Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟོར་ལས་བསྡུས་པ།
   
   
   
   
   
   
   
   
   
   
   


 
previousཟོར་ལས་བསྡུས་པ།next

ཟོར་ལས་བསྡུས་པ།


CMR011_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་ལས་བསྡུས་པ་ནི༔ གཡང་གཞི་ལ་འཁོར་ལོ་རྩིབས་བརྒྱད་བྲིས་པའི་དབུས་སུ༔ དྲག་པོའི་ཐུན་སྣོད་དུ་ཟོར་རྫས་གང་འཛོམ་བསགས་ལ༔ སྟོང་པའི་ངང་ལས་དྲག་པོའི་གཞལ་ཡས་སུ༔ ཟོར་རྣམས་སོ་སོར་མ་གཤིན་དྲེགས་པ་སྡེ་བརྒྱད་ཀྱི་སྐུར་གྱུར༔ ཧཱུྃ་བྷྱོ༔ ཕྱོགས་བཞི་དབུས་ལྔའི་དཀྱིལ་འཁོར་ནས༔ རིགས་བཞི་གར་གྱི་དབང་མོ་ལྔ༔ རང་རང་འཁོར་ཚོགས་འབུམ་དང་བཅས༔ དེ་རིང་ཟོར་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསེར་སྐྱེམས་དམ་པ་འདི་བཞེས་ལ༔ བྱད་ཁ་ཟློག་པའི་དུས་ལ་བབ༔ བྷྱོ༔ སྟེང་གི་ཕྱོགས་དང་བར་སྣང་ནས༔ ནམ་མཁའ་གར་བྱེད་དབང་མོ་དང་༔ མ་མོ་ཆེན་མོ་ཐོད་ཕྲེང་རྩལ༔ འཁོར་ནི་མཁའ་འགྲོ་འབུམ་གྱིས་བསྐོར༔ དེ་རིང་ཟོར་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསེར་སྐྱེམས་དམ་པ་འདི་བཞེས་ལ༔ བྱད་ཁ་ཟློག་པའི་དུས་ལ་བབ༔ བྷྱོ༔ མཚམས་བཞི་གནས་ནས་སྤྱན་འདྲེན་པ༔ དབང་ཕྱུག་ཕྲ་མེན་རྒྱ་མཚོ་མ༔ ཨེ་ཀ་ཙ་ཏི་སྦལ་མགོ་མ༔ ཨེ་ཀ་ཙ་ཏི་རལ་གཅིག་མ༔ མ་མོ་གསེར་ཟ་སྤྱན་གཅིག་མ༔ རང་རང་འཁོར་ཚོགས་འབུམ་དང་བཅས༔ དེ་རིང་ཟོར་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསེར་


CMR011_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་དམ་པ་འདི་བཞེས་ལ༔ བྱད་ཁ་ཟློག་པའི་དུས་ལ་བབ༔ ཧཱུྃ༔ དྲག་པོའི་ཟློག་བྱེད་ཟོར་ཆེན་ལ༔ རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་རོ༔ དྲག་པོ་སྔགས་ཀྱིས་དབང་བསྐུར་རོ༔ སྔོན་མོ་ནས་ཀྱིས་དབང་བསྐུར་རོ༔ ཡུངས་ཀར་རྒྱལ་པོས་དབང་བསྐུར་རོ༔ ཟོར་སྣ་ཚུལ་ལ་མི་གྱུ་བར༔ ཤ་ཟ་ཁྲག་འཐུང་དབུགས་འཕྲོག་མ༔ སྙིང་འབྱིན་མ་མོའི་དབང་བསྐུར་རོ༔ ཁྲོ་མོ་གྱོད་མོ་དེ་མོ་དང་༔ ཨེ་ཀ་ཙ་ཏི་གསེར་ཟ་སྨིན༔ བྱང་མཚམས་ཉི་ཟླ་ཐོད་ཕྲེང་མ༔ བདུད་མོ་ཧལ་གྱི་ཏིང་ཏིང་མ༔ སྲིང་མོ་བཞི་ཡིས་དབང་བསྐུར་རོ༔ ཨེ་ཀ་ཙ་ཏི་རེ་མ་ཏི༔ སྲིད་པའི་མ་མོ་མཁའ་འགྲོ་མ༔ དབང་ཆེན་ཀུན་གྱི་ཟོར་འདི་འཕོང་༔ ཁྲི་སྨན་སི་ལེ་ཕུང་བྱེད་མ༔ ལས་ཀྱི་མ་མོས་ཟོར་སྣ་ཁྲིད༔ ཟོར་སྣ་ཚུར་ལ་མ་གྲུ་ཅིག༔ ཐན་སྣ་ཚུར་ལ་མ་ལྡོག་ཅིག །བྱད་སྣ་ཚུར་ལ་མ་ལྡེབ་ཅིག༔ དགྲ་སྣ་ཚུར་ལ་མ་ལྡང་ཞིག༔ ནད་སྣ་ཚུར་ལ་མ་ལྡང་ཞིག༔ བན་བྱད་བོན་བྱེད་མུ་སྟེགས་བྱད༔ ལྷ་སྲིན་སྡེ་བརྒྱད་བྱད་ཁ་རྣམས༔ དྲག་པོའི་ཟོར་གྱིས་བཟློག་ཏུ་གསོལ༔ མཱ་ར་ཡ་བློ་བློ་ཟློག་ཟློག༔ བཀའ་བརྒྱད་ཀྱི་ཟོར་གཞུང་ནས་བསྡུས་ཏེ་ཨ་རཱ་གས་བསྒྲིགས་པའོ༔ ཧོ༔


CMR011_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ་ལོ༔ རྒྱལ་བ་དགོངས་པ་བརྒྱུད་པ༔ རིག་འཛིན་བརྡ་ཡི་བརྒྱུད་པ༔ གང་ཟག་སྙན་ཁུང་བརྒྱུད་པ༔ ཐུགས་རྗེས་བྱིན་རླབས་བརྒྱུད་པ༔ བཀའ་བབས་དོན་གྱི་བརྒྱུད་པ༔ མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་དཔལ་ལྡན་བླ་མ༔ ཡི་དམ་སྒྲུབ་ཆེན་བཀའ་བརྒྱུདཀྱི་ལྷ་ཚོགས་བདུན་བརྒྱ་ཉི་ཤུ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་པའི་མཐུས༔ གནོད་བྱེད་དགྲ་བགེགས་བྱད་མ་དམ་སྲི་ཡིད་ལ་མནག་པ་མིང་དུ་བྲིས་པ་འདི་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ཞེས་ལན་གསུམ། དེ་ནས་ཟོར་དགུ་རེ་རེ་བཞིན་དུ་ཐོགས་ལ༔ ཧཱུྃ༔ མ་ཉེས་དཔང་དུ་དཀོན་མཆོག་བཞུགས༔ དགྲ་བགེགས་མ་གཏོགས་སྐུ་བཟུར་ཅིག༔ བཀའ་བརྒྱད་ལྷ་ཚོགས་དམག་དཔུང་བསྐྱེད། དགྲ་བགེགས་སྙིང་ལ་ཕུར་ཟོར་རྒྱོབ༔ ཐོད་ཟོར༴ མདའ་ཟོར་༴ རྡོ་ཟོར་༴ མེ་ཟོར་༴ ཆུ་ཟོར༔ གཏོར་ཟོར་༴ ཁྲག་ཟོར་༴ ཀོང་ཟོར་༴ བཛྲ་སརྦ་དུཏྟཾ་ཏྲིག་ནན་ཨེ་ཧུར་ཐུམ་ཛ༔ དགྲ་བགེགས་ནཾ་ཤ་ཏཱཾ་མཱ་ར་ཡ་རྦད་རྦད༔ ཅེས་སོ༔


CMR011_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཟོར་ལས་བསྡུས་པ།next