Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ།
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ།next

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ།


CMR011_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ་ཡོད།


CMR011_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ནས། །དགོངས་གཏེར་བཀའ་བརྒྱད་ལུས་དཀྱིལ་འདོན་འགྲིགས་དགོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། ཧཱུྃ། དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ དྲན་རྫོགས་དམ་ཡེ་དབྱེར་མེད་པའི༔ བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་པའི་ཕྱག་གསུམ་རྡོ་རྗེ་གསོར༔ གཡོན་པའི་ཕྱག་གསུམ་བྷདྨ་འཛིན༔ ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ གཡས་པས་གཙོ་འཁྱུད་གྲི་ཁུག་སྟེ༔ གཡོན་


CMR011_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆགས་པའི་དུང་དམར་སྟོབ༔ བྱོལ་སོང་གཙོ་བརྒྱད་དྲེགས་པའི་སྟེང་༔ བསྐལ་པའི་མེ་དཔུང་ཀློང་དུ་བཞུགས༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷི་ཤྭ་རཱི་སིཾ༔ ཧཱུྃ༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་སེར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་བེ་ཅོན་རལ་གྲི་ས༔ གཡོན་གསུམ་སྡིགས་མཛུབ་མདུང་བྷན་དམར༔ ཡུམ་ཆེན་བཛྲ་བེ་ཏ་ལི༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་


CMR011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ མགྲིན་པར་དབང་ཆེན་རྟ་མཆོག་རྒྱལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་སྔོ་དབུས་དམར་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊཾ་ཞགས༔ གཡོན་གསུམ་དྲིལ་བུ་བྷན་དམར་སྒྲོག༔ ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ ཐུགས་ཀར་བཛྲ་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁ་ཊཾ་རྗ༔ གཡོན་གསུམ་དྲིལ་བྷན་རྒྱུ་ཞགས་བསྣམས༔ ཡུམ་ཆེན་ཀྲོ་དྷི་ཤྭ་རི་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔


CMR011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ལྟེ་བར་བླ་མེད་ཧེ་རུ་ཀ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ཁྱུང་སྦྲུལ་ཞག་གས༔ གཡོན་གསུམ་བྷནྡྲ་ཞིང་གའུ༔ ཡུམ་ཆེན་ཉིད་བཞི་མུ་ཁ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ མ་ལྔ་ལ་སོགས་འཁོར་བཅས་གསལ༔ ཨོ་གུ་ཧྱ་ཛྙཱ་ན་ཤི་ཧེ་རུ་ཀ་ཀྲོ་དྷི་ཤྭ་རཱི་ཧཱུྃ་ཕཊ༔ ཧཱུྃ༔ གསང་བར་རྡོ་རྗེ་གཞོན་ནུ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ལྗང་ཞལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གཉིས་རྩེ་དགུ་རྩེ་ལྔ་སྟེ༔ གཡོན་གཉིས་མེ་དཔུང་ཁ་ཊཾ་ག༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡས་སྟོབས་ལྡན་ནག་པོ་ཆེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་


CMR011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བགྲད༔ དབུ་གསུམ་མཐིང་ནག་འཇིགས་པ་ལ༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་སྙིང་༔ གཡོན་གསུམ་བྷནྡྷ་ཀླུ་བརྒྱད་སྙིང་༔ ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ གཡས་པས་གཟུགས་ཁམས་མཁའ་ལ་འདེགས༔ གཡོན་པས་འདོད་ཁམས་ས་ལ་གནོན༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་སརྦ་དུཥཱན་ཧཱུྃ་ཕཊ༔ ཧཱུྃ༔ བརླ་གཡོན་དྲེགས་པ་ཀུན་འདུལ་རྗེ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ གཡས་གསུམ་རྡོ་རྗེ་ལྷ་བརྒྱད་མགོ༔ གཡོན་གསུམ་བྷ་ཀླུ་བརྒྱད་མགོ༔ ཡུམ་ཆེན་སྲིད་པ་སྤྱི་འདུལ་འཁྲིལ༔ གཡས་པས་གཙོ་འཁྱུད་ཁ་ཊཾ་ག༔ གཡོན་པས་ཆགས་པའི་དུང་དམར་སྟོབ༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥཱན་ཧཱུྃ་ཕཊ༔ ཧཱུྃ༔ སྤྱི་གཙུག་རིག་འཛིན་རྡོ་རྗེ་ཆོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད༔ སྐུ་མདོག་དཀར་དམར་རུས་རྒྱུན་མཛེས༔ རིགས་ལྔས་དབུར་བརྒྱན་ཐུགས་སྲོག་གསལ༔ རྡོ་རྗེ་དྲིལ་བུའི་


CMR011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བསྒྱུར༔ ཡུམ་ཆེན་ཆོས་དབྱིངས་རྣལ་འབྱོར་འཁྲིལ༔ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་སྐྱེད༔ རིགས་བཞི་ལ་སོགས་འཁོར་བཅས་གསལ༔ ཨོ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཧཱུྃ༔ ཡང་དག་ཐུགས་ཀར་ཡེ་ཤེས་སེམས༔ མཐིང་ནག་ཞི་བའི་ཆ་བྱད་ཅན༔ རྡོ་རྗེ་དང་ནི་དྲིལ་བུ་བསྣོལ༔ འདོར་སྟབས་བཞུགས་པ་ཚོན་གང་ཙམ༔ དེ་ཡི་ཐུགས་ཀར་ཧཱུྃ་མཐིང་ནག༔ ནས་འབྲུ་ཙམ་ལ་རྩ་སྔགས་བསྐོར༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུཾ་ཕཊ༔ སྤྲོ་བསྡུ་དང་བཅས་བསྙེན་པ་བྱ། །མདུན་བསྐྱེད་དཀྱིལ་འཁོར་སྐད་ཅིག་བསྐྱེད། ཧཱུྃ༔ མདུན་དུ་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཡབ་ཡུམ་སྲས་དང་སྤྲུལ་པ་འཁོར་དང་བཅས༔ བཀའ་བརྒྱད་ལྷ་ཚོགས་བདུན་བརྒྱ་ཉི་ཤུ་རྣམས༔ ཕྱོགས་མཚམས་མེད་པར་འོད་ཟེར་མཐའ་ཡས་ཁེངས༔ རང་རང་གནས་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ ཆོས་དབྱིངས་མཉམ་ཉིད་རིག་པའི་ཡེ་ཤེས་ལྷ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ མ་བཅོས་ལྷུན་གྲུབ་ཛ༔ཧཱུྃ་བཾ་ཧོས༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ལྷན༔ རང་


CMR011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཡེ་ཤེས་ལྷ་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རང་བྱུང་ཐབས་ཤེས་དབྱེར་མེད་སྨན་གྱིས་མཆོད༔ རྒྱུ་རྐྱེན་རྣམ་དག་བདུད་རྩི་གཏོར་མས་མཆོད༔ ཆགས་བྲལ་རཀྟ་དམར་ཆེན་རྫས་ཀྱིས་མཆོད༔ ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ གཉིས་མེད་བླང་དོར་མེད་པའི་ངང་དུ་མཆོད༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་སུ་ཁ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ ཡང་དག་ཐུགས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་བསྟོད༔ མ་མོ་རྦོད་གཏོང་ལྷ་ལ་ཕྱག་འཚལ་བསྟོད༔ དམོད་པ་དྲག་སྔགས་ལྷ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་མཆོད་བསྟོད་ལྷ་ལ་ཕྱག་འཚལ་བསྟོད༔ རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བཀའ་བརྒྱད་བདག་མདུན་ཆ་ཚང་འདི། །སྔོན་གྱི་གཏེར་རྙིང་རྣམས་ནས་བསྡུས་ཏེ་བསྒྲིགས། །གནད་དང་མན་ངག་བརྒྱུད་པ་གསར་པ་


CMR011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་དགོངས་གཏེར་ཡིན། །དགོངས་གཏེར་གཞུང་དུ་དམིགས་པ་བསྙེན་སྔགས་དང་། །དབང་བསྐུར་རྩ་ཚིག་རྒྱུད་ཚིག་ལྟ་བུ་ལས། །ངག་ཏུ་འདོན་ཚེ་གསལ་བར་མ་བྱུང་བས། །སྤྲུལ་སྐུ་ཉིད་ཀྱི་དགོངས་པས་རྗེས་གནང་ཕྱིར། །འདོན་ཆ་རཱ་ག་ཨ་སྱས་བསྒྲིགས་པ་ལ། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་འགྲོ་ཀུན་པད་འབྱུང་ཉིད་འགྲུབ་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་གྱི་བཀའ་བརྒྱད་ལུས་དཀྱིལ་འདོན་ཆ་བསྒྲིགས་པ།next