Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
རྒབ་འདྲེ་མནན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒབ་འདྲེ་མནན་ཐབས།next

རྒབ་འདྲེ་མནན་ཐབས།


CMR013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཐམཐཙའཛནམཱ༔ བཅོམ་ལྡན་སྤྱི་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །ནང་པ་ཆད་ན་དང་པོ་ནས་གནད་ལ་ཕབ་ནས་སྒྲུབ་པས་རྣོ་བས་དང་པོ་ནས་འདི་ཉིད་བྱ༔ ཡང་གཞན་སྤྱི་ཡི་ལུགས་ལྟར་ཆད་བསད་ཚད་ལས་ལྷག་ཙམ་བཟླས་ཀྱང་རྟགས་མེད་པའམ། རྟགས་བྱུང་ཡང་ཕྱི་རྟགས་དགྲ་མ་སོད་ན་གནད་དབབ་འདི་བྱའོ། །དཀྱིལ་འཁོར་གྱི་ཕྱོགས་བཞིར་ཕུང་ཤུལ་གྱི་ས་དང་བཀྲ་མི་ཤིས་པའི་ས་ལ་མཆོད་རྟེན་ནག་པོ་བང་རིམ་ནང་སྟོང་པ་བྲུབ་ཁང་དུ་ཡོད་པ་བཞི། མགོ་མཇུག་ལྡོག་ལ་བཞག །བང་རིམ་ཁོང་སོང་བྲུབ་ཁུང་བཞིར། རབས་ཆད་ཐོད་པ་བཞི་མ་རྙེད་ན་ཐོད་ངན་བཞིར་དགྲ་བོའི་ལིངྒ་བཞག །ཁ་བཅད་ཐུན་ལམ་ནས་ཐུན་ཐག་དྲངས། ཐུན་ཐོག་སྟེང་གི་མཆོད་རྟེན་བཞི་ལ་བཏགས་ཏེ། །ལྷ་ཁང་དང་མཆོད་རྟེན་གདན་ས་བཀྲ་ཤིས་པའི་ས་ལ་མཆོད་རྟེན་དཀར་པོ་བྱས། དེའི་བུམ་པར་ཁྲོ་ཆུའི་སྐུ་དཀར་པོ་ལ་བསྙེན་སྔགས་བྲིས་པ་བཅུག་ལ། ཤར་གྱི་མཆོད་རྟེན་ནག་པོའི་སྟེང་ནས་མནན་ལ་བཞག །གནས་གཞི་དང་སྡེ་པ་ཆེན་པོ་ཁང་པའི་ས་སོགས་རྒྱས་པའི་ས་ལ་མཆོད་རྟེན་སེར་པོ་བྱས། ནང་དུ་ཁྲོ་ཆུའི་སྐུ་སེར་པོ་ལ་བསྙེན་སྔགས་བྲིས་བཅུག་ལ་ལྷོའི་མཆོད་


CMR013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནག་པོའི་སྟེང་དུ་བཞག །ཚོང་འདུས་ཆེན་པོ་དང་ཁྲོམ་འདུས་པའི་ས་སོགས་དབང་གི་ས་ལ་མཆོད་རྟེན་དམར་པོ་བྱས། ནང་དུ་ཁྲོ་ཆུའི་སྐུ་དམར་པོ་དང་བསྙེན་སྔགས་བཅུག་ལ་ནུབ་ཀྱི་མཆོད་རྟེན་དམར་པོའི་སྟེང་དུ་བཞག །གཡུལ་གྱི་ས་དང་ཐོག་རྒྱབ་པ་སོགས་དྲག་པོའི་ས་ལ་མཆོད་རྟེན་ལྗང་གུ་བྱ། ནང་དུ་ཁྲོ་ཆུའི་སྐུ་ལྗང་ནག་དང་བསྙེན་སྔགས་བྲིས་ལ་བཅུག་། བྱང་གི་མཆོད་རྟེན་སྟེང་དུ་བཞག །མཆོད་རྟེན་བཞི་ཁྲོ་ཆུ་དཀར་སེར་དམར་ལྗང་བཞིར་བསྐྱེད་བསྟིམ་རབ་གནས་སོ་སོར་བྱས། འོག་གི་ལིངྒ་ལ་བཀུག་གཞུག་བྱས།་ཕྱོགས་གསུམ་ནས་ཐུན་ལམ་བྱས། ཐུན་ཐག་གསུམ་རེ་འཐེན་ནས་རང་རང་གིས་སྟེང་གི་མཆོད་རྟེན་ལ་བརྟོད་དོ། །གཅིག་དབུས་ཀྱི་གཏོར་མ་ལ་བརྟད་དོ། །གཅིག་རང་གིས་བཟུང་བའི་ཆེད་དུ་རང་མདུན་དུ་རལ་གྲི་ལ་བརྟད་དོ། །རང་ཉིད་ཡེ་ཤེས་ཀྱི་འཇམ་དཔལ་ཁྲོ་བོར་གསལ་བའི་གཡས་སོར་ལྔ་ཆུ་སྲིན་ལྔ། གཡོན་སོར་ལྔ་གནམ་ལྕགས་ཀྱི་སྡིག་པ་ལྔ། དེ་ཡི་བར་དུ་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་གདོང་བཙིར་ཞིང་བསྡམས་པས། མ་བཟོད་ནས་ང་མ་གཟིར་དང་ཅི་གསུང་གི་ལས་བསྒྲུབ་ཟེར་ནས་སྲོག་སྙིང་ཕུལ་བར་བསམས་ལ། ཡ་མ་རཱ་ཙ༔ ཡ་མ་


CMR013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཡ་མ་དུ་ཏྲི་སྙིང་སྲོག་འདར་འདར༔ ཤ་ཁྲག་དུམ་དུམ༔ ཚལ་ཚལ༔ ཆད་ལིང་༔ ཡ་མ་རཱ་ཙ༔ མཱ་ར་ཡ་ཆད་ལིང་ཛ་ཛཿ གཟིར་སྔགས་ཏེ་བྱད་མ་འབུམ་གྱི་སྲོག་སྙིང་དུས་གཅིག་འཇོམས་པའི་སྔགས་སོ༔ ༈ ཡང་རང་ཉིད་ཁྲོ་ཆུར་གསལ་བའི་མདུན་དུ༔ ཡ་མ་རཱ་ཙ་ཞལ་གསུམ་ཕྱག་དྲུག་པ༔ དེ་ཡི་མདུན་དུ་བྷི་ཝ་སྭ་ཏ༔ དེ་ཡི་འཁོར་དུ་ཡ་མ་རཱ་ཛཿ མྱོས་བྱེད་འབར་བ། མེ་རུ་རྩེ། རལ་པ་ཚར་དགུ་བཞི་ཡུམ་དང་བཅས་པ་འཁོར་གཤིན་རྗེ་བྱེ་བས་བསྐོར་བར་བྷེ། ལིངྒ་དགྲ་བོ་དངོས་སུ་བསམ་ལ་རང་གི་ལག་པས་གཟུངས་ཐག་བཟུང་སྟེ། ཡ་མ་རཱ་ཙ་སྲོག་རྩ་དམར་ན་ར་ར་རྡོ་རྗེས་བཀྱིགས་ཏེ་ཚུར་དྲངས་བས་ཁོ་མ་བཟོད་ནས་བྷེ་ཝ་སྭ་ཏའི་སྲོག་རྩ་ཚུར་དྲངས་བོས་ཁོ་མ་བཟོད་ནས་བུ་བཞིས་སྲོག་རྩ་དྲངས། བུ་བཞིས་གཤིན་རྗེའི་གྲོང་ཁྱེར་ཐམས་ཅད་འཁྲུགས་ནས་གཤིན་རྗེ་ཕོ་མོ་ཚེ་ཡི་དུས་བྱེད་པ་བྱུང་བ་ཅིས་ལེན་ཞེས་ཡབ་ལ་དྲིས་པས། སྔགས་འདིས་དམ་ཉམས་རྨི་མོ་འདིས་ལེན་ཞེས་པའི་སྒྲ་བྱུང་བས། འོ་ན་དགྲ་བོ་འདི་བསྒྲལ་ནས་གཤིན་རྗེའི་རྒྱལ་ཁམས་བདེའམ་ཚེ་ཡི་དུས་མི་བྱེད་དམ་ཞེས་ཞུས་པས། ཡབ་ཀྱིས་དེ་ལྟར་འགྱུར་


CMR013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གཤིན་རྗེ་རྣམས་སངས་རྒྱས་པས་མྱུར་དུ་སྒྲོལ་ཅིག་ཅེས་བཀའ་སྩལ་པས། སྐད་ཅིག་གིས་སྤྱི་བོར་ཡ་མ་རཱ་ཙ། མགྲིན་པར་མྱོས་བྱེད་འབར་བ། ལྟེ་བར་ཨཱརྱ་མེ་རུ་རྩེ། སྙིང་གར་རལ་པ་ཚར་དགུ་རྣམས་ཀྱིས་གསེར་དང་མེ་དང་རླུང་དང་འཁོར་ལོ་རང་རང་གྲངས་མཉམ་པའི་རྩིབས་ཅན་ནམ།་་་་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་རེ་བསྣམས་ནས་ཡབ་ཀྱི་སྟེང་ནས་མར་བསྐོར། རང་རང་གིས་སྒྲོལ་ཞིང་འོག་ནས་ཡར་བསྐོར་བས་བདུད་བཞིའི་དྲན་པ་བསླངས་ནས་བདུད་བཞིས་རྩ་འཁོར་རྣམས་བཅད། འབྱུང་བའི་དྭངས་མ་ཡབ་ཀྱིས་གསོལ་བས་ཤ་ཁྲག་དང་གསོལ་སྙིགས་རྣམས་སྙིག་གིས་སོང་བས་གཤིན་རྗེ་ཐམས་ཅད་ཀྱིས་ཆ་སྒྲ་དང་བཅས་པས་ཟོས་པར་བསྒོམ་མོ། །ལག་སྟབས་བྱ་ཞིང་སྔགས་ཅུང་ཟད་བཟླས༔ སྲོག་འདྲེན་འདི་མང་ན་རང་ལ་འཁུ་ལྡོག་འོང་བས་མང་མི་རུང་། ནད་པ་དང་སྔགས་པ་ནང་ཐུག་དང་སྲོག་ལས་ལ་གལ་ཆེ་བས། ཐུན་མགོ་ལ་དྲན་ཙམ་བྱའོ། །རྒྱུད་ལས་རང་ཉིད་གནད་ལ་དབབ་གྱུར་ན། །ནང་པ་དག་ལ་རྣོ་བ་ཡིན། །ཞེས་དང་། གནད་འབེབས་འདི་དང་ལྡན་གྱུར་ན། །ཕྱི་ནང་ཀུན་གྱིས་གཤེད་དུ་ཆེ། །ཞེས་གསུངས་པས། ནང་


CMR013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འགྲས་ལ་གལ་ཆེའོ། །ཤམ། གཾ༔ ཅེས་གནད་འབེབས་འཇམ་དཔལ་ཁྲོ་ཆུ་དུག་གདོང་གི་རྒྱུད་དང་མན་ངག་འགའ་ཞིག་ནས་ཀརྨ་ཨ་རཱ་གས་བྲིས། འདི་ལ་ཉེས་འགལ་གང་མཆིས་བཤགས་ཤིང་དགེ་བ་བྱང་ཆུབ་བསྔོ་བར་བགྱི༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཨེ་མ་ཕྱི་རབས་བུ་རྣམས་ཉོན། །འཇམ་དཔལ་ཁྲོ་ཆུའི་རྒྱུད་འདི་དང་། །མན་ངག་སྲོག་འདྲེན་དམིགས་པ་སོགས། །ལ་ལས་ཚད་ལྡན་མིན་ཞེས་བཞེད། །ལ་ལས་ཚད་ལྡན་ཟབ་མོར་འདོད། །འདི་ནི་རྒྱུད་ཀྱི་རྗེས་འབྲང་ཡིན། །རྒྱུད་ལ་ཐུགས་རྩིས་མཛད་པ་རྣམས། །མན་ངག་འདི་ལ་གསེར་ཆོས་མཛོད། །རྒྱུད་ལ་རྩིས་སུ་མི་བཞེད་རྣམས། །ཡེ་ཤེས་རིན་ཆེན་རྗེས་འབྲང་རྣམས། །མན་ངག་འདི་ལ་བཏང་སྙོམས་ཞུ། །འོན་ཀྱང་རྣམ་གྲངས་འདི་རུ་བཀོད། ༈ །ཨོཾ་ཡ་མ་རཱ་ཙ་དགྲ་བོའི་སྙིང་སྤྱང་ཕྲིལ། ཨ་ཀྲོ་ཏི་ཀ་ཙིཏྟ་ཙ་ནི་ལ་ཆད། གནད་དབབ་སྔགས་སོ། །མན་ངག་ཞལ་དུ་ཞུའོ། །ཞེས་འཇམ་དཔལ་ཁྲོ་ཆུས་སྒབ་འདྲེ་མནན་ཐབས་ཡོད། །


CMR013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒབ་འདྲེ་མནན་ཐབས།next