Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
ཁྲོ་ཆུ་རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་བསྡུས་ཏེ་བཀོད་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་ཆུ་རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་བསྡུས་ཏེ་བཀོད་པའི་ཟིན་བྲིས།next

ཁྲོ་ཆུ་རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་བསྡུས་ཏེ་བཀོད་པའི་ཟིན་བྲིས།


CMR013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུ་རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་བསྡུས་ཏེ་བཀོད་པའི་ཟིན་བྲིས་བཞུགས་སོ།།


CMR013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ལས་ཀྱི་གཤིན་རྗེ་ལ་ཕྱག་འཚལ་ལོ། །རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་ནི། རླུང་འཁོར་གྱི་ཞབས་འོག་རྒྱན་ལ་སྐྱེར་ཕའམ་སྟག་མའམ་གླང་མའི་བྱང་བུ་ཉེར་གཅིག་བཙུགས་ཏེ། ལྷ་འདྲེ་ཤ་བ་ལ་ཞོན་པ་ཉེར་གཅིག་བྲིས་ཏེ། ཤ་བའི་ལྟོ་བར། བྱད་མའི་སྙིང་དཀྲུགས་དཀྲུགས། ཙིཏྟ་ཤག་ཤག །ཕྱེས་ཕྱེས་། རཾ་རཾ། གཏོར་གཏོར་ཕཊ་ཕཊ༔ ཅེས་བྲི། ལྷ་འདྲེ་ཐམས་ཅད་ཀྱི་སྙིང་གར་ལིང་ག་མགོ་མཇུག་ལྡོག་པ་བྲི། མིང་ཡིག་བཀོད། ལིངྒ་རྣམས་ལ་བསྐོར་བའི་སྔགས་ནི། བྱེད་མའི་སྲོག་སྙིང་ལ་རཾ་རཾ། ཧར་ཧར་ཁྲམ་ལ་རཾ་རཾ། བྱད་མའི་སྲོག་སྙིང་ལ་རཾ་རཾ་ཤག་ཤག་སོད་སོད་མཱ་ར་ཡ་གཏུབ་གཏུབ།


CMR013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་རཀྵ་ཀུ་རུ་ཀུ་རུ་ཕཊ་ཕཊ་ཛ་ཛཿ བྱད་མ་སྐྱོབ་པར་བྱེད་པའི་ལྷ་ལྔའི་ཙིཏྟ་དཀྲུགས་དཀྲུགས༔ ཤག་ཤག་མཱ་ར་ཡ་རྦད་ཅད༔ སོད་སོད་བྱད་མའི་ལུས་ངག་ཡིད་གསུམ་མཱ་ར་ཡ་ཆད་ཅད་སོད་སོད༔ སྔགས་སུག་ཕྱིར་བསྟན་ལ་ཤྲི་ཧཾ༔ དེ་ནས་སོ་སོའི་ལྟེ་བའི་ནང་ལིངྒའི་ཕྱིར་སོ་སོའི་སྔགས་འདི་རྣམས། གཡས་གཡོན་གཉིས་སུ་བྲི། མི་མིན་དཀར་པོ་གཡས་གྲི་གུག་འཛིན་པ་ཤ་བ་ལ་ཞོན་པའི་ལྟོ་བར། མི་མིན་ཐམས་ཅད། རྒེ་མོ་ཞེས་བྱ་བའི། སྙིང་གར་འདུས་ཤིག་ཛ་ཛཿ ཞེས་ཐམས་ཅད་ལ་འགྲེས་སོ། །གྲོང་དུར་སེར་པོ་གཡས་རྡོ་རྗེ། གྲོང་དུར་སོགས། ཡ་བདུད་ནག་པོ་གཡས་རུ་མཚོན། ཡ་བདུད་ཐམས་


CMR013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཅད༔ མ་བདུད་ནག་མོ་གཡས་རུ་མཚོན། མ་བདུད་ཐམས་ཅད༴ བཙན་དམར་པོ་གཡས་ཁྲམ་ཤིང་། བཙན་ཐམས་ཅད༴ གཤིན་རྗེ་ནག་པོ་གཡས་ཁྲམ་ཤིང་། གཤིན་རྗེ་ཐམས་ཅད༔ ཚ་དུར་ལྗང་ནག་གཡས་འཁོར་ལོ་རྩིབས་བཞི། ཚ་དུར་ཐམས་ཅད༴ ལྷ་བདུད་དམར་པོ་གཡས་རྩེ་གསུམ། ལྷ་བདུད་ཐམས་ཅད༴ གནོད་སྦྱིན་སེར་པོ་གཡས་ཕུར་པ། གནོད་སྦྱིན་ཐམས་ཅད༔ དམུ་བདུད་སྨུག་ནག་གཡས་ཁྲམ་ཤིང་། དམུ་བདུད་ཐམས་ཅད༴ སྲིན་པོ་ནག་པོ་གཡས་ཐོད་ཕྲེང་། སྲིན་པོ་ཐམས་ཅད༴ ས་བདག་སྔོན་པོ་གཡས་ཞགས་པ། ས་བདག་ཐམས་ཅད༴ ཀླུ་བདུད་ནག་པོ་གཡས་སྦྲུལ་ཞགས། ཀླུ་བདུད་ཐམས་ཅད༔ དུར་སྲི་དམར་པོ་གཡས་མདའ་གཞུ། དུར་སྲི་ཐམས་ཅད༔ བརྟན་མ་དཀར་པོ་གཡས་མདའ་གཞུ། བརྟན་མ་ཐམས་ཅད༴ ཐེའུ་རང་ནག་པོ་གཡས་ཁྲམ་ཤིང་། །ཐེའུ་རང་ཐམས་ཅད༔ དམ་སྲི་དམར་པོ་གཡས་རལ་གྲི། དམ་སྲི་ཐམས་ཅད༴ མ་ཡམས་སེར་པོ་གཡས་ཁ་ཊཾ། མ་ཡམས་ཐམས་ཅད༴ རྒྱལ་འགོང་དམར་པོ་གཡས་མཁར་གསིལ། རྒྱལ་འགོང་ཐམས་ཅད༴ ཆུང་སྲི་དམར་པོ་གཡས་རུ་མཚོན། ཆུང་སྲི་ཐམས་ཅད༴ ནམ་གྲུ་ནག་པོ་གཡས་ཁྲམ་ཤིང་། ནམ་གྲུ་ཐམས་ཅད༴ སྒེའི་སྙིང་ཁར་འདུས་འདུས་ཛཿཛཿ སོགས་ཐམས་ཅད་ལ་བྲི། །


CMR013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཡོན་ནད་རྐྱལ་བཟུང་བ་དབུ་སྐྲ་གྱེན་ལ་གཟེངས་བ་བྲི། བྱང་བུ་ཐམས་ཅད་ལ་ཕོ་རོག་འུག་པའི་ཁྲག་གིས་བྱུག །ཤིན་ཏུ་ཟབ་པའི་ཡང་ཡིག་གསང་བར་བྱ། ཤམ་བྷྱོ༔ རྒྱ་རྒྱ་རྒྱ༔ རླུང་འཁོར་ཡང་ཡིག་བསྡུས་ཏེ་བཀོད་པ་ལ། །ཉེས་པ་གང་མཆིས་བཤགས་ཤིང་དགེ་བ་དེས། །ཐུབ་པའི་བསྟན་དགྲ་འཇོམས་པ་ཉིད་དུ་ཤོག །ཨེ་མ་རླུང་འཁོར་མ་ཡིག་དཔག་ཆེན་གཞུ་དང་འདྲ། །བུ་ཡིག་སྒོ་སྨྱུག་འཛོམས་པའི་མདའ་དང་འདྲ། །ཡང་ཡིག་ཕྲ་མཉན་གཞུ་ཡི་རྒྱུད་དང་འདྲ། །ཞལ་ཤེས་ཟབ་མོ་གནམ་ལྕགས་མདེལ་དང་འདྲ། །བརྩོན་ལྡན་བྲིས་མཁས་འཕོང་སྐྱེན་སྐྱེས་བུ་འདྲ། །དམ་ལྡན་བསྟན་ལ་བསམ་ན་ཐིག་བླངས་འདྲ། །བསྟན་དགྲ་སྡིག་ཆེན་བཤས་ནོར་བཏགས་པ་འདྲ། །ལས་གཤིན་སྲུང་མ་ཤ་འདོད་མགྲོན་དང་འདྲ། །ཀྱེ་མ་འོན་ཀྱང་སྨྱོན་པའི་ལག་གི་མཚོན། །སུ་ཡི་གཤེད་དུ་འགྱུར་བ་ཆ་མ་འཚལ། །དེ་ཕྱིར་རབ་རྣམས་མཚོན་སྒྲོ་འདི་བསྡོམས་ཤིག །གུ་བྱ། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སྔགས་འཆང་ཀརྨ་ཨ་རཱ་གས་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོ་ཆུ་རླུང་འཁོར་དུག་གི་སོག་ལེའི་ཡང་ཡིག་བསྡུས་ཏེ་བཀོད་པའི་ཟིན་བྲིས།next