Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཁྲོ་བོ་རོལ་པའི་ཉེར་མཁོ་ཕན་བྱའི་ལས་ཚོགས་འགའ་རེ་གོ་བདེ་བར་ལག་ལེན་དུ་ཕབ་པའི་ཟིན་བྲིས།
   
   
   
   
   
   
   


 
previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ཉེར་མཁོ་ཕན་བྱའི་ལས་ཚོགས་འགའ་རེ་གོ་བདེ་བར་ལག་ལེན་དུ་ཕབ་པའི་ཟིན་བྲིས།next

བཀའ་བརྒྱད་ཁྲོ་བོ་རོལ་པའི་ཉེར་མཁོ་ཕན་བྱའི་ལས་ཚོགས་འགའ་རེ་གོ་བདེ་བར་ལག་ལེན་དུ་ཕབ་པའི་ཟིན་བྲིས།


CMR011_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱ་འགའ་སྣང་བ་ནི་གནོད་དོགས་པས་གཞུང་ཚིག་གསལ་བར་མ་བཀོད་པའོ། བཀའ་བརྒྱད་ཁྲོ་བོ་རོལ་པའི་ཉེར་མཁོ་ཕན་བྱའི་ལས་ཚོགས་འགའ་རེ་གོ་བདེ་བར་ལག་ལེན་དུ་ཕབ་པའི་ཟིན་བྲིས་དུམ་གཅིག་བཞུགས་ལགས་སོ། །གཞུང་ནས་གསུངས་པ་རྣམས་རྒྱུད་ཚིག་ཕལ་པས་ལག་ཏུ་མི་ལོན་པར་སྣང་བས་བསལ་བར་བྱས། རྫས་མི་འཛོམ་པ་འགའ་རེ་དང་དཀའ་ཚེགས་ཆེ་བས་མ་བྲིས། ཉང་དང་ཆོས་དབང་གཉིས་ཀ་ནས་བསྡུས།


CMR011_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ ཟན་ལ་ཁོག་སྣུམ་ལེགས་པར་བཏང་ལ་ཁྱུང་གི་གཤོག་པའི་དང་རུ་གཉིས་པ་ལོགས་སུ་ཡོད་པ༔ ལག་གཉིས་སྦྲུལ་བཟུང་བ་བཟོའོ། །དེ་བཟོ་དུས་ཐོན་དཀའ་ན་ཆག་སྒོ་ཡོད་རྟགས་སོ། །ལར་མཆོད་པ་བཅའ་བ་དང་བཤམ་པ་དཀའ་ན་གོད་འོང་། སླ་ཞིང་མགྱོགས་ན་བཟང་། དེ་ནས་ལས་བྱང་ཚར་ནས། གཏོར་ཟློག་འདོན་ཁ་སྔགས་འདི་ཚར་བདུན་ནམ་ཉེར་གཅིག་གིས་ནས་ལ་སྔགས་ལ་ཁྱུང་ལ་བྲབ། ཨོཾ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་མ་ཧ་ཀྲོ་ཏ་ག་རུ་ཊ་ཙ་ལེ་ཙ་ལེ༔ པཱ་ཤ་པཱ་ཤ་པྲག་ཤ་ཕྲག་ཤ༔ དེ་ནས་གཏོར་ཟློག་ཕུལ་ཁ་ཟ་ལམ་འདོན་ཚར་བ་དང་། སྔགས་འདི་བདུན་ནམ་ཉེར་གཅིག་ནས་ལ་སྔགས་ཏེ་ཁྱུང་དེ་ལ་བྲབ་བོ༔ ཨོཾ་བཛྲ་ཀྲོ་ཏ་ཤྲཱི་ཧེ་རུ་


CMR011_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་ཧཱ་ཀྲོ་ཏ་ག་རུ་ཊ་པྲ་ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ་པྲ་ཤག་ཕྲ་ཤག༔ དེ་ནས་བཟང་ངན་སྤྲ་བརྟག་པ་སྟེ༔ ཁྱུང་གི་མགོ་ཆག་ན་སྔགས་པ་རང་ལ་ངན༔ རྭ་གཡས་ཆག་ན་སྔགས་པ་རང་ངམ་སྤུན་ལ་ངན༔ གཡོན་ཆག་ན་ཕ་སྤུན་ནམ་ཡོན་བདག་ལ་ངན། གཤོག་པ་གཡས་ཆག་ན་ཕ་སྤུན་ནམ་ཁྱིམ་མཚེས་ལ་ངནོ། གཤོག་པ་གཡོན་ཆག་ན་བུ་སྲིང་ངམ་ཁྱིམ་མཚེས་ལ་ངན། ཁ་ནས་སྤྲུལ་ཤོར་ན་ནོར་ལ་ངན། མཆུ་ཆག་ན་དགྲ་ངོ་ཡོད། ལུས་པོ་གས་སམ་གྲུམ་ཞིང་ཆག་ན་ཁ་མཆུ་འོང་། ལྟོ་བ་གས་ན་རྐྱེན་དྲག་པོ་འོང་། སྡེར་མོ་ཆག་གྲུམ་རེད་ན་ཀླུ་ནད་འོང་། མིག་གྲུམ་མམ་བྲུལ་ན་མྱ་ངན་འོང་། མཇུག་མ་ཆག་ན་མག་པ་ཚ་ཡུག་ལ་ངན། རལ་པ་གས་དང་ཆག་ན་རྐང་ཕྲན་སྤྱི་ལ་ངན། ཆག་གྲུག་


CMR011_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བཟང་སྟེ། རང་གར་རྟེན་འབྲེལ་བརྟག་པ་གྱིས་གཏོར་ཟློག་གི་དོན་གྱིས་དེ་རྣམས་འབྱུང་ཟེར་བ་མིན། ལ་ཆེན་རྐྱེན་ཆེ་ཆུང་ཡོད་མེད། རྐྱེན་འགྱུར་མ་འགྱུར་གྱི་མོ་འདེབས་པ་ལྟ་བུ་ཡིན། མ་བྱས་ཀྱང་དགོས་རྒྱུ་མེད་པས། མི་བྱེད་ན་ཁྱུང་བྲིས་སྐུ་ཡོད་ཕྱིར་ཟན་ལ་བཅའ་མི་དགོས་སོ།། ༈ གཏོར་མའི་གཟེར་ཁ་ལས་མཐའ་བཅུ་གཉིས་དང་། ཁ་བསྒྱུར་བཅུ་གསུམ་ལ་སོགས་མང་དུ་ཡོད་ཀྱང་། འདིར་ཕན་བྱའི་སྐོར་ལག་ཏུ་བླང་བདེ་འགའ་ཟུང་བསྡུས་ཏེ་བརྗོད་ན། གཏོར་ཟློག་གཞུང་ལྟར་བཅའ། རབ་ཏུ་བཀའ་བརྒྱུད་བཀའ་ཡི་འཁོར་ལོ་ཆེ་འབྲིང་གང་རུང་བྲི། མ་འཛོམ་ན་དར་ཁ་དོག་སྣ་ཚོགས་སམ། བལ་ཚོན་གསུངས་པས། སྨན་འཛུ་རབ། མ་རྙེད་ན་ཕྱག་མདུད་གང་རུང་། སྲུང་སྐུད་བྱེད་ན་ཁ་དོག་ལྔ་སྒྲིལ་རབ། མ་རེད་ན་ཁྲ་བོ་རིང་པོ་བྱས་ལ་མདུད་པ་ཉེར་གཅིག་བྱ། ཤུ་དག་ནག་པོ། གུ་གུལ། ཤིང་ཀུན། སྡོང་རོས། བཙན་དུག །རྟ་བོན། གླ་རྩི། རེ་ལྕག །མུ་ཟི་དང་དགུ་ཞིབ་པར་བཏུལ་ལ། འཁོར་ལོ་ཡིན་ན་མཚོན་ལ་སྦྱར་རམ་བྱུག་གོ །སྲུང་མདུད་དམ་སྲུང་སྐུད་ལ་ཐུམ་པོ་མདུད་པའི་བར་དུ་མདུད། ཁྲོ་བོའི་རྩ་སྔགས་རྣམས་ལ་ལྷ་རེ་རེའི་རྩ་སྔགས་ཤམ་བུ་ལ། རཀྵ་ཀུ་རུ་ཡེ་ཧཱུཾ་ཧཱུཾ། ཞེས་བཏགས་ལ་བརྒྱ་རྩ་བརྒྱད་ལ་སོགས་ཀྱིས་འཁོར་ལོའམ་སྲུང་མདུད་སྔགས། འཛབ་ཀྱི་སྐབས་སུ་ཕུ་འགྲིམ་བྱ། མཐར་རྗེས་ཆོག་དུས་མདུན་བསྐྱེད་དེ་ལ་བསྟིམ། ཡེ་དྷམ་བརྗོད། བསྲུང་བྱའི་ལུས་སམ་མགུལ་དུ་བཏགས་ན་བགེགས་རིགས་སྟོང་


CMR011_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བརྒྱད་ཅུ་དང་། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ། གློ་བུར་དགུ་བཅུ་རྩ་གཅིག །ནད་རིགས་བཞི་བརྒྱ་རྩ་བཞི། །དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པ་དང་། ཀླུ་གདོན་ས་བདག་ཐམས་ཅད་ཐུབ། གདོན་དང་རྐྱེན་ངན་བར་ཆད་ཐམས་ཅད་ཟློག་པར་ནུས་སོ།། –༈ སྲིའུ་མ་སོས་ན་མཆིག་དགུའི་ལྟེ་བརྒྱག་བསྡུས་ལ། གཏོར་ཟློག་ཕུལ་ཁ། མས་བུ་པང་བ་ལ་ལྟེ་བརྒྱུག་དེས་ལན་དགུ་བསྐོར་བ་གཡས་གཡོན་དུ་དགུ་བྱས་ཤིང་། གཞུང་གི་བྷྱོ་གདབ་དང་ཟློག་ཐུང་ལྟས་ངན་ཟློག་པ་འདོན་ནས། ངར་མིར་བླུགས་པསོ་སོས་སོ།། ༈་རྐུན་མའི་རྒྱུན་དུ་སྲི་ཞུགས་ན། ནོར་གང་ཤོར་གཟུགས་དང་མིང་བྲིས་པའི་མཐར་བཙག་གིས་གཡུང་དྲུང་དང་། རྡོ་རྗེ་རྒྱ་གྲམ་བྲིས་པས་བསྐོར་ལ། ཟློག་པ་ལ་བཙུགས། གཏོར་ཟློག་ཕུལ་ཁ་འོ་དོད་ཆེན་པོས། བོར་བ་ཚོ་བསྒྲུང་ལ་རྩད་ཆོད་རྩད་ཆོད་ཅིག་རྐུན་སྲི་ཟློག་ཅིག་བརྗོད་ལ། མེ་དང་ཆུ་ཕྱོགས་བཅུར་གཏོར་རོ། །དེས་རྩད་ཆོད་ཅིང་ཕྱིས་མི་འབྱུང་ངོ་།། ༈ ། ནོར་དང་དཀོར་མཛོད་མི་འཕེལ་ལྟོགས་འགོང་བསེ་རག་ཞུགས་ན། ཕྱུགས་གཡང་ཆེན་གྱི་སྤུ་དང་ཕྱུག་པོའི་འབྲུ་སྣ་ཟས་སྣ་མང་དུ་བསགས་ལ་མཆོད་ཅིང་གཡང་འགུགས་གཡང་སྐྱབས་གང་རུང་སྤྱི་ལྟར་བཅའ་ལ་ནུབ་རེ་འདོན། ཟློག་པ་དུས་རྒྱུན་ནམ་འབུལ་ཁ་མདུན་དུ་ཐག་དུམ་ནག་པོའི་དྲྭ་མིག་དགུ་བྲིས་ལ། མར་མེ་ཀར་ཆུང་དགུ་བཤམ། བྱོས་གདབ་པའི་སྐབས་སུ། མར་མེ་དགུ་སྦར་ལ་དྲྭ་བ་དེ་དུམ་བུར་བཅད་ལ་ངར་མིའམ་རྔ་མོང་ནང་དུ་འཕེན། ཁྱུང་ཟློག་སྐབས་སུ་


CMR011_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཡབ་མོ་ལན་དགུ་རྡེབ་བཅོལ། གྲོལ་ཁ་གཡང་སྐྱབས་ཚར་གཅིག་འདོན། བཀྲ་ཤིས་བརྗོད་ལ་གཡང་རྫས་མཛོད་ཕུག་གམ། འབྲོག་པ་ཡིན་ན་རྐང་ཚེ་ནང་དུ་ཕུད་རྣམས་བླུགས་སོ།། ༈ ནད་པ་ཡུན་རིང་ཤི་སོས་མ་འབྱེད་ན། གཏོར་ཟློག་འབུལ་ཁ་ནད་པའི་སྔོན་དུ་ཞོ་ཕོར་གང་བཞག །བྷྱོས་གདབ་པའི་སྐབས་སུ་བྷྱོའི་འོ་དོད་དེར་ཡོད་ཚད་ཀྱིས་གྱེར་ལ། ཞོ་དེ་ནད་པའི་ངོ་ལ་བཏབ་པས་ཤི་སོས་འབྱེད་འོང་ངོ་།། ༈ ཆགག་ཆེ་བ་དང་ལྟས་ངན་མི་རུང་བ་བྱུང་ན། གནས་དེ་ནས་གོམ་པ་བདུན་གྱི་སར་ཤིང་སྟག་པའི་མེ་ཆེན་པོ་བུས་ལ། ཁྱིམ་དུ་གཏོར་མའི་མདུན་དུ་ཐེ་གུ་མཐོ་དགུ་པ་གཅིག་ཐུར་དུ་བརྐྱང་ལ། ཟློག་གཞུང་བྱོས་གདབ་པའི་སྐབས་སུ། སྔགས་པས་དྲག་སྔགས་སོ་ལྔ་པ་འདོན་ཞིང་མཐོ་རེ་གྲིས་གཏུབ་ལ། རིམ་ནས་མེ་ནང་དུ་འཕེན་འཇུག་ལ། དེ་འདྲ་རེའི་སོར་ཆུ་གཟར་རེ་སྒོ་རྒྱབ་ཏུ་གཏོར་ཞིང་ཐམས་ཅད་ཀྱིས་བྷྱོ་གྱེར། ལག་ཐལ་རྡེབ་གཞུག་གོ །རྐྱེན་ངན་ཐམས་ཅད་བཟློག་ཅིང་ཞིའོ།། ༈ ཡུལ་ཁམས་སུ་ནད་རིགས་སྣ་ཚོགས་བྱུང་ན། མི་ནོར་ཐམས་ཅད་ཕྱགས་མས་འདེབས་པ་བྱུང་ན། མདུན་དུ་ཐག་པའམ་སྐུད་པ་དྲྭ་མིག་ཉེར་གཅིག་ཡོད་པ་ན། ཐག་པ་བྲན་པ་ལྟར་བྲེ། ཁྱུང་ཟློག་ལ་ཟིན་ནས་སྔགས་པས་བེར་ནག་གྱོན། ཞྭ་ནག་གམ་དར་རས་ཀྱིས་ཐོད་བཅིང་བ་ལ་གསེར་དང་གཡུ་བཏགས། ཁ་ཁུག་གཉིས་སུ་བཙག་དང་རམ་གྱིས་མུར་ཤིང་བྷྱོ་ཕཊ་བརྒྱ་ཙམ་འདོན། ལག་གཡས་རལ་གྲི་རྣོན་པོ་གཅིག་བཟུང་། གཡོན་ལྕགས་ཕུར་འདྲིལ་ཞིང་བཟློག་སྔགས་སྔགས་བྱང་དེ་


CMR011_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ལ་གྲོད་པ་རློན་པ་གཅིག་སྔགས་ཀྱིས་རིམ་པར་སྤུར་ལ་ཁ་བཅིངས་ལ་བཞག །ཁྱུང་ཟློག་འདོན་ཚར་བ་དང་། དམོད་བྱང་ངམ་གནོད་པ་བཟློག་རྫས་དམོད་མོ་གང་དགོས་བྱ། ཀུན་གྱིས་བྷྱོ་རིང་གྱེར་ཞིང་དྲ་མིག་གྲིས་བཅད་ཅིང་གཏུབ་ལ་ངར་མིའམ་རྔ་མོང་ནང་དུ་བཞག །གྲོད་པ་ལན་མང་དུ་ས་ལ་བརྡབས། ཟ་ལམ་མམ་རྔ་མོང་ནང་དུ་བཞག་གོ། ༈ གྲོང་ཡུལ་དུ་ཆག་སྒོ་ཆེ་ན། ཁྱུང་ཟློག་སྐབས་སུ། སྐུད་པ་ཁྲུ་གང་པ་བཅུ་གཅིག་ཁབ་མིག་སྤྱད་ལ། ཁྱུང་གི་ལྟོ་བ་ནས་དྲང་སྟེ། ཁྱུང་ཟློག་འདོན་ཚེ་གཅིག་གིས་བྱུང་དེས་གྲོང་ལ་སྐོར་བ་གཡས་གཡོན་གསུམ་རེའམ་རེ་རེ་བྱས་ཤིང་བྷྱོ་བརྗོད་ཅིང་འགྲོ་ལ། འཁོར་ནས་སླར་གཏོར་མ་ལ་བཙུགས་སོ། །དེས་བཟློག་པར་ཐེ་ཚོམ་མེད་གསུངས་སོ།། ༈ མི་ལ་ན་ཚ་རྒོད་པ་དང་། ནོར་ཕྱུགས་ལུག་སོགས་མི་སོས་གོད་མང་བ་སོགས་མི་དགེ་བ་མང་པོ་བྱུང་ན། མདུན་མ་ཀིར་ས་ཕྱེའི་ཕུང་པོ་དགུ་སྤུངས། མེ་ཕུང་དགུ་འབུད། ཏིང་ཆེན་པོའམ་མེད་ན་ཕོར་པར་མཆོད་ཡོན་དགུ་རྣམས་དབུས་དང་ཕྱོགས་མཚམས་སུ་ཚོམ་བུར་སྤེལ་མར་བཀོད། གྲོད་པ་རློན་པ་གཅིག་ཟློག་པའི་སྔགས་བྱང་བཟླས་པའི་ཕུས་སྤུར་ལ་ཁ་བཅིངས་ནས་བཞག །དེ་ནས་གཏོར་ཟློག་གི་བྷྱོ་གདབ་པའི་སྐབས་སུ། སྔགས་པས་བེར་ནག་གྱོན་ཞྭ་ནག་གམ་ཟམ་པུའི་ཐོད་བཅིངས་བ། ཁྲོ་བོ་ཆེ་མཆོག་དགུའི་ཙཀ་ལིའམ་མེད་ན་ལས་བྱང་དཔེ་ཆ་རྒྱབ་ཏུ་ཁུར། འོ་དོད་ཆེན་པོས། མིའི་ན་ཚའི་ལྟས་ངན་ཟློག༔ །ནོར་གྱི་གོད་ཁའི་ལྟས་


CMR011_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཟློག༔ བཀྲ་མི་ཤིས་པའི་ལྟས་ངན་ཟློག༔ །ཐམས་ཅད་ཀྱིས་བྷྱོ་རིང་གྱེར་ཞིང་སྔགས་པ་དང་ཡོན་བདག་གཉིས་ཀས་མེ་ཆུ་ས་གསུམ་ལ་གཡས་སྐོར་དགུ་གཡོན་སྐོར་དགུ་བྱ། དྲག་སྔགས་བརྗོད་ཅིང་གྲོད་པ་ས་ལ་རྡེབ། མེ་ཆུ་ས་རྣམས་ཕྱིར་དོར་བཅུག་གོ། ༈ མི་ཁའི་ཁ་སྨྲས་སམ། ཁ་མཆུའི་སྲི་ཞུགས་སམ། མ་ཉེས་ཁ་ཡོག་གི་སྲི་ཞུགས་ནས་རྟག་ཏུ་རྒྱུན་མི་ཆད་ན། སྦྱང་ཕྱེ་སྡེར་གང་ལ་ཡུངས་ཀར་དང་སྐེ་ཚེ་ཤང་ཚེ་བསྲེས་ལ་བཞག །གཏོར་ཟློག་སྦྱོ་གདབ་སྐབས་སུ་ཡོན་བདག་སོགས་མི་ཁ་ཟུག་པ་དེ་མདུན་དེར་འདུག་ལ་སྦྱང་ཕྱེ་བཟུང་། མི་གཞན་འགའ་རེས་མི་དེ་ལ་སྔར་བྱུང་བའི་གཏམ་ངན་དང་ཁ་མཆུ་སོགས་གླེང་ལ་ཁྱོས་འདི་བྱས་རབ་ངན་ཁ་བརྗོད། མི་ཡོན་བདག་གམ་རང་ངམ་བསྲུང་བྱ་སུ་ཡིན་དེས་ང་མ་ལེན་གྱི་གཏམ་བཏང་ལ་ཁ་ཤག་བཀྱེ། དེ་ནས་མི་ཁ་བྲམ་མཆུ་ཁ་སྨྲས་གླེང་གཞི་བཟློག་ཅེས། ཐམས་ཅད་ཀྱིས་བྷྱོ་རིང་གྱེར་ལ་སྤང་ཕྱེ་ཐུལ་ཙམ་ངར་མི་དང་རྔ་མོང་ལ་བཏབ། ལྷག་མ་ཕྱིའི་ཕྱོགས་ཀུན་ཏུ་གཏོར་རོ། །དེས་ཐུབ་བོ། །ཞེས་ལས་ཚོགས་ཉེར་མཁོ་བཅུ་གཅིག་ལག་ལེན་དུ་ཕབ་པ་རཱ་ག་ཨ་སྱས་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་པོར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ཉེར་མཁོ་ཕན་བྱའི་ལས་ཚོགས་འགའ་རེ་གོ་བདེ་བར་ལག་ལེན་དུ་ཕབ་པའི་ཟིན་བྲིས།next