Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
གཤིན་རྗེ་དམར་པོའི་དགྲ་མནན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་དམར་པོའི་དགྲ་མནན།next

གཤིན་རྗེ་དམར་པོའི་དགྲ་མནན།


CMR013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་དམར་པོའི་དགྲ་མནན་བཞུགས་སོ༔


CMR013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ གཤིན་རྗེ་ཁྲོས་པའི་ཐུགས་སྒྲུབ་རླུང་སྒྲུབ་འདི་ནི་རྣལ་འབྱོར་པ་ལ་དགྲ་སྣ་ཆེན་པོ་ཟུག་པའམ༔ ད་ལྟ་གསར་དུ་འཚེ་བ་བྱུང་ན་གཤིན་རྗེ་དམར་ཆུང་མ་འདི་བསྒྲུབ་བོ༔ དང་པོ་འདིའི་བཅའ་གཞི་ནི༔ དབེན་པའི་གནས་སུ་མཎྜལ་གྲུ་བཞིའི་སྟེང་དུ༔ ཆོས་འབྱུང་གྲུ་གསུམ་སུམ་བརྩེགས་བྱ༔ དེ་ལ་རྩང་དམར་ནག་ཉི་ཤུ་རྩ་གཅིག་གིས་བསྐོར༔ གྲུ་གསུམ་ནང་དམར་བ་ཕྱི་ནག་པ་ཁ་དོག་པ་མཐིལ་ཡངས་པ་དེའི་ནང་དུ་ལིངྒ་གཞུག༔ ལིངྒའི་སྤྱི་བོར་ལཾ་ནན༔ དཔྲལ་བར་རུས༔ སྙིང་ཁར་


CMR013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ལ་བླ་འགུགས་སྔགས་ཀྱིས་བསྐོར༔ བརླ་ལ་དར༔ རྐང་པར་ན་ཏྲི་ཆད་ནན༔ ཁ་ལ་བདུད་པོ་ང་ལོངས༔ མིག་ལ་ལོང་ལོང་༔ རྣ་བ་ལ་འོན་འོན༔ སྣ་ལ་ཞོམ་ཞོམ༔ མགྲིན་པར་ཏྲི༔ དཔུང་པ་གཉིས་ལ་ཡུམ་ཤེ༔ རྐང་ཞབས་སུ་ཡཾ༔ ཡན་ལག་བཞི་ལ་ཛཧཱུྃ་བཾ་ཧོཿ ཕོ་ཏྲ་ལ་ཕཊ༔ སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཁོར་བ་བྲི༔ རོ་སོལ་གྱིས་དཀྱིལ་འཁོར་ནག་པོ་བྱ༔ རྔ་མ་ནག་པོ་གཅིག་དང་རལ་གྲི་གཅིག་དང་གཉིས་རྟེན་ལ་བཞག་གོ༔ དེའི་ལུས་ལ་གཡས་སུ་སྦྲུལ་དཀར་པོ་གཅིག་ལྷན་ཅིག་སྐྱེས་པའི་ལྷ་ཡིན་པ་ཁོ་དམ་ཉམས་པས་ཁོའི་བདུད་དུ་


CMR013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བབ་ནས་སྤྱི་བོ་ཚངས་པའི་བུ་ག་ནས་མར་འཇིབས་སྙིང་ཁ་ཡན་ཆད་དྲངས་པར་བསམ༔ གཡོན་དུ་སྦྲུལ་ནག་པོ་གཅིག་བྱུང་ནས༔ མཉམ་པོར་འོང་བའི་འཆི་བདག་ཡིན་པས་ཁོའི་གཤེད་དུ་གྱུར་ནས་གསང་གནས་ནས་མར་འཇིབས་པས་མཆིན་ཀྲི་མན་ཆད་དྲངས་པར་བསམ༔ གཡོན་དུ་སྦྲུལ་ནག་པོ་གཅིག་བྱུང་ནས༔ གཡས་གཡོན་གྱི་སྦྲུལ་གཉིས་འཛིངས་ནས་འཐབ་པས་དགྲ་བོའི་སྙིང་ཁྲག་ཟ་བར་ཟ་ཁ་མ་མཐུན་ནས༔ སྦྲུལ་དཀར་ནག་གཉིས་དགྲ་བོའི་གཡས་གཡོན་དུ་འཁྱིལ་ནས༔ མཇུག་མས་འཆོར་བ་མེད་པར་མདུད་ནས་སྦྲུལ་གྱི་མགོ་བོ་གཉིས་ཀྱིས་འཇིབས་པར་བསམ༔ སྦྲུལ་གྱི་མགོ་གཉིས་མདུད་པ་བྱས་ནས་ལུས་ལ་འཁྱུད་ཀླད་ཁུང་གཡས་གཡོན་གཉིས་ནས་ཁ་གདངས་ཤིང་བསྒྲད་པ༔ བསྒོམ་པ་དང་བྲི་བ་གཉིས་ཀ་བྱ༔ དགྲ་བོའི་སྤྱི་བོ་ནས་རྡོ་རྗེ་རྒྱ་གྲམ་ཁོ་རོ་རོ་འཁོར་ནས་ཀླད་ཁྲག་དང་སྙིང་ཁྲག་ཐམས་ཅད་ཞོ་ལྟར་དཀྲུགས་ནས་སྦྲུལ་གཉིས་ཀྱིས་འཇིབས་པར་བསམ༔ སྦྲུལ་གཉིས་ཇེ་ཆེར་སོང་ནས་སྟོབས་དང་ལྡན་པར་བསམ༔ ཐུན་རྒྱབ་དུས་སྦྲུལ་མི་བསྒོམ་ཐུན་མི་རྒྱག་དུས་སུ་ཡང་ཡང་བསྒོམ༔ ལིངྒའི་གཡས་སུ༔ ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་


CMR013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་ཆད་ནན༔ གཡོན་དུ༔ ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཆད་ནན༔ མདུན་དུ་སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་ཆད་ནན༔ སྤྱི་བོར་དགྲ་མགོ་ཐོག་ཏུ་བབ་པ་ཐམས་ཅད་མཱ་ར་ཡ་ཆད་ནན༔ སྔ་དགྲ་ལག་གིས་བདར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ལ་ཏིལ་རྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱབ་ནས་ལངས་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནས༔ མདུན་ནས་རྩང་བཞིན་འཛུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནས༔༔ འགྲོ་ལམ་དུ་རྩང་འཛུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱམས་པ་གཉེན་གྱིས་བརྗོད་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་


CMR013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་སྒྲོག་ཏུ་མཱ་ར་ཡ་ཆད་ནན༔ མཉན་པའི་གྲུ་ཚུགས་གླིང་དུ་མཱ་ར་ཡ་རྦད་ནན༔ མགར་བའི་སོལ་མལ་དུ་མཱ་ར་ཡ་རྦད་ནན། དགེ་འདུན་གྱི་ཚོགས་གྲལ་དུ་མཱ་ར་ཡ་ཆད་ནན་སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག་ཅིག༔ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མིག་མང་གི་ཁ་མཆུ་ངན་པ་ཐམས་ཅད་མཱ་ར་ཡི་རྦད་ནན༔ ཕ་ཚོའི་འདུན་ཁང་ནས་མི་ཁ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འཕྲོག་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་ཆད་ནན༔ ལྐོག་ནས་འབུ་བཞིན་འགུགས་པ་ཐམས་ཅད་མཱ་ར་ཡ་ཆད༔ སྐག་བདུད་གཤེད་གསུམ་ལ་བབ་པ་ཐམས་ཅད་མཱ་ར་ཡ་ཆད་ནན༔ བྱད་ཁ་དང་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྦད་འདྲེ་དང་རྦོད་གཏོང་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནནུ༔ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནས༔༔ མི་ཁ་དང་དགྲ་སྣ་ཆུ་ལྟར་འབྲུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་


CMR013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉི་མ་ཕྱོགས་བཞི་མཚམ་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྟན་དགྲའི་ལུས་ངག་ཡིད་གསུམ་མཱ་ར་ཡ་ཆད་ནན༔ ༀ་ལཾ་ཧཱུཾ་ལཾ་ཧཱུཾ་བྷ་ཡ་ནན༔ དགྲ་བགེགས་མཱ་ར་ཡ་སརྦ་ཤ་ཧཱུཾ་མཱ་ར་ཡ་ནན༔ འདི་ཡན་ཆད་འབྲི་བ་དང་འདོན་པ་གཉིས་ཀ་བྱ༔ བླ་འགུགས་ནི། མཉྫུཤི་ཡ་མཱནྟ་ཀ་ཡ་མ་ར་ཙ་དགྲ་བགེགས་ཛཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་ཏུ་ཏི་ཐུལ་ཐུལ་མྱོག་མྱོག༔ ཡོད་ཡོད་ཤ་མ་ཏུ་ཏི་ཁུག་ཁུག་ལིང་མྱོས་ཤི་ལིང་ཐུམ་ཙ་ཏྲི་ཛཿཧཱུྃ་བཾ་ཧོ། དགྲ་བོའི་བླ་འགུགས་དུས་གསུམ་དུ་ཚར་ཉི་ཤུ་རྩ་གཅིག་རེ་བཟླས་ལ་འགུགས་འདྲེན་བྱའོ། །རྒྱུན་དུ་སྔགས་རིང་ལ་འབུངས། ཨོཾ་ཀིང་ཀང་ཐུ་རིལ་ཀྲྀ་མྱོག་སྒྲིབ་དགྲ་བོ་ཝཱཀ་ཙཱ་བྷ་ཡ་ནན༔ བྷིག་ནན༔ དགྲ་ཐུ༔ དེ་ཤྭ་དེ་ཤུ༔ བྷར་བྲུ༔ བི་ཤྭ་ཙཀྲ་ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧས་ཏ་ཧས་ཏ༔ ཧཱུྃ་ས་མ་ཡ་སྒྲིབ་ཧྲཱིཿང་༔ དགྲ་བོ་ཙཱ་བྷ་ཡ་རཀྟ་ནན༔ ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་ལཾ་ཤྲཱི་ལཾ༔ དགྲ་བོ་མཱ་ར་ཡ་ཆད་ནན་ཆིངས་ཤིག༔ བརྒྱ་རེ་བཟླས་པ་དང་གིང་གི་དམོད་མོ་ཚར་གཅིག་བརྗོད་དོ༔ ཐུན་ལ་བསྔགས་སོ༔ ཁུག་རྟགས་བྱུང་ནས་བསད་སྔགས་དང་སྔགས་རིང་སྤེལ་ལོ༔ ཚོགས་དང་བསྒྲལ་ལས་


CMR013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ཏདྱ་ཐཱ༔ དུ་ཤན་དུ་ཤན་རཀྟ་རཀ་དགྲ་བོའི་སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་ཆད་སོད༔ འདི་བསད་པའི་སྔགས་ཡིན༔ དེ་ནས་སྐད་ཅིག་གིས་བརྫུས་སྐྱེས་ཀྱི་ཚུལ་དུ་བདག་ཉིད་གཤིན་རྗེ་སྐུ་མདོག་དམར་པོ་རྒྱན་མེད་ད་མར་ཧྲེང་ངེར་འདུག་པ་འཇིགས་སུ་རུང་བ༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ལྕགས་ཀྱི་ཐོ་བ་ཐོགས་པ༔ རལ་པ་ཕྱེད་ཡར་བརྗེས་པ་ཕྱེད་མར་ཤམ་མེ་འདུག་པ་ལྕགས་པའི་ཐུག་ན་རང་འདྲའི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོའི་རྣམ་པར་ཤེས་པ་གར་གནས་ཡོད་སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རཀ་དམྱལ་ཁམས་ཡན་ཆོད་དུ༔ རང་དབང་མེད་པར་ལྕགས་ཀྱུས་སྙིང་ནས་བཟུང་མདུན་ནས་ཁྲིད༔ རྒྱབ་ནས་དེད་ཅིང་བདག་གི་མདུན་དུ་སླེབས་ཏེ་འཁོར་རྣམས་ཀྱིས་ཀླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཁོའི་ཁོག་པའི་ནང་གི་ཚེ་བཅུད་ནུས་པ་ཡར་བཀུག་ནས་བདག་ལ་ཐིམ་པར་བསམ༔ ལས་ཀྱི་ཕོ་ཉ་རྣམས་ཀྱིས་ཧབ་སྒྲ་དི་རི་རི་དབང་མེད་པར་ཕོ་ཐམས་ཅད་གཡས་སུ་བསྐོར་ལ་མོ་ཐམས་ཅད་གཡོན་དུ་བསྐོར་བས་གཅིག་ཀྱང་འཆོར་བ་མེད་པར་བསྒོམ༔ ཐུན་རྒྱབ་པའི་དུས་སུ་ཐུན་ཐམས་ཅད་ནི་ཕུར་བུ་དང་


CMR013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆར་ཕབ་སྟེ་དགྲ་བོའི་ལུས་ཐམས་ཅད༔ ཚལ་པ་ཚལ་པ་དུམ་བུ་དུམ་བུར་སོང་སྟེ༔ ལས་བྱེད་ཕོ་ཉ་རྣམས་ཀྱིས་ཁྲག་ཐིགས་ཙམ་ཡང་མ་ལུས་པར་གསོལ་བར་བསྒོམ༔ གྲུ་གསུམ་གྱི་ནང་དུ་ཞེ་སྡང་གི་མེ་འབར་བ༔ ཕྱི་གཏི་མུག་གི་མུན་པ་འཐིབ་པ་བདུད་ཀྱི་བཙོན་ར༔ གཤིན་རྗེའི་ཕོ་བྲང་༔ ཤན་པའི་གྲོང་ཁྱེར༔ ལུས་གསོད་གཅོད་ལ་རྔམས་ཤིང་ཟས་སུ་ཤ་ཁྲག་ལ་རྔམས་པ་ཞིག་ཏུ་བསྒོམ༔ ནང་རྟགས་མ་བྱུང་བར་དུ་བསྒོམ༔ ནང་རྟགས་ནི་ཤིང་ཆེན་པོ་འགྱེལ་བའམ༔ བྲག་རི་བཤིགས་པའམ༔ སེམས་ཅན་རི་དྭགས་སོགས་གསོད་པའམ༔ བཙོན་དུ་བཟུང་བ་དང་རྒྱར་ཚུད་པའམ༔ གློ་སྙིང་བྲེག་པ་སོགས་རྨིས་ན་ནང་རྟགས་ཡིན་པས་ལས་ལ་སྦྱོར༔ ཕག་ཐོད་ངར་མའམ་གླང་རུའི་ནང་དུ་བཅུག་ལ་ཁར་ཐུན་རྫས་ཚོ་བྱུག༔ མི་ཁའི་རྫས་ཀྱིས་ཁ་བཀང་ངོ་༔ དེ་ནས་རེ་བས་བཏུམ་མོ༔ མནན་པའི་དུས་སུ་རང་ཉིད་ཕྱག་གཡས་ཀྱིས་ལྕགས་ཀྱི་ཐོ་བ་གཡོན་པས་ལྕགས་ཀྱུ་བསྣམས་པར་བསྒོམ༔ ཕྱག་གཡས་དགྲ་སྟེ་ས་ལ་བརྒྱབ་བས་ས་གཞི་གས་ནས་མཐའི་རྒྱ་མཚོ་སྔོ་མེར་རེ་དངོས་སུ་ཐོན་ནས་ཡོད་པར་བསམ༔ ཀླུ་


CMR013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ནག་པོ་ཆུ་སྲིན་གྱི་མགོ་ཅན་ཞིག་ཡར་ལངས་ཏེ་ཁ་གནམ་ས་ཙམ་བསྐྲུད་ནས་སྤྱན་ཉི་ཟླ་ཙམ་ཉིན་མཚན་མེད་པར་གསལ༔ མཆེ་བ་གངས་རི་ཙམ་གཙིགས་པ༔ ལྗགས་གློག་དམར་ལྟར་འཁྱུགས་པ་དེའི་ཁ་ནང་དུ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་དེར་ཚུད་པར་བསྒོམ༔ འོག་གི་ས་བདག་ཀླུ་ག་ཉན་ཐམས་ཅད་དགའ་ནས་ས་བདག་གི་ཕྲུ་གུ་ཐམས་ཅད་ཙར་སྒྲ་དི་རི་རི་ཡོད་པར་བསམ༔ དགྲ་བོ་དེ་རྣམས་ཐམས་ཅད་བསྐལ་པ་མ་སྟོངས་ཀྱི་བར་དུ་འཆོར་བ་མེད་པར་དམིགས་པ་དྲག་པོ་བསྐྱེད་དོ༔ དེ་ནས་ཆུ་སྲིན་ཁ་བསྡམས་པས་ཉི་ཟླ་གཟས་ཟིན་པ་བཞིན་དུ་མུན་ནག་རུམ་གྱིས་སོང་བས་ཐར་མེད་དུ་སླར་སོང་བར་དམིགས་སོ༔ དེའི་སྟེང་དུ་མེ་ཆུ་གོ་ལྡོག་གི་དམིགས་པ་བྱའོ༔ འབྱུང་བ་རིམ་བརྩེགས་བྱའོ༔ དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ དེ་ནས་མི་དམིགས་པའི་ངང་ལ་བཞག༔ བླ་མའི་ཞལ་ལས་གསལ། ལིདྨ་བྲི་བའི་དུས་སུ་ནི༔ ས་བདག་ཟིན་ཕུང་དང་གཟའ་བདུད་རྒྱུ་བའི་དུས་དེའི་ཕྱོགས་སུ་ཁ་གཏད་ལ་ལིངྒ་དུག་ཁྲག་གིས་བྲི༔ ཚུར་ལོག་ནས་སྲུང་འཁོར་བསྒོམ༔ ཞལ་ཤེས་ལ༔ ཡུངས་དཀར་ནག་རི་ཆེན་པོའི་རྦབ་


CMR013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ༔ ཚྭ་དང་གཡེར་མ་དེ་རྣམས་ཐུན་བྱའོ༔ མནན་པ་རྒྱག་དུས་གཟའ་ཕུར་རྒྱུ་བ་དང་བསྟུན་པ་གལ་ཆེ༔ སྲོག་ལས་བྱེད་ན་ཟ་གཅིག་བསྒྲུབ་བོ༔ དགྲ་བོའི་ཟ་ཐོག་ལོ་ཐོག་དང་བསྟུན་པ་གལ་ཆེ༔ ཞག་གསུམ་སྒྲུབ་ལོ་གསུམ་ཚུན་ཆད་དགྲ་མེད་པར་ཐག་ཆོད༔ བླ་མའི་རིགས་ལ་བྱ་རྒོད་ཀྱི་ཐོད་པ༔ དགེ་སློང་ལ་ངང་བའི་ཐོད་པ། སྔགས་པ་ལ་བྱ་རོག་གི་ཐོད་པ༔ བོན་པོ་ལ་གཅན་གཟན་གྱི་ཐོད་པ༔ མི་དཔོན་ལ་གླང་རུ༔ མི་སྐྱ་ལ་ཕག་ཐོད་གླང་རུ་ལ་མེ་ཆུ་མ་ཕོགས་པ་བྱུང་ན་ཤིན་ཏུ་ལེགས༔ བུད་མེད་ལ་ར་ཐོད༔ འབྱུང་པོ་ལ་ཕག་ཐོད་ཡིན་ནོ༔ ལིངྒ་ཡུགས་སའི་སྐྲ་ཤད་ཀྱིས་བཅིངས་མ་རྙེད་ན་ཚོན་སྐུད་ཀྱིས་བཀྱིག་པར་བྱའོ༔ ཕ་རོལ་དེའི་མིང་རུས་དང་༔ ཟག་རྫས་ལིངྒ་ལ་བྱུགས་ན་ཤིན་ཏུ་མྱུར་རོ༔ དགྲ་གང་ཡོད་ཀྱི་མིང་རུས་བྲིས་པས་ཆོག༔ མིང་རུས་མ་ཤེས་ན་ཛབྲི་བ་ཞལ་ཤེས་སོ༔ གཤིན་རྗེའི་རླུང་སྒྲུབ་དམར་ཆུང་མ་ཁྱད་པར་ཅན་འདི་ཤིན་ཏུ་ཡིད་ཆེས་པ་ཡིན་ནོ༔ སྤྱི༔ འཇམ་དཔལ་གཤིན་རྗེ་གཤེད་ལ་ན་མོ༔ མན་ངག་གཞུང་ན་གསལ༔ གོང་གི་རྫས་བསགས་པའི་རྗེས་ལ༔ ཕག་དང་ཝ་ཁྱིའི་ཐོད་པ་གང་


CMR013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་གྲིས་བརྡར་ཡག་བྱས་ལ༔ དེའི་དཔྲལ་བར་རྒན་པོའི་རྒན་སྲི་ནན༔ གཞོན་པའི་གཞོན་སྲི་ནན༔ བྱ་བ་བྲི༔ འགྲམ་པ་གཡས་ན་ཕོ་ཡི་ཕོ་སྲི་ནན༔ གཡོན་པར་མོ་ཡི་མོ་སྲི་ནན༔ བྱ་བ་བྲི༔ དེ་ནས་ཐོད་པ་བལ་ཚོན་སྣ་ལྔས་ཕྱིན་ཀ་ལེགས་པར་དཀྲིས༔ ཁ་ཐུར་དུ་བསྟན༔ སྟེང་དུ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད༔ དེ་ནས་དམོད་བཅོལ་ངན་པ་ཚོ་བྱའོ༔ དགྲ་ཐུབ་རྟགས་ནི༔ རྫོང་བཟུང་བའམ༔ གོ་ཁྲབ་གྱོན་པ༔ མཚོན་ཐོགས་པ༔ དར་ཕྱར་བ༔ དུང་འབུད་པ༔ གཡག་གསོད་པ༔ བཅིངས་པ༔ བརྡུང་བ༔ བཟུང་བ༔ ཤོ་དང་མིག་མང་རང་རྒྱལ་བ་རྨིས་ན་རྒྱལ་ཁ་ཐོབ་པའི་རྟགས་ཡིན་ནོ༔ ཡ་མ་རཱ་ཙའི་འགུགས་གཞུག་དུས་བཞིར་བྱའོ༔ ཆོས་སྐྱོང་ལ་ཕྲིན་ལས་རྒྱབ་བརྟེན་བཅོལ༔ ནང་རྟགས་གལ་ཆེའོ༔ ཞལ་ཤེས་ཡིན༔ ཨཱི༔ བསྟན་དགྲ་དམ་ཉམས་མ་ལུས་བསྒྲལ་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཤིན་རྗེ་དམར་པོའི་དགྲ་མནན་རྒྱ་ཞང་ཁྲོམ་གྱིས་གཏེར་ནས་སྤྱན་དྲངས་པའོ༔ དུམ་རྒྱ་ཞང་ཁྲོམ་གྱི་ཟབ་གཏེར་ནས་བྱོན་པའོ༔ ལྕགས་སྲེག་ས་གཞིའི་མདུན་དུ་དྲག་པོའི་མཆོད་པ་ནི༔ དྲག་པོའི་


CMR013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་ནང་དུ་མེ་ཏོག་ནག་པོ་ཚིལ་ཆེན་གྱི་བདུག་སྤོས་ཞུན་ཆེན་གྱི་མར་མེ་རཀྟའི་དྲི་ཆབ་ཤ་ཆེན་གྱི་བཤོས་རྣམས་བཟང་ངོ་༔ མངྒ་ལཾ། ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་ཀིང་ཀང་ཐུ་རིལ༔ ཀྲྀ་མྱོག་སྒྲིབ༔ དགྲ་བོ་ཝཱཀ་ཙཱ་བྷ་ཡ་ནན༔ བྷིག་ནན༔ དགྲ་ཐུ༔ དེ་ཤྭ་དེ་ཧཱུྃ༔ བྷུར་བྲུབ༔ ཨོཾ་བི་ཤ་ཙཀྲ༔ ཧ་ལ་ཧ་ལ༔ ཧས་ཏ་ཧས་ཏ༔ ཧཱུྃ་ས་མ་ཡ་སྒྲིབ་ཧྲཱིཿང་༔ དགྲ་བོ་ཧཱུཾ་བྷ་ཡ་རཀྟ་ནན༔ ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་ལཾ་ཤཾ་ལཾ་དགྲ་འདྲེ་གྱོད་གསུམ་མི་ཁ་གླེང་གཞི་བསམ་ངན་འཆང་བ་ཐམས་ཅད་མཱ་ར་ཡ་རྦད་རྦད་སོད་སོད་ནན་ཆིངས་ཤིག༔ ༈ ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀྵ་རཀྟ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་ལ་འཇིབ་འཇིབ༔ མཱ་ར་ཡ་རྦད་སོད༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགཤིན་རྗེ་དམར་པོའི་དགྲ་མནན།next