Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
ཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས།next

ཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས།


CMR013_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས་ལགས་སོ༔ ན་མོ་ཡ་མཱནྟ་ཀ་ཡེ༔ ཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས་ནི༔ སྦྱིན་སྲེག་ཁོག་ནི་བྱ་ཚུལ་སྤྱི་དང་མཚུངས༔ ཆོ་ག་རྒྱས་འབྲིང་གང་ཡང་རུང་བ་ནི༔ ད་ནངས་བདག་མེད་བྱུང་ན་རབ་ཡིན་ཏེ༔ བསྡུ་ན་ཧ་ལ་སྣ་ཚོགས་བདག་མེད་བསྒོམ༔ ཟན་ལིང་ཤོག་ལིང་རྣམས་ནི་མདུན་དུ་བཤམས༔ ལིངྒ་རྙིང་པ་ཡོད་ཀྱང་མཉམ་དུ་བཞག༔ སྤྲོ་ན་བསྒྲལ་ལས་རྒྱས་པ་གཞུང་ལྟར་བྱ༔ བསྡུ་ན་སི་ཏུའི་བསྒྲལ་ལས་ཉིད་ཀྱིས་ཆོག༔ ཤོག་ལིང་རྐང་པ་གཡོན་པ་རིམ་བཞིན་གཏུབ༔ ཤོག་དུམ་ཟན་ལིང་ཤ་དུམ་ཁྲག་ཐིགས་སྦྲག༔ ཡམ་ཤིང་ལ་སོགས་བསྲེག་རྫས་གྲ་རུ་བཞག༔ ཕྱོགས་ཀྱི་གཙང་སར་ཁ་བལྟས་གདན་ལ་འགོད༔ རྡོར་དྲིལ་བྱིན་རླབས་དྲིལ་འཁྲོལ་རྡོ་རྗེ་གསོར༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བ་སོགས་མཚམས་གཅོད་བྱ༔ སུམ་བྷ་ནི་སོགས་བརྗོད་ཅིང་ནས་ཐུན་བྲབ༔ རྒྱས་པར་སྟེང་ཡང་དུག་གི་གུར་ཁང་སོགས༔ ཁྲོ་ཆུའི་གཞུང་གི་སྲུང་འཁོར་དེ་ཉིད་འདོན༔ བསྡུ་ན་བཛྲ་རཀྵ་རཀྟས་ཆོག༔ དེ་ནས། ཧཱུྃ༔ བསམ་བརྗོད་བྲལ་བའི་ངང་ཉིད་སོགས༔ མཆོད་པ་བྱིན་རླབས་སྔགས་དང་བཅས་པ་བརྗོད༔


CMR013_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ནམ་ནི་ཡང་ན་མཆོག་གཡོག་པས༔ རྡོར་དྲིལ་དང་བཅས་དགང་བླུགས་ཁ་སྦྱར་ལ༔ བསྲེག་རྫོ་ས་ལ་རེག་སྔགས་ཀྱིས་བྱིན་རླབས་པ༔ ངོ་བོ་དགྲ་བགེགས་བྱད་མའི་ཤ་ཁྲག་ལ། རྣམ་པ་བསྲེག་རྫས་སོ་སོའི་ནུས་ལྡན་བསམ༔ ཨོཾ་ཀུ་ཤ་གསར་པ་སྔོ་ལྗང་སོགས་ཀུ་ཤ་བྱིན་རླབས་བཀྲམ་པ་གཞུང་བཞིན་བྱ༔ དྲག་པོའི་ཐབ་ཁུང་མཚན་ཉིད་ལྡན་པ་སོགས༔ ཐབ་དང་མེ་ལྷ་བསྐྱེད་ནས་བྱིན་གྱིས་བརླབས༔ ཧཱུྃ༔ དང་པོ་མེ་བྱུང་ལ་སོགས་མཇུག་དེ་རུ༔ བྱང་གི་མེ་ལྷ་ལ་སོགས་མེ་ལྟར་ཡ༔ བྱང་ཤར་ཤིང་ཐུ་མའི་ཤིང་གཅིག་བསྣན༔ ནན་ཏན་ཡེ་ཤེས་མེ་དཔུང་འབར་བ་དང་༔ ཆོས་དབྱིངས་ཡེ་ཤེས་སོགས་བརྗོད་མེ་དར་གཡབ༔ ཐབ་ཏུ་གནས་པའི་མེ་ལྷ་ལ་སོགས་པ༔ སྤྱན་འདྲེན་བཞུགས་གསོལ་ཆུ་གཉིས་རིམ་པར་འབུལ༔ ཧཱུྃ༔ རྡོ་རྗེ་འདི་སོགས་དམ་བཞག་ནས་བཟུང་སྟེ༔ བདུད་རྩི་བཞེས་པར་གྱུར་པ་གཞུང་ལྟར་འདོན༔ ཧ་བྱ་ཀ་བྱ་ལ་སོགས་མེ་སྤུ་བརྟག༔ ཡམ་ཤིང་མར་ཁུ་ལིངྒ་ཡུངས་ཀར་སོགས༔ བསྲེག་རྫ་ས་གང་འཛོམ་རིམ་བཞིན་མེ་ལྷར་འབུལ༔ འཇིག་རྟེན་ཁམས་སོགས་མཆོད་པ་རྒྱས་པའི་མཐར༔ འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་


CMR013_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོགས༔ མེ་ལྷའི་བསྟོད་པ་རྒྱས་བསྡུས་གཉིས་ཀྱི་མཇུག༔ མཆོད་པ་འདི་རྣམས་ཁྲོ་ཆུ་དུག་སྡོང་གི༔ ཞལ་དུ་བསྟབ་སོགས་ཕྲིན་ལས་བཅོལ་བའི་མཐར༔ མེ་ལྷ་འོད་ཞུ་མེ་དཔུང་རྣམ་པར་གྱུར༔ སྭ་བྷ་ཝས་སྟོང་པར་མེ་སྦྱང་བར༔ མེ་དཔུང་གི་དབུས་སུ་འཇིག་རྟེན་གྱི་ཁམས་ཚ་གྲང་རབ་ཏུ་འཁྲུགས་སོགས༔ སྲུང་འཁོར་སབ་རྒྱུ་གཉིས་པོ་མི་སབ་པར༔ སི་ཏུའི་བསྒྲིགས་པའི་ལས་བྱང་གཞུང་ལྟར་དུ༔ ཕྱག་འཚལ་པྲ་ཏི་ཙ་ཧོའི་བར་དུ་འདོན༔ ལས་བྱང་ནང་གི་ཕྱི་མཆོད་བསྡུས་པ་བསྒྱུར༔ མངའ་གསོལ་སྟོད་ཀྱི་ཕྱི་མཆོད་རྒྱས་པ་འབུལ༔ ལས་བྱང་ནང་གི་བདུད་རྩི་སྨན་མཆོད་དུས༔ དགང་གཟར་གྱིས་ནི་བདུད་རྩི་ཅུང་ཟད་འབུལ༔ བླ་མ་བརྒྱུད་པའི་མཚན་ནས་བརྗོད་པ་དང་༔ ཀཱ་ཡ་སིདྡྷིའི་དངོས་གྲུབ་ལེན་པ་སྐྱུར༔ དུག་ལྔ་ཡེ་ཤེས་ལྔ་སོགས་རཀྟའི་སྐབས༔ དགང་གཟར་ནང་ནས་རཀྟ་ཅུང་ཟད་འབུལ༔ འདི་སྐབས་སྔགས་པ་འགའ་རེའི་ཕྱག་ལེན་ལ༔ བདུད་རྩི་བརྒྱ་རྩ་རཀྟ་བརྒྱ་རྩ་དང་༔ གཏོར་ཆུང་བརྒྱ་རྩ་འབུལ་གསོལ་འདུག་པ་ནི༔ མེ་མཆོད་ལུགས་ཀྱི་སྦྱིན་སྲེག་འདིར་མི་དགོས༔ འདིར་ནི་ཡམ་ཤིང་མར་ཁུ་ལིངྒ་གསུམ༔ གཙོ་བོ་ཡིན་ཕྱིར་གཞན་རྣམས་


CMR013_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་ཆོག༔ དཀར་གསུམ་མངར་གསུམ་རྣམས་ནི་འདིར་མི་རུང་རིམ་གྲོ་ཡིན་ན་ཡུངས་ཀར་གཙོ་བོ་སྟེ༔ ནོར་གྱི་རིམ་གྲོ་ཡིན་ན་སོ་བ་གཙོ༔ ཚེ་ཡི་བར་ཆད་བཟློག་ན་དཱར་ཝ་གཙོ་དེ་སོགས་བསྲེག་རྫ་ས་གང་འཛོམ་ཆོག་པ་སྟེ༔ ་འདོད་གསོལ་ཚིག་གི་རིམ་གྲོ་གཞུང་ལྟར་ལས༔ བསད་ལས་འདོད་གསོལ་ཚིག་གཅིག་ཐུགས་ལ་གབ༔ བསྲེག་རྫ་ས་རྫོ་གས་ནས་རིམ་གྲོ་ཡིན་ན་ནི༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་སོགས༔ གཏོར་མ་ཕུལ་ལ་རྩ་སྔགས་ཁཱ་ཧི་སྦྱར༔ སྐུ་ཡི་ཆ་ལུགས་གཟི་བརྗིད་འོད་དང་ལྡན༔ ཞེས་སོགས་གཞུང་གི་བསྟོད་པ་དེ་ཉིད་དང་༔ ཧཱུྃ༔ པདྨ་ཉི་མའི་གདན་སྟེང་སོགས༔ ཞེས་སོགས་བསྟོད་པ་དེ་ཡང་སྦྱར༔ གལ་ཏེ་བསད་ལས་ཡིན་ན་གཏོར་མ་དང་༔ བསྟོད་པ་གཉིས་ཀ་ཡཾ་ལས་རླུང་སོགས་དང་༔ ཉི་མ་ནུབ་ཕྱོགས་ལ་སོགས་བསྐུལ་རིང་དེས༔ གཏོར་བསྔོས་བསྟོད་པ་གཉིས་ཀའི་གོ་ཆོད་བྱ༔ གཏོར་མ་ཐབ་ཏུ་ཕུལ་བ་དེ་ཡི་ཚེ༔ ཟོར་ལས་མཇུག་གི་བཞེས་འབོད་དེ་ཉིད་འདོན༔ གཏོར་མ་ཕུལ་རྗེས་དར་ནག་གཡབ་མོ་བརྡབ༔ རིམ་གྲོ་ཡིན་ན་སྐབས་འདིར་མེ་ཞགས་རྒྱབ༔ དེ་ནས་རྗེས་ཆོག་མཆོད་བསྟོད་བྱ་ཚུལ་ནི༔ ཧཱུྃ༔ དུས་གསུམ་


CMR013_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་དང་༔ ཞེས་སོགས་ལས་བྱང་རྒྱས་པའི་མཆོད་བསྟོད་དང་༔ གནམ་ལྕགས་གོ་མཚོན་ནང་ནས་འབྱུང་བ་ཡི༔ འཇམ་དཔལ་ཞི་བའི་ངང་ལས་མ་གཡོས་སོགས༔ མ་འབྱོར་པ་དང་ཞེས་སོགས་བཟོད་གསོལ་དང་༔ གཤེགས་བསྡུ་ལ་སོགས་གཞུང་ལྟར་བྱ་བ་ཡིན༔ དེ་ནས་མེ་ལྷ་སྐད་ཅིག་གསལ་བཏབ་ལ༔ མེ་ལྷའི་མཆོད་རྫས་ཆོ་ག་སྦྱིན་སྲེག་གཞུང་༔ བསད་ལས་ཡིན་ན་བཀྲ་ཤིས་མི་བརྗོད་དོ༔ རིམ་གྲོ་ཡིན་ན་དེ་ཡི་ཐལ་བ་དེ༔ གོད་ཁ་མང་དུ་བྱུང་ན་ནོར་སླས་དང་༔ ནད་པ་གདོན་ཆེན་རྣམས་ཀྱི་ཉལ་མལ་དང་༔ བཙའ་སོགས་བྱུང་ན་བླུགས་ན་ཕན་པར་བཤད༔ དྲག་པོའི་སྦྱིན་སྲེག་འདི་ཉིད་ཀྱིས༔ འབྱུང་པོ་ཕྲ་མོའི་གནོད་པ་ཀུན་འཆིངས་གསུངས༔ ཡང་ན་ཚ་ཁང་འོག་དང་ལམ་རྒྱ་གྲམ༔ ས་ནོན་ཆེ་བར་བླུག་པ་ཕྱག་ལེན་དངོས༔ བསད་ལས་ཡིན་ན་ཐལ་བ་ཆ་གསུམ་སྟེ༔ ཆ་གཅིག་གཏོར་མར་བླུགས་ཏེ་ཟོར་དུ་འཕང་༔ ཆ་གཅིག་གཉན་སར་དྲག་པོའི་རླུང་ལ་སྦྱར༔ ཆ་གཅིག་དུམ་བུ་མང་དུ་བྱས་ནས་ཀྱང་༔ མནན་པ་གང་བྱེད་མིང་གར་བླུགས་ལ་མནན༔ དེས་ནི་ཁྲོ་ཆུའི་སྦྱིན་སྲེག་འདོན་ཆ་རྫོགས༔ ༈ དེ་བཞིན་ཀིང་ཀང་སྦྱིན་


CMR013_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་མཚུངས་པ་དེ་མེ་ལྷ་མེ་དཔུང་ཐིམ་ཞིང་མདུན་བསྐྱེད་ཀྱི༔ མངོན་རྟོགས་སྤྱན་འདྲེན་མཆོད་གཏོར་སྔོན་དང་མཚུངས༔ རིམ་གྲོ་ཡིན་ན་གཏོར་མ་འབུལ་བའི་ཚིག༔ ཧཱུྃ༔ གཏོར་སྣོད་རིན་ཆེན་མཚན་ལྡན་ཀ་པཱ་ལ༔ ཞེས་སོགས་འདོད་གསོལ་བཅས་པ་གཞུང་ལྟར་ཡིན༔ ཧཱུྃ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཕོ་བྲང་ནས༔ ཞེས་སོགས་བསྟོད་པ་རྒྱས་པ་དེ་ཡིས་བསྟོད༔ རིམ་གྲོ་ཡིན་ན་མེ་ཞགས་སྦྱང་བར་བྱ༔ རིམ་གྲོ་ཡིན་ན་གཏོར་ཆུང་ལྷ་གྲངས་དང་༔ གཙོ་བོ་ཀུན་གྱི་སོ་སོའི་བསྟོད་པའི་མཐར༔ སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས༔ འདོད་གསོལ་མཇུག་གི་ཚིག་དྲུག་སྦྱར་ལ་འབུལ༔ དེ་མིན་འདོན་ཚུལ་གོང་དང་མཚུངས་པ་སྟེ༔ ཀིང་ཀང་སྦྱིན་སྲེག་ཐལ་བ་འདི་ཉིད་ནི༔ རང་གི་མི་ཕྱུགས་ཁང་པ་ལ་སོགས་པ་ཕོག་ཏུ་མི་རུང་ས་ནོན་ཆེ་སར་བླུག༔ བདུད་རྩི་དིལ་གྱིས་སྔགས་འཆང་རྣམ་གསུམ་གྱིས༔ བསྐུལ་ཕྱིར་རཱ་ག་ཨ་སྱས་འཕྲལ་དུ་བྲིས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཁྲོ་ཆུའི་སྦྱིན་སྲེག་བྱ་ཚུལ་ཞལ་གདམས།next