེ་རྒྱང་༔ བཙན་གྱི་བྲོ་བརྡུང་ཀྱི་ལི་ལི༔ བཙན་གྱི་བཤུད་པ་ཀྱུ་རུ་རུ༔ བ་གཡས་ནས་བཙན་ཆེན་ཁ་བཞི་ཕོ་ཉར་འགྱེད༔ གཡོན་ནས་མགྱོགས་པ་སྡེ་བརྒྱད་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་བཙན་གྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཀླུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཀླུ་ལ་བསྡུས༔ ཨ་བི་ཤུ་ཀླུ་ཞེས་པ་ནི༔ བཙན་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་


CMR011_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་ལོ༔ ༈ སྲོག་བདག་གནམ་ཐེལ་དཀར་པོ་ནི༔ ཐེའུ་རང་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཏྲི་ལས་སྐུ་བསྐྱེད་པ༔ སྐུ་མདོག་དཀར་གསལ་འབར་བ་ལ༔ ཟ་འོག་སྔོ་བཀྲའི་བེར་ཆེན་གསོལ༔ གཡས་ན་རལ་གྲི་སྐུ་འབྱམས་བསྣམས༔ གཡོན་ན་བསེ་སྟན་དཀར་པོ་བསྣམས༔ ཆིབས་སུ་རྟ་དཀར་འཕྲུལ་དམར་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་ཐེའུ་རང་སྟོང་སྡེ་ཕོ་ཉར་འགྱེད༔ གཡོན་ནས་ཐེའུ་རང་སྤུན་དགུ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་ཐེའུ་རང་ཡོངས་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཏྲི་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཏྲི་ལ་བསྡུས༔ ཏྲི་པ་ཤ་ལི་ཏྲི་ཞེས་པ༔ ཐེའུ་རང་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བཙན་འགོང་ཡམ་ཤུད་དམར་པོ་ནི༔ བཙན་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཏྲི་ལས་སྐུ་བསྐྱེད་པ༔ བཙན་འགོང་དམར་པོ་སྲོག་གི་བདུད༔ སྐུ་ལ་ལྗང་དམར་ཟབ་སླག་གསོལ༔ དབུ་ལ་ཟངས་རྨོག་དམར་པོ་


CMR011_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཟངས་ཞགས་གཡས་ལ་ཤང་ལང་གཡོན༔ ཆིབས་སུ་ཟངས་རྟ་དམར་པོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་འགོང་པོ་སྤུན་དགུ་ཕོ་ཉར་འགྱེད༔ གཡོན་ནས་བཙན་འགོང་སྤུན་དགུ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་འགོང་པོས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཏྲི་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཏྲི་ལ་བསྡུས༔ ཧཾ་ཤཾ་ཏྲི་ཞེས་བྱ་བ་ནི༔ འགོང་པོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ བགེགས་རྒྱལ་བྱི་ནཱ་ཡ་ཀ་ནི༔ བགེགས་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཨུ་ལས་སྐུ་བསྐྱེད་པ༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ན་བཟའ་མཐིང་ནག་བེར་ཆེན་གསོལ༔ ཕྱག་གཡས་རྩེ་གསུམ་འབར་བ་བསྣམས༔ གཡོན་པས་ཐོད་ཁྲག་དགྲ་ལ་འཕེན༔ ཆིབས་སུ་བདུད་རྟ་ནག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་རྒྱལ་པོ་སྡེ་བཞི་ཕོ་ཉར་འགྱེད༔ གཡོན་ནས་ཕྱོགས་སྐྱོང་བཅུ་པོ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་བགེགས་ཀྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་


CMR011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཨུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཨུ་ལ་བསྡུས༔ བྱི་ནཱ་ཡ་ཀ་ཨུ་ཞེས་པ༔ བགེགས་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ དཔལ་ལྡན་ནག་མོ་མགྱོགས་བྱེད་ནི༔ མཁའ་འགྲོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་མཾ་ལས་སྐུ་བསྐྱེད་པ༔ སྐུ་མདོག་ནག་མོ་འབར་བ་ལ༔ ན་བཟའ་མཐིང་ནག་གོ་ཟུ་གསོལ་ཕྱག་ན་མི་ཡི་རྒྱུ་ཞགས་བསྣམས༔ གཡོན་ན་མཚོན་གྱི་གྲུ་གུ་འཐུལ༔ ཆིབས་སུ་སོ་བྱ་རོག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་མཁའ་འགྲོ་སྡེ་བཞི་ཕོ་ཉར་འགྱེད༔ གཡོན་ནས་མཁའ་འགྲོ་འབུམ་ཕྲག་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་ཕོ་ཉས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་མཾ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་མཾ་ལ་བསྡུས༔ ཌཱཀྐི་ནི་མཾ་ཞེས་བྱ་ནི༔ མཁའ་འགྲོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ ཀླུ་བདུད་ནག་པོ་མགོ་དགུ་ནི༔ ཀླུ་རྣམས་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་


CMR011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ ཡི་གེ་ཕུ་ལས་སྐུ་བསྐྱེད་པ༔ གདུག་པ་ཀླུ་ཡི་རྒྱལ་པོ་ནི༔ སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ༔ སྐུ་མདོག་དུད་ཁ་ནག་པོ་ལ༔ ཚ་བའི་འབུ་སྲིན་ཉི་ལི་ལི༔ གཡས་ན་འབུ་སྲིན་ཞ་ལ་ལ༔ གཡོན་པས་ནད་ཀྱི་རྐྱལ་པ་འཕེན༔ ཆིབས་སུ་ཆུ་སྲིན་ནག་པོ་ཆིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་ཀླུ་ཆེན་བརྒྱད་པོ་ཕོ་ཉར་འགྱེད༔ གཡོན་ནས་ཀླུ་རིགས་མང་པོ་ལས་ལ་འཛུད༔ ཀླུ་སྦྲུལ་ནག་པོ་རྒྱངས་སེ་རྒྱང་༔ སྦལ་ལྕང་མང་པོ་ཉོ་རེ་རེ༔ མཐོང་དང་རེག་པ་བསམ་པ་དང་༔ ཁ་རླངས་དུག་གིས་དགྲ་བོ་བསྒྲལ༔ རྒྱལ་རིགས་རྗེ་རིགས་བྲམ་ཟེ་དང་༔ དམངས་རིགས་གདོལ་པ་ཧ་ལ་པ༔ གདུག་པ་ཀླུ་ཡི་འཁོར་གྱིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཕུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཕུ་ལ་བསྡུས༔ ནཱ་ག་ཕུ་ཞེས་བྱ་བ་ནི༔ ཀླུ་རྣམས་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ ཀླུ་ཡི་མ་ཆེན་ནག་མོ་ནི༔ ཀླུ་མོ་ཡོངས་ཀྱི་སྡེ་དཔོན་ཡིན༔ སྡེ་དཔོན་ཆེན་པོ་སྐུ་བཞེངས་ཤིག༔ ཡི་གེ་ཕུ་ལས་སྐུ་བསྐྱེད་པ༔ སྐུ་མདོག་དུད་ཁ་ནག་མོ་


CMR011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ སྐུ་ལ་སྦྲུལ་གྱི་ཐུལ་པ་གསོལ༔ སྦྲུལ་གྱི་རལ་པའི་སྐྲ་གསེབ་ནས༔ མཛེ་དང་ཤུ་བའི་ཚྭ་ཚྭ་འཕྲོ༔ སྦལ་ལྕོང་ཉ་ལྕོང་ཐ་ར་ར༔ གཡས་ན་སྦྲུལ་གྱི་ཞགས་པ་བསྣམས༔ གཡོན་ན་ནད་ཀྱི་རྐྱལ་པ་བསྣམས༔ ཆིབས་སུ་རུས་སྦལ་ནག་པོ་བཅིབས༔ ཁྱོད་ཀྱིས་ཆོ་འཕྲུལ་སྟོན་པ་ནི༔ གཡས་ནས་ཀླུ་མོ་མང་པོ་ཕོ་ཉར་འགྱེད༔ གཡོན་ནས་ཀླུ་ལྕམ་མང་པོ་ལས་ལ་འཛུད༔ འཁོར་དུ་སྣང་སྲིད་ཀླུ་ཡིས་བསྐོར༔ ཁྱེད་ཀྱི་སྲོག་སྙིང་ང་ལ་ཡོད༔ དང་པོ་བསྐྱེད་ཀྱང་ཡི་གེ་ཕུ་ལས་བསྐྱེད༔ ཐ་མ་བསྡུས་ཀྱང་ཡི་གེ་ཕུ་ལ་བསྡུས། ནཱ་ག་ཀྲོ་ཏི་ཤྭ་རི་ཕུ་ཞེས་པ༔ ཀླུ་མོ་ཡོངས་ཀྱི་སྲོག་སྙིང་ཡིན༔ སྲོག་གི་སྙིང་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ༈ འཁོར་དང་བཅས་པ་འདིར་སྤྱོན་ཅིག༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་དུ་གསོལ༔ རྣལ་འབྱོར་སྐུ་དགྲ་འདུལ་དུ་གསོལ༔ འགྲས་པའི་དགྲ་བོ་བསྒྲལ་དུ་གསོལ༔ མདོས་ཀྱི་དུས་སུ༔ སྲིད་པའི་མདོས་ཀྱིས་ཐུགས་དམ་བསྐང་༔ མདོས་དང་གླུད་འབུལ་དལ་ཁ་ཆིངས༔ མདོས་དང་གླུད་འབུལ་རིམས་ཁ་ཆོད༔ ཕོ་བདུད་དལ་ཁ་


CMR011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུ་སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཅེས་སྦྱར་བར་བྱའོ༔ ལས་གང་འདོད་ཤམ་བུར་བཏགས་སོ༔ དམ་ཉམས་དགྲ་ལ་སེར་བ་ཕོབ༔ དམ་ཉམས་དགྲ་ལ་ཐོག་ཆེན་ཕོབ༔ དམ་ཉམས་དགྲ་ལ་ལྟས་ངན་ཕོབ༔ མཐུན་པའི་དམ་རྫས་ཐུགས་དམ་བསྐང་༔ ཁྱེད་ཀྱིས་ཐུགས་དམ་གཉན་བསྐང་བས༔ བདག་གི་གཡར་དམ་སོར་སྩོལ་ཅིག༔ ཅེས་སྦྱར༔ སྔགས་བདག་ལྷ་སྲིན་སྡེ་བརྒྱད་ཀྱི་བསྐུལ་པ་རྫོགས་སོ༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ གུ་ཧྱ༔ བརྡ་ཡིག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་དྲེགས་པའི་གསོལ་ཁ།next