Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
མནན་ཐོད་ཀྱི་དབྱེ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམནན་ཐོད་ཀྱི་དབྱེ་བ།next

མནན་ཐོད་ཀྱི་དབྱེ་བ།


CMR013_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ཐོད་ཀྱི་དབྱེ་བ་ལ། སྔགས་པ་ནང་རྒྱས་ལ་པུ་རི་ནག་པོ་རྟིང་སྤྲོད་དང་། བླ་མ་སྤྱི་ལ་བྱ་རྒོད་ཀྱི་ཐོད་པ། སྔགས་པ་སྤྱི་ལ་སྟག་གམ་བྱི་ལ་སྟག་རིས་ཅན་གྱི་ཐོད་པ། དགེ་སློང་ལ་ངང་སེར་ཐོད་པ། དམ་ཚིག་གཅིག་པ་དང་ལྷ་སྔགས་གཅིག་པའི་མཆེད་གྲོགས་སམ་སློབ་མ་དམ་ལོག་ལ། རུ་སྦལ་ལམ་སྦལ་ནག་གི་ཐོད་པ། བོན་པོ་དང་མུ་སྟེགས་ལ་ཕག་ནག་གི་ཐོད་པ། རྒྱལ་པོ་ལ་སེང་གེའམ་ཁྱི་དཀར་གྱི་ཐོད་པ། མི་དཔོན་ལ་གླང་གི་ཐོད་པ། བུད་མེད་ལ་ཝ་ཐོད། བྱིས་སྦ་ལ་སྲེ་མོང་ཐོད་པ། ཡང་ན་དགྲ་བོ་སྤྱི་ལ་སྤྱང་ཀིའམ་ཤ་ཁྱིའི་ཐོད་པ། འབྱུང་པོ་སྤྱི་ལ་ཕག་ཐོད། ༈ ཡང་ན་དགྲ་བགེགས་གང་ཡིན་ཀྱང་། མོན་ནམ་རབས་ཆད་ཀྱི་ཐོད་པའམ། གཡག་གམ་གླང་གི་རྭ་མེ་ཆུ་མ་ཕོག་པ། སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་པ། ༈ ཡང་ན་དགྲ་བོ་ཁོ་རང་གི་ཕ་མེས་ཀྱི་ཐོད་པ་བྱུང་ན་མཆོག་ཏུ་ལེགས། དེ་ཡང་མནན་དུ་མི་རུང་ཞིང་། མནན་ཡང་མི་ནོན་པའི་ཐོད་པ་ནི། སྔགས་པ་དམ་ལྡན་དང་ནུས་ལྡན། སེམས་ཉིད་རྟོགས་པ། ཟག་པ་ཟད་པའི་འཕགས་པ། དགེ་སློང་སྡོམ་ལྡན། བསོད་ནམས་ཅན་གྱི་རྒྱལ་པོ། བུ་མང་པོ་


CMR013_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་མ་དེ་རྣམས་ཀྱི་ཐོད་པ་མནན་མི་རུང་ལ་མནན་ཀྱང་མི་ནོན་ནོ།། ༈ ཐུན་ཕུར་གྲི་ལྕགས་སམ་སེང་ལྡེང་གི་ཕུར་པ་སོར་བཞི་པ། གྲི་ཁྲག །བི་ཥ༔ ཡུགས་སའི་ལྷམ་ཀླད་རྣམས་ཁྲག་དང་སྦྱར་བས་ངར་བླུད་པ་ལ་རོ་སྐྲའི་ཐུན་ཐོག་བཏོགས་པ། བློ་ཕྱིར། སྙིང་ཕུར། སྲོག་ཕུར་རྣམས་ཀྱང་སོ་སོར་དགོས། ༈ ཐུན་ཕུར་ལས་གཤིན་གཡས་བེ་ཅོན་དང་། ས་གཡོན་སྡིག་གས་མཛུབ་ཀྱིས་ཐུན་ཐག་འཛིན་པར་བསྐྱེད། ཐུན་གཏོར་ཡང་ལས་གཤིན་དེ་མཚུངས་གཡོན་སྡིགས་མཛུབ་ཀྱིས་ཞགས་པ་འཛིན་ཅིང་དགྲ་བོ་འགུགས་པའི་ལས་བྱེད་པར་དམིགས། བླ་འགུགས་ཀྱི་སྔགས་བཟླ་ཚེ་བླ་ཕུར་ལ་ཕུས་བཏབ་བོ། །དགྲ་བོ་སྐྱེས་པ་ཡིན་ན་ཉིན་གུང་དང་ནམ་གུང་། བུད་མེད་ཡིན་ན་དགོང་ཁ་དང་ཐོ་རངས། བྱིས་སྦ་ཡིན་ན་སྲོད་དང་སྔ་དྲོའི་དུས་མ་འཛོལ་བར་བླ་ཕུར་རྡེག་པའི་ཚུལ་བྱ་ཞིང་བླ་འགུགས་ཀྱི་སྔགས་གང་རིགས་ཀྱི་མཐར་བླ་ཤ་རེ་མ་སོགས་བཏགས་པ་སྟོང་ཕྲག་ཙམ་རེ་བཟླས་པ་གལ་ཆེ། སྲོག་འགྱུ་བ་དང་བསྟུན་ལ་བླ་གནས་སར་སྙིང་ཕུར་དང་སྲོག་ཕུར་གདབ་བོ། །སྲོག་འགྱུ་དུས་སྙིང་ཕུར་སྔགས་དང་བཅས་པ་བརྡེག་ཅིང་སྙིང་ཕྱུང་། སྲོག་ཕུར་སྔགས་དང་བཅས་པས་སྲོག་རྩ་བཅད་སྲོག་འཛོམ་དུས་ཐུན་བྲབ། ཟོར་བརྡེག་


CMR013_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གོ །༈ དུག་ཤིང་གི་རྩང་རིང་ཁྲུ་གང་། རྩང་ཐུང་མཐོ་གང་། །དེ་བར་འབྲིང་ཚད། སྟོད་སྨད་གྲི་ཁྲག་དང་མཚལ་གྱིས་དམར་པོ་དང་། སྐེད་པར་རོ་སོལ་གྱིས་ནག་པོ་བྱུགས་པ། དྲེགས་པའི་སྲོག་སྙིང་རྦད་བསད་ཀྱི་ཤམ་བུ་བཏགས་པ་བྲི་་་རྩང་རིང་། ༈ སྨྱུག་ཚིགས་ཐལ་རྡེབ། སྨྱུག་ཚོགས་གཏོར་སྒམ་འོག་ཏུ་གཞུག །ཐལ་རྡེབ་དམིགས་པ་དང་བཅས་པས། །བསྒྲིགས་ཤིང་ཐལ་མོ་ལན་བདུན་རྡེབ། །ཉིང་ཟློག་ཟབ་ཁྱད་མན་ངག་ཡིན། །ཞིབ་རྒྱས་འབྲི་གུང་ལུགས་སུ་ཡོད། །སྤྱི་རྩང་ཐུང་། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམནན་ཐོད་ཀྱི་དབྱེ་བ།next