Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་རཏྣ་ལུགས་ཀྱི་དྲིལ་སྒྲུབ་ཟབ་པ་རྒྱུན་དུ་ཁྱེར་བདེ།
   
   
   
   
   
   


 
previousབཀའ་བརྒྱད་རཏྣ་ལུགས་ཀྱི་དྲིལ་སྒྲུབ་ཟབ་པ་རྒྱུན་དུ་ཁྱེར་བདེ།next

བཀའ་བརྒྱད་རཏྣ་ལུགས་ཀྱི་དྲིལ་སྒྲུབ་ཟབ་པ་རྒྱུན་དུ་ཁྱེར་བདེ།


CMR011_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་རཏྣ་ལུགས་ཀྱི་དྲིལ་སྒྲུབ་ཟབ་པ་རྒྱུན་དུ་ཁྱེར་བདེ་བཞུགས་སོ༔


CMR011_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ འགྲོ་བ་སེམས་ཅན་ཀུན་དོན་དུ༔ སྒྲུབ་པ་བཀའ་བརྒྱད་བསྒྲུབས་ནས་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཆོས་ཀུན་སྟོང་པའི་ངང་ཉིད་ལས༔ པདྨ་ཉི་ཟླ་དྲེགས་པའི་སྟེང་༔ ཧཱུྃ་ཡིག་མཐིང་ནག་ཡོངས་གྱུར་ལས༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན༔ གཡས་གསུམ་རྡོ་རྗེ་གཡོན་གསུམ་བྷནྡྲ་


CMR011_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ རྡོ་རྗེ་རིན་ཆེན་གཤོག་ལྡིང་ཆས་བརྒྱད་གསོལ༔ གནམ་ཞལ་མཐིང་སྐྱ་ཞལ་གཅིག་ཕྱག་གཉིས་པ༔ ཁཊཾ་གཡས་འཁྱུད་དུང་དམར་གཡོན་ནས་འཁྱུད༔ དེ་ལྟར་ཡོངས་རྫོགས་བདག་ཉིད་དཔལ་ཆེན་ལ༔ ཀུན་གྱི་བདག་ཉིད་ཡེ་ཤེས་རྩ་བའི་ལྷ༔ སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རུ༔ འཇམ་དཔལ་སྤྱན་གཟིགས་རྡོར་སེམས་ཕྱག་རྡོར་བསྐྱེད༔ རལ་གྲི་ཨུཏྤལ་པད་ཕྲེང་དྲིལ་བུ་བསྣམས༔ སྐུ་མདོག་ཕྱག་མཚན་རང་རང་སོ་སོར་བསྐྱེད༔ དབུ་རྒྱན་ཐོད་སྐམ་ལྔ་ནང་རིགས་ལྔ་བསྐྱེད༔ དེ་ནས་སྲས་མཆོག་གོ་ཆའི་ལྷ་བསྐྱེད་པ༔ དཔྲལ་བར་འཇམ་དཔལ་


CMR011_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་པདྨ་དབང་༔ ཐུགས་ཀར་བཛྲ་ལྟེ་བར་རྡོ་རྗེ་གཞོན་ནུ་ཆེ༔ གསང་བར་བླ་མེད་སྤྱི་བོར་རིག་པ་འཛིན༔ བརླ་གཡས་དྲེགས་འདུལ་བརླ་གཡོན་སྟོབས་ལྡན་ཆེ༔ ཀུན་ཀྱང་གཡས་པས་རང་རྟགས་ཕྱག་མཚན་དང་༔ གཡོན་པས་བྷན་འཛིན་ཞལ་གཅིག་ཕྱག་གཉིས་པ༔ རིན་ཆེན་གཤོག་རྩེར་ཀླུ་འདུལ་ཡེ་ཤེས་ཁྱུང་༔ དཀར་ནག་ཕོ་མོ་ཁྲོ་བོ་ཁྲོ་༧མོའི་ཚོགས༔ ཡང་སྤྲུལ་འཁོར་ཚོགས་རྔམས་བརྗིད་རགས་པར་བསྐྱེད༔ ཀུན་གྱི་ཐུགས་ཀར་ཉི་སྟེང་ཧཱུྃ་ཆེན་བསྐྱེད༔ དབང་བསྐུར་བྱིན་རླབས་སྤྱན་དྲངས་གཉིས་མེད་བསྟིམས༔ ཧཱུྃ༔ རང་བྱུང་དཔལ་ཆེན་ཁྲོ་བོའི་ཚོགས༔ མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔ་ཡི་དབང་བསྐུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧཱུྃ༔ རྣམ་དག་ཆོས་དབྱིངས་ངང་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ཧཱུྃ༔ སྣང་སྲིད་འདོད་ཡོན་ཚོགས་ཀྱིས་མཆོད༔ རྨད་དུ་བྱུང་བའི་གཏོར་མ་དང་༔ དམ་རྫས་


CMR011_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་མཆོད་པ་དང་༔ སྦྱོར་སྒྲོལ་རཀྟའི་མཆོད་པས་མཆོད༔ ཨོཾ་བཛྲ་པུངྒེ་སོགས༔ ཤབྡ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ༔ དྲེགས་པ་ལྷ་ཆེན་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཆེ་མཆོག་ལ་སོགས་དཔལ་ཆེན་ཁྲོ་རྒྱལ་ཚོགས༔ གར་དགུའི་ཚུལ་གྱིས་ཧཱུྃ་སྒྲ་སྒྲོག་ལ་བསྟོད༔ ཀུན་གྱི་ཐུགས་སྲོག་ཧཱུྃ་ནི་བདུན་འབུམ་བསྙེར༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་བ་ཀུན་གྱི་དྲིལ་སྒྲུབ་ཧཱུྃ་རང་ཟབ༔ དེ་རྗེས་སྒྲུབ་པའི་ལས་སྦྱོར་གནད་དྲིལ་བ༔ བདེ་གཤེགས་ཡོངས་རྫོགས་དྲག་སྔགས་བརྒྱད་ཅུ་པ༔ དལ་ལ་གསལ་དག་འབྲུག་དབྱངས་ལྡིར་ལྟར་བཟླས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་མཱ་དྷིཧཱུྃ་ཨཱཿ ཨོཾ་ཤྲཱི་མ་ཧཱ་ཀྲོ་དྷ་ཧཱུྃ་ཤྲཱི་ཧེ་རུ་ཀ༔ ཨེ་ཡ་མཱནྟ་ཀ༔ ཧྲཱིཿཔདྨནྟ་ཀྲྀཏ༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀཱ༔ ཀཱ་ལ་རཱུ་པ༔ ཡཀྵ་ཀྲོ་དྷ༔ བཛྲ་སརྦ་དུཎྞཾ༔ ཁྲོ་ག་རུ་ཏ༔ མ་མ་ཀྲོ་ཏཱི་ཤྭ་རཱི༔ ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གསང་བ་འདུས་པའི་དྲག་སྔགས་ཐོག་ལྟ་བུའོ༔ སྤྲོ་བསྡུ་དམིགས་པ་ངར་ལྡན་འཛབ་ལ་འབད༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སོ་ལྔ་པའམ་བསྒྲུང་བ་ཟབ་བོ༔ བཀའ་བརྒྱད་རཏྣ་ལུགས་ཀྱི་རྒྱུན་ཁྱེར་བདེ་བར་བྱས་པ་རཱ་ག་ཨ་སྱས་སྦྱར་བའོ༔ ༔


CMR011_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཀའ་བརྒྱད་རཏྣ་ལུགས་ཀྱི་དྲིལ་སྒྲུབ་ཟབ་པ་རྒྱུན་དུ་ཁྱེར་བདེ།next