Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

3 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
 
བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་མདོར་བསྡུས་ཏེ་བཀོད་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
 
  
  
  
  
  
  
  
  
  
  
  
  


3 occurrences of འཚེར་རྩུབ་
[Clear Hits]

 
previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་མདོར་བསྡུས་ཏེ་བཀོད་པ།next

བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་མདོར་བསྡུས་ཏེ་བཀོད་པ།


CMR011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་མདོར་བསྡུས་ཏེ་བཀོད་པ་བཞུགས་སོ༔ ཤམཐ༔ ཧོ༔ དགོངས་སུ་གསོལ་ལོ༔ ཞི་བ་བཞི་བཅུ་རྩ་གཉིས་དགོངས་སུ་གསོལ་ལོ༔ ཁྲག་འཐུང་ཆེ་མཆོག་གཙོ་དགུ་ཡབ་ཡུམ་དགོངས་སུ་གསོལ་ལོ༔ སྲས་དང་སྤྲུལ་པའི་འཁོར་ཚོགས་དགོངས་སུ་གསོལ་ལོ༔ བཀའ་སྡོད་ཕོ་ཉ་དམ་ཅན་ཐམས་ཅད་དགོངས་སུ་གསོལ་ལོ༔ བདག་ཅག་ཡོན་མཆོད་བསྲུང་བྱ་འདི་རྣམས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྣམས༔ བཀུག་ཅིང་བཅིང་བའི་ལས་ལ་དགོངས་སུ་གསོལ༔ བཟློག་ཅིང་བསད་པའི་ལས་ལ་དགོངས་སུ་གསོལ༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ལས་ལ་དགོངས་སུ་གསོལ༔ དམ་ཚིག་དུས་ལ་བབ་བོ༔ སྒྲུབ་པའི་རྟགས་ཕྱུང་ཞིག༔ སྙན་པའི་གྲགས་པ་སྒྲོག་ཅིག༔ སུ་ལ་མི་རེ་ཁྱོད་ལ་རེའོ༔ སུ་ལ་མི་ལྟོས་ཁྱོད་ལ་ལྟོས་སོ༔ རྒྱལ་མཚན་དུ་ཁྱོད་འཛུགས་སོ༔ དཔའ་དར་དུ་ཁྱོད་ཕྱིར་རོ༔ སྡང་བའི་དགྲ་ཐུལ་ཅིག༔ གནོད་པའི་བགེགས་ཆོམས་ཤིག༔ རྣལ་འབྱོར་པ་བདག་གི་ཡུལ་འཁོར་སྲུངས་ཤིག༔ བྱེས་སུ་རྐྱེན་ཟློག་ཅིག༔ བསམ་པ་སྒྲུབ་ལ་རེ་བ་སྐོངས་ཤིག༔ སྤོ་ལ་དར་ཕྱོར་ཞིག༔


CMR011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་དུ་དུང་བུས་ཤིག༔ མི་ནོར་ཕྱུགས་གསུམ་སྲུངས་ཤིག༔ ཆག་ཆེ་ཉམ་ང་ཟློག་ཅིག༔ རྦོད་གཏོང་རྦད་འདྲེ་ཟློག་ཅིག༔ རྨི་ལམ་རྟགས་དང་མཚན་མ་ངན་པ་ཟློག་ཅིག། རྣལ་འབྱོར་པ་བདག་གི་འདོད་དོན་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག༔ གཞན་ཡང་སངས་རྒྱས་ཀྱི་བསྟན་པ་བཤིགས་པ་དང་༔ དཀོན་མཆོག་གི་དབུ་འཕང་སྨད་པ་དང་༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བསྟན་པ་བཤིགས་པའི་དགྲ་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རློགས་ཤིག༔ ཅེས་པ་འདི་དགོངས་བཤགས་དང་དམོད་བྱང་གཉིས་ཀྱི་དོན་བསྡུས་པ་ཨ་རཱ་གས་སྦྱར་བའོ༔ བསྡུས་པ་དུས་ཀྱང་འདི་ཡན་ཆད་ཚན་གསུམ་པོ་དང་པོ་ཚར་གཅིག་ཡིན་གབ་སྤྲད་རྒྱུ་མེད། ༈ འདི་མན་གབ་སྤྱད་དགོས་ཤིན་ཏུ་བསྡུ་ན་གཞུང་ལྟར་རོ།། ཤམ། མདུན་དུ་ཉ་བོའི་སྣོད་གྲུ་གསུམ་འབར་བའི་ནང་དུ་ནི་ཏྲི་ལས་དགྲ་བགེགས་གང་ལ་བྱ་བ་དེ་དངོས་སུ་གསལ་བར་གྱུར༔ མཁྱེན་སྤང་ནི། ཧོ༔ མ་ཉེས་མ་ལེན་བདེ་གཤེགས་དཀོན་མཆོག་གསུམ༔ བཀའ་བརྒྱད༴ ཆེ་མཆོག༴ ཡང་དག༴ འཇམ་དཔལ་སྐུའི༴ པདྨ་གསུང་གི༴ ཕུར་པ་ཕྲིན་ལས༴ མ་མོ་རྦོད་གཏོང༴ རིག་འཛིན་སློབ་དཔོན༴ འཇིག་


CMR011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཆོད་བསྟོད༴ དམོད་པ་དྲག་སྔགས༴ བཀའ་སྲུང་ཕོ་ཉ༴ སྤྲུལ་པ་ཁྱུང་གི༴ ལྷ་ཚོགས་མཁྱེན་དགོངས་གཟུ་དང་དཔང་༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེ་ཡོངས་ཀྱིས་ཆོད༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀུན༔ བདག་ནི་མ་ལེན་ཆད་པ་དགྲ་ལ་ཆོད༔ བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་༔ བདག་དང་སྐྱེ་འགྲོ་ཡོངས་ལ་གནོད་ཅིང་འཚེ༔ བསྒྲལ་ཞིང་ཚང་བ་ལོ་ཟླར་བཞག་ཏུ་མེད༔ དེ་བས་མྱུར་དུ་བཀའ་ཡི་ཆད་པ་ཆོད༔ བདེན་བརྡར་ནི། ན་མོ༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྒྱལ་བ་ཞི་ཁྲོའི༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ་སྐུའི༴ པདྨ་གསུང་གི༴ ཕུར་པ་ཕྲིན་ལས༴ མ་མོ་རྦོད་གཏོང༴ རིག་འཛིན་སློབ་དཔོན༴ འཇིག་རྟེན་མཆོད་བསྟོད༴ དམོད་པ་དྲག་སྔགས༴ བཀའ་སྲུང་ཕོ་ཉ༴ སྤྲུལ་པ་ཁྱུང་གི༴ ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་དང་སྟོབས་ཀྱིས༔ བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ༔ གཟུགས་མེད་ཀྱི་བགེགས༔ བར་ཆད་ཀྱི་རྐྱེན༔ ཚེ་ལེན་གྱི་བདུད༔ བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་ད་ལྟ་ཉིད་དུ་


CMR011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལིངྒ་འདི་ལ་ཁུག་ཅིག༔ དེ་ནས་ཐུགས་དམ་བསྐུལ་ཏེ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ༴ ཡང་དག༴ གཤིན་རྗེ༴ པདྨ༴ ཕུར་པ༴ མ་མོ་རྦོད་གཏོང༴ རིག་འཛིན་སློབ་དཔོན༴ འཇིག་རྟེན་མཆོད་བསྟོད༴ དམོད་པ་དྲག་སྔགས༴ བཀའ་སྲུང་ཕོ་ཉ༴ སྤྲུལ་པ་ཁྱུང་ཆེན༴ རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཡང་དག༴ གཤིན་རྗེ༴ པདྨ༴ ཕུར་པ༴ མ་མོ་རྦོད་གཏོང༴ རིག་འཛིན་སློབ་དཔོན༴ འཇིག་རྟེན་མཆོད་བསྟོད༴ དམོད་པ་དྲག་སྔགས༴ བཀའ་སྲུང་ཕོ་ཉ༴ སྤྲུལ་པ་ཁྱུང་ཆེན༴ ཆེན་ཡོངས་རྫོགས་དྲགས་པོའི་ཕྲིན་ལས་མཛོད༔ ཕོ་ཉས་འགུགས༔ ཧཱུྃ༔ སངས་རྒྱས་བསྟན་པ་བཤིགས་པ་དང་༔ བླ་མའི་སྐུ་ལ་བསྡོ་བ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ བདག་དང་མཆེད་ལ་འཚེ་བྱེད་པ༔ སྔ་དགྲ་ལག་བརྡར་ཕྱི་དགྲ་སེམས༔ ད་དགྲ་དངོས་སུ་བསྡོ་བ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཐམས་ཅད་མྱུར་དུ་འདིར་ཁུག་ཅིག༔ དགྲ་བགེགས་ནི་ཏྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ༔ བཛྲ་གནྡྷེ་ཧོ༔ དེ་ནས་ལྷ་དང་ཕྲལ་བ་སྟེ། ཧཱུྃ༔ ཉམས་པའི་དགྲ་བགེགས་གནོད་བྱེད་གདུག་པ་ཅན༔ བསྒྲལ་


CMR011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་བཅུ་ཚང་བ་འདི་ཡིན་པས༔ འདི་ལ་ཡེ་ཤེས་འཇིག་རྟེན་གང་གིས་ཀྱང་༔ ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མ་བྱེད་ཅིག༔ གལ་ཏེ་མ་ཉན་མགོན་ཞིང་སྐྱབས་གྱུར་ན༔ ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ཡང་རྡུལ་དུ་རླག་པར་བྱེད༔ དེ་བས་ཐམས་ཅད་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་བྷི་ཤ་བཛྲ་ཀྲོ་དྷ་ཛྭ་ལ་མ་དྷ་ལ་ཧཱུྃ་ཕཊ༔ དགྲ་བགེགས་སྐྱོབ་བྱེད་ཀྱི་ལྷ་ཐམས་ཅད་དང་ཤག་ཕྱེས་ཤག་ཕྱེས༔ ཨོཾ༔ དོན་བདུན་བསྡུས་པའི་ཕུར་ལས༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ བཛྲ་ཧེ་རུ་ཀ༔ འཇམ་དཔལ༴ པདྨ་དབང་ཆེན༴ རྡོ་རྗེ་གཞོན་ནུ༔ བླ་མེད་ཧེ་རུ་ཀ༔ རིག་འཛིན་ཐོད་པ་རྩལ༔ དྲེགས་པ་ཀུན་འདུལཟ༔ སྟོབས་ལྡན་ནག་པོ༔ སྤྲུལ་པ་བཀའ་སྡོད་ཕོ་ཉའི་ཟླ༔ ཁྱུང་ཆེན་འབར་བའི་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ༴ རྟ་མགྲིན༴ ཕུར་པ༴ མ་མོ༴ རིག་འཛིན༴ མཆོད་བསྟོད༴ དྲག་སྔགས༴ བཀའ་སྡོད༴ སྤྲུལ་པ་ཁྱུང་ཆེན༴ ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ གནོད་བྱེད་


CMR011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་རྡུལ་དུ་རློགས༔ རྩ་སྔགས་ལ་སོ་ལྔ་པས་ཀྱང་རུང་༔ དགྲ་བགེགས་གནོད་བྱེད་ཤ་ཏུཾ་ཧུར་ཐུ་ཛ༔ ཚྭ་དྲི་མཱ་ར་ཡ་ཧཱུྃ་ཕཊ༔ ༈ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཨོ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་ཤ་ཏྲ་ཧུར་ཤྲཱི་ཛ༔ ནི་ཏྲི་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་ཡོངས་རྫོགས་རྩལ་གྱི་ས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མཚེ་ཐུན་གྱིས་བྲབ་བོ།། ཧཱུྃ༔ འབྱུང་བ་དུག་ཐུན་རླུང་ལྟར་འཚུབ༔ གདུག་པའི་དུག་སྣ་ཡོངས་རྫོགས་སྐུ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ཧཱུྃ༔ ཐོགས་མེད་དྲག་པོ་ལས་ཀྱི་མཚོན༔ ཕྱག་མཚན་ཡོངས་རྫོགས་མཚོན་ཆའི་ཆར༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་


CMR011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རློགས༔ ལྕགས་ཕྱེས་བྲབ༔ ཧཱུྃ༔ སྟོབས་ཆེན་འདུས་པ་མདའ་རྡོའི་ཐུན༔ བདུད་འཇོམས་ཡོངས་རྫོགས་དྲག་པོའི་མཚོན༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ མདའ་རྡོའི་ཐུན་བྲབ་བོ༔ བསྐུལ་བྱང་ཆུང་ངུ་༔ ༈ དེ་ནས་ཉ་བོ་བསྒྲལ་བ་ནི། ཧཱུྃ༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ༴ རྟ་མགྲིན༴ ཕུར་པ༴ མ་མོ༴ རིག་འཛིན༴ འཇིག་རྟེན༴ དྲག་སྔགས༴ བཀའ་སྡོད༴ སྤྲུལ་པ་ཁྱུང་ཆེན༴ སྤྲུལ་པའི་ཤན་པ་འབུམ༔ སྤུ་གྲི་རླུང་གི་དཀྱིལ་འཁོར་ནས༔ སྒོལ་བྱེད་མཚོན་ཆ་སྣ་ཚོགས་ཀྱིས༔ ལས་ངན་གདུག་པའི་དགྲ་བགེགས་འདི༔ ཤ་རུས་གཏུབ་ཅིང་སྲོག་དང་ཕྲོལ༔ སྦྱོར་སྒྲོལ་ཉམས་ཆག་བསྐང་བ་དང་༔ བསད་དང་མནན་དང་ཟློག་པ་དང་༔ དྲེགས་བྱེད་འབུམ་གྱི་ཕྲིན་ལས་མཛོད༔ དེ་ནས་དམར་སྦྲེང་བ་ནི། ཧཱུྃ༔ རུ་ཏྲ་བསྒྲལ་བའི་ཁྲག་ཆེན་པོ༔ ལྕང་ལོ་བཅས་པའི་བྷནྡྲར་བསྐྱིལ༔ འཁོར་བ་དབྱིངས་སུ་དག་པའི་ཕྱིར༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ༴ པདྨ༴ ཕྲིན་ལས༴ མ་མོ༴ རིག་འཛིན༴ འཇིག་རྟེན༴ དྲག་སྔགས༴ བཀའ་སྡོད༔ སྤྲུལ་པ་ཁྱུང་ཆེན་ཚོགས་ལ་མཆོད་པར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མུ་ལ་རཀྟ་ལ་ཁཱ་ཧི༔ ཨཝཱ་རཀྟ་ལ་ཁཱ་


CMR011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཧི༔ དེ་ནས་བསྟབ་པ་བྱ་བ་ནི། ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ ཆེ་མཆོག་ཡོན་ཏན་༴ ཡང་དག་ཐུགས་ཀྱི༴ འཇམ་དཔལ་སྐུའི༴ པདྨ་གསུང་གི༴ ཕྲིན་ལས་ཕུར་པ༴ མ་མོ་རྒོད་གཏོང༴ རིག་འཛིན་སློབ་དཔོན༴ འཇིག་རྟེན་མཆོད་བསྟོད༴ དམོད་པ་དྲག་སྔགས༴ བཀའ་སྡོད་ཕོ་ཉ༴ སྤྲུལ་པ་ཁྱུང་གི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་འབྱུང་པོ་དང་༔ གནོད་བྱེད་བྱད་མ་ཞལ་དུ་བསྟབ༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨཱ་ར་ལི༔ དབྱིངས་སུ་བསྟིམ་མོ་ས་མ་ཡ༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་བཱ་ཧི་མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ དམ་རྫས་གཏོར་མ་ཆེན་པོ་འདི༔ འདོད་ཡོན་ལྔ་ཡི་ཕུང་པོར་གསལ༔ ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་འདི༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ༴ རྟ་མགྲིན༴ ཕུར་པ༴ མ་མོ༴ འཇིག་རྟེན༴ དྲག་སྔགས༴ བཀའ་སྡོད༴ སྤྲུལ་པ་ཁྱུང་ཆེན༴ ལྷ་ཚོགས་ཐུགས་དམ་བསྐང་༔ མ་ཧཱ་བྷ་ལི་ཏ་ལ་ཁཱ་ཧི༔ པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ མ་ཧཱ་པུ་ཙ་ཁཱ་ཧི༔ དེ་ནས་བཅོལ་གཏད་པ་ནི། ཧཱུྃ༔ ཆེ་མཆོག༴ ཡང་དག༴ འཇམ་དཔལ༴ རྟ་མགྲིན༴ ཕུར་པ༴ མ་མོ༴


CMR011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན༴ འཇིག་རྟེན༴ དྲག་སྔགས༴ བཀའ་སྡོད༴ སྤྲུལ་པ་ཁྱུང་ཆེན༴ ལྷ་ཚོགས་འཁོར་བཅས་ལ༔ དམ་ཉམས་དགྲ་བགེགས་བྱད་མ་འདི༔ བསད་ཅིང་བསྒྲལ་བར་བྱ་བའི་ཕྱིར༔ མགོ་ལུས་རྒྱན་དང་བཅས་པ་འབུལ༔ བཅོལ་ལོ་གཏད་དོ་གཉེར་དུ་ལོངས༔ དེ་ནས་བྱོས་གདབ་ནི། ཧཱུྃ༔ ང་ནི་སྔགས་འཆང་རྒྱལ་པོ་ཡིན༔ བྷྱོ༔ སྟོང་གསུམ་ལྷ་འདྲེའི་བྱད་སྣ་ཡང་༔ ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཡང་ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ བར་སྣང་གཉན་གྱི་བྱད་སྣ་ཡང་ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ ས་གཞི་ཀླུ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བོའི་སྟེང་དུ་བྱོ༔ སྣང་སྲིད་ལྷ་འདྲེའི་བྱེད་སྣ་ཡང་༔ ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ གླིང་བཞིའི་བན་བོན་བྱད་སྣ་ཡང་༔ ཉམས་པའི་དགྲ་བོའི་སྟེང་དུ་བྱོ༔ མོ་ངན་ འཚེརརྩུབ next hit་ངན་པ་ཡང་ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ ལྟས་ངན་ཆོ་འཕྲུལ་ངན་པ་ཡང་༔ ཉམས་པའི་དགྲ་བོའི་སྟེང་དུ་བྷྱོ༔ བྷྱོ་བྷྱོ་བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པར་བྱེད་པའི་བགེགས་ལ་བྷྱོ༔ བྷྱོ་ཕྱོགས་བར་ཆད་བདུད་ལ་བྱོ༔ བྷྱོ་བྷྱོ་བྱད་མའི་སྟེང་དུ་བྷྱོ༔


CMR011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཟློག༔ དེ་ནས་བཟློག་གཞུང་འདོན་ནོ། བཟློག་གཞུང་གཉིས་འདོན་རེས་བྱས་ཀྱང་རུང་ངོ་༔ གཙོ་བོ་དགུ་བཀའ་སྡོད་དང་བཅུ་ཁྱུང་དང་བཅུ་གཅིག་ལ་གབ་སྤྲད་དོ༔ ང་ནི་ཆེ་མཆོག་ཧེ་རུ་ཀ་ཞེས་པ་ལ༔ ང་ནི་ཁྱུང་ཆེན་འབར་བའི་སྐུ༔ ང་ནི་བཀའ་སྡོད་ཕོ་ཉའི་ཚོགས༔ ཞེས་པ་དང་༔ བཀའ་སྡོད་ཕོ་ཉ་ཞལ་ཕྱེས་ཤིག༔ ཞེས་པ་སོགས་ཚིག་བསྒྱུར་ཤེས་པར་བྱའོ༔ བཀའ་བརྒྱད་བསད་པ་ལས་བཅུ་ནི༔ མཁྱེན་དཔང་བདེན་བརྡར་ཐུགས་དམ་སྐུལ༔ ཕོ་ཉ་བཏང་བ་ལྷ་དང་ཕྲལ་བར་འགུགས་པ་ཉེས་པ་བསྒྲགས་པ༔ བསྒྲལ་བ་མཚོན་ལས་བསྟབ་པ་དང་བཅུ་ཡིན་པ་ལ༔ འདིར་མཁྱེན་དཔང་གཟུ་དཔང་ཉེས་པ་བསྒྲགས་པ་གསུམ་གཅིག་ཏུ་བསྡུས༔ ཕོ་ཉ་བཏང་བ་འགུགས་པ་གཉིས་གཅིག་ཏུ་བསྡུས༔ ཕུར་ཐུན་ཚོམ་བསྐུལ་བསྐུལ་བྱང་ཆུང་ངུ་ཐུན་ལས་དང་གབ་པ་དོན་བདུན་བསྡུས་པ་རྣམས་གབ་སྤྲད་ནས་གཅིག་ཏུ་བསྒྲིགས་པ་ཡིན་པས༔ མདོར་ན་བཀའ་བརྒྱད་ཀྱི་བསྒྲལ་ལས་རིགས་མང་དུ་སྣང་ཡང་དོན་ཐམས་ཅད་འདི་ལ་འདུས་པ་ཡིན་ནོ༔ འདི་བྲིས་ཉེས་པ་བཀའ་བརྒྱད་ལྷ་ལ་བཤགས༔ དགེ་བས་བར་ཆད་བདུད་བཞི་ཚར་བཅད་ནས༔ གསང་སྔགས་བསྟན་པའི་རྒྱལ་མཚན་བསྒྲེང་བར་ཤོག༔ ཅེས་ཀརྨ་ཨ་རཱ་གས་བྲིས་པའོ༔ བསྡུས་པ་འདི་ནས་ཟློག་གཞུང་གཅིག་འདོན་ནོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་བརྒྱད་ཁྲོ་བོ་རོལ་པའི་ལས་འགྲིགས་མདོར་བསྡུས་ཏེ་བཀོད་པ།next