Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མདོས་ཐབས་སུ་བཅའ་བའི་ཁ་བཀང་གི་འཕྱང་ཤིན་ཏུ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   


 
previousམདོས་ཐབས་སུ་བཅའ་བའི་ཁ་བཀང་གི་འཕྱང་ཤིན་ཏུ་བསྡུས་པ།next

མདོས་ཐབས་སུ་བཅའ་བའི་ཁ་བཀང་གི་འཕྱང་ཤིན་ཏུ་བསྡུས་པ།


CMR011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཞུང་ཁ་བཀང་ངོ་༔ བཀའ་བརྒྱད་ཁྲོ་བོ་རོལ་པ་མདོས་ཐབས་སུ་བཅའ་བའི་ཁ་བཀང་གི་འཕྱང་ཤིན་ཏུ་བསྡུས་པ་སྟེ་མདོས་སྤྱིའི་འཕྱངས་ཆེན་པོ་ནས་བསྡུས་པའོ༔ མདོས་ཐབས་འདིའི་གཞུང་ནི་ཕོ་ཉ་སྒོས་བསྐུལ་རྒྱས་པ་ལ་ཚིག་ཅུང་ཟད་བསྒྱུར་བ་དང་སྡེ་དཔོན་སུམ་ཅུའི་གསོལ་ཁ་ཆེན་པོ་དང་༔ ཁྲམ་མདོས་ཀྱི་གཞུང་ཆེན་གསུམ་ཡིན་ལ༔ དེ་ལ་ཟློག་གཞུང་སྨུག་ནག་མ་དང་༔ ཁྲོ་བོ་རོལ་པ་གཉིས་རེས་མོས་སུ་བྱ་ཞིང་༔ གཞན་འགྲིག་ཆོག་ལྟར་བསྡུས་པ་དེས་འཐུས་སོ༔


CMR011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས༔ སྟོན་པ་ཆེན་པོས་བཀའ་སྩལ་པ༔ འགྲོ་ཕན་བྱང་སེམས་ཅན་རྣམས་ཉོན༔ རྣལ་འབྱོར་དམ་ཉམས་མཁའ་འགྲོ་འཁྲུགས༔ དེ་དག་མདོས་ཀྱི་བསྐང་ཕྱིར་དང་༔ ཉམས་ཆག་གསོ་དང་མཚོན་འཁྲུག་གཅོད༔ ནད་གདོན་གནོད་པ་ཞི་བྱེད་ཅིང་༔ ཚེ་དང་ལོངས་སྤྱོད་བསོད་ནམས་སྤེལ༔ སྣང་བ་དབང་སྡུད་དགྲ་བགེགས་སྒྲོལ༔ དམ་ཅན་ཀུན་འགྲུབ་ཕུར་ཁ་ཟློག༔ རྟོགས་ཚོགས་ལྷ་རུ་ངོ་སྤྲོད་ཅིང་༔ བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར༔ ཡོངས་རྫོགས་གླིང་བཞི་སྤྱི་མདོས་བཤད༔ ཅེས་གསུངས་པའི་དོན༔ ཉང་གི་གཏེར་ཁ་ནས་གླིང་བཞི་མདོས་ཀྱི་བསྐང་བ་རྩ་བ་དང་འགྲེལ་པ༔ ཆོས་དབང་གཏེར་ཁ་ནས་ཡོངས་རྫོགས་གླིང་བཞི་སྲིད་


CMR011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱི་མདོས་འབྱུང་བ་ནི་ལོགས་སུ་ཤེས་ལ༔ འདིར་ཁྲོ་བོ་རོལ་པའི་གཏོར་ཟློག་ཆེན་པོ་ཉིད་མདོས་ཐབས་སུ་བཅའ་ན༔ འཕྱངས་འགའ་ཞིག་གཞན་ནས་ཁ་བཀང་དགོས་པ་ལས༔ མདངས་བསྐང་རྒྱས་པའམ་བསྐང་བའི་རྗེས་ནས་འདི་འདོན་པས་འཐུས་སོ༔ དེ་ཡང་འདི་གཙོ་བོ་ཡེ་ཤེས་པ་ཆེ་མཆོག་དཔལ་དགུ་ཡིན་པས་འཕར་ནོན་སོགས་ཀྱི་འཕྱངས་ཕལ་ཆེར་ནི་མི་དགོས་ལ༔ འདི་ཟློག་མདོས་གཙོ་བོ་ཡིན་པས་བསྐང་བའི་འཕྱངས་རྒྱུན་འབུལ་སོགས་ཀྱང་མི་དགོས་སོ༔ འོན་ཀྱང་ཟློག་མདོས་ལ་བསྐང་མདོས་ཀྱི་ཁ་སབ་པ་ཡིན་པར་འདུག་པས་བཅའ་ཚོགས་ལ་ཡོད་པའི་རི་རབ་ནམ་མཁའ་ཤིང་རིས་རྒྱང་བུ་ཕོ་ཐོང་མོ་ཐོང་སོགས་འདི་ཙམ་མེད་ཐབས་མེད་པས་སོ༔ ནད་སྤྲིན་གདོན་ཐག་སོགས་ཀྱང་འདི་ལ་མི་དགོས་སོ་ཧཱུྃ་ཁྲོ་བོ་རོལ་པའི་


CMR011_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་བརྡུངས་པས༔ སྲུང་མ་བསྐུལ་བའི་རྔ་བརྡུང་ངོ་༔ མ་མོ་འབོད་པའི་རྔ་བརྡུང་ངོ་༔ དགྲ་བགེགས་འདུལ་བའི་རྔ་བརྡུང་ངོ་༔ དཔལ་ཆེན་དབྱིངས་ནས་བསྐུལ་བ་ཡིས༔ རྔ་ནི་བསྲིང་ཞིང་བསྲིང་ཞིང་རྡུང་༔ མ་མོ་མཁའ་འགྲོ་འབོད་པའི་རྔ་ནི་འདུར་ཞིང་འདུར་ཞིང་རྡུང་༔ སྲུང་མ་དམ་ཅན་བསྐུལ་བ་ཡིས༔ རྔ་ནི་འཆམས་ཤིང་འཚམས་ཤིང་རྡུང་༔ འདུས་ཤིག་དཔལ་ཆེན་དམ་ལ་འདུས་ཆོས་སྐྱོང་སྲུང་མ་མ་གཡེལ་ཅིག༔ རྒྱབ་རྟེན་རྣམས་ཀྱང་མ་གཡེལ་ཅིག༔ འགྲོ་བའི་དོན་ལ་གཤེགས་སུ་གསོལ༔ ཧཱུྃ༔ ཡོངས་རྫོགས་སྲུང་མ་གཉན་པོ་ཀུན༔ གངས་ཀྱི་སེང་ལྕམ་དཀར་མོ་བཞིན༔ མཆོངས་ཤིང་མཆོངས་ཤིང་མདོས་ལ་བྱོན༔ ནགས་ཀྱི་སྟག་མོ་གྲུས་མ་བཞིན༔ ངར་ཞིང་ངར་ཞིང་མདོས་ལ་བྱོན༔ བྱང་ཐང་འབྲོང་བུ་དར་མ་བཞིན༔ རྒྱུག་ཅིང་རྒྱུག་ཅིང་མདོས་ལ་བྱོན༔ དགུང་སྔོན་གཡུ་འབྲུག་སྔོན་མོ་བཞིན་ལྡིར་ཞིང་ལྡིར་ཞིང་མདོས་ལ་བྱོན༔ བར་སྣང་གློག་ལྕམ་འཕར་མ་བཞིན༔ འཁྱུག་ཅིང་འཁྱུག་ཅིང་མདོས་ལ་བྱོན༔ བྱ་རྒྱལ་ཐང་དཀར་རྒོད་པོ་བཞིན༔ འཕུར་ཞིང་འཕུར་ཞིང་མདོས་ལ་བྱོན༔ ནགས་གསེབ་དོམ་


CMR011_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཐུགས་དཀར་བཞིན༔ རྒྱུག་ཅིང་འདྲལ་ཞིང་མདོས་ལ་བྱོན༔ དགྲ་བགེགས་རྩད་ནས་གཅོད་ཕྱིར་བྱོན༔ བར་ཆད་འབྱུང་པོ་འདུལ་ཕྱིར་བྱོན༔ སྔགས་འཆང་བདག་གི་རྒྱབ་རྟེན་མཛོད༔ དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ༔ ཙན་དན་དཀར་དམར་ཨ་ག་རུ༔ ག་པུར་གུར་གུམ་དུ་རུ་ཀ༔ ཛཱ་ཏི་སྤང་སྤོས་གླ་རྩི་དང་༔ ལྷོ་སྤོས་རྒྱ་སྤོས་དྲི་ཞིམ་ཚོགས༔ བལྟམས་ནས་མདོས་བདག་སྤྱན་འདྲེན་ནོ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཡི་ཚོགས༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་སོགས༔ སྣང་སྲིད་ལྷ་འདྲེ་མ་ལུས་པ༔ གཉེན་པོའི་མདོས་ལ་གཤེགས་སུ་གསོལ༔ ཨེ་ཧྱ་ཧི་ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཛ༔ ཧཱུྃ༔ དང་པོ་མདོས་བྱུང་གང་ནས་བྱུང་༔ ལྷ་བུ་ནོར་བུ་དྲི་མེད་བསྙུངས༔ ལྷ་སྲས་ཚངས་པ་གཙུག་ཕུད་བཀུག༔ མཐུན་རྫས་མདོས་ཀྱིས་བསྐངས་པས་སོས༔ དེ་ནས་མདོས་བྱུང་གང་ནས་བྱུང་༔ རྒྱལ་པོ་འཁོར་ལོ་དྲུག་པ་བསྙུངས༔ སློབ་དཔོན་དགའ་རབ་རྡོ་རྗེ་བཀུག༔ མཐུན་རྫས་མདོས་ཀྱིས་བསྐངས་པས་སོས༔ དེ་ནས་མདོས་བྱུང་གང་


CMR011_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱུང་༔ རྒྱལ་པོ་གྲགས་པ་མཐའ་ཡས་བསྙུངས༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་བཀུག༔ མཐུན་རྫས་མདོས་ཀྱིས་བསྐངས་པས་སོས༔ དེ་ནས་མདོས་བྱུང་གང་ནས་བྱུང་༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསྙུངས༔ སློབ་དཔོན་པདྨ་འབྱུང་གནས་བཀུག་མཐུན་རྫས་མདོས་ཀྱིས་བསྐངས་པས་སོས༔ སྔོན་བྱུང་སྲིད་པ་དེ་བཞིན་དུ༔ ད་ལྟ་རྒྱུ་སྦྱོར་ཡོན་བདག་གིས༔ སྔགས་འཆང་རྣལ་འབྱོར་བདག་ཅག་བཀུག་མཐུན་རྫས་མདོས་ཆེན་འདི་བཤམས་པས༔ བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ཕོ་ཉ་ཡོངས་རྫོགས་ཐམས་ཅད་མཆོད༔ སྣང་སྲིད་ལྷ་འདྲེ་མཉེས་གྱུར་ཅིག༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་དང་ལོངས་སྤྱོད་འཕེལ་བ་དང་༔ བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག༔ ཨོ་ཧཱུྃ་ཧཱུྃ་ཧིཨཱ༔ ཨོཾ་ལས་འདོད་པའི་ཡོན་ཏན་ལྔ༔ ཧཱུྃ་ལས་ངོ་མཚར་གཞལ་ཡས་ཁང་༔ ཧཱུྃ་ལས་སྣ་ཚོགས་རིན་པོ་ཆེ༔ ཧཱུྃལས་གསུང་དབྱངས་དྲུག་ཅུ་སྟེ༔ ཨཱལས་ཅི་འདོད་ཕུན་སུམ་ཚོགས༔ བཅོམ་ལྡན་ཆེ་མཆོག་གཙོ་བོ་དགུ༔ ལྷ་ཚོགས་བདུན་བརྒྱ་ཉི་ཤུ་དང་༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་བཅས༔ ཁྱད་པར་དྲེགས་ཆེན་བཅོ་བརྒྱད་དང་༔ སྡེ་


CMR011_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སུམ་ཅུ་འཁོར་དང་བཅས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ སོ་སོར་འདོད་པ་ཚིམས་གྱུར་ཅིག༔ ཐུགས་དམ་གཉན་པོ་བསྐང་བ་དང་༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཧཱུཾ་རཾ་ཡཾ་ཁཾ་ཨཱ་ཧཱུཾ་གྱིས༔ འཕྲོ་འདུས་འདོད་དགུར་བྱིན་གྱིས་རློབས༔ རི་རབ་གླིང་བཞི་བཟང་པོར་བཤམས༔ རིན་ཆེན་སྣ་ལྔའི་རྒྱུ་ལས་ནི༔ རི་རབ་གྲུ་བཞི་བང་རིམ་བརྩེགས༔ ལྷུན་སྡུག་གི་ཟི་བརྗིད་ཡིད་འོང་ལྡན༔ ལྕོག་བརྒྱད་ཚལ་བཞི་དཔག་བསམ་ཤིང་༔ གསེར་གྱི་རི་བདུན་རོལ་མཚོས་བསྐོར༔ ཉི་ཟླ་གཟའ་སྐར་ཚོགས་ཀྱིས་བཀྲ༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ ཐ་མ་ལྕགས་རི་མུ་ཁྱུད་བསྐོར༔ འདོད་ཡོན་སྣ་ཚོགས་འབྱུང་བའི་གནས༔ བདེ་ཞིང་ཉམས་དགའ་རྒྱས་པའི་ས༔ བཀོད་ལེགས་བདེ་བ་ཅན་ལྟ་བུ༔ འདུས་པ་ཐམས་ཅད་བརྟེན་པའི་གཞི༔ རིན་ཆེན་རི་རབ་རྒྱན་ལྡན་འདི༔ གཅིག་ལ་བྱེ་བ་བརྒྱ་སྟོང་འཕྲོ༔ སྣང་སྲིད་མདོས་སུ་བྱིན་གྱིས་རློབས༔ མདོས་ཀྱི་མཚན་མ་ལ་བརྟེན་ནས༔ ཡེ་ཤེས་ལྷ་རྣམས་དོན་གྱིས་བསྐང་༔ གཉིས་སུ་མེད་པར་ཐུགས་དམ་བསྐང་༔ ལས་ཀྱི་ལྷ་རྣམས་རྫས་ཀྱིས་བསྐང་༔


CMR011_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཕོ་ཉ་ཡོངས་རྫོགས་དང་༔ སྡེ་དཔོན་སུམ་ཅུ་ལ་སོགས་པའི༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཧཱུྃ༔ ནམ་མཁའ་དེ་ནི་ཡུལ་གྱི་དབྱིབས༔ སྨྱུག་ལྡེམ་གཤགས་པའི་ཚལ་པ་ལ༔ ཚོན་རྩི་རྣམ་ལྔས་བསྒྱུར་བ་ཡི༔ རས་བལ་སྲིན་བལ་དོག་པས་བྲིས༔ ཁོག་པ་སྟོང་པར་བཞག་པ་ནི༔ ཆོས་ཉིད་སྐྱེ་འགག་མེད་པའི་རྟགས༔ ཁ་དོག་སྣ་ལྔར་འདུག་པ་ནི༔ ཀུན་རྫོབ་འབྱུང་ལྔ་ཡེ་ཤེས་ལྔ༔ འཇའ་ཚོན་སྣ་ལྔ་འོད་དུ་འབར༔ ནོར་བུ་དགོས་འདོད་ཆར་དུ་འབེབས༔ ཉི་ཟླས་མ་རིག་མུན་པ་སེལ༔ ཟིལ་གནོན་དཔལ་ཆེན་ནམ་མཁའ་ཡིས༔ དྲེགས་པ་དབང་སྡུད་ཟིལ་གྱིས་གནོན༔ རྩིབས་བརྒྱད་གུར་ནམ་དཀྱིལ་འཁོར་རིས༔ འགྲོ་བ་ཡོངས་ཀྱི་ཁང་མོ་ཆེ༔ འདོད་ཡོན་ཚར་དུ་འབེབས་པར་བྱེད༔ དཔལ་ཆེན་ཞལ་ཕུད་ནམ་མཁའ་དགུ༔ གཙོ་དགུ་འཁོར་བཅས་ཐུགས་དམ་བསྐང་༔ ཐུགས་དམ་ཉམས་ཆག་བསྐང་གྱུར་ཅིག༔ སྡེ་བརྒྱད་མདོག་མཚུངས་ནམ་མཁའ་བརྒྱད༔ བདག་དང་ཡོན་བདག་སེམས་ཀྱི་གླུད༔ ཁ་དོག་ལྔ་ཡིས་མུ་རིན་ནི༔


CMR011_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་ལྔ་ཡིས་ཚིམ་པར་བྱེད༔ ཆོས་ཉིད་ནམ་མཁའ་སྐྱེ་འགག་མེད༔ དབྱིངས་ཀྱི་ནམ་མཁའ་བསམ་ལས་འདས༔ ཡངས་པའི་ནམ་མཁའ་ཀུན་ཀྱང་ཤོང་༔ དོན་དམ་ནམ་མཁའ་བརྗོད་དང་བྲལ༔ ཀུན་རྫོབ་ནམ་མཁའ་གསལ་ལ་དྭངས༔ ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ༔ མཁའ་ནི་ནང་གི་སེམས་ཡིན་ནོ༔ ཡུལ་སེམས་གཉིས་མེད་ནམ་མཁའ་འདིས༔ བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ནམ་ནི་གཟུགས་དང་འཛིན་པ་སྟེ༔ མཁའ་ནི་གཉིས་སུ་མེད་པ་ཡིན༔ རྟོགས་པ་དོན་གྱི་ནམ་མཁའ་འདིས་ཡོངས་རྫོགས་ལྷ་ཚོགས་ཐུགས་དམ་བསྐང་༔ ཀུན་རྫོབ་རྫས་ཀྱི་ནམ་མཁའ་འདི༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྡེ་དཔོན་སྣང་སྲིད་ལྷ་འདྲེ་ལ༔ བཞུགས་པའི་ཚེ་ན་གནས་དང་གདུགས༔ གཤེགས་པའི་ཚེ་ན་ཤུལ་དང་ལམ༔ ལོངས་སྤྱོད་རྒྱུན་དུ་འབུལ་གྱིས་བཞེས༔ ཐུགས་དམ་གཉན་བསྐང་དངོས་གྲུབ་སྩོལ༔ ཧཱུྃ༔ ཁྱད་པར་འཕགས་པའི་ཤིང་དག་ལ༔ མཛེས་པའི་རི་མོ་སྣ་ཚོགས་བྲིས༔ སྣ་ཚོགས་ཚོན་གྱི་རིན་པོ་ཆེ༔ ཉི་མ་ཟླ་བ་སྐར་མ་དང་༔ དར་སྣའི་རྒྱན་


CMR011_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་མཚན་དང་༔ ཐོད་པ་སྐམ་རློན་སྟག་གཟིག་རིས༔ འབབ་ཆུ་རིས་དང་སེན་ཐབས་རིས༔ ཧ་ལོ་རིས་དང་ཉ་མིག་རིས༔ ཆུ་མིག་རིས་དང་ལྗོན་ཤིང་རིས༔ འཇའ་ཚོན་རིས་དང་ཟླ་ཚེས་རིས༔ ཆར་སྤྲིན་རིས་དང་རླུང་འཚུབ་རིས༔ བྲག་རི་རིས་དང་གཡའ་སྤང་རིས༔ སྣ་ཚོགས་རི་མོ་བྲིས་པ་འདི༔ ལྷ་ཡི་རིན་ཆེན་དཀོར་གྱི་མཆོག༔ ཡིད་བཞིན་ངོ་མཚར་བསམ་མི་ཁྱབ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ དགོས་འདོད་སྣ་ཚོགས་ཆར་དུ་འབེབས་༔ དབང་པོའི་ཡུལ་རྣམས་ཚིམ་པར་བྱེད༔ བདེར་གཤེགས་ཞི་ཁྲོ་ཡོངས་རྫོགས་ཀྱི༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ ཧཱུྃ༔ མདའ་བཀྲ་དེ་ནི་འཕྲུལ་གྱི་རྫ་ས༔ མཛེས་པའི་སྨྱུག་ལྡེམ་ཚད་ལྡན་ལ༔ ཐང་དཀར་སྒོ་ཡི་སྤུད་བཞི་བསྒྲོན༔ གསེར་ལྟོང་སེར་པོ་རྒྱན་དང་ལྡན༔ སྣ་ཚོགས་རིན་ཆེན་མཚལ་གྱིས་བྱུགས༔ དར་དང་ཟ་འོག་མགུལ་དུ་བཏགས༔ གནམ་ལྕགས་ངར་མའི་མདེལ་གྱིས་


CMR011_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཐུད༔ མཛེས་པའི་རི་མོ་སྣ་ཚོགས་བྲིས༔ ཡ་མཚན་རྨད་དུ་བྱུང་བའི་ནོར༔ ངོ་མཚར་ཆེ་བ་ཕོ་ཡིས་སྐོར༔ སྐྱེས་པ་དར་མར་བྱིན་བརླབས་ནས༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ མདའ་འདི་ཐུགས་རྗེ་རྟེན་དུ་འབུལ༔ སྐུ་ཡི་རྒྱན་དུ་བཞེས་སུ་གསོལ༔ གསུང་གི་མདངས་སུ་བཞེས་སུ་གསོལ༔ ཐུགས་ཀྱི་རྟེན་དུ་བཞེས་སུ་གསོལ༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་ལ༔ མདའ་བཀྲ་མཐུན་པའི་ཡས་སུ་འབུལ༔ སྐྱེས་པ་ཕོ་ཡི་གླུད་དུ་བཞེས༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ འཕང་བཀྲ་མཛེས་པ་འཕྲུལ་གྱི་རྫ་ས༔ ཁྱད་པར་འཕགས་པའི་ཤིང་དག་ལ༔ མཛེས་པའི་ཡིད་འོང་འཕང་དུ་བཞོག༔ རིན་ཆེན་མཛེས་པའི་འཕང་ལོ་ལ༔ སྣ་ཚོགས་ཚོན་གྱིས་ལེགས་པར་བྲིས༔ ངོ་མཚར་རིན་ཆེན་རྒྱན་གྱིས་སྤྲས༔ དར་ཟབ་མཛེས་པའི་སྣལ་མ་བཏགས༔ ཡ་མཚན་རྨད་དུ་བྱུང་བའི་ནོར༔ ཁྱད་པར་ཟ་མ་མོ་ཡིས་བསྐོར༔ མོ་བཙུན་དར་མར་བྱིན་གྱིས་བརླབས༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་དང་༔ མ་མོ་རྦོད་གཏོང་ལྷ་ཚོགས་ལ༔ ཕྱག་ཏུ་མཐུན་པའི་རྫས་འདི་འབུལ༔


CMR011_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ དྲེགས་པ་བཅོ་བརྒྱད་འཁོར་དང་བཅས༔ དྲེགས་པའི་སྡེ་དཔོན་སུམ་ཅུ་ཡི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ སྐུ་ཡི་རྒྱན་དང་གསུང་གི་མདངས༔ ཐུགས་ཀྱི་རྟེན་དུ་འཕང་བཀྲ་བཞེས༔ མོ་བདུད་དལ་ཁ་བསྒྱུར་དུ་གསོལ༔ ཧཱུྃ༔ མཛེས་པའི་ལྗོན་ཤིང་སྣ་ཚོགས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་དང་༔ ཡོན་བདག་ཕོ་མོའི་གླུད་དུ་ནི༔ ཕོ་ཏང་མོ་ཏང་རྒྱན་ཅན་བྱས༔ ཕོ་ཤིང་མོ་ཤིང་སོ་སོ་ལ༔ གཟུགས་བྲིས་ཁ་མིག་རྐང་ལག་བཏོད༔ མིག་གཏོད་ལྟ་དང་སྡིགས་སེ་ཧྲིག༔ ཁ་གཏོད་སྨྲ་དང་ས་ལ་ལ༔ ལག་གཏོད་གར་བྱེད་ཁྱུགས་སེ་ཁྱུག༔ རྐང་གཏོད་བྲོ་རྡུང་ཁྲིགས་སེ་ཁྲིག༔ ཐབས་མཆོག་སྟག་པའི་ཕོ་ཐོང་དང་༔ ཤེས་རབ་གླང་མའི་མོ་ཐོང་དང་༔ གཉིས་མེད་ཚར་བུའི་བུ་ཐོང་འདིས༔ ཞི་ཁྲོ་ཡོངས་རྫོགས་ཐུགས་དམ་བསྐང་༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས༔ དྲེགས་ཆེན་བཅོ་བརྒྱད་དཔུང་དང་བཅས༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་ལ༔ ཕོ་ཐོང་ཕོ་ཡི་གླུད་དུ་འབུལ༔ མོ་ཐོང་མོ་ཡི་གླུད་དུ་འབུལ༔ བུ་ཐོང་ཆུང་གི་གླུད་དུ་


CMR011_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ ཆག་ཆེན་ཉམ་ང་ཞི་བར་མཛོད༔ ཧཱུྃ༔ དང་པོ་ཁྲམ་བྱུང་གང་ནས་བྱུང་༔ ལྟས་ངན་གཤིན་རྗེ་སྲོག་གི་བདག༔ ཁྲམ་གྱིས་ཡི་གེ་དཀར་ནག་འདི༔ སེམས་ཅན་ཀུན་ལ་འདེབས་པར་བྱེད༔ བདུད་རྗེ་ངམ་ནག་ཚེ་ལ་རྐུ༔ གཤིན་རྗེ་བདུན་འབུམ་ཚེ་ལེན་རྗེ༔ དེ་ཡི་ལོ་ཡི་ཁྲམ་ཁ་བརྩི༔ གཤིན་རྗེ་སྒྲིག་པ་བློན་པོ་བདུན༔ དེ་སི་ཟླ་བའི་ཁྲམ་ཁ་བརྩི༔ གཤིན་རྗེ་བ་སྐྱ་གླང་རྒྱུག་གིས༔ དེས་ནི་ཞག་གི་ཁྲམ་རྩིས་བྱེད༔ གཤིན་རྗེ་མགོ་སྐྱ་ཞེས་བྱ་བས༔ དུས་ཚོད་ཁྲམ་རྩིས་བདག་པོ་བྱེད༔ གཤིན་རྗེ་སྲོག་གཅོད་ཚེ་ལེན་གྱིས༔ ཁྲམ་ཤིང་དམར་ནག་ཚེ་ལེན་བྱེད༔ ཁྲམ་ཤིང་མ་མོ་མཁའ་འགྲོས་བཟུང་༔ སང་ཕོད་དུས་ཙམ་སུ་འཆི་བ༔ དོ་གཅིག་ཁྲམ་ལ་འདེབས་པར་བྱེད༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ ཁྲམ་ཤིང་དམར་ནག་བམ་པོར་སྦམ༔ ཁྲམ་ཤིང་དཀར་ནག་ཡན་མན་ཕྱེས༔ གླུད་དུ་བསྔོས་ཤིང་ཡས་སུ་ཕུལ༔ མདོས་སུ་བསྔོས་ཤིང་གཏོར་མར་ཕུལ༔ དེ་བཞིན་བདག་དང་ཡོན་བདག་གིས༔ ཤིང་ཆེན་ནག་པོ་རལ་གྲི་རྩེ༔ སྟག་པ་ལ་སོགས་ཤིང་ལ་བྱས༔ རྩེ་མོ་སྦལ་མགོ་བཅད་པ་ལ༔ འཇའ་ཚོན་ལྔ་བྲིས་ནམ་


CMR011_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དཔེ༔ དེ་འོག་རམ་མཚལ་ཁ་མིག་བྲིས༔ བདུད་ལ་ཤགས་ནི་འདེབས་པ་ཡིན༔ དེ་འོག་སྒོ་ང་དཀར་ནག་བྲིས༔ སྐྱེ་འགྲོ་སྒོ་ང་གཉིས་ལས་སྲིད༔ དེ་འོག་བདུད་ཕོ་བདུད་མོའི་ཞལ༔ བདུད་ཀྱི་ཁྲམ་ཁ་བསྒྱུར་མཚལ་ལོ༔ དེ་འོག་ཁྲག་གི་མཚོ་མོ་བྲིས༔ མ་མོ་གནས་ཀྱང་དེ་ན་གནས༔ དེ་འོག་ཁ་དོག་རྣམ་བཞི་བྲིས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པའི་རྟགས༔ དེ་འོག་བདུད་ཀྱི་ཁྲམ་ཕྱེས་དང་༔ བཙན་གྱི་ཤོ་གཏོར་བྲིས་པ་འདིས༔ སྔོ་དམར་ལ་སོགས་སོ་སོའི་མདོག༔ སྣ་ཚོགས་ཁྲམ་གྱི་རི་མོ་ཅན༔ བཀའ་བརྒྱད་ཡོངས་རྫོགས་ཐུགས་དམ་བསྐང་༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྲིད་པའི་མ་མོ་གཤིན་རྗེའི་ཚོགས༔ སྡེ་དཔོན་དྲེགས་ཆེན་ལ་སོགས་པ༔ ལྷ་འདྲེ་ཡོངས་རྫོགས་ཐམས་ཅད་ལ༔ མཐུན་པའི་དམ་རྫ་ས་ཁྲམ་ཤིང་འབུལ༔ མཐུན་རྫས་ཁྲམ་ཤིང་འདི་བཞེས་ལ༔ མི་ཡི་བདུད་གཅོད་དུས་ཚོད་བཞི༔ དཔྱིད་ཀྱི་རོལ་པོ་ཁ་ནག་དང་༔ དབྱར་གྱི་ཤིང་ལོ་ལྷབ་ལྷུབ་དང་༔ སྟོན་གྱི་སྤང་པོ་ཁ་སེར་དང་༔ དགུན་གྱི་འཁྱག་པ་ཆལ་ཆོལ་དུས༔ སང་ཕོད་ད་ཙམ་སུ་འཆི་བ༔ ད་ལོ་ཁྲམ་ལ་འདེབས་པར་བྱེད༔ བདག་


CMR011_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དཔོན་སློབ་ཡོན་མཆོད་རྣམས༔ ཁྲམ་ལ་བཏབ་པ་མི་སྲིད་དེ༔ གལ་ཏེ་ཁྲམ་ལ་བཏབ་པ་ན༔ གཏོར་མ་ཁྲམ་ཤིང་གླུད་འདི་བཞེས༔ ཁྲམ་ཁ་ཕྱེས་ལ་བདུད་ཁ་སྒྱུར༔ ལོ་ཟླ་ཞག་དང་དུས་ཚོད་ཀྱི༔ ཁྲམ་ཁ་ཐམས་ཅད་ད་ཕྱེས་ཤིག༔ ཁྲམ་ཕྱེས་ཤོ་གཏོར་འཚེར་རྩུབ་ཟློག༔ ཧཱུྃ༔ ཞི་ཁྲོ་ཡོངས་རྫོགས་ལྷ་ཚོགས་དང་༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་དང་༔ སྔགས་བདག་དྲེགས་པ་བཅོ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྲིད་པའི་མ་མོ་མཁའ་འགྲོ་དང་༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་ལ༔ ཐུགས་དམ་གཉན་པོ་བསྐང་བའི་ཕྱིར༔ སྣ་ཚོགས་འབྲུ་ཡི་ངར་ཕྱེ་ལ༔ སྣང་སྲིད་སྐྱེ་འགྲོའི་གཟུགས་སུ་བྱས༔ སེམས་ཅན་རྒྱལ་པོ་ཡ་མཚན་ཅན༔ ལུས་ལ་མཛེས་པའི་རྒྱན་དང་ལྡན༔ གསུང་དབྱངས་ཡན་ལག་དྲུག་ཅུར་ལྡན༔ སེམས་ནི་ཡེ་ཤེས་འོད་གསལ་བ༔ ཤེས་རབ་ཆེན་པོའི་ཉི་མ་ཤར༔ གང་འདོད་ཡིད་བཞིན་ནོར་བུ་འདྲ༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ རིན་ཆེན་གསེར་དངུལ་གཡུ་དང་ཟངས༔ མུ་ཏིག་དུང་དང་བཻཌཱུརྱ༔ རིན་ཆེན་སྣ་ཚོགས་འབྲུ་སྣའི་ཚོགས༔ སྨན་སྣ་བདུད་རྩི་


CMR011_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་མངར་རོ༔ རྒྱང་བུ་བྱ་ཕོད་བརྒྱན་པ་ཡང་༔ རྨ་བྱ་རྒྱ་བྱ་ནེ་ཙོ་དང་༔ ཁྲུང་ཁྲུང་རི་སྐེགས་ཀ་ལན་ཏ༔ ཤང་ཤང་ངར་ངུར་ངུར་པའི་ཚོགས༔ སྙན་པའི་སྒྲ་འབྱིན་འཕུར་འཇུམ་ལྡིང་༔ རི་སྐག་བཙོད་དང་ཞུན་མཁན་དང་༔ དར་ཟབ་གཡི་སྤྱང་སྤུ་ཤུན་དང་༔ པགས་བུ་ཁ་དོག་སྣ་ཚོགས་དང་༔ ཀ་ར་བུ་རམ་མར་ཆུར་ཐུད༔ ཟས་སྣ་རོ་མཆོག་བརྒྱ་དང་ལྡན༔ རྒྱང་བུ་སྨྱུག་རྒོད་མདའ་དར་བཅས༔ བྱ་རིགས་གཅན་གཟན་རི་དྭགས་གཟུགས༔ གཡུང་དྭགས་ཆུ་གནས་སྣ་ཚོགས་གཟུགས༔ སྣ་ཚོགས་མ་ཚང་མེད་པ་འདི༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ སྲིད་པའི་མདོས་ཆེན་འདི་འབུལ་ལོ༔ བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ཕོ་ཉ་ཡོངས་རྫོགས་ཐུགས་དམ་བསྐང་༔ དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང་༔ སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང་༔ མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེ་ཡོངས་རྫོགས་དང་༔ བགེགས་རིགས་ལན་ཆགས་ཡོངས་རྫོགས་ལ༔ གླུད་དང་ཡས་སུ་འདི་འབུལ་ལོ༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ སྐག་


CMR011_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འཆེར་རྩུབ་བཟློག་ཏུ་གསོལ༔ བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་གདོན་རྣམས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཟློག༔ ལྟས་ངན་མཚན་མ་ངན་པ་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་ཁྲོ་རོལ་མདོས་ཐབས་ཀྱི་ཁ་བཀང་མདོས་བསྡུས་པ་ལའང་དགོས་རྒྱུའོ༔ དེ་ནས་རྒྱས་པར་ལྕགས་རི་ནང་གི་བཅས་རྣམས་ཀྱང་ཡོད་ན༔ འདི་སྦྱར་ཏེ་ནད་པའི་རྐྱེན་ཁ་ཆེ་བའི་མི་ཡོད་ན་གདོན་ཐག་སོགས་འོག་ནས་འབྱུང་ལྟར་བྱ༔ གཞི་སྟེང་འབྲང་རྒྱས་ཕྱེད་དཀར་བཞག༔ རང་ག་འདོན་ཡང་རུང་༔ ཧཱུྃ༔ རིན་ཆེན་འཕྲུལ་གྱི་བྱིན་རླབས་ལས༔ སྲིད་པའི་ཕོ་བཤོས་ཁྲ་བོ་འདི༔ དབྱིབས་ལེགས་དེ་ནི་ལྡེམས་སེ་ལྡེམ༔ ཞབས་བརྟེན་དེ་ནི་ས་ལ་བརྟེན༔ དམྱལ་བ་ཚ་གྲངས་སྡུག་བསྔལ་སེལ༔ སྐེད་པ་མཛེས་ལྡན་གྲུ་བཞི་ཡིས༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སེལ༔ ཟུར་བཞི་ཚད་མེད་གྱེན་ལ་བསྟོད༔ ནམ་མཁའ་དག་པའི་མཛོད་བཅས་ནས༔ ལྷ་དང་མི་ཡི་སྐོར་དུ་ར༔ ལྗང་བུ་མདའ་བཀྲ་བ་དན་སོགས༔ སྲིད་པ་ཕོ་རྒྱུད་ཚིམ་བྱེད་འདིས༔ དབང་ཕྱུག་མ་ཧཱ་དེ་ཝ་དང་༔ གཟའ་བདུད་ཆེན་པོ་རཱ་ཧུ་ལ༔ རཀྵ་ནག་པོ་གློག་ཕྲེང་ཅན༔ དམུ་རྗེ་བཙན་པོ་ལ་


CMR011_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ༔ སྲིད་པ་ཕོ་རིགས་ཐམས་ཅད་ཀྱིས༔ ནོར་གྱི་དབྱིབས་སུ་བཤོས་བུ་བཞེས༔ ལྷ་ཐང་ལྷ་མཁར་དཀར་པོའི་རྩེར༔ ལྷ་གཅིག་བཞུགས་པ་ལྷན་སྐྱེས་ལྷ༔ ལྷ་བྲན་མང་པོའི་འཁོར་དང་བཅས༔ འབྲང་རྒྱས་ཞལ་དཀར་འདི་བཞེས་ལ༔ ལྷ་ཡི་ཁ་འཛིན་མ་ཆུང་ཞིག༔ འདྲེ་ཐང་འདྲེ་མཁར་ནག་པོའི་རྩེར༔ འདྲེ་གཅིག་ཡོད་པ་ལྷན་སྐྱེས་འདྲེ༔ འདྲེ་བྲན་མང་པོའི་འཁོར་དང་བཅས༔ འབྲང་རྒྱས་ཕྱེད་ནག་འདི་བཞེས་ལ༔ འདྲེ་ཡི་གདུག་པ་མ་སྟོན་ཅིག༔ གླང་མའི་དུང་གི་རྣ་ཚར་ཅན༔ སྐོས་རྗེ་དྲང་དཀར་སེང་མགོ་ཅན༔ ཧ་ལ་ནག་པོ་བྱ་མགོ་ཅན༔ གནོད་སྦྱིན་ཟངས་ཀྱི་བྱ་ཁྲ་ཅན༔ ཞང་བློན་རྡོ་རྗེ་བདུད་འདུལ་སོགས༔ ཞང་བློན་ཆེན་པོ་སྟོང་དང་བཅས༔ ལྷ་སྲིན་གཙོ་བོ་བཅོ་བརྒྱད་སོགས༔ སྲིད་པའི་ཕོ་བཤོས་མཆོད་པར་བཞེས༔ ལྷ་ལ་འབྲོང་རྒྱས་ཞལ་དཀར་མཆོད༔ འདྲེ་ལ་འབྲང་རྒྱས་ཕྱེད་ནག་སྦྱིན་ལྷ་སྲིན་རྣམས་ཀྱི་འདུན་པ་ཤིག༔ འདུན་པ་དགྲ་བོའི་ཡུལ་དུ་སྤོས༔ འདུན་སྟེང་དགྲ་བོའི་ཡུལ་དུ་ཆོད༔ བཞུགས་ཐབས་དགྲ་བོའི་ཡུལ་དུ་གྱིས༔ ཞེས་བརྗོད་འབྲང་རྒྱས་བགོས་ལ་དཀར་པོ་ཡར་གཞི་ཐོག་ཏུ་བཞག༔ ནག་པོ་ངར་མི་ནང་དུ་


CMR011_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཞག༔ གཞི་དེ་དཀྲུག་ཅིང་བཀྲུག་ཚུལ་བྱ༔ ལྷ་འདྲེའི་འདུན་མ་བཤིག་པའོ༔ ༈ མདོས་ཀྱི་བདུད་བཤོས་བདུད་ཟློག་ཡོད་པའི་ཐད་ཀྱི་ཁྲམ་ཤིང་གཅིག་ལ་སྐུད་པ་ནག་པོ་བཏགས༔ ནད་པའི་སྲིན་ལག་ལ་སྐུད་པ་དཀར་པོ་དང་དེ་གཉིས་སྦྲེལ་ལ༔ ཧཱུྃ༔ བདུད་པོ་སྐོས་རྗེ་དྲང་དཀར་དང་༔ བདུད་པོ་མེ་ཡི་ཁ་རླངས་ཅན༔ བདུད་ཕོ་རེ་ལྡེ་མགོ་ཉག་དང་༔ བདུད་མོ་དྲན་པ་དབང་མེད་མ༔ བདུད་ཀྱི་རིགས་རྣམས་ཐམས་ཅད་ཀྱིས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས༔ འགྲོ་བ་མི་ཡི་བདུད་དུ་འབེབས༔ དེ་ལ་མཐུན་པའི་རྫས་འབུལ་ལོ༔ དབྱིབས་ལེགས་བདུད་བཤོས་ཟུར་གསུམ་པ༔ ཟུར་གསུམ་སྐུ་གསུང་ཐུགས་ཀྱི་དངོས༔ བདག་ཅག་ལུས་ངག་ཡིད་གསུམ་གླུད༔ དབལ་སྟོད་ནག་པོ་རམ་གྱིས་བྱུག༔ ཕོ་བདུད་རྣམས་ཀྱིས་རྟེན་དུ་བཞེས༔ དབལ་བཤོས་སྨད་དམར་མཚལ་གྱིས་བྱུག༔ མོ་བདུད་རྣམས་ཀྱིས་རྟེན་དུ་བཞེས༔ བར་དུ་བདུད་ཀྱི་ཁྲམ་རིས་བྲིས༔ ཕོ་བདུད་མོ་བདུད་འདུ་འདུ་ནས༔ འགྲོ་དྲུག་སེམས་ཅན་ཁྲམ་ལ་འདེབས༔ ད་ལྟ་བདག་དང་ཡོན་བདག་རྣམས༔ ཁྲམ་ལ་བཏབ་ན་ཁྲམ་ཕྱེས་ལ༔ རྩིས་ལ་བཏབ་ན་རྩིས་ནས་ཕྱུངས༔ བདུད་ཀྱི་དམག་སྣ་བཟློག་ཏུ་


CMR011_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ དར་ནག་རྒྱང་བུ་ལ་སོགས་པ༔ མཐུན་རྫས་འབུལ་གྱིས་མཉེས་པར་མཛོད༔ བདུད་ཡུལ་བདུད་མཚོ་བདུད་ཤིང་དྲུང་༔ བདུད་མཁར་བདུད་ཚང་ནག་པོ་ན༔ ཕོ་བདུད་ཡ་བདུད་རྒྱལ་པོ་དང་༔ མོ་བདུད་མ་བདུད་རྒྱལ་མོ་ཡི༔ ཕྱག་ན་བདུད་ཀྱི་ཞགས་པ་བསྣམས༔ བདུད་བཤོས་མདོས་གླུད་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ ཞགས་པས་བཏབ་པ་མི་སྲིད་ཀྱིས༔ གལ་ཏེ་ཞགས་པས་བཏབ་ནཱ་ཡང་༔ བདུད་ཞགས་ནག་པོ་ད་ཆོད་ཅིག༔ སྒོས་བདུད་སྐོས་རྗེ་དྲང་དཀར་དང་༔ ཕྱ་བདུད་ཁྱབ་པ་ལག་རིང་དང་༔ ལྷ་བདུད་དགའ་རབ་དབང་ཕྱུག་དང་༔ ཤི་བདུད་གཤིན་རྗེ་ཆོས་རྒྱལ་དང་༔ སྤྱི་བདུད་ཁྱབ་འཇུག་ཆེན་པོ་དང་༔ སྲོག་བདག་དཀར་པོ་སྤྱན་གཅིག་དང་༔ འདྲེ་བདུད་འགོང་པོ་སྤུན་དགུ་དང་༔ ཡ་བདུད་དམུ་བདུད་བཙན་བདུད་རྣམས༔ བདུད་བཤོས་མདོས་གླུད་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་རྣམས༔ བདུད་ཞགས་ནག་པོས་མ་ཟིན་ནམ༔ གལ་ཏེ་ཞགས་པས་ཐེབས་ན་ཡང་༔ ཞགས་པ་ནག་པོ་ད་ཆོད་ཅིག༔ བསྡམས་པ་གློད་ལ་བཅིངས་པོ་ཁྲོལ༔ མནན་པ་ཁྱོག་


CMR011_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟུང་བ་ཐོངས༔ ཆེ་མཆོག་དཔལ་དགུའི་བཀའ་མ་གཅོག༔ དེ་ནས་རལ་གྲི་ཚད་ལ༔ ཧཱུྃ༔ ཡེ་ཤེས་རལ་གྲི་རྣོན་པོ་ལ༔ ཡི་གེ་ཚུ་གྱི་རྒྱན་བཀོད་དེ༔ འཇམ་དཔལ་དབྱངས་ཀྱི་བྱིན་རླབས་དང་༔ གཤིན་རྗེའི་གཤེད་པོའི་མཐུ་སྟོབས་ཀྱིས༔ ནད་དང་མཚོན་དང་བྱད་དང་དུག༔ ཡམས་ཀྱི་ཐག་པ་བཅད་པར་བྱ༔ བདུད་ཀྱི་ཞགས་པ་ད་ཆོད་ཅིག༔ ཨོཾ་ཤྲཱི་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཤནྟ་ཀྲ་ཏིག་མུ༔ རུ་ཏྲ་པ་ཤ་མཱ་ར་ཡ་རྦད་རྦད༔ ཅེས་མེ་རུས་མཚམས་ནས་གཅོད༔ དཀར་པོ་སྲུང་སྐུད་སྔགས་ལ་བཏགས༔ ནག་པོ་བདུད་གཟུགས་ཀྱི་མདུན་དུ་སྐྱེལ་ལ་འཕང་ངམ་ངར་མི་ལ་བཏགས༔ ༈ དེ་ནས་ལྭ་དུམ་དམར་པོའི་སྟེང་དུ་རྡེའུ་དཀར་ནག་བསྲེས་ལ་དཀར་པོ་བཅུ་གསུམ་ནག་པོ་དགུ་བཀོད༔ ཧཱུྃ༔ བྲག་བཙན་སྲོག་གཟན་དམར་པོ་དང་༔ བཙན་འགོང་ཡམ་ཤུད་དམར་པོ་དང་༔ རོལ་པ་སྐྱ་བདུན་བཙན་ཁ་བཞི༔ གཙང་བཙན་རྡོ་རྗེ་ལེགས་པ་དང་༔ གནམ་ཐེལ་བར་ཐེལ་ས་ཐེལ་སོགས༔ བཙན་དང་ཐེའུ་རང་ཐམས་ཅད་ལ༔ ཕྱག་ཏུ་མཐུན་པའི་ཡས་འབུལ་ལོ༔ རྒྱུ་ནི་རིན་ཆེན་འབྲུ་ལས་གྲུབ༔ མིང་ནི་བཙན་བཤོས་ལྡེམ་པ་ལ༔ དཔེ་ནི་འགྲོ་བའི་མཁར་ལ་


CMR011_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བླངས༔ འཕངས་ནི་སྲིད་པའི་རྩེ་དང་མཉམ༔ ཆེ་བའི་ཡོན་ཏན་བསམ་མི་ཁྱབ༔ ཞབས་ནི་འབྱུང་བ་ས་ལ་བརྟེན༔ ལོགས་ལ་མཛེས་པའི་རྒྱན་ཚོགས་འཕྲོ༔ འདི་ནི་བསམ་གཏན་ལྷ་ཡི་དཀོར༔ གཞན་ཡང་བཙན་རྒྱང་མདའ་ཁྲ་མདུང་༔ མི་དམར་རྟ་དམར་ར་སྐྱེས་དང་༔ བུ་ཆུང་ར་ཡི་རྒྱལ་མཚན་གཟུགས༔ བཙན་དང་ཐེའུ་རང་ཐམས་ཅད་ཀྱིས༔ མཐུན་རྫས་བཅས་པའི་བཙན་བཤོས་བཞེས༔ སྐུ་གསུང་ཐུགས་རྣམས་མཉེས་གྱུར་ཅིག༔ ཤར་བཙན་མི་དཀར་རྟ་དཀར་ཚོགས༔ ལྷོ་བཙན་མི་སྔོན་རྟ་སྔོན་ཚོགས་ནུབ་བཙན་མི་དམར་རྟ་དམར་ཚོགས༔ བྱང་བཙན་མི་ལྗང་རྟ་ལྗང་ཚོགས༔ དབུས་བཙན་མི་སེར་རྟ་སེར་ཚོགས༔ ཞྭ་གོས་ཕྱག་ལྕག་རང་མདོག་ལ༔ རང་མདོག་བྱ་ལྡིང་ཁྱི་ཡང་འབྲང་༔ མདུན་ན་ཤཱ་རྡེལ་དཀར་ནག་བཀྲམ༔ ཕྱོགས་བཞི་སྟེང་འོག་གར་ཡང་འགྲོ༔ འགྲོ་བ་མི་ལ་ཤོ་རྩིས་འདེབས༔ བདག་ཅག་དཔོན་སློབ་ཡོན་མཆོད་རྣམས༔ ཤོ་ལ་བཏབ་པ་མི་སྲིད་ན༔ གལ་ཏེ་ཤོ་ལ་བཏབ་པ་ན༔ བཙན་གྱི་ཤོ་བཞི་ད་སྡུས་ཤིག༔ དེ་ནས་རྡེལ་ནག་ངར་མི་ནང་དུ་བླུག༔ དཀར་པོ་ཁང་ཐོག་ཏུ་བཏབ་ཡང་ན་ཡར་རྒྱབ་རི་ངོས་ལ་འདེབས༔ གདན་དེ་


CMR011_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུག་གོ༔ ༈ དེ་ནས་ནད་པའི་མགོ་ལ་བལ་ཚོན་སྣ་ལྔ་དང་༔ སྲིན་ལག་ལ་སྐུད་པ་དམར་ནག་བསྒྲིལ་བ་གཅིག་བཏགས་ལ༔ ཧཱུྃ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ གནམ་སྨན་ཐོག་གི་བུ་ཡུག་དང་༔ དཔལ་ལྡན་ནག་མོ་མགྱོགས་བྱེད་དང་༔ སྲིན་མོ་སྦལ་མགོ་ཁྲག་མིག་མ༔ བདུད་མོ་སྨན་མོ་གནོད་སྦྱིན་མོ༔ མོ་གདོན་འདྲེ་མོ་ཐམས་ཅད་ལ༔ མཉེས་པའི་མཐུན་རྫས་སྨན་ལེབ་འབུལ༔ རྒྱུ་ནི་རིན་ཆེན་འབྲུ་ལས་བྱས༔ སྨན་ལེབ་ཟླུམ་པོར་གྱུར་པ་ནི༔ ཆོས་ཉིད་སྤྲོས་དང་བྲལ་བའི་རྟགས༔ སྨན་ལེབ་བརྩེགས་མར་བྱས་པ་ནི༔ ཐབས་ཤེས་གཉིས་སུ་མེད་པའི་རྟགས༔ དབུས་སུ་འབུར་ཞིང་འཕངས་མཐོ་བ༔ ཆེ་བའི་ཡོན་ཏན་བསམ་མི་ཁྱབ༔ རྩེ་མོ་ཟུར་གསུམ་བྱས་པ་ནི༔ སྐུ་གསུང་ཐུགས་དང་ལྡན་པའི་རྟགས༔ ཧ་ཐབས་བྲིས་པས་འཇའ་འོད་འབར༔ མཚལ་ཐིག་མགྲོན་རྣམས་དབང་དུ་སྡུད༔ གཞན་ཡང་མདའ་འཕང་བལ་ཤུག་དང་༔ ངར་མི་བལ་ཚོན་ལ་སོགས་པ༔ མདོས་དང་མཐུན་རྫས་འདི་འབུལ་ལོ༔ སྲིད་པའི་མོ་རིགས་མཉེས་གྱུར་ཅིག༔ ནད་སྤྲིན་སྡུས་ལ་མཚོན་གྲུག་ཟློག༔ ནད་ཀྱི་མཚོན་སྤྲིན་སྔོ་དམར་དང་༔ མཚོན་གྱི་གྲུ་གུ་སྔོ་


CMR011_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འདི༔ དང་པོ་བྱུང་བ་གང་ནས་བྱུང་༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ ཐུགས་ཀ་དབང་པོའི་སྒོ་རྣམས་དང་༔ བྷ་ག་ཡངས་པའི་ཀློང་ནས་བྱུང་༔ བསྟིམ་ཡང་མ་མོ་རྣམས་ལ་བསྟིམས༔ མདོས་གླུད་སྨན་ལེབ་འདི་བཞེས་ལ༔ ནད་ཀྱི་མཚོན་སྤྲིན་ད་སྡུས་ཤིག༔ མཚོན་གྱི་གྲུ་གུ་ད་རྟུལ་ཅིག༔ བཅོམ་ལྡན་བླ་མེད་ཧེ་རུ་ཀ༔ དེ་ཡི་བཀའ་ལས་མ་འདའ་བར༔ དལ་ཡམས་རྐྱེན་ཁ་བཟློག་ཏུ་གསོལ༔ ཅེས་དོག་པ་སྔོན་དམར་གྲུ་གུ་ལྟར་བྱས་ལ་ངར་མི་ནང་དུ་བཞག༔ མདའ་ཡི་ལྟོང་གིས་བལ་ཚོན་བཤུས་ལ་ངར་མིའི་སྟེང་དུ་འཕང་ངོ་༔ ༈ དེ་ནས་ཤིང་ནག་ལ་ཁྲམ་ཤིང་ཆུང་ཆུང་གཅིག་དང་༔ བྱང་བུ་དམར་པོ་གཅིག་རྡུལ་བྱང་བྱས་ལ༔ ཁྲམ་ཤིང་ཁྲམ་རིས༔ འོག་ཏུ་བདག་དང་ཡོན་བདག་མིང་བྲིས་ལ་བཞག་ནས༔ ཧཱུྃ༔ ལྷོ་ཕྱོགས་ལྕགས་མཁར་སྒོ་སྟེང་ནས༔ ཐོད་རུས་བརྩེགས་པའི་སྐུ་མཁར་ན༔ དེ་ན་འཆི་བདག་གཤིན་རྗེ་བཞུགས༔ གཤིན་རྗེ་ཡ་མ་རཱ་ཙ་དང་༔ སྐྱེ་འགྲོ་སྲོག་དབུགས་བདག་མོ་དང་༔ གཤིན་རྗེ་བྱེ་བ་དགུ་འབུམ་བཅས༔ སྲིད་གསུམ་སྐྱེ་འགྲོ་ཁྲམ་ལ་འདེབས༔ བདག་ཅག་དཔོན་སློབ་ཡོན་མཆོད་རྣམས༔ ཁྲམ་ལ་བཏབ་པ་མི་སྲིད་ན༔ གལ་ཏེ་ཁྲམ་


CMR011_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏབ་པ་ན༔ མདོས་དང་གཏོར་མ་འདི་བཞེས་ལ༔ ཁྲམ་ལ་བཏབ་པའི་ཁྲམ་ཁ་ཕྱེས༔ རྩིས་ལ་བབ་ན་རྩིས་ནས་ཕྱུངས༔ ཁྲམ་གྱི་བམ་པོ་དགྲ་ལ་སྒྱུར༔ ཤིང་ནག་ཞེ་སྡང་ཁྲམ་ཤིང་དང་༔ ཤིང་དམར་འདོད་ཆགས་བྱང་དམར་ལ༔ གཏི་མུག་དཀྱུས་སུ་མིང་རུས་བསྡེབས༔ གཤིན་རྗེ་མ་མོ་ཐམས་ཅད་ཀྱིས༔ སང་ཕོད་དེང་སང་སུ་འཁྱེར་བ༔ དོ་གཅིག་བྱང་དམར་དཀྱུས་ལ་བཀོད༔ བདག་ཅག་དཔོན་སློབ་ཡོན་མཆོད་རྣམས༔ བྱང་དམར་དཀྱུས་ལ་མ་བཏབ་བམ༔ གལ་ཏེ་བྱང་དམར་ལ་བཏབ་ན༔ མདོས་དང་གཏོར་མ་བྱང་དམར་འབུལ༔ སྲིད་པའི་བྱུང་དམར་ད་ཕྱེས་ཤིག༔ སྲིད་པའི་བྱོལ་པོ་བཟློག་ཏུ་གསོལ༔ ཁྲམ་ཁ་སྡང་བའི་དགྲ་ལ་སྤོས༔ བྱང་དམར་སྡང་བའི་དགྲ་ལ་སྤོས༔ མཉམ་གཉིས་རྗེས་ལ་མཚུངས་གཉིས་བཟོར༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་ཡི༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྣོགས་པ་དགྲ་བགེགས་ཀྱི་མིང་བྲིས་ཏེ་ངར་མིའི་ནང་དུ་བཞག་པར་བྱའོ༔ ༈ ནད་པའི་མདུན་སྡེར་ནང་དུ་སྦྲུལ་གཟུགས་གཅིག་བཞག་བུམ་ཆུ་དང་རྨ་བྱའི་མདོངས་ཐོགས་ལ༔ ཧཱུྃ༔ གཞོན་ནུ་གཏུམ་


CMR011_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀླུ་ཆེན་བརྒྱད༔ ཀླུ་བདུད་ནག་པོ་མགོ་དགུ་དང་༔ ཀླུ་མོ་ནག་མོ་གདུག་བྱེད་མ༔ རིགས་ལྔ་ཀླུ་རིགས་ཐམས་ཅད་དང་༔ གཉན་དང་ས་སྲིན་མཚོ་སྨན་ལ༔ མཐུན་པའི་དམ་རྫས་ཀླུ་བཤོས་འབུལ༔ དཀར་གཏོར་རྩེ་རྒྱལ་སྤྲུལ་གྱིས་དཀྲིས༔ ཀླུ་གཟུགས་ཆུ་གནས་སྣ་ཚོགས་དང་༔ ཀླུ་སྨན་དཀར་མངར་འབྲུ་སྣ་དང་༔ མདའ་འཕང་ནམ་རྒྱང་ལ་སོགས་པ༔ སྲིད་པའི་མདོས་ཆེན་འདི་བཞེས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་རྣམས༔ ཀླུ་ཡི་བྱད་དུ་མ་བཅུག་གམ༔ གལ་ཏེ་བཅུག་ན་བྱད་ལས་ཁྲོལ༔ བསམ་དང་མཐོང་དང་རེག་པ་དང་༔ ཁ་རླངས་མཆེ་བའི་དུག་ལ་སོགས༔ གཏོང་བ་ཡོད་ན་སོ་སོར་ཕྱུངས༔ མཛེ་དང་དྲེག་དང་གྲུམ་བུ་དང་༔ ཞ་གྲུམ་དམུ་ཆུ་སྐྲན་ལ་སོགས༔ རང་ནད་ཐམས་ཅད་རང་གིས་ཁྱེར༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ མནན་པ་ཁྱོགས་ལ་ཡོ་བ་སྲོང་༔ དུག་དང་ཀླུ་ཡི་ནད་གདོན་རྣམས༔ སྦལ་སྦྲུལ་ཚུལ་དུ་ཕྱིར་ལ་ཕྱུངས༔ བསམ་སྦྱོར་ངན་པ་ཡོད་ན་སོལ༔ ལག་རྒྱུ་ངན་པ་ཡོད་ན་ཁྲོལ་ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི༔ བཀའ་དང་དམ་ལས་མ་


CMR011_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་རྨ་བྱས་བྱབ་ཚུལ་བྱས་ལ་ངར་མིར་བླུག་གོ༔ ༈ དེ་ནས་ཕུད་སྣོད་དུ་འབྲུ་སྣ་དང་གསེར་སྐྱེམས་བདར་ལ་བཟུང་བཅུག་ནས༔ ཧཱུྃ༔ སྲོག་བདག་རྒྱལ་པོ་ལི་བྱིན་ཧར༔ རྒྱལ་པོ་ཆེ་པོ་པེ་ཧ་ར༔ སྲོག་བདག་ཚངས་པ་དཀར་པོ་དང་༔ འགོང་པོ་སྤུན་དགུ་ལ་སོགས་པ༔ སྣང་སྲིད་རྒྱལ་འགོང་ཐམས་ཅད་ལ༔ མཐུན་རྫས་སྲིད་པའི་རྒྱལ་བཤོས་འབུལ༔ འབྲུ་མཆོག་དེ་ནི་ནས་ལས་བྱུང་༔ མིང་བཏགས་དེ་ནི་རྒྱལ་གྱི་བཤོས༔ ཞབས་ནི་སར་བརྟེན་ལྷུན་རེ་ཆགས༔ སྐེད་པ་ཚད་མེད་གྲུ་བཞིར་འདུས༔ ཟུར་བཞི་མཛེས་པ་བརྗིད་དང་ལྡན༔ བཙག་རམ་ཐིག་ཕྲན་འཇའ་འོད་འབར༔ ཟུར་བཞི་ལྕོག་བཞི་རྒྱལ་པོའི་སྐོར༔ ཧ་ཞལ་གསང་ཕྱི་ལ་སོགས་པ༔ རྒྱལ་པོ་དགྱེས་པའི་བཤོས་བུ་བཞེས༔ ས་མཁར་གྲུ་བཞི་ལྷ་ཁང་དབྱིབས༔ གཙུག་ལག་ཁང་ཆེན་དམིགས་པས་བསྐྱེད༔ འདོད་པའི་གཙུག་ལག་དཀོར་ཁང་འབུལ༔ བཙུན་གཟུགས་བྱ་ཁྱི་སྤྲེའུ་དང་༔ མདའ་འཕང་སྙུག་རྒོད་རྔ་ཁྲ་སོགས༔ སྲིད་པའི་མདོས་གླུད་རྒྱུན་ཅན་འབུལ༔ གསེར་བས་དེ་ནི་རིན་ཆེ་མེད༔ ཆང་བས་དེ་ནི་ངོ་ཆེ་མེད༔


CMR011_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་ཆང་དང་འབྲུ་ཡི་ཆང་༔ རྒུན་ཆང་བུར་ཆང་སྦྲང་གི་ཆང་༔ ཁ་མངར་བསིལ་དང་སྐྱུར་སྣུམ་ལྡན༔ མགྲིན་བདེའི་ཡིད་ཚིམ་རོ་མཆོག་ལྡན༔ ཆང་དང་གསེར་དུ་སྦྱར་བ་འདི༔ སྲིད་པ་རྒྱལ་པོའི་ཚོགས་ལ་མཆོད༔ མདོས་གླུད་གསེར་སྐྱེམས་དམ་པ་འདི༔ དད་པའི་སེམས་ཀྱིས་འབུལ་ལགས་ན༔ དད་པ་ལོག་ཏུ་མ་བཅུག་ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ གནོད་ཅིང་འཚེ་བ་མ་བྱེད་པར༔ བཅིངས་བ་ཁྲོལ་ལ་བསྡམས་པ་གློད༔ ར་ཚང་ནང་དུ་མཛོ་མ་བཏགས༔ ཁང་ཆུང་ནང་འདིར་རྒྱལ་མ་བཞུགས༔ ཁྱི་ཡི་ཤ་ལ་ཁྱུང་མ་ལྡིང་༔ ཡུར་ཆེན་ཡུར་ཆུང་ནང་མ་འདྲེན༔ རྒྱལ་པོ་བུ་ཆུང་གོ་མ་ལོག༔ རྒྱལ་ཆེན་པེ་གར་འཁོར་དང་བཅས་མཐའ་དབུས་གཙུག་ལག་བདག་པོར་གཤེགས༔ གནམ་ལྷ་དཀར་པོ་གནམ་དུ་གཤེགས༔ དགུང་ལྷ་བྱང་ཆུབ་དགུང་ལ་གཤེགས༔ བཅོམ་ལྡན་དྲེགས་པ་ཀུན་འདུལ་དང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་དང་དམ་ལས་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་ལ་གསེར་སྐྱེམས་ནམ་མཁའ་ལ་གཏོར་རོ༔ ཧཱུྃ༔ བགེགས་རྒྱལ་བྱི་ནཱ་ཡ་ཀ་


CMR011_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ བགེགས་རིགས་ཀུན་གྱི་སྡེ་དཔོན་ཡིན༔ སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན༔ རྡོ་རྗེ་མཆུ་ལ་སོགས་པ་ཡི༔ གཙོ་བོ་གདོན་ཆེན་བཅོ་བརྒྱད་དང་༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ ལན་ཆགས་བདག་པོ་ཐམས་ཅད་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཚེ་སྐྱིན་སྲོག་གླུད་ངར་མི་འབུལ༔ ཆང་རྗེས་དྲི་གླུད་ཤ་དུམ་དང་༔ འབྲུ་ནག་ཤེལ་ཚིགས་ཚ་སྒོག་སྦྱིན༔ འབྲུ་མཆོག་ངར་གྱི་མི་ཕོ་ཆེ༔ ཞོ་ཤའི་སྙིང་ལ་ལུང་ཐང་མིག༔ མགྲོན་བུའི་སོ་ལ་མུ་ཏིག་ཀླད༔ དུང་གི་རུས་ལ་བསེ་ཡི་ཤ༔ རླུང་གི་དབུགས་ལ་ནམ་མཁའི་སེམས༔ མེ་ཡི་དྲོད་ལ་དར་ཟབ་གོས༔ ཚོན་རྩིའི་བཀྲག་ལ་ཟེར་མང་ཀེེ༔ ལག་གཡས་གསེར་ལ་གཡོན་པ་གཡུ༔ རྐང་གཡས་ལྕགས་ལ་གཡོན་པ་ཟངས༔ རྒྱུ་ནི་འབྲུ་སྣ་རྟེན་འབྲེལ་རྫས༔ རྐྱེན་ནི་རིགས་བྱེད་མཁན་པོས་བྱས༔ ཕ་ནི་གནམ་ལ་མ་ནི་ས༔ ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི༔ དེ་བཞིན་གཤེགས་པའི་བདེན་པ་དང་༔ ན་མཿསརྦ་ཏ་ཐཱ་


CMR011_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨོ་དང་སམྦྷ་ར་དང་ནི༔ སམྦྷ་ར་ཧཱུྃ་བྱིན་རླབས་ཀྱིས༔ མི་བས་གླུད་བཟང་ལྷ་ཕྲུག་འདྲ༔ ཕོ་གླུད་སྐྱེས་ཕྲན་སྟག་ཆས་ཅན༔ མོ་གླུད་མོ་བཙུན་གཡུ་འབལ་ཅན༔ བཙུན་གླུད་དགེ་སློང་སྣམ་སྦྱར་ཅན༔ མཛེས་སྡུག་བཀྲག་མདངས་ཡིད་འཕྲོག་པ་གཅིག་ལས་བྱེ་བ་བརྒྱ་སྟོང་འཕྲོ༔ ལན་ཆགས་བདག་པོ་བདག་མོ་ཡི༔ སྤྱན་སྔར་བརྒྱ་བརྒྱ་སྟོང་སྟོང་རེ༔ གླུ་ལེན་བྲོ་བརྡུང་དགྱེས་པ་བསྐང་༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི༔ ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ༔ བྱི་ནཱ་ཡ་ཀ་ལ་སོགས་པའི༔ དྲེགས་པའི་སྡེ་དཔོན་སུམ་ཅུ་དང་༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་༔ མ་མོ་མཁའ་འགྲོ་ཐམས་ཅད་ནི༔ ཁྱེད་རྣམས་ལྷ་ཡི་སྤྲུལ་པ་སྟེ༔ ཁྱོད་ལ་བྱང་ཆུབ་སེམས་ཡོད་པས༔ གཞན་ལ་གནོད་པ་ག་ལ་བྱེད༔ ཁྱེད་རྣམས་འཁོར་དང་སྡེ་རིགས་སུ༔ གཏོགས་པའི་འདྲེ་ངན་གདོན་གྱི་རིགས༔ ལན་ཆགས་བདག་པོ་བདག་མོ་ནི༔ བྱེ་བ་དུང་ཕྱུར་གྲངས་མེད་ལ༔ ངར་མི་ཆངས་སྤྲད་གླུད་འདི་བསྔོ༔ རེ་ལྡེ་མགོ་ཉག་བྱི་བའི་བདུད༔ ཕོ་བདུད་གཤེད་རྒྱལ་གླང་ལོའི་བདུད༔ ཁ་སྟ་གྲེ་ཡུག་སྟག་ལོའི་


CMR011_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བདུད༔ ཆེ་ཤང་རྒྱལ་པོ་ཡོས་ལོའི་བདུད༔ ཕོ་ཁྲམ་རྒྱལ་པོ་འབྲུག་ལོའི་བདུད༔ ངུར་མོ་ཆེན་མོ་སྦྲུལ་ལོའི་བདུད༔ གཏུམ་པོ་ལག་རིང་རྟ་ལོའི་བདུད༔ བདུད་རྒྱལ་རུ་རིང་ལུག་ལོའི་བདུད༔ རེ་ལྡེ་མགོ་ཉག་སྤྲེལ་ལོའི་བདུད༔ གཟུགས་མེད་སྒྲ་ཅན་བྱ་ལོའི་བདུད༔ ཡོར་མོ་ནག་མོ་ཁྱི་ལོའི་བདུད༔ དུར་མོ་འགྲམ་རིང་ཕག་ལོའི་བདུད༔ ལོ་བདུད་ལོ་གཤེད་བཅུ་གཉིས་ལ༔ ངར་མི་གླུད་མདོས་འདི་འབུལ་ལོ༔ ལོ་བདུད་ཟླ་བདུད་ཞག་བདུད་དང་༔ དུས་ཚོད་བདུད་དུ་མ་འབེབས་ཤིག༔ ཡུལ་འདྲེ་ནག་མོ་ཁྱི་ཞོན་སོགས༔ སྲིད་པའི་འཁྲུག་འདྲེ་བཅོ་བརྒྱད་དང་༔ བྲག་ཐེལ་ནག་པོ་འུག་ཞོན་སོགས༔ ཐན་སྐྱ་ཉི་ཤུ་རྩ་གཅིག་ལ༔ ངར་མི་ཆངས་སྤྱད་དྲི་གླུད་བསྔོ༔ ཁྱི་འབྲུག་གླང་ལུག་གཤེད་ཀྱི་ཕ༔ གློག་འགྱུ་མ་ནི་གཤེད་ཀྱི་མ༔ གཤེད་ཀྱི་ཕྱོགས་བཞིའི་སྐྱ་པ་བཞི༔ མི་ནག་ཁྲམ་ཐོགས་བཅུ་གསུམ་སོགས༔ ཟ་བའི་འདྲེ་དང་ཤི་བའི་གཤེད༔ ཐམས་ཅད་གླུད་འདིས་ཚིམས་གྱུར་ཅིག༔ བསེ་རག་རྒྱལ་པོ་གཞོན་ནུ་པ༔ མི་རྒན་ཤོ་ཁོག་གྱོན་པ་སོགས༔ བསེ་རག་ལྟོགས་འགོང་དབུལ་སྲི་རྣམས༔ གླུད་འདི་


CMR011_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ལ་མྱུར་དུ་དེངས༔ ལྟེ་ཕུར་ནག་མོ་བྱ་མཆུ་མ༔ ཕོ་གྱོང་བཟའ་ནི་དཔོན་གཡོག་གསུམ༔ འདྲེ་བསེན་དགུ་པོ་འཁོར་དང་བཅས༔ ངར་མི་ཆངས་སྤྱད་ཁྱེར་ལ་སོང་གཞན་ཡང་བདག་ཅག་ཡོན་མཆོད་ལ༔ ཚེ་རབས་ཐོག་མ་མེད་པ་ནས༔ ཟས་ནོར་སྲོག་གི་ལན་ཆགས་པའི༔ ཟ་རེ་འཐུང་སྐོམ་བྱེད་པ་ཡི༔ འདྲེ་ངན་གདོན་རིགས་མ་ལུས་པ༔ ངར་མི་ཤ་དུམ་ཆངས་བུ་དང་༔ འབྲུ་ནག་རམ་རུག་སྦྲང་མ་སོགས༔ ཡས་སྟགས་འདི་ཡིས་ཚིམས་གྱུར་ནས༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཁྱེད་ཅག་མི་རྟག་ཚེ་འཕོས་ཏེ༔ རང་བྱས་རང་ལ་སྨིན་གྱུར་ནས༔ མནར་མེད་སྡུག་བསྔལ་ཡ་རེ་ང་༔ དེ་ནས་མ་གནོད་གཞན་དུ་དེངས༔ བྱང་ཆུབ་སེམས་དང་ལྡན་གྱུར་ཅིག༔ ཅེས་ངར་འཕྱོང་ངོ་༔ ཟ་ལམ་བཅས་པ་དེ་ར་ནག་པོའི་གཡང་གཞིའམ༔ རེ་བའམ་ཕྱར་བ་ནག་པོ་ལ་བཞག་ལ་བྲན་ནས༔ བྷྱོ་བྷྱོ་བྷྱོ༔ ནད་ཀྱི་བདག་མོ་གནས་ནས་སྤྱོན༔ ཟློག་བྱེད་མ་གཅིག་སྤྱན་འདྲེན་ནོ༔ སྒྱུར་བྱེད་མ་གཅིག་སྤྱན་འདྲེན་ནོ༔ དོ་ནུབ་བཟློག་བསྒྱུར་དུས་ལ་བབ༔ གླུད་བདག་ཆེན་མོ་གླུད་ལ་གཤེགས༔ ཁྲོ་


CMR011_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་གྱི་ཡུམ་གཅིག་མ༔ མ་མོ་ཀུན་གྱི་ཚོགས་བདག་མོ༔ བརྟན་མ་ཀུན་གྱི་ཡང་རྗེ་མོ༔ སྐྱེ་འགྲོ་ཀུན་གྱི་སྲོག་བདག་མོ༔ བྱང་ཤར་མཚམས་ན་གནས་བཅས་ཤིང་༔ མི་རོ་རྟ་རོའི་ཁྲི་སྟེང་ནས༔ མ་ཡི་ནང་ནས་མ་གཅིག་མ༔ སྲིང་གི་ནང་ནས་སྲིང་གཅིག་མ༔ གཤིན་རྗེའི་ལྕམ་གཅིག་དེ་ན་བཞུགས༔ བདུད་ཀྱི་ཡུམ་གཅིག་དེ་ན་བཞུགས༔ སྐུ་མདོག་མཐིང་ནག་འཇིགས་པ་ལ༔ རལ་པ་ནག་པོས་སྟོང་ཁམས་ཁྱབ༔ ཁ་ན་མི་ཁྲག་རྟ་ཁྲག་འཇོང་༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཉིན་བཞིན་རྒྱལ་ཁམས་ཀུན་ཏུ་རྒྱུགས༔ མཚན་བཞིན་དུར་ཁྲོད་གནས་ཉུལ་མ༔ ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ༔ དམ་ཚིག་ཉམས་པའི་རྗེས་གཅོད་མ༔ དམ་ལ་གནས་པའི་ཚེ་འཛིན་མ༔ མ་ཐོགས་མྱུར་དུ་ད་ཚུར་བྱོན༔ ཟ་ལམ་གླུད་གཏོར་འདི་བཞེས་ལ༔ བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོག༔ སྡེ་བརྒྱད་སུན་མ་བཟློག་ཏུ་གསོལ༔ མ་མོ་མཁའ་འགྲོའི་སུན་མ་ཟློག༔ བརྟན་མའི་དལ་ཁྲམ་བསྒྱུར་དུ་གསོལ༔ མ་མོ་ཚུར་བྱོན་གླད་ལ་


CMR011_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན༔ འཁོར་ལོས་སྒྱུར་བའི་ལྷ་ཆེན་དང་༔ གནམ་ལྷ་དཀར་པོ་བཅུ་གཉིས་དང་༔ གནམ་ཁྱི་དཀར་པོ་མགོ་དགུ་དང་༔ གནམ་ཁྱི་བྱ་དཀར་མཆེ་ཅན་དང་༔ ཆེ་ཞེས་གནམ་གྱི་གུང་རྒྱལ་དང་༔ ཉི་མ་མེ་ཁྱེར་གློག་ཕྲེང་དང་༔ མ་ཧཱ་དེ་ཝ་ཡབ་ཡུམ་དང་༔ ཀླུ་རྒྱལ་ནག་པོ་སྦྲུལ་མགོ་དང་༔ མ་བདུད་བཙན་གྱི་བདག་པོ་དང་༔ གཡའ་སྤང་མཚམས་ཀྱི་སྐྱེས་གཅིག་དང་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ བོད་ཁམས་བརྟན་མ་བཅུ་གཉིས་དང་༔ ས་སྐོར་འདི་ལ་གནས་པ་ཡི༔ ལ་ཡི་བདུད་དང་ལུང་ཁུང་བདུད༔ ལ་ཡི་བཙན་དང་ལུང་གི་བཙན༔ སྲོག་དབུགས་ལེན་པའི་ལྷ་འདྲེ་ལ༔ ཟ་ལམ་གླུད་གཏོར་རྒྱ་ཆེན་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཁྱོག༔ སྲིད་པའི་དལ་ཁ་བསྒྱུར་དུ་གསོལ༔ མི་བས་གླུད་བཟང་འདི་བཞེས་ལ༔ ད་ནི་མ་མོའི་གནས་སྤོ་འཚལ༔ དགྲ་བོའི་ཡུལ་དུ་བྲང་སྤོས་ལ༔ སྲིད་པའི་དལ་ཁ་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གིང་དཀར་ནག་གི་འཆམ་ཡོད་ན་རབ༔ མེད་ན་མཆོད་གཡོག་གིང་དཀར་ནག་ཏུ་བསྒོམས་པས་དེ་བསྐོར་ཞིང་གནོད་བྱེད་ཕྱོགས་སུ་ཁ་བསྒྱུར་ཏེ་ཡུངས་ཀར་


CMR011_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ནས་ལྕག་བྲབ་ཅིང་༔ ཨེ་ཨཻ་ཨཽ༔ ཨ་ཀྲོ་ཏེ་ཀ༔ ཡ་མཱནྟ་ཀ༔ ཡ་མ་ཡེ༔ ཀཱ་ལ་རཱུ་པ་ཀ་པ་ཡེ༔ ཧྲིལླི་ཨ་པ་ཡེ༔ ཨ་ཨ་ནེ་ཨ་ནེ༔ ཨུ་ཨུ་ནེ་ཨུ་ནེ༔ དུ་དུ་ནེ་དུ་ནི༔ ཨ་ཨི་ས་མ་ཡ་བྷྱོ༔ ཧཱུྃ་སྟམྦྷ་ཡ༔ ལོ་ཀ་སྟམྦྷ་ཡ༔ ཧ་ཧོ་ཟློག་ཟློག༔ ས་ག་དུ་ན་ཟློག༔ ཀ་རུ་ན་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཨོ་ཙ་དུར་སྙིང་ན་ཟློག༔ མ་མོ་རྭ་ཙ་ཡམ་ཟློག༔ ཤན་ཏྲག་རཀཱ་ཡམ་ཟློག༔ རཀྟ་རེ་མ་ཏི་རུ་ལུ་རུ་ལུ་ས་མ་ཡ་བྷྱོ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཤྲཱི་མཉྫ་ཡ་མ་རཱ་ཙ་ཡམ་ཟློག༔ རིག་སྔགས་ཀྱི་དབལ་ཟོར༔ གདུག་པའི་བྱད་སྟེམས་ཐམས་ཅད་ཟློག༔ བྱད་ཁ་ནག་པོའི་སྟེང་དུ་བྷྱོ༔ རང་སྔགས་རིང་ལ་ཟློག༔ རང་བྱད་རང་ལ་ཟློག༔ རང་གཤེད་རང་ལ་ཟློག༔ རང་བདུད་རང་ལ་ཟློག༔ ཕར་ལ་གྷོ་བྷྱོ༔ ཕར་ལ་ཟློག་ཟློག༔ ཕར་ལ་སྒྱུར་སྒྱུར༔ བྱད་མ་ལྷ་དང་བཅས་པའི་སྟེང་དུ་བྷྱོ་བྷྱོ༔ ཟློག་ཟློག༔ སྒྱུར་སྒྱུར༔ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ ཕུང་བར་བྱེད་པའི་སྲི་ལ་བྷྱོ༔ ཟ་བར་བྱེད་པའི་འདྲེ་ལ་བྷྱོ༔ བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ མཐུ་སྒྲུབ་བྱེད་པའི་སྟེང་དུ་བྷྱོ༔ ཕུར་སོ་སྟོན་པའི་


CMR011_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཏེང་དུ་བྷྱོ༔ ཟོར་ཁ་སྟོན་པའི་སྟོན་པའི་སྟེང་དུ་བྷྱོ༔ བདུད་ཀྱི་ཕོ་ཉ་ཐམས་ཅད་ཟློག༔ ལྷ་བྱད་ཀླུ་བྱད་ཐམས་ཅད་ཟློག༔ བན་བྱད་བོན་བྱད་ཐམས་ཅད་ཟློག༔ སྔགས་བྱད་དུག་བྱད་ཐམས་ཅད་ཟློག༔ ཁྲམ་ཁ་དལ་ཁ་ཐམས་ཅད་ཟློག༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི༔ བྱད་སྟེམས་ཐམས་ཅད་ཟློག་ཟློག་སྒྱུར་སྒྱུར་བྷྱོ་བྷྱོ༔ ཞེས་ཟ་ལམ་འཕྱངས་འདི་རྒྱུན་དུ་འདོན་ཅིང་ཟ་ལམ་དངོས་ནི་འབུལ་ཁ་བར་མི་འདོན་ནོ། །གཏེར་གཞུང་ནས་ཟ་ལམ་དང་ངར་མདོས་ཕྱོགས་གཅིག་ཏུ་གསུང་པ་སྟེ། ཟ་ལམ་འདི་ཤིན་ཏུ་གཙང་སྦྲ་གལ་ཆེ་བ་ལ། བཙོག་གླུད་ལ་བསྔོས་ན་ཤིན་ཏུ་མི་རུང་ངོ་། །བདག་གིས་ལེགས་པར་ཕྱེས་ཡོད་དོ། །གོ་བར་མཛོད་ཅིག་སྔགས་པ་ཚོ། གླུད་ཟེར་བའི་གོ་བ་ནི་ཉོ་བའི་རིན་ལྟ་བུ་གཅིག་ཡིན་གྱིས། དྲི་གླུད་མི་གཙང་བ་གཅིག་ཁོ་ན་ཡིན་པར་མ་སེམས་ཤིག །ཅེས་པ་སྔགས་འཆང་རཱ་ག་ཨ་སྱས་བསྡུས་ཏེ་བྲིས་པ་ལ་ཉེས་འགལ་བཤགས་ཤིང་དགེ་བས་འདི་དང་འབྲེལ་བའི་ཡོན་མཆོད་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམདོས་ཐབས་སུ་བཅའ་བའི་ཁ་བཀང་གི་འཕྱང་ཤིན་ཏུ་བསྡུས་པ།next