Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསད་པའི་ལིངྒ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསད་པའི་ལིངྒ།next

བསད་པའི་ལིངྒ།


CMR013_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པའི་ལིངྒ་འདི་ནི། འཁོར་ལོའི་སྲོག་ཤིང་གི་འོག་ཏུ་ཁ་དགྲ་ཕྱོགས་སུ་བསྟན་ལ་གན་རྐྱལ་དུ་བཞག་ལ། སྙིང་གར་སྲོག་ཤིང་དེ་གཏད་པར་ཟངས་ལྕགས་སམ། མྱུར་བར་འདོད་ན་ཞ་ཉེས་བྲུབ་ཁུང་གི་ཚུལ་དུ་བྱས་པའི་ནང་དུ་རྟིང་པ་གཏད་པས་འཁོར་བར་བྱའོ། །དེའི་ནང་དུ་ནད་ཀྱི་རྒྱུ་དུག་ཡིན་པས་དུག་སྣ་རྙེད་ཚད། གུ་གུལ་ནག་པོ་དང་། ཀེ་ཚེ། ཤང་ཚེ། ཡུངས་ནག །ཏིལ། ཟི་ར་ནག་པོ། མི་ཤ །མི་ཁྲག །ཁྱི་ཁྲག །ཟངས་ཕྱེ། ལྕགས་ཕྱེ། རྡོ་སྣ་དང་རྗེས་ངན་པ་རྙེད་ཚད། དུག་སྣ་ངན་པ་ཐམས་ཅད་རྙེད་ཚད། དྲི་ཆེན། དྲི་ཆུ། སྣབ་ལུད། གོས་དུམ་སྐྲ་སེན། དྲི་མ་རྙེད་ཚད་ཐམས་ཅད་བསག་ལ། གོས་དུམ་མམ་རས་ལ་ཐུམ་པོ་བྱའོ། །ཕྱེ་ཁྲག ། ༈ དེ་ནས་ལིངྒའི་དཔྲལ་བར་མིང་རུས་བྲིས། སྙིང་ཚེ་ཐུང་ཞིག་བྱ་བ་བྲིས། ཡན་ལག་བཞི་ལ་རྩ་བཞི་སྐུམས་ཤིག་བྱ་བ་བྲིས༔ ལུས་ལ་གཅོང་ཐོངས་ཤིག །མཚན་མ་ལ་ཕོ་རྒྱུད་མོ་རྒྱུད་རྩོད་ནས་ཆོད་ཅིག་བྱ་བ་བྲིས། མཐའ་ནས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་ཁྱེར་ཅིག་།མཛེ་རིགས་དང་གག་ལྷོག་ཐོང་ཞིག །ས་དགྲ་ཐམས་ཅད་མིང་འདི་ལ་ཟུག །ལྟས་ངན་དང་


CMR013_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་འགྱོད་སྣ་ཚོགས་ཐོང་ཞིག །མྱུར་བ་ཉིད་དུ་སོད་ཅིག །བྱ་བ་བྲིས། དེའི་མཐར་དམོད་ངན་སྣ་ཚོགས་ཀྱིས་བསྐོར་བར་བྲིས། ཡུགས་ས་མ་ཡི་སྐྲ་ཤད་ཀྱི་བསྣོལ་མ་རྒྱ་གྲམ་བྱ་།་ལིངྒ་དབྱེར་བྱ་དུག་འདོན་་་་་་མ་སྐྱེད་ནང་དུ་གཡུག་གོ །གནམ་སའི་བྱ་བླུག་བྱེད་་་་རང་འཐག་ཕྱི་སྐོར་ལན་དགུ་བྱའོ། །མཆན། རང་མ་ཉེས་པའི་དཔང་གཟུགས། ཁོ་ཉེས་པའི་ཤག་འདེབས། སྒྲུབ་པ་ཐོན་པ་དང་། སྡེ་བརྒྱད་རླུང་བསྐུར་བྱས་ལ་འཁོར་ལོ་བསྐོར། ས་སྟག་ནས་གོམ་པ་དགུའི་སར་ཐོ་བྱའོ། །དེས་ཀྱང་མ་མྱུར་ན་ར་གྲོད་ནང་དུ་ཁྲག་བླུགས་ལ་ཁབ་བཙུགས་ཏེ་དགྲ་ཕྱོགས་སུ་ཁྲག་རྗེས་དོད་པར་བྱས་ལ། བྷྱོ༔ ཡ་ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན་སོགས་་ཐུན་གཏོར་འཕང་། དམོད་བཅོལ་བྱའོ། །དཔེར་ན་ཚངས་པའི་ཚེ་ལྡན་ཡང་། །སྐད་ཅིག་ཉིད་ལ་བརླག་པར་ངེས། །གཞན་ལ་མ་སྟོན་སྙིང་ལ་འཆང་། །དམ་མེད་རྣམས་ལ་གསང་བ་གཅེས། །ས་མ་ཡ། དྷ་ཐིམ་རྒྱ༔ བླནཱརཱགགྲུབྱི༣༔ དུག་གི་སོག་ལེ་ནག་པོའི་འཁོར་ལོའི་བསད་ལིང་གབ་པ་མངོན་དུ་ཕྱུང་བ་བཀོད་པའོ། ཞང་ཁྲོམ་ཐུགས་བཅུད་མན་ངག་མངོན་དུ་ཕྱུང་བ་འདི། མཚན་གྱི་བུ་ལ་མ་སྤེལ་ས་མ་ཡཱ༔ དྷ་ཐིམ༔


CMR013_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བྱགྲཅུཉྩནཏུ༔ འཇམ་དཔལ་ནག་པོའི་ལས། འབྱུང་བ་ཨར་གཏད་ཀྱི་མན་ངག །རང་ལ་ལྡོག་མེད་ཀྱི་མཚོན་ཆ་ཞེས་བྱ་བ། ཤ་ཟ་བྱང་བུ་གཅིག་རྒྱུག་གི་མན་ངག་ལག་ལེན་བསྟན་པ་ནི། བདུད་ཤིང་སྤོམ་ནག་གམ་དྲག་པོའི་ཤིང་ལ། དུག་ཤིང་ལ་ཕྱེད་མ་ལྷེབ་བཞག་གོ་ངོ་གཉིས་སུ་བྱས་ལ་འབྱུང་པོ་རྒྱུ་བར་རླུང་རྒྱག་གཤིན་རྗེའི་བཟློག་བསད་ཀྱི་སྔགས་བྲིས། ཕྱེད་གཤོག་པ་རུས་མིང་དང་འཁོར་ལོ་བྲིས། །དེས་ཀྱང་དགྲ་བོ་ཕྲན་བུ་ཐུབ་པ་ཡིན། །མྱུར་མགྱོགས་དུག་གི་སོག་ལེ་ཆེ་བ་ཡིན། །གབ་པ་ཕྱུང་བའི་མན་ངག་ཞལ་གདམས་འདི། །ཞང་ཁྲོམ་བདག་གི་ཐུགས་བཅུད་གསལ་བཀོད་ཨུ་པ་སྟེ༔ སུ་ལ་མ་སྤེལ་དམ་ལྡན་ཨེ་མ་ཧོཿ མྱུར་བྱེད་བྱང་བུ་གཅིག་རྒྱུག་འདི་། །པདྨ་བདག་གི་ཐུགས་བཅུད་འདི། །འགྲོ་བ་རྣམས་ཀྱི་གཉའ་ནོན་ཡིན། །མྱུར་མགྱོགས་ཆེ་བའི་མཚོན་ཆ་ཡིན། །རྣལ་འབྱོར་དམ་ལྡན་རྣམས་ལ་སྤེལ། །དམ་མེད་གསང་བའི་བཀའ་རྒྱ་བཏབ། །སྒྲུབ་པ་ལྷུར་ལེན་གཅིག་དང་འཕྲད་པར་ཤོག །སཱ་མཱ་ཡཱ༔ ལྷགཐཱགར༔༔ ཅེས་པ་རྣལ་འབྱོར་པ་ལ་གློ་བུར་དུ་དགྲ་བྱུང་ན་དགྲ་ས་གོང་དང་འདྲ་བ་ལ། རབ་


CMR013_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གཅིག །འབྲིང་ཞག་གསུམ། ཐ་ན་ཉིན་གཅིག་ཙམ་བསྒྲུབས་ལ་བྱང་བུ་གཅིག་རྒྱུག་གི་འཁོར་ལོ་འདི་བསྐོར། ཟོར་འཕང་། གཡབ་མོ་བྱ། དེས་ནི་ལས་ལ་ཐོགས་པ་མེད་པར་དགྲ་བོ་ལ་རྟགས་འོང་བར་ཐེ་ཚོམ་མེད་དོ། །མྱོས་པར་འདོད་ན་རི་བོང་གི་སྙིང་སྦྱར། ལོང་བར་འདོད་ན་ཕྱེ་ལྷེབ་ཀྱི་ཤ་མར་མེ་ནང་འཕོ་ང་་་་།ཞི་བར་འདོད་ན་སྦལ་རྐང་བཀུའོ་ཡ། ཤི་བར་འདོད་ན་གྲི་ལྕགས་ཀྱི་འཛེར་རུ་་་ལིངྒའི་སྙིང་གར་བཏབ། རང་ལ་མི་ལྡོག་པའི་རྫས་གསུམ། སྨན་ཤིང་ཀུན་ཁྱི་ནག་ཐུན། དེ་རྣམས་མན་ངག་ཡིན་ནོ། །ཞེས་པ་འདི་ཞང་ཁྲོམ་མར་མེ་ནང་འཚོང་ཧྭ་ཤང་ནག་པོའི་ཕྱག་ལེན་ཐེབས་སུ་དགུ་སྐོར་འདི། སྙིང་འདྲ་མ་གཏོགས་གསང་བའོ༔ ཁ་ཐཾ་རྒྱ་རྒྱ་རྒྱ༔ མན་ངག་བུ་ཡིག་བར་མའོ། །རལོ༣ནཏཀཝ༔ ཀཾ༔ ས་ལྟ་འདི་ལ་གསུམ་མམ་གཅིག་བྱའོ། །དུག་གི་སོག་ལེ་འདི་དྲེགས་པའི་ཐུགས་བཅུད་ཡིན་ནོ། །དྷ་ཐིམ༔ རྒྱ་རྒྱ་རྒྱ༔ ཁཾ༔ བར་རྟ་འདི་ལ་གསུམ་མམ་གཅིག་བྱའོ། །བསད་པའི་འཁོར་ལོ་གལ་བ་ཕྱུང་བའི་མན་ངག་བརྡ་ཐིམ། །


previousབསད་པའི་ལིངྒ།next