Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཁྲོ་བོ་རོལ་པའི་སྟེང་ནས་ཕུབ་པ་སྤྲིན་ཆེན་འཁོར་ལོ།
   
   
   
   
   
   
   
   


 
previousབཀའ་བརྒྱད་ཁྲོ་བོ་རོལ་པའི་སྟེང་ནས་ཕུབ་པ་སྤྲིན་ཆེན་འཁོར་ལོ།next

བཀའ་བརྒྱད་ཁྲོ་བོ་རོལ་པའི་སྟེང་ནས་ཕུབ་པ་སྤྲིན་ཆེན་འཁོར་ལོ།


CMR011_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཁྲོ་བོ་རོལ་པའི་སྟེང་ནས་ཕུབ་པ་སྤྲིན་ཆེན་འཁོར་ལོ༔ བར་གྱི་ནང་རྫོང་ཟློག་འཁོར་ཆེན་པོ་འཁོར་གྱི་འཁོར་ལོ་ཆུང་བ་བརྒྱད༔ འོག་ཏུ་བཏིང་བའི་བསད་པའི་འཁོར་ལོ་ཆེན་མོ་རྣམས་ཀྱི་ཁྲིད་ཡིག་གབ་སྦས་བསལ་ནས་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས་ཁ་གསལ་བཞུགས་སོ༔ ཨྠྀི༔ ཟབ་བོ༔


CMR011_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དཔལ་གྱི་གཏོར་མ་སྤྲིན་ཆེན་གྱིས་ཁ་བཅད་ཅེས་པ༔ བྲི་གཞི་ཞིང་ཆེན་པགས་པར་གསུངས་ནའང་༔ ལག་ལེན་ཤོག་བུ་འཐུག་པོ་ལ་མི་ལྤགས་བརྡར་ཕྱེ་བྱུགས་ལ་མུ་ཁྱུད་བཞི༔ ལྟེ་བར་ཨོ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་བརྩེགས་མ་བྲི༔ དེ་རྒྱབ་གྲུ་གསུམ་མཐིང་ནག༔ ཟླ་གམ་གསུམ་དམར་པོའོ༔ དེ་རྒྱབ་རྩིབས་བརྒྱད་མཐིང་ཀ་ལ་ཕཊཿབརྒྱད་དམར་པོ༔ དེ་རྒྱབ་རྩིབས་བཅུ་དྲུག་སེར་པོ་ལ༔ ཧཱུཾ་མཐིང་ཀ་དང་ཧྲིདམར་པོ་སྤེལ་བ་རེ༔ དེ་རྒྱབ་མེ་རི་གཡས་སྐོར་ནག་པོ་བྱའོ༔ དེ་རྒྱབ་མུ་ཁྱུད་ཚོན་གང་ལ་མཛེས་ཚོན་ཏེ༔ སྒྲུབ་པ་པོ་


CMR011_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པར་བྱེད་པའི་འབྱུང་པོ་ཐམས་ཅད༔ ཏྲག་རཀྵ་ཁ་མུན་ཏྲ༔ ལུས་དུམ་བུར་གཏུབ༔ སྙིང་ལ་བྷྱོ་བྷྱོ༔ ཕོ་བྷྱོ་གཡས་སུ་བྷྱོ༔ མོ་བྷྱོ་གཡོན་དུ་བྷྱོ༔ སྤྱི་བདུད་དལ་ཁ་མཁའ་ལ་བྱོ༔ སྡང་བའི་དགྲ་ལ་བྷྱོ༔ གནོད་པའི་བགེགས་ལ་བྷྱོ༔ ཟ་བའི་འདྲེ་ལ་བྷྱོ༔ ཕུང་བའི་སྲི་ལ་བྷྱོ༔ ཆག་ཆེ་བ་དང་༔ ཉམ་ང་བ་ཐམས་ཅད་སྡང་བའི་དགྲ་ལ་བྷྱོ༔ ཟློག་ཟློག༔ ཡི་གེ་ཐམས་ཅད་མགོ་ནང་བསྟན་ནོ༔ འདི་ཟློག་ཐབས་ལ་དར་གདུགས་འོག་དང་༔ མདོས་ཐབས་ལ་ནམ་གདུགས་འོག་ནས་ཁ་སྦུབས་ནས་ཕུབ་རྒྱུ་ཡིན་ཡང་༔ སྟབས་མི་བདེ་ན་ལྟེབ་ལ་ཕྱི་ཐུམ་ནག་


CMR011_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱས་ཏེ༔ དར་གདུགས་ནང་དུ་ལྟེ་བ་ཁ་སྦུབས་སུ་བཏགས་པས་འཐུས་སོ༔ ༈ དེ་ནས་ཟློག་འཁོར་དགུ་བསད་འཁོར་དང་༔ སྤྱི་དགོས་སྔགས་བྱང་ཕྱོགས་གཅིག་ཏུ་དེས་ཉུང་ཕྱིར་བཀོད་པ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཛ་ཧཱུྃ་ཕཊ༔ ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་ཧཱུཾ༔ མ་མ་ཡོ་ཀི་ནི་རུ་ལུ་རུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཏྟཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཡཀྵ་ཀྲོ་ཏ་སརྦ་དུཏྟཾ་ཧཱུྃ་ཕཊ༔ ༈ བྱད་ཁ་དགྲ་ལ་ཟློག༔ ཟོར་ཁ་དགྲ་ལ་ཟློག༔ ཐུན་ཁ་དགྲ་ལ་ཟློག༔ ཕུར་ཁ་དགྲ་ལ་ཟློག༔ བྱོལ་ཁ་དགྲ་ལ་ཟློག༔ རིག་སྔགས་དམོད་བྱད་དགྲ་ལ་ཟློག༔ དྲོད་གཏོང་དགྲ་ལ་ཟློག༔ མི་དང་མི་མ་ཡིན་པའི་བསམ་སྦྱོར་ངན་པ་ཐམས་ཅད་དགྲ་ལ་ཟློག༔ ནང་པ་སངས་རྒྱས་པའི་བདེན་པ་ཐམས་ཅད་དགྲ་ལ་ཟློག༔ ཕྱི་པ་མུ་སྟེགས་པའི་ངན་སྔགས་ཐམས་ཅད་དགྲ་ལ་ཟློག༔ དྲང་སྲོང་དང་བྲམ་ཟེའི་དམོད་པ་ཐམས་ཅད་དགྲ་ལ་ཟློག༔ བན་བྱད་དང་བོན་བྱད་ཐམས་ཅད་དགྲ་ལ་ཟློག༔ རིག་སྔགས་དང་རྦོད་གཏོང་


CMR011_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དགྲ་ལ་ཟློག༔ ཐུན་ཁ་དང་ཟོར་ཁ་ཐམས་ཅད་དགྲ་ལ་ཟློག༔ བགེགས་དང་ལོག་འདྲེན་ཐམས་ཅད་དགྲ་ལ་ཟློག༔ ནད་ཁ་དང་རིམས་ཁ་ཐམས་ཅད་དགྲ་ལ་ཟློག༔ གློ་བུར་དང་ཡེ་འདྲོགས་ཐམས་ཅད་དགྲ་ལ་ཟློག༔ དུག་དང་མཚོན་གྱི་འཇིགས་པ་ཐམས་ཅད་དགྲ་ལ་ཟློག༔ མེ་དང་ཆུའི་འཇིགས་པ་ཐམས་ཅད་དགྲ་ལ་ཟློག༔ རྒྱལ་པོའི་ཆད་པ་དང་ཕ་རོལ་པོའི་དམག་ཚོགས་ཀྱི་འཇིགས་པ་ཐམས་ཅད་དགྲ་ལ་ཟློག༔ ། ༈ ཨོཾ་བཛྲ་ཀྲོ་ཏ་སརྦ་ཧཱུྃ༔ ཨོཾ་སརྦ་དུ་ཏྲི་ཧྲཱིཿཛཿ སརྦ་དུཥཱན་ཨེ་ཛཿཛཿསརྦ་དྷཱ་ཀི་ནཱི༔ སརྦ་ཡོ་ཀི་ནཱི༔ དྷ་ལ་མུ་ཁཾ༔ ཨ་ཁ་རོ་མུ་ཁཾ༔ སརྦ་བུདྡྷ༔ ཀ་ཧོ་ས་ཡ༔ ས་རོ་ཝ་ར༔ སརྦ་དྷརྨཱ༔ ཨ་ཏ་ཨ་ནུ༔ བནྡྷ་ནུ༔ པ་རི་ཝཱ་ར༔ ཨི་དཾ་བྷ་ལཾ་གཱི་ཧ་ན་བྷ་ལི་ཁཱ་ཧི༔ སི་ཏི་པ་ཏི་ས་ལ་ཡ༔ མ་ཏི་ཀྲ་མ་ཏི༔ མ་ཧཱ་ཤྲཱི་ཧེ་རུ་ཀ༔ སརྦ་དུཥཱན་དུ་ན་དུ་ན༔ མཱ་ར་ཡ་མཱ་ར་ཡ༔ ཁ་དྷ་ཁ་དྷ༔ སརྦ་ཤཱ་ཏུཾ༔ སརྦ་དུཎྞཾ༔ ན་ཤ་ཡ་ན་ཤ་ཡ༔ སྟམྦྷ་ཡ་སྟམྦྷ་ཡ༔ མཱ་ར་ཡ་མཱ་ར་ཡ༔ སྤོ་ཏ་ཡ་སྤོ་ཏ་ཡ༔ སརྦ་དུ་སྟན་སྭཱ་ཧཱ༔ བག་ཤ་ཡ༔ བག་ཤ་ཡ༔ སརྦ་ཀརྨ་དུ་རུ་དུ་རུ༔ ལ་ཧུ་ལ་ཧུ༔ ཀུ་རུ་ཀུ་རུ༔ ཀི་རི་ཀི་རི༔ ཧཱུྃ་


CMR011_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ་ཕཊ༔ སརྦ་ཤ་རི་དུ་ཀ་ར་ཀི་ཙ་ར་པྲ་ས་ར་ས་ལ་ཡ་བྷཾ་ཀྲྀ་དྷི་ཡ༔ བུ་ག་ར་ཡ༔ མ་ན་ཡ་འདུས༔ ཨེ་ར་མ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ༔ ཕྱག་མཚན་ནི༔ ཡང་དག་ལ་རྡོ་རྗེས་མཚན་པའི་གྲི་གུག༔ གཤིན་རྗེ་ལ་རིན་པོ་ཆེས་མཚན་པའི་བེ་ཅོན་ཏི་ཐོ་བ་འདྲའོ༔ རྟ་མགྲིན་ལ་རལ་གྲི༔ རྡོ་རྗེ་གཞོན་ནུ་ལ་ཕུར་པ༔ མ་མོ་ལ་ཐོད་པས་མཚན་པའི་ཁཊཾ༔ རིག་འཛིན་ལ་རྡོ་རྗེས་མཚན་པའི་ཐོད་དབྱུག༔ འཇིག་རྟེན་མཆོད་བསྟོད་ལ་རྡོ་རྗེས་མཚན་པའི་དགྲ་ས༔ དྲག་སྔགས་ལ་རྡོ་རྗེས་མཚན་པའི་ལྕགས་ཀྱུའོ༔ དེ་ནས་དབུས་ཟློག་འཁོར་ཆེན་པོའི་ལྟེ་བ་མཐིང་ཁའམ༔ དབུས་སུ་ཧཱུཾ་ལ༔ ཆེ་མཆོག་གི་སྔགས་མགོ་ནང་བསྟན་སྔགས་མཇུག་ཕྱི་ལ་ཕུད་དེ༔ བྱད་ཁ་དགྲ་ལ་ཟློག་ཅེས་སོགས་ཟློག་བརྒྱད་ཤམ་བུ་དེ་ཚང་བར་བྲིའོ༔ དེ་རྒྱབ་རྩིབས་བརྒྱད་ལྷ་སོ་སོའི་མདོག་ལ༔ སྔགས་མགོ་ནང་བསྟན་དཔལ་བརྒྱད་ཀྱི་སྔགས་སོ་སོའི་གནས་སུ་བཀོད་པ་ལའང་གོང་ལྟར་ཤམ་བུ་ཚང་བ་རེ་རེ་བྲིའོ༔ རྩིབས་མཆན་བརྒྱད་དམར་པོ་ལ་ཕྱག་མཚན་བརྒྱད་རྩེ་ཕྱིར་བསྟན་བྲི༔ དེ་རྒྱབ་མུ་ཁྱུད་ལྗང་ཀུ་ལ༔ ནང་པ་སངས་རྒྱས་པའི་བདེན་པ་ཟློག་སོགས་ཚང་བར་བྲི༔ མུ་ཁྱུད་ཕྱི་མ་སེར་པོ་ལ༔ ཨོཾ་བཛྲ་ཀྲོ་ཏ་


CMR011_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སོགས་ཚང་བར་བྲི༔ དེ་རྒྱབ་མེ་རི་དམར་པོ་ལ་གཡས་བསྐོར་དུ་བྲིའོ༔ ༈ དེ་ནས་དཔལ་བརྒྱད་པོའི་ཟློག་འཁོར་ཆུང་བ་བརྒྱད་ནི༔ ཐམས་ཅད་འདྲ་བར་ལྟེ་བར་ཧཱུྃ་མཐིང་ནག་རེའི་མཐར་སྔགས་མགོ་ནང་དུ་བསྟན་སྔགས་མཇུག་ཕྱིར་ཕུད་དོ༔ བྱད་ཁ་དགྲ་ལ་ཟློག་སོགས་ཚང་བ༔ དེ་རྒྱབ་རྩིབས་བཞི་ལ་ལྷ་སོ་སོའི་ཁ་དོག་ལ༔ དཔལ་བརྒྱུད་སོ་སོའི་སྙིང་པོ་བགོས་ནས་རྩིབས་བཞི་ཁ་ལ་ཚར་གཅིག་འོང་བ་བྲི༔ རྩིབས་མཆན་བཞི་དམར་པོ་ལ་སོ་སོའི་ཕྱག་མཚན་གྲི་གུག་སོ་ཕྱིར་བསྟན༔ གཞན་རྣམས་འཕྲད་དུ་བྲི༔ དེ་རྒྱབ་མུ་ཁྱུད་ལྗང་ཁུ་ལ༔ ནང་པ་སངས་རྒྱས་པའི་བདེན་པ་ཟློག་སོགས་ཚང་བར་བྲི༔ དེ་རྒྱབ་མུ་ཁྱུད་སེར་པོ་ལ༔ ཨོཾ་བཛྲ་ཀྲོ་ཏ་སརྦ་སོགས་ཚང་བར་བྲི༔ དེ་རྒྱབ་མེ་རི་དམར་པོ། ཐམས་ཅད་གཡས་སྐོར༔ མ་མོ་ལ་གཡོན་སྐོར་བྲི༔ ༈ དེ་ནས་འཁོར་ལོ་དགུ་པོ་མེ་རླུང་ལ་ཕྱར༔ མེ་ལོང་ངོས་ནས་ཁྲུས་གསོལ༔ ཡེ་དྷརྨས་རབ་གནས་བྱས༔ ལྟེ་བའི་ཧཱུྃ་མགོ་མཇུག་མ་ལོག་པར་ཅི་བདེར་བལྟེབ་གྲོ་ག་སོགས་ཆུ་ཐུབ་པས་གཏུམ༔ དེ་རྒྱབ་རས་དཀར་པོ་སོགས་ཀྱིས་གཏུམ༔ མགོ་མཇུག་ཤེས་ཕྱིར་རྒྱབ་ཏུ་ཧཱུྃ་ཆེན་པོ་རེ་དང་ཕྱོགས་ཡིག་


CMR011_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཏེ༔ དཔལ་དགུའི་གཏོར་མའི་ནང་དུ་བཅུག་པར་བཤད་ནའང་༔ བཏང་ནའང་ཆོག་པར་བཤད་པས་ཕུར་པ་དང་མཉམ་དུ་མདའ་དར་སོགས་ལ་བཏགས་ཏེ་རྒྱུན་དུ་འཆང་བ་ལེགས་སོ༔ ༈ བསད་འཁོར་ནི་ཤོག་བུ་གཙང་མ་འཇམ་པོ་ལ་བོང་ང་བྱུག༔ སྣག་ཚ་ལ་ཡང་དུག་སྣ་དང་གྲི་ཁྲག་སོགས་རྙེད་ན་བསྲེས་ཏེ་དྲི་མ་དང་ཁ་རླངས་མ་སོང་བར་བྲིས་ཏེ་བར་ལིང་ག་བྲི་བར་བཤད་ཀྱང་མི་བྲི་བར་སྟོང་པ་ཆེ་བར་བཞག༔ དེ་རྒྱབ་མུ་ཁྱུད་ཆེ་བ་བྱས་ལ་རྩིབས་བརྒྱད་རྩེ་མོ་ནང་དུ་ལྟ་བ་བྲིས་པར༔ སྔགས་མགོ་ཕྱིར་བསྟན་ཏེ་ཤར་དུ༔ ཨོ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དེ་ནས་གཡས་སྐོར་དུ་རྩིབས་རེ་ལ་སྔགས་རེ་རེ་སྟེ༔ ཨོ་གུ་ཧྱ་ཛྙཱ་ན་ཧཱུྃ་ཕཊ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་གུ་རུ་ཧཱུྃ་ཕཊ༔ ཨོཾ་ཧུ་ཤྲཱི་ཝ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཚན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཡཀཱ་ཀྲོ་དྷ་ཧཱུྃ་ཕཊ༔ དེ་བརྒྱད་ཀ་ལ་ཤམ་བུ་འདི་ཚང་བ་རེ་བྲི༔ གནོད་བྱེད་དགྲ་བགེགས་ཀཱ་ཡ་ཝཱཀ་ཙིཏྟ་མཱ་ར་ཡ་ཛ་ཛ༔ རྩིབས་མཆན་བརྒྱད་ལ་ཕྱག་མཚན་བརྒྱད་རྩེ་ནང་དུ་བསྟན་པ་བྲི༔ དེ་བརྒྱུད་དཔེའུ་རིས་འགའ་རེ་ལ་མུ་ཁྱུད་ནང་མ་ལ་སྔགས་དང་ཕྱི་ན་དམོད་པ་བྲིས་གདའ་ནའང་༔ འདིར་གཞུང་ན་མུ་


CMR011_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱུད་གཅིག་བས་མ་གསུངས་པས༔ མུ་ཁྱུད་གཅིག་བྱས་ལ༔ ༈ ཨོ་བྷན་དྷེ་ཤ་ཡ་བྷན་དྷེ་ཤ་ཡ༔ ཧ་ཙཱ་བྷ་ཡ་ནན༔ ཨོ་གནོད་བྱེད་དགྲ་བགེགས་བྱད་མའི་ལུས་མཱ་ར་ཡ་ན་ཤ་ཡ་ཙཱ་བྷ་ཡ་ནན༔ ཨཱཿ གནོད་བྱེད་དགྲ་བགེགས་བྱད་མའི་ངག་མཱ་ར་ཡ་ན་ཤ་ཡ་ཙཱ་བྷ་ཡ་ནན༔ ཧཱུྃ་གནོད་བྱེད་དགྲ་བགེགས་བྱད་མའི་ཡིད་མཱ་ར་ཡ་ན་ཤ་ཡ་སྟཾ་བྷ་ཡ་ནན༔ གནོད་བྱེད་དགྲ་བགེགས་བྱད་མ་ལྷ་དང་བཅས་པའི་སྲུང་བའི་གུར་བཀྲལ༔ དཀྱིལ་འཁོར་གྱི་དབུས་ཤིག༔ ལྷ་ཆའི་སྒྲ་ཆོག༔ རང་གཤེད་རང་ལ་ཕོབ༔ རང་བྱད་རང་ལ་ཟློག༔ རང་མཐུ་རང་ལ་སྨིན་དུ་ཆུག༔ རང་སྲོག་རང་གིས་གཅོད་དུ་ཆུག༔ རང་ཤ་རང་གིས་ཟས་རུ་ཆུག༔ རང་ཁྲག་རང་གིས་འཐུང་དུ་ཆུག༔ ཅེས་བྲི༔ ལྟེ་བ་ནག་པོ༔ རྩིབས་བརྒྱད་སྔོན་པོ༔ རྩིབས་མཆན་དམར༔ མཚོན་ཆ་རང་མདོག༔ དེ་རྒྱབ་མུ་ཁྱུད་སེར་པོ༔ མེ་རི་མེད་དོ༔ མེ་རླུང་གི་ཁ་ལ་ཕྱར༔ མེ་ལོང་ངོས་ནས་ཁྲུས་བྱའོ༔ འདི་ཆེ་མཆོག་གཏོར་མའི་ཞབས་སུ་བཞག་ཅིང་མཐར་གཏོར་ཆེན་སྟེང་དུ་བསྲེགས་པར་བཤད་ནའང་༔ ལྟེ་བ་སྟོང་པར་བཞག་ན་བསྲེགས་མི་དགོས་ཏེ༔ ཤོག་ལིང་སྤྱི་འཚམས་མིང་དང་


CMR011_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བྲིས་ལ༔ འགུགས་གཞུག་བྱས་ལ་བལྟེབས་ནས༔ འཁོར་ལོ་འདིའི་ལྟེ་བར་བཏུམ་ནས་ལྟེབ་སྟེ་བྲུབ་ཁུང་དུ་བཅུག་ལ༔ མདོས་ཞབས་སུ་བསྒྲལ་དམིགས་རྣམས་དེ་ལ་གཙོ་བོར་བྱས༔ མཐར་ལིངྒ་ཕྱུང་ནས་ཟོར་བརྡེགས་པ་དང་སྦྱིན་སྲེག་གམ༔ ཡང་ན་གཏོར་ཟློག་ལ་མེ་རུ་བཙུགས་ལ་བསྲེགས་པ་སོགས་བྱ་ཞིང་༔ འཁོར་ལོ་ནི་དྲི་མ་མ་སོང་བར་དར་ནག་པོས་གཏུམ་ལ་ཚག་བྱས་པས༔ ནམ་བཅའ་བྲི་མི་ཐུབ་པ་དང་རབ་གནས་སུ་སོང་བས་ནུས་པ་ཆེ་བའི་གནད་དོ༔ ཕྱི་རབས་སྔགས་པ་རྣམས་དང་ཡོན་བདག་ལ༔ ཕན་ཕྱིར་ཟིན་བྲིས་འདི་ཡིས་བཞག་པ་བྱས༔ སྦ་འོས་གསལ་བཀོད་བཀའ་སྲུང་རྣམས་ལ་བཤགས༔ དགེ་བས་འགྲོ་ལ་ཕན་པོ་རྒྱ་ཆེན་ཤོག༔ དེ་སྐད་སྔགས་འཆང་རཱ་ག་ཨ་སྱས་སྨྲས༔ མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཀའ་བརྒྱད་ཁྲོ་བོ་རོལ་པའི་སྟེང་ནས་ཕུབ་པ་སྤྲིན་ཆེན་འཁོར་ལོ།next