Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
ཁྲོ་ཆུའི་རླུང་འཁོར་དུག་གི་སོག་ལེའི་མན་ངག་ཟིན་བྲིས་ཀྱི་བུ་ཡིག་མདོར་བསྡུས་སུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་ཆུའི་རླུང་འཁོར་དུག་གི་སོག་ལེའི་མན་ངག་ཟིན་བྲིས་ཀྱི་བུ་ཡིག་མདོར་བསྡུས་སུ་བཀོད་པ།next

ཁྲོ་ཆུའི་རླུང་འཁོར་དུག་གི་སོག་ལེའི་མན་ངག་ཟིན་བྲིས་ཀྱི་བུ་ཡིག་མདོར་བསྡུས་སུ་བཀོད་པ།


CMR013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུའི་རླུང་འཁོར་དུག་གི་སོག་ལེའི་མན་ངག་ཟིན་བྲིས་ཀྱི་བུ་ཡིག་མདོར་བསྡུས་སུ་བཀོད་པའོ།།


CMR013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སྒྲུབ་ཁྲོ་ཆུ་དུག་གདོང་ལ་ཕྱག་འཚལ་ལོ༔ རླུང་འཁོར་དུག་གི་སོག་ལེ་འདི༔ སྔགས་པ་ནུས་པ་ཆེ་ལ་མྱུར༔ སྡེ་པ་ཆེན་པོ་ལ་མྱུར༔ ཞག་བདུན་བསྐོར་ན་དགྲ་ལ་སྨྱོ་འབོག་ཐན་རྟགས་སྣ་ཚོགས་འོང་༔ བདུན་གཉིས་བསྐོར་ན་དགྲ་བོ་རྣམས༔ དམར་བཤལ་དམག་འཁྲུག་མཚོན་གྲིར་འཆི༔ བདུན་གསུམ་བསྐོར་ན་གཙུག་ལག་ཁང་ཡང་འཇིག༔ རྡོ་རྗེ་འཛིན་ཡང་སྒྲོལ་བར་འགྱུར༔ ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་བརྒྱལ༔ མཐོང་བ་ཙམ་གྱིས་བྱད་མའི་ངག་ཡང་གནོན༔ སྔགས་པའི་མདངས་འཕྲོག༔ བདུན་གསུམ་ཕན་ནི་བསྐོར་བར་མི་བྱའོ༔


CMR013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལ་བསྐོར་ན་གཟུགས་ལིང་དང་མིང་བསྒྱུར༔ ལིངྒ་ཐམས་ཅད་ལ་ཟག་རྫས་གང་རྙེད་བྱུག༔ འཁོར་ལོ་ལ་གྲི་ལྕགས་གྲི་ཁྲག་བསེ་ཞོ༔ ཐར་ནུ་མཚལ་གུ་གུལ་ནག་པོ་ཟ་དམར་དེ་བདུན་བྱུག༔ གཤིན་རྗེའི་སྐུ་ལ་རབ་གནས་བྱ༔ ཚོགས་བྱེད་ལིངྒ་ལ་འགུགས་གཞུག་ལྷ་དབྱེ་དམོད་བཅོལ་བྱ༔ ལིང་རྐྱང་མང་དུ་བྱེད་ལ་བར་དུ་གཏུམ༔ ལིངྒ་གཅིག་དང་གཏོར་མ་གཅིག་རླུང་འཁོར་འོག་ཏུ་མནན༔ འཁོར་ལོའི་བར་དུ་ཐུན་རྗེས་རྣམས་བྱུག༔ རབ་ཞག་བདུན༔ འབྲིང་བཅུ༔ ཐ་མ་ཉེར་གཅིག་གིས་དགྲ་བོ་འཆི༔ རབ་དགྲ་ཡི་གྲོང་མཐོང་ས༔ འབྲིང་རི་མགོ་


CMR013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ས༔ ཐ་མ་གྲོང་གི་ས་བླངས་ལ་དགྲའི་གཟུགས་བྱས་ནས་རླུང་འཁོར་ཞབས་སུ་མནན༔ སྲོག་ཤིང་དྲག་ཤིང་ལ་བྱ༔ གྲི་ཁྲག་བྱུག༔ གཞི་བདག་ཀུན་ལ་གཏོར་མ་བཏང་ལ་བཅོལ་གཏམ་བྱ༔ ཡང་ན་གནོན་པའི་གནས་སུ་བསྐོར༔ ཕོ་རིགས་ལིངྒ་གཡས་ལ་མོ་རིགས་གཡོན་དུ་བསྐོར༔ གཡས་གཡོན་གཉིས་ལ་ཁྱད་པར་མེད༔ རླུང་འཁོར་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན༔ སྟེང་དུ་ཤེར་ཤིང་གི་ཕུར་པ་བཞག༔ བགེགས་ལ་བྱེད་ན་ཤེར་ཤིང་གི་ཕུར་པ་དང་རྡོ་རྗེ་རྒྱ་གྲམ་དང་༔ ཡུལ་ཕྱོགས་པའི་ལིངྒ་དང་བྱང་བུར་ཉེར་གཅིག་ལིངྒ་འཁོར་བའི་སྔགས་རྣམས་མི་དགོས་སོ༔ བསྐོར་ལུགས་རིག་ལས་གསལ༔ བསྐོར་དུས་རིགས་དྲུག་ཀུན་ལ་གསང་བ་གཅེས༔ ཕྱིས་རྟགས་ཐོན་པ་དང་ལྷ་ལ་གཏང་རག་བཏང་༔ རླུང་འཁོར་བར་གྱི་ལིངྒ་རྣམས་ཉ་བོ་དང་སྦྲག་དང་སྦྱིན་སྲེག་བྱ༔ རླུང་འཁོར་རྣམས་རིང་གིས་གཏན་དུ་བཅང་བར་བྱ་སྟེ༔ ལྷ་འདྲེ་རྣམས་ཀྱི་དངོས་གྲུབ་སྟེར་བའི་ཐབས་སོ༔ མིང་ཡིག་བཤིགས་ལ་བྱང་བུ་རྣམས་འཕུར་བཅུག༔ ཁྲོ་ཆུའི་བཀའ་ལུང་མ་ཐོབ་པ་ལ་རླུང་འཁོར་གྱི་མན་ངག་དེ་བསྟན་ན་ལས་གཤིན་གྱིས་རང་ལ་རྒོལ་བས་གལ་ཆེའོ༔ ས་མ་ཡ་ཁ་ཐཾ༔ གསང་


CMR013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ན་ར་ཀན༔ གསེར་སྲང་བརྒྱ་ཡི་བཀའ་རྒྱུ་ཡོད༔ སྤྱི་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཐུགས་རྒྱ༔ ན་ར་ཀན༔ རླུང་འཁོར་དུག་གི་སོག་ལེའི་བུ་ཡིག་འདི༔ དམ་ལྡན་བསྟན་ལ་ཕན་པ་སྙིང་གི་བུ༔ དེ་འདྲ་རེ་རེ་མ་གཏོགས་འདི་བསྟན་ན༔ ལས་ཀྱི་གཤིན་རྗེས་འཁུ་ལྡོག་སྲོག་ལ་རྒོལ༔ བཟོད་དཀའ་དམྱལ་བའི་སྡུག་བསྔལ་ཡུན་རིང་མྱོང་༔ དེ་ཕྱིར་སྙིང་ལ་ཆོངས་ཤིག་ས་མ་ཡ༔ དུས་ངན་དུས་འདིར་སྡིག་ཅན་རླུང་རྟ་དར། །ཉེས་མེད་དམན་ས་བཟུང་ཡང་བདེར་མི་སྟེར། །སངས་རྒྱས་བསྟན་ལ་མཐུ་མེད་ར་མདའ་བསྒྲངས། །མཐུ་ཉིད་ག་རེ་ཟེར་ཞིང་ནན་གྱིས་བསྙག །དེ་དུས་རྣལ་འབྱོར་རང་ཉིད་དལ་བར་ཉལ། །སྡིག་ཅན་བསྒྲལ་བའི་ཕྲིན་ལས་རླུང་གིས་བསྒྲུབས། །འདི་འདྲའི་མན་ངག་རྒྱ་བོད་གཉིས་ན་དཀོན། །ཀུན་གྱིས་ཤེས་ན་མཁས་ལ་ངོ་མཚར་མེད། །ས་གཞི་གསེར་དུ་གྱུར་ན་སུ་ཡིས་ཉོ། །དོན་དེ་གོ་བར་གྱིས་ཤིག་སྐལ་ལྡན་རྣམས། །སྤྱི༔ ཞེས་སྔགས་འཆང་ཀརྨ་ཨ་རཱ་གས་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོ་ཆུའི་རླུང་འཁོར་དུག་གི་སོག་ལེའི་མན་ངག་ཟིན་བྲིས་ཀྱི་བུ་ཡིག་མདོར་བསྡུས་སུ་བཀོད་པ།next