Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འགྲེས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousའགྲེས་བྱང་།next

འགྲེས་བྱང་།


CMR011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་འདིར་བྱོན་ཅིག༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་དུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་དུ་གསོལ༔ རྣལ་འབྱོར་སྐུ་དགྲ་འདུལ་དུ་གསོལ༔ འགྲས་པའི་དགྲ་བོ་བསྒྲལ་དུ་གསོལ༔ སྨན་རཀ་གཏོར་མས་སྣང་སྲིད་མདོས་ཀྱིས་ཐུགས་དམ་བསྐང་༔ སྨན་རཀ་གཏོར་་་མདོས་དང་གླུད། འབུལ་དལ་ཁ་ཆིངས༔ སྨན་རཀ་གཏོར་མདོས་དང་གླུད། འབུལ་རིམས་ཁ་ཆོད༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུརཿ༔ དམ་ཉམས་དགྲ་ལ་ནང་འཁྲུག་ཐོངས༔ དམ་ཉམས་དགྲ་ལ་ཐོག་ཆེན་ཕོབ༔ དམ་ཉམས་དགྲ་ལ་ལྟས་ངན་ཕོབ༔ མཐུན་པའི་དམ་རྫས་སྣང་སྲིད་མདོས་ཀྱིས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ནས༔ བདག་གིས་གཡར་དམ་སོར་སྩོལ་ཅིག༔ ༈ འཁོར་དང་བཅས་པ་འདིར་བྱོན་ཅིག༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ ད་ལྟ་ཉིད་དུ་དགྲ་ལ་ཆོས༔ བཙན་པོའི་གོ་གྱོན་རྣོ་མཚོན་རྡོར༔ མགྱོགས་པའི་རྟ་ཞོན་མྱུར་བར་རྒྱུགས༔ གྲོས་ངན་བློ་ངན་མགོ་བསྐོར་དང་༔ དགྲ་དང་


CMR011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཇག་ཤོམས་པ་རྣམས༔ ཁྱོད་ཀྱིས་ཤོལ་ཐོབ་བསམ་ངན་བསྒྱུར༔ དགྲ་སྣ་དམག་སྣ་ཇག་སྣ་ཟློག༔ ཁ་ཡོག་གྱུར་དང་མི་ཁ་ཟློག༔ རྒྱལ་པོའི་བཀའ་ཆད་བཙོན་སྣ་བཟློག༔ དུག་མཚོན་ངན་པའི་སྦྱོར་བ་ཟློག༔ ད་དགྲ་ཐད་དུ་ལངས་བ་དང་༔ ཕྱིན་ཆད་གནོད་པར་འགྱུར་པའི་དགྲ་གང་ཡིན་ཐམས་ཅད་ཁྱོད་ཀྱིས་ཤེས་དྲེགས་ཆེན་ཁྱོད་ཀྱིས་ཟས་སྐལ་གྱིས༔ གཏད་དོ་ལས་བཅོལ་མཐུ་མ་ཆུང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དགོས་པའི་ཆེད་དུ་རཱ་ག་ཨ་སྱས་སྦྱར་བའོ༔ ༔ ༧ ཁམས་སྟོདནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའགྲེས་བྱང་།next