Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས།next

གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས།


CMR013_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས་བཞུགས་སོ༔


CMR013_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཡ་མཱན་ཀཱ་ཡ༔ རྡོ་རྗེ་འཇིགས་བྱེད་སྒྲུབ་པ་ནི༔ དྲུག་ཅུའི་གཏོར་མ་དཔེའུ་རིས་ལྟར་བཅའ༔ བདག་ཉིད་འཇིགས་བྱེད་པའི་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་སྔོན་པོ་མདུན་གྱི་དེ་རྣམས་ཀྱང་༔ ཞལ་གཅིག་མ་ཧེའི་ཞལ་དང་ཕྱག་བཞི་པ༔ གྲི་གུག་ཐོད་ཁྲག་མདུང་དང་རྡོ་རྗེ་འཛིན༔ ཐམས་ཅད་ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས༔ མདུན་དུ་གཙོ་བོ་གཅིག་ལ་འཁོར་བཅུས་བསྐོར༔ ཨོཾ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ མདུན་སྔགས༔ རང་སྔགས༔ ཨོཾ་ཡ་མཱན་ཀ་ཧཱུྃ་ཕཊ༔ རྒྱས་པའམ་འབྲིང་པོ་གང་བཅས་ཀྱང་༔ ཉིན་རེ་ཆུང་བ་བཅོ་ལྔ་འབུལ༔ དབུས་གསུམ་ཤར་གསུམ་སྒོ་གསུམ་དང་༔ ནུབ་


CMR013_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱང་གསུམ་འབུལ་བ་ཡིན༔ འབུལ་བའི་སྔགས་ནི་འདི་ཉིད་བཟླ༔ ཨོཾ་ཡ་མ་རཱ་ཛཿ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ ཤམ་བྷ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་མེ་སྤྲེལ་ཁྲུམས་ཟླ་བའི་ཉེར་གསུམ་ནུབ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དངོས་སུ་ཞལ་གཟིགས་དུས་ཐུབ་པས་དངོས་སུ་བཀའ་སྩལ་པའོ༔ ཞལ་གདམས་ནི་ཞག་བཞི་ཕན་ལ་མི་མཛད་ཅེས་གསུངས་སོ༔ འདིའི་བདག་བསྐྱེད་རྒྱུན་དུའང་རུང་གསུངས༔ མདུན་བསྐྱེད་བསྙེན་པ་ཡ་མ་རཱ༔ ༈ རྡོ་རྗེ་འཇིགས་བྱེད་དྲུག་ཅུའི་གཏོར་སྒྲུབ་བསྡུས་པ་བཞུགས་ལགས་སོ༔ ན་མོ་ཡ་


CMR013_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

མཱན་ཀཱ་ཡ། འཇིགས་བྱེད་སྙན་བརྒྱུད་དྲུག་ཅུའི་གཏོར་སྒྲུབ་ནི། །མཎྜལ་མེ་ཏོག་ཚོམ་བུ་བཅུ་གཅིག་བཀོད། །དེ་སྟེང་དྲུག་ཅུའི་གཏོར་མ་གཞུང་ལྟར་བཤམ། །བཅའ་ཚོགས་ཐམས་ཅད་དཔེའུ་རིས་ལྟར་བྱ། །དེ་ནས་སྐད་ཅིག་དྲན་རྫོགས་བདག་བསྐྱེད་ནི། །བདག་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་སྔོན་པོ་གྲི་གུག་ཐོད་ཁྲག་འཛིན། །ཞལ་གཅིག་མ་ཧེའི་ཞལ་ཅན་ཞབས་གཉིས་བསྒྲད། །ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོ་གས་པར་གསལ། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས། །འོད་འཕྲོས་རྒྱལ་བོ་སྲས་བཅས་འཇིགས་བྱེད་ཀྱི། །རྣམ་པར་སྤྱན་དྲངས་བདག་ལ་ཐིམ་པར་གྱུར། །ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ ཅེས་བསྙེན་ནོ། །མདུན་བསྐྱེད་ནི། ཨཱཿ སྟོང་པའི་ངང་ལས་མེ་རི་རྡོ་ར་དང་། །ཆོས་འབྱུང་འདབ་བརྒྱད་པད་ཉི་དྲེགས་པའི་སྟེང་། །ཧཱུྃ་ལས་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་། །ཞལ་གཅིག་མ་ཧེའི་ཞལ་དང་ཕྱག་བཞི་པ། །གྲི་གུག་ཐོད་ཁྲག་མདུང་དང་རྡོ་རྗེ་འཛིན་། །ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས་པར་གསལ། །དེ་ཡི་ཐུགས་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་སྐྱོང་བཅུ་པོ་སྲིད་གསུམ་ལྷ་འདྲེའི་ཚོགས། །སྤྱན་དྲངས་པད་


CMR013_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བཅུ་ལ་འཁོད་པར་གྱུར། །ཧཱུཾ་ཧྲཱིཿ ཀྐི་བཱི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨཱ་ཀརླ་ཡ་ཛཿ ཁྲོ་བོ་སྐུ་སྨད་ཕུར་པ་ཅན་རྣམས་འཕྲོས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཕྱོགས་སྐྱོང་རྣམས་ཀྱི་སྤྱི་བོར་ཕུར་པ་བཏབ། །ཀུན་ཀྱང་འཇིགས་བྱེད་གཙོ་བོ་ལྟ་བུ་ལ། །གནས་གསུམ་ཨོཾ་ཨཱཧཱུྃ་གིས་མཚན་པར་གྱུར། །ཧཱུཾ། རྒྱལ་བ་ཀུན་ཡབ་བཅོམ་ལྡན་འཇམ་དཔལ་དབྱངས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་ཁྲོ་བོའི་སྐུར་བཞེངས་ནས། །གདུག་པ་འདུལ་ཕྱིར་འཁོར་བཅས་འདིར་གཤེགས་ལ། །དྲག་པོའི་དཀྱིལ་འཁོར་འདི་རུ་བཞུགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿ ཛཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ཨནྡྷཾ་སོགས། དབང་ལྷས་དབང་བསྐུར་གཙོ་འཁོར་ཐམས་ཅད་ལ། །རིགས་བདག་མི་བསྐྱོད་པ་ཡིས་དབུ་བརྒྱན་གྱུར་།ལིང་ག་བྲན་ལ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་ཚོགས། །རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་བདེན་པའི་མཐུས། །གནོད་བྱེད་དགྲ་བགེགས་ཐམས་


CMR013_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདིར་ཁུག་ཅིག །ལྕགས་ཀྱུས་ཁུག་ལ་ཞགས་པས་དམ་དུ་ཆིངས། །ལྕགས་སྒྲོག་སྡོམས་ལ་དྲིལ་བུས་གཟུགས་ལ་ཕོབ། །ཐོ་བས་རྡུངས་ལ་དགྲ་སྟས་ཚལ་པར་ཁོས། །རྡོ་རྗེས་གཟིར་ལ་ཕུར་བུས་དམ་དུ་ཐོབ། །རལ་གྲིས་གཏུབས་ལ་ཤ་ཁྲག་ཚོགས་སུ་རོལ། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ངོ་བོ་ལ། །རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་གྱུར་། །ཨོཾ་ཨཱཧཱུཾ། ཤཱཀ་ཐུབ་ལ་སོགས་བརྒྱུད་པའི་བླ་མ་དང་། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་འཁོར་བཅས་ལ། །སྨན་རཀ་གཏོར་གསུམ་ཕྱི་ནང་གསང་མཆོད་འབུལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་སརྦ་བིགྷཱན་ཤ་ཏུཾ་མཱ་ར་ཡ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ༔ གསུམ། ཨངྒྷཾ་སོགས། སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། ཧཱུཾ། རྡོ་རྗེ་འཇིགས་བྱེད་འཇམ་དཔལ་ཁྲོས་པའི་རྒྱལ། །དེ་མཐོང་ཁྲོ་བོ་གཞན་འདིར་ལག་ཆ་འཆོར། །སངས་རྒྱས་ཁྲོས་པ་རྣམས་ཀྱང་ཟ་བས་བསྡིགས། །འཇིགས་བྱེད་ཆེན་པོ་འཁོར་དང་བཅས་ལ་བསྟོད། །དུས་གསུམ་སངས་རྒྱས་མཚན་ཀུན་ཐོས་པ་བས། །ལན་གཅིག་འཇམ་དཔལ་མཚན་ཐོས་མཆོག་གསུངས་


CMR013_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བདག་ལ་བྱིན་རླབས་དངོས་གྲུབ་ཐམས་ཅད་སྩོལ། །བདག་ཅག་འཁོར་བཅས་སྲུང་བསྐྱབ་མཛད་དུ་གསོལ། །དེ་ནས་དྲུག་ཅུ་ཐ་ན་རེ་རེས་གསོ་ཞིང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས་ལ། ཨོཾ་ཡ་མ་རཱ་ཛཿ ས་དོ་མེ་ཡ༔ ཡ་མེ་དོ་རུ༔ ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཕཊ༔ ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་སརྦ་བིགྷན་ཤ་ཏྲོ་མཱ་ར་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ། ཅེས་དྲུག་ཅུ་རྩ་བཞིས་ཕུལ། ཨགྷཾ་སོགས། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། ཧཱུྃ༔ གཤིན་རྗེའི་གཤེད་ཀྱི་རྣམ་འཕྲུལ་ཕྱོགས་སྐྱོང་བཅུ། །འཁོར་དང་བཅས་པས་མཆོད་གཏོར་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །བྱད་ཁ་དགྲ་བགེགས་ནད་གདོན་ཐམས་ཅད་ཟློག །དུས་མིན་འཆི་དང་འཇིགས་པ་བཅུ་དྲུག་ཟློག །སྡང་དགྲ་གདོན་བགེགས་ཐམས་ཅད་རྡུལ་དུ་རློགས། །དམ་ལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད། །ལས་གཤིན་གཏོར་མ་སྐབས་འདིར་ཡིན་ཀྱང་མི་དགོས་གསུངས་སོ། །དེ་ནས་གཏོར་མ་ལྷོ་ཕྱོགས་གྲོང་ཟད་པར་ཁྱེར་བཅུག་ལ། དེར་ལས་གཤིན་ལ་གཏད་པར་བསམས་ལ། ཧཱུྃ། བཅོམ་ལྡན་རྡོ་རྗེ་


CMR013_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་བཀའ་བྱུང་གིས། །ལས་ཀྱི་གཤིན་རྗེ་འཁོར་བཅས་འདིར་ཉོན་ཅིག །ཉེས་མེད་སེམས་ཅན་མང་པོ་གསོད་པ་བས། །ཉེས་ཆེན་དགྲ་བགེགས་འདི་ནི་མྱུར་དུ་སོད། །ལས་མཁན་ཡ་མ་ད་ཊིས་ལྕགས་ཀྱུས་ཟུང་། །གཤིན་རྗེ་ཀཱ་ལ་པཱ་ཤས་ཞགས་པས་ཆིངས། །ཡ་མ་ད་ཊིས་བེ་ཅོན་མགོ་ལ་རྒྱོབ། །ཡ་མ་དན་ཏི་ཏྲ་ཡིས་ཟ་བར་གྱིས། །འཁོར་ཚོགས་གཤིན་རྗེ་ཕོ་མོ་འབུམ། །ལས་ཀྱི་མེ་ལོང་དགྲ་ལ་སྟོན། །ནད་ཀྱི་རྐྱལ་པ་དགྲ་ལ་བྱོས། །ཚོན་གྱི་གྲུ་གུ་དགྲ་ལ་སྐྱོངས། །བདུད་ཀྱི་ཁྲམ་བམ་དགྲ་ལ་རྒྱོབ་། །ཤཱ་རྡེལ་དཀར་ནག་དགྲ་ལ་སྦྱངས། །འཁོར་ལོ་གསལ་ཤིང་མདུང་རྣོན་སོགས། །མཚོན་ཆའི་ཆར་པ་དགྲ་ལ་ཕོབ། །ལས་ཀྱི་གཤིན་རྗེ་ཁྱེད་རྣམས་ཀྱང་། རྒྱལ་པོ་བློན་པོ་སྡེ་དཔོན་སོགས། །ཕོ་ཉ་བྲན་གཡོག་བུད་མེད་གཟུགས། །དྲེལ་རྟ་བོང་བུ་ཆུ་བྱ་དང་། །རླུང་ནག་འཚུབ་མ་རྟ་རུ་ཞོན། །མྱུར་མགྱོགས་བར་སྣང་གློག་བཞིན་དུ། །དམིགས་བྱའི་དགྲ་བོ་འདི་ཁྲིད་ལ། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་། །ལས་འདི་མྱུར་དུ་མ་བསྒྲུབས་ན། །ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར། །དམ་ཟས་མནའ་


CMR013_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་གཏོར་མ་ཟོ། །དམ་ཚིག་རྡོ་རྗེ་སྙིང་ལ་གནས། །ཉམས་ན་བརླག་པར་འདོན་མི་ཟ། །དེ་བས་མ་གཡེལ་ལས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་ཏིཥྛ། །དགྲ་བགེགས་བླ་སྲོག་གཏོར་མ་བཅས། །ལས་གཤིན་འཁོར་དང་བཅས་པས་ཁྱེར། །ས་འོག་གཤིན་རྗེའི་ཡུལ་དུ་སོང་། །སརྦ་ཡ་མ་གཙཱ། རྗེས་ཆོག་ནི། ཨོཾ་ཡ་མཱནྟ་ཀ་ས་པ་རི་བཱ་ར་ཨགྷཾ་སོགས། ཡེ་ཤེས་གཤིན་རྗེ་ཕྱོགས་སྐྱོང་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཉེས་པ་ཐམས་ཅད་བཤགས། །སྤྱན་དྲངས་ལྷ་རྣམས་རང་གནས་བཛྲ་མུ༔ དམ་ཚིག་པ་རྣམས་འོད་ཞུ་རང་ལ་ཐིམ། །རང་ཉིད་མཐའ་ནས་དབུས་ཡལ་སྟོང་པར་གྱུར། །དགེ་བས་བཅོམ་ལྡན་འཇམ་དཔལ་མྱུར་འགྲུབ་ཤོག །སྤྲུལ་སྐུའི་བཀའ་ཡིས་ཤིན་ཏུ་ཉུང་བསྡུས་པ། །གྱིས་གསུངས་བཞིན་དུ་རཱ་ག་ཨ་སྱས་སྦྱར་། །ཉེས་པ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །མངྒ་ལཾ། སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། འདིའི་དབང་གཟུངས་དབང་ལྟར་རོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ཐུགས་གཏེར་སྙན་བརྒྱུད་ལས༔ རྡོ་རྗེ་འཇིགས་བྱེད་སྒྲུབ་ཐབས།next