Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
མན་ངག་ཤ་ཟ་བྱང་བུ་གཅིག་རྒྱུག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམན་ངག་ཤ་ཟ་བྱང་བུ་གཅིག་རྒྱུགnext

མན་ངག་ཤ་ཟ་བྱང་བུ་གཅིག་རྒྱུག


CMR013_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཤ་ཟ་བྱང་བུ་གཅིག་རྒྱུག་བཞུགས་སོ།།


CMR013_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་འདི་ནས་ལོགས་སུ་གེལ་བར་མི་བྱ་ཐའི་ཐཀའ་རྒྱ་ཡོད་པས་དམ་པར་གྱིས་ཤིག༔ འདི་མེད་གཤིན་རྗེ་སྒྲུབ་པ་རྣམས་ལ་ལག་རྡུམ་བྲག་ལ་འཛེག་པ་འདྲ༔ སློབ་དཔོན་གསང་ཞིང་དཔེ་རྐུན་བྱེད༔ མེད་ཐབས་མེད་པས་གདམས་ངག་འདོད༔ སྒྲུབ་པ་ལྷུར་ལེན་གཅིག་དང་འཕྲད་ནས་ཀྱང་༔ རྣལ་འབྱོར་བདག་གི་གྲོགས་གྱུར་ནས༔ དགྲ་བོའི་སྲོག་གི་ཤན་པར་ཤོག༔ ཏརཱམརླཔོཨེ༔ ཨོཾ༔ འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ ཕྱི་རབས་རྣལ་འབྱོར་རྣམས་ཀྱི་དོན༔ གསེར་གྱི་མེ་ཏོག་ཕུལ་ནས་ལན་


CMR013_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ༔ གུ་རུ་ཉིད་ལ་ཕྱག་དང་བསྐོར་བ་བྱས༔ ཀྱེ་མ་གུ་རུ་རིན་པོ་ཆེ༔ ད་ལྟ་དུས་སྤྱོད་བཟང་ལགས་ཀྱང་༔ ཕྱི་མ་ལྔ་བཅུ་ཁ་རལ་དུས༔ དཀོན་མཆོག་གསུམ་པོ་ཁྱད་དུ་གསོད༔ སྔགས་པ་ནང་རྒྱས་གྲངས་ལང་མང་༔ དཀོར་ཟོག་དགྲ་རྐུན་དག་གིས་སྤྱོད༔ ཆོས་བྱེད་སྨད་ཅིང་སྡིག་བྱེད་བསྟོད༔ རྣལ་འབྱོར་རྣམས་ལ་དགྲ་བྱེད་ཅིང་༔ སྔགས་པ་རྣམས་ལ་དོ་རུ་བསྡོས༔ བླ་མ་སློབ་དཔོན་གཤེད་བཞིན་བཀར༔ དེ་དུས་བནྡེ་དཔུང་ཆུང་དོན༔ ལོག་རྡུགས་འཁྱམས་གསུམ་མེད་པ་དང་༔ ཟློག་མེད་ནམ་མཁའི་ཐོག་འདྲ་བའི༔ མན་ངག་དམ་པ་གནང་བར་ཞུ༔


CMR013_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་རང་ལུས་ཡོན་དུ་ཕུལ༔ ཕྱག་ཀྱང་དགུ་ཕྲུག་མང་དུ་འཚལ༔ གུ་རུའི་ཞལ་ནས་འདི་སྐད་གསུངས༔ ཀྱེ༔ ཉོན་ཅིག་ཇོ་མོ་མཚོ་རྒྱལ་ཉོན༔ ཕྱི་མའི་དུས་ཀྱི་ཐ་མ་ལ༔ སྔགས་པ་དམ་མེད་མང་དུ་འབྱུང་༔ –་དམ་ཡོད་ཉིན་གྱི་སྐར་མ་ཙམ༔ མན་ངག་མི་གསང་ནོར་ལ་བཙོང་། དེ་དུས་མན་ངག་མང་སྤེལ་ན༔ སྐྱེ་འགྲོ་རྣམས་ལ་གནོད་འཚེ་འབྱུང་༔ དགྲ་ལ་གནོད་པ་འདི་རེ་ཙམ༔ མང་དུ་མི་སྤེལ་དམ་བཅས་ན༔ ཟློག་མེད་ནམ་མཁའི་ཐོག་འདྲ་བའི༔ མན་ངག་དམ་པ་གནང་བར་བྱེད༔ སུ་ལ་འང་མ་བསྩལ་ས་མ་ཡ༔ ཞེས་གསུངས་ནས་གནང་བའི་མན་ངག་བཀའ་རྒྱས་བཏབ་སྟེ་མཚན་གྱི་བུ་ལའང་མ་སྤེལ་ཅིག༔ ཅེས་གསུངས་སོ།། ༈ ཀཱ་ལ་རཱུ་པ་ལ་ན་མོ༔ དེ་ལ་འཇམ་དཔལ་ནག་པོའི་སྒྲུབ་པ་གོང་ལྟར་བྱས་ལ༔ དགྲ་ལ་མཐུ་འདྲེན་པ་ནི༔ དུག་གི་སོག་ལེ་ནག་པོའི་མན་ངག་དང་༔ ཤ་ཟ་བྱང་བུ་གཅིག་རྒྱུག༔ མྱུར་བྱེད་སེང་གེ་ཁ་འཐབ༔ མནན་གཏད་ཟློག་མེད་ནག་པོ༔ རྒྱ་མཚོ་དུག་རིའི་ཀླུ་གཏད། དེ་ལ་སོགས་པ་གང་བྱེད་ཀྱང་སྒྲུབ་ཁོག་འདྲའོ༔ དུག་གི་སོག་ལེ་ནི་དཔེའུ་རིས་ལྟར་གཞན་ལ་གབ་པའོ༔ བྱང་བུ་གཅིག་རྒྱུག་ནི་དཔེའུ་རིས་དང་


CMR013_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གཞན་དུ་གསལ༔ ཕལ་ཆེར་ནི་ཞལ་གདམས་མ་གཏོགས་ཡོད་པ་མ་ཡིན་ནོ༔ མནན་གཏད་གང་བྱེད་རྐྱང་པ་མི་སྲིད་དོ༔ ཨཾ༔ གཏོར་ཟློག་གི་ནང་རྟེན་དུ་བརྩེགས་ཀྱི་ཤམ་བུ་སུ༔ བྷ་ཏ་ཨ་བྷ་ཏ་ཨ་དགྲ་བོའི་སྣེ་མོའི་མིང་འདི་ཙ་ཀྱུ་མུ་ཁང་༔ ཤ་ལ་མྱོག༔ རུས་ལ་མྱོག༔ དབུགས་རྒྱུད་རྩ་ལ་རྒྱུག༔ རྩ་རྒྱུད་ཚེ་ལ་བྲིང་བྲིང་༔ རྗེ་མོའི་དབུགས་ཐག་མྱུར་དུ་ཆོད་ཅིག༔ ནཱཾ་མཱ་ར་ཡ༔ བྷྱོ་བྷྱོ་བྷྱོ༔ བཟློག་ཅིག༔ ཙཀྵཆུ་ཁཾ༔ ཞེས་དུག་སྣ་ཁྲག་སྣས་བྲིས་ལ༔ མགོ་ནས་མར་དྲིལ་ལ་གཏོར་མའི་ནང་དུ་གཞུག་ལ་འབུལ་དུས་དགྲ་ཕྱོགས་ལིངྒ་ཐོག་ཏུ་གྲོང་སྣ་ལ་མེ་བཏང་ལ་བསྲེག་གོ༔ དེས་ཀྱང་དགྲ་བོ་གུམ་པར་ཐེ་ཚོམ་མེད༔ དགྲ་ཡང་མང་ན་དུག་གི་སོག་ལེའི་མན་ངག་བྱེད་ཉུང་ན་མནན་གཏད་མན་ངག་བྱེད༔ གཅིག་གཉིས་ཙམ་ལ་བྱང་བུ་གཅིག་རྒྱུག་དང་༔ བསད་ལས་ཙམ་གྱིས་ཐུབ་པར་ཐེ་ཚོམ་མེད༔ ཅེས་གསུངས་ནས་གནང་བའི་མན་ངག་གོ༔ ས་མ་ཡ༔ བརྡ་ཐིམ༔ དམ་མེད་གསང་བ་བཀའ་རྒྱས་བཏབ༔ བརྡ་ཡིག་ཏ་ལའི་ལོ་མར་བྲིས༔ དངོས་སུ་གཟའ་ལ་བཅོལ་གཏམ་བྱས༔ གཏེར་སྲུང་བདུད་པོ་ལྕམ་དྲལ་བསྐོས༔ བརྔས་ལུང་


CMR013_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལ་སྦས་ཏེ་བཞག༔ ཕྱི་མ་ལྔ་བཅུ་ཁ་རལ་དུས༔ གཏེར་སྟོན་ཞང་ཁྲོམ་ལག་ཏུ་གཏོད༔ ཅེས་གསུངས་བཀའ་དགོས་དམ་ལ་བཞག༔ བརྡ་ཡིག༔ གཏད་རྒྱ་ཁ་ཐམ་ཧཱུྃ༔པ་སྲུང་བའི་གོ་ཆ་བཞུགས་སོ།།༽ས་་་ཨོཾ༔ ༼ཙ༽སུརཏབླཁཾཁཞུg༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་སྒེར་གྱི་དོན༔ མནན་གཏད་ལིང་གསུམ་གང་བྱེད་ཀྱང་༔ གསང་ལ་ཟློག་མེད་མན་ངག་ནི༔ འཇམ་དཔལ་ཁྲོ་ཆུ་དུག་གདོང་གི༔ སྲུང་ཟློག་བསད་གསུམ་གཅིག་དྲིལ་བའི༔ སྐུ་ཡི་འཁོར་ལོ་བསྟན་པར་བྱས༔ དགུ་གསུམ་གཤིན་རྗེ་རྒྱུ་བའི་དུས༔ དར་ནག་གམ་ནི་ཤོག་བུ་ལ༔ མུ་ཁྱུད་རིམ་པ་བརྒྱད་དུ་བསྐོར། དབུས་སུ་ཧཱུཾ་ཡབྱ་བ་བྲིས༔ དེའི་མཐའ་བསྐོར་དུ་ཡིག་མགོ་ཕྱིར་བསྟན་པ་ལ༔ ཨོཾ་མཉྫུའི་ཡ་མཱན་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ འཆང་བ་པོ་ལ་གང་འདོད་སྦྱོར༔ སྲུངས་ཤིག་ནི་ཧཱུཾ་བཛྲ་རཀྵ༔ ཞེས་བྲི༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་མཉྫུཤི་ཡ་མཱནྟ་ཀ་ཧྱ་གྷི་ཝ་བཛྲ་པཱ་ཎི་ཨཱཧཱུྃ་ཕཊ༔ འཆང་བ་པོ་ལ་གང་འདོད་སྲུངས་ཤིག་སྐྱོབས་ཤིག༔ ནཱི་ཧཱུཾ་བཛྲ་རཀྵ༔ བྱ་བ་བྲི། དེའི་ཕྱི་རིམ་རྩིབས་བརྒྱད་ལ་བྷཾ་བཛྲ་རཀྵ༔ བྱ་བ་བྲི། རྩིབས་མཆན་ལ། པ་ནི་ཧཱུཾ་བཛྲ་རཀྵ༔ བྱ་བ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཡ་མ་རཱ་ཙ༔ ཡ་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ་ར་ཡ་


CMR013_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ཡ༔ ཡ་ཀྵེ་ཡ་ཙ༔ ནི་ར་མ་ཡ༔ ཨཱ་ཧཱུཾ་ཕཊ་སྭཱ་ཧཱ༔ བདག་འཆང་པོའི་ལུས་ངག་ཡིད་གསུམ་ལ་བྱད་ཁ་ཕུར་ཁས་མི་ཚུགས་པར་སྲུངས་ཤིག །བཛྲ་ཅེས་བྱ་བ་བྲི། །དེའི་ཕྱི་རིམ་མུ་ཁྱུད་ལ། དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏི༔ ཀཱ་ལ་རཱུ་པ་ཨ་ཀྲོ་རཱ་ཙ་ཡ་མ་རཱ་ཙ་ས་མ་ཡ་ཛ་ཛཿ འཆང་བ་པོ་ལ་བྱེད་ཀ་དྲོད་གཏོང་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ༔ ཞེས་འདོད་གསོལ་སྦྱར་ལ་བྲི། དེའི་ཕྱི་རིམ་རྩིབས་བཅུ་ལ༔ ཧཱུྃ་ཡ་རཀྟ༔ རྩིབས་མཆན་བཅུ་ལ། ཕཊ་ཡ་རཀྵ༔ བྱ་བ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་རྩ་སྔགས་ཤམ་བུར། ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ། ནད་འདྲེ་ནད་སྲི་ཟ་འདྲེ་ཤི་སྲི་འགོང་པོ་ཕུང་སྲི་ཐམས་ཅད་ནི་ཏྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ལྷ་འདྲེ་མི་མ་ཡིན་ཐམས་ཅད་ཀྱི་བྱད་ཁ་ཕུར་ཁ་རྦད་འདྲེ་དྲོད་གཏོང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་ཨེ་ས་བྷྱོ་ཟློག །ཅེས་བྲིའོ། །དེའི་ཕྱི་རིམ་མུ་ཁྱུད་ལ། དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲིའོ། །དེའི་ཕྱི་རིམ་ལ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱི་ལ་བསྟན་པ་བྲི། ཕྱི་ནས་ཁྲོ་ཆུའི་སྐུ་ཞལ་ཕྱག་གཞུང་ལྟར་རྔམས་ཤིང་འཇིགས་པར་བྲིའོ། །ཕྱི་རོལ་དུ་མེ་རི་དམར་ནག་འཁྲུགས་པ་བྲི། དེ་ལ་མཚོན་དང་གནམ་ལྕགས་བཙན་དུག་ཐང་


CMR013_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་ཤ་ཆེན་རྟ་ནག་ཁྲག་རྣམས་བྱུག་པའོ།། ༈ དེ་ནས་རབ་ཏུ་གནས་པ་ནི། གདན་ནག་པོའི་སྟེང་དུ་ནས་ཀྱི་ཆོས་འབྱུང་བྲིས་པའི་སྟེང་དུ་ཙཀྲ་དེ་གཞུག་ལ་ཁྲོ་ཆུའི་ལས་གཞུང་བསྲང་མེ་ཏོག་འཐོར། རྩེ་སྔགས་རྟེན་འབྲེལ་སྙིང་པོས་རབ་གནས་བྱའོ། །གཤིན་རྗེ་ཁྲོ་ཆུའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་འཁོར་ལོ་ར་བསམ། དར་ནག་གིས་དྲིལ་ལ་མགུལ་ལམ་མཚན་ཁུང་དུ་བཅང་བར་བྱ༔ ཕན་ཡོན་ནི་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐལ་པའི་མེ་དཔུང་དུ་མཐོང་ནས་གནོད་པས་མི་ཚུགས་སོ། །གཞན་ལ་མི་སྤེལ་མི་འདོགས་སོ། །གལ་ཏེ་འདོགས་ན་གསེར་ཞོ་རེ་མེད་པར་མི་འདོགས་པའི་བཀའ་རྒྱ་དམ་དུ་བྱའོ༔ བསྲུང་བའི་འཁོར་ལོ་དཔེའུ་རིས་ཏེ་ལྔ་པའོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁར་ཆེན་གཟའ་ལ་གདམས་པའོ༔ ས་མ་ཡ༔ དྷ་ཐིམ༔ རྒྱ༔ ཏཆ་རུཤྱན༴། མངྒ་ལཾ༔ ༼ཆ༽ ཀརྔུལརརྩ་ཅ།བྱ། གཤིན་རྗེ་གཤེད་ནག་པོ་ལ་ན་མོ༔ ད་ནི་བསད་པའི་འཁོར་ལོ་བསྟན༔ དུག་གི་སོག་ལེ་ནག་པོ་དང་༔ ཤ་ཟ་བྱང་བུ་གཅིག་རྒྱུག་དང་༔ གཏད་མནན་བཟློག་མེད་ནག་པོ་དང་༔ སེང་གེ་ཁ་འཐབ་མན་ངག་དང་༔ དགྲ་ལ་ཐན་སྣ་བཏང་ཐབས་དང་༔ དེ་ལ་སོགས་པའི་ལས་མཐའ་ལ༔ སྒྲུབ་པ་གོང་དུ་སོང་ན་རབ༔ མིན་ཀྱང་གཏོར་


CMR013_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་གཞུང་ལྟར་བཅའ༔ ཟློག་པ་བསད་པ་ཁོ་ནར་འབད༔ ཐུན་མཚམས་རྣམས་སུ་སྲུང་མ་བསྐུལ༔ དྲག་ཏུ་བསྒྲུབས་ནས་རྟགས་ཐོན་བྱ༔ རླུང་འཁོར་བསྐོར་དང་མནན་གཏད་དང་༔ སྦྱིན་སྲེག་ལ་སོགས་གང་བྱས་ཀྱང་༔ དེ་ཡིས་དགྲ་བོ་མཱ་ར་ཡ༔ མྱུར་དུ་གུམ་པར་ཐེ་ཚོམ་མེད༔ སཱ་མཱ་ཡཱ༔ བརྡ་ཐིམ་རྒྱ༔ ཨོཾ༔ ད་ནི་ལིངྒ་བྲི་བ་ནི༔ དུག་ཤོག་ལ་ཁྱི་ཁྲག་གིས་སྐྱེར་པའི་སྙུག་གུས་བྲི་བའོ༔ རོ་རས་ནག་པོས་ལག་གདན་བྱའོ༔ རྟ་ནག་ཐུན་དང་ཁྱི་ནག་ཐུན༔ ཆུ་མགོ་ཁ་ནུབ་ཏུ་ལྟ་བའི་རྡེལ་ནག་ལིངྒའི་ནང་དུ་བཏུམ་ལ་ཡུགས་སའི་སྐྲ་ཤད་ཀྱིས་བཅིངས་བའོ༔ ས་མ་ཡ༔ བརྡ་ཐིམ་རྒྱ༔ ཨཾ༔ ད་ནི་ལིངྒ་དཔེའུ་རིས་ལྟར་བྱའོ༔ རྩ་སྔགས་ཤམ་བུར་དགྲ་བོ་འདིའི་བླ་སྲོག་རྣམ་པར་ཤེས་པ་ཛཧཱུྃ་བཾ་ཧོཿ ཚྭ་ཏྲི་ཏིལ་བི་ཛཿ ནི་ཏྲ་ཨ་ཀར་ཤ་ཡ་ཛཿ ཨ་བེ་ཤ་ཡ་ཛཿ གྷནྡྷ་ཎི་ཏྲི་མ་ཡ་ཛ་ཛཿ ཞེས་ལིངྒའི་ཕྱི་ནས་ཡིག་མགོ་ནང་དུ་བསྟན་ལ་གཡོན་བསྐོར་དུ་དམོད་པ་བཅས་པ་བྲི་བའོ༔ ས་མ་ཡ་ཐཾ༔ ནཾ༔ ཕོ་ལིང་མོ་ལིང་གཉིས་ཀྱི་བར་དུ་སྡིག་པ་ཚུད་པར་བྱའོ༔ སྡིག་པའི་ཁའི་ནང་དུ་ལིངྒ་གཅིག་ལ་མིང་རུས་ཟག་རྫས་དང་བཅས་པ་མན་ངག་གོ༔ དུག་སྣ་ས་མཁར་ཞིག་པའི་ས་ཕུང་ཤུལ་ས་དང་ས་སྣ་མང་དུ་བྱུག༔ ཁྲག་སྣ་ཁྱད་པར་གྱི་ཁྲག་ར་ཁྲག་ཁྱི་དམར་ཁྲག་གི་དུག་ཤོག་ལ་ལིངྒ་ལ་བྲི་བའོ༔


CMR013_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousམན་ངག་ཤ་ཟ་བྱང་བུ་གཅིག་རྒྱུགnext