Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲལ་ལས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲལ་ལས།next

བསྒྲལ་ལས།


CMR013_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྲུབ་ཁུང་ལིངྒ་བསྐྱེད་ཆོག་བཀུག་འཇུག་རྣམས༔ གནམ་ཆོས་གཞུང་ལྟར་བྱས་ལ༔ ཧཱུྃ༔ བདག་ཉིད་ཡེ་ཤེས་འཇིགས་བྱེད་དེ༔ གཡས་སོར་ཁྲག་འཐུང་ཁྲོ་བོ་ལ༔ གཡོན་སོར་ཀྲོ་ཏི་ཤྭ་རི་ལྔ༔ སྦྱོར་མཚམས་གཉིས་མེད་སྤྲུལ་པའི་སྲས༔ ཁྲོ་རྒྱལ་ཀུན་གྱི་གྱི་ཕྲིན་ལས་པ༔ སྟོད་ནི་སྐུ་གསུམ་ཁྲོས་པའི་ཞལ༔ རྒྱ་མདུད་བཅུ་གཉིས་ས་ཡི་མགོ༔ ཆང་ཟུང་ལོགས་བརྒྱད་རྣམ་ཐར་བརྒྱད༔ རྒྱ་མདུད་འོག་མ་ཐེག་པ་བརྒྱད༔ ཆུ་སྲིན་འཆི་བདག་གཤིན་རྗེའི་ཞལ༔ མཆེ་བཞི་སྲིད་པའི་བདུད་ཆེན་བཞི༔ སྦྲུལ་དྲུག་ཉོན་མོངས་དྲུག་གི་ཚུལ༔ ཟུར་གསུམ་དྲུག་གསུམ་རྣམ་སྨིན་གྱི༔ རང་གཤེད་ལུས་ངག་ཡིད་གསུམ་འཇོམ༔ ཁོང་སེང་བྱང་ཆུབ་དབུ་མའི་ལམ༔ རྣམ་ཤེས་སྐུ་གསུམ་ཞིང་དུ་སྤར༔ ཚེ་བསོད་ནི་ཡིག་བཀྲག་མདངས་ཅན༔ ཁོང་སེང་ལམ་ནས་བདག་ལ་བསྟིམ༔ ཕུར་རྩེ་གནམ་ལྕགས་གདུང་པའི་མཚོན༔ སྲོག་རྩ་སྙིང་ལ་ཀཱི་ལ་ཡ༔ དུག་ལྔ་དུག་གསུམ་བླ་དང་སྲོག༔ མར་མེ་རླུང་གིས་བསད་པ་བཞིན༔ སྐད་ཅིག་ཉིད་ལ་རྡུལ་དུ་རློགས༔ བཛྲ་ཀཱི་ལི་ཀི་ལ་ཡ་མཱ་ར་ཡ་རྦད་རྦད༔ ཡོད་ན་ཐུན་སོ་སོར་བརྒྱབ༔ མེད་ན་གང་འཛོམས་བྲབ་ཅིང་༔ ཧཱུྃ༔ དཔལ་


CMR013_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཡེ་ཤེས་འཇིགས་བྱེད་ཀྱི༔ ཕྱག་ནི་བཅུ་དྲུག་བར་སྣང་ཁྱབ༔ ཕྱག་རྒྱ་དང་པོའི་ཐལ་མོ་ཡིས༔ གནམ་ས་ཆ་ལང་རྡེབ་པར་བྱེད༔ བསྡུས་འཇོམ་བྲག་རི་འཐབ་པ་ལྟར། རྡེབ་ཅིག་བཛྲ་ཧསྟ་པ་་གཡས་འོག་སྦྲུལ་ནག་ཞགས་པ་འཛིན་དུག་སྦྲུལ་གདུག་པས་འཁྱུད་པ་ལྟར༔ དགྲོ་བགེགས་སྟོབས་ནུས་ལུས་དང་རྩོལ༔ ཆིངས་ཤིག་བཛྲ་ཧ་ལ་པ༔ གཡས་ཀྱི་གསུམ་པས་དགྲ་སྟ་འཛིན༔ མཐིང་ནག་དམྱལ་བའི་མཚོན་ཆ་བཞིན༔ དགྲ་བགེགས་མགོ་ལུས་ཡན་ལག་རྣམས༔ ཁོས་ཤིག་བཛྲ་ཏིག་སྣ་པ༔ གཡས་ཀྱི་བཞི་པས་ལྕགས་ཀྱུ་འཛིན༔ དགྲ་བགེགས་བླ་སྲོག་དོན་སྙིང་རྣམས༔ ཉ་མོ་ལྕགས་ཀྱུས་ཐེབས་པ་བཞིན༔ དྲོངས་ཤིག་བཛྲ་ཨཾ་ཀུ་ཤ༔ གཡས་ཀྱི་ལྔ་པས་མཆོད་རྟེན་བསྣམས༔ རི་རབ་འོག་ཏུ་ཚུད་པ་བཞིན༔ དགྲ་བགེགས་སྟོབས་ནུས་ཁ་རྗེ་རྣམས༔ ནོན་ཅིག་བཛྲ་པུ་རི་པ༔ གཡས་ཀྱི་དྲུག་པས་ལྕགས་སྡིག་འཛིན༔ དཔལ་ཆེན་ཁྲོ་རྒྱལ་ཐམས་ཅད་ཀྱིས༔ དམ་ཉམས་སྙིང་ཁྲག་ཟ་བར་བསྐོས༔ ཟོ་ཞིག་བཛྲ་རཀྵ་པ༔ གཡས་ཀྱི་བདུན་པས་ཉི་མ་འཛིན༔ ཉི་མ་བསྐལ་པའི་མེ་དཔུང་འབར༔ ཉི་མ་བདུན་ཤར་


CMR013_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཕོབ༔ བསྲེག་ཅིག་བཛྲ་སཱུརླ་པ༔ གཡས་ཀྱི་བརྒྱུད་པས་རྡོ་རྗེ་འཛིན༔ བརྒྱ་བྱིན་ལག་གི་རྡོ་རྗེ་བཞིན༔ གང་ལ་བརྒྱབ་ཀྱང་རླག་པར་བྱེད༔ རྒྱོབ་ཅིག་བཛྲ་ཛྭ་ལ་པ༔ གཡས་ཀྱི་དགུ་པས་གཏོར་ཟོར་འཛིན༔ ཁྲག་འཐུང་ཀུན་གྱི་བསྔགས་པའི་མཚོན༔ གང་ལ་བརྒྱབ་ཀྱང་རྡུལ་དུ་བརླག༔ རྒྱོབ་ཅིག་བཛྲ་བྷ་ལིང་ཏ་གཡོན་གྱི་གཉིས་པས་ཆུ་སྲིན་བསྣམས༔ ཀླུ་བདུད་ནག་པོ་ཏི་པ་ཙ༔ གྲེ་བར་ཚུད་ནས་ཐར་མི་སྲིད་༔ ཟོ་ཞིག་བཛྲ་ནཱ་ག་པ་གཡོན་གྱི་གསུམ་པས་དགྲ་སྙིང་འདྲེན༔ སྙིང་ཟོར་མ་མོ་གདུག་པའི་མཚོན༔ སྙིང་གཟེར་ཧུར་ཐུམ་དགྲ་ལ་ཕོབ༔ ཕོབ་ཅིག་བཛྲ་ཙིཏྟ་ཡ༔ གཡོན་གྱི་བཞི་པས་ཐོ་བ་བསྣམས༔ ཆོས་ཀྱི་རྒྱལ་པོ་སྔགས་པའི་མཚོན༔ གང་ལ་བརྒྱབ་པའི་ལུས་ངག་འཇོམ༔ རྡུངས་ཤིག་བཛྲ་མུད་ཀ་ར༔ གཡོན་གྱི་ལྔ་པས་པོ་ཏི་འཛིན༔ བདུད་འཇོམ་ལྕགས་སྲེག་དཔེ་ཙིག་བཞིན༔ འོག་ཏུ་ཚུད་ནས་ཏིལ་བཞིན་བརྩིར༔ ནོན་ཅིག་བཛྲ་དྷརྨ་པ༔ གཡོན་གྱི་དྲུག་པས་རུས་སྦལ་འཛིན༔ སྐག་རིགས་སུམ་བརྒྱ་དྲུག་ཅུའི་ཚོགས༔ དམ་ཉམས་དགྲ་བོ་བྱད་མ་ལ༔ ཕོབ་ཅིག་བཛྲ་མ་ཧཱ་པ༔


CMR013_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གྱི་བདུན་པས་ཟླ་བ་འཛིན༔ ཟླ་བ་བསྐལ་པའི་ཆུ་བོ་འཁྲུགས༔ དུག་ཆུ་ནག་པོ་གདུག་པའི་ཆར༔ ཕོབ་ཅིག་བཛྲ་པ་ཎ་པ༔ གཡོན་གྱི་བརྒྱད་པས་གྲི་གུག་འཛིན་ལས་ཀྱི་མགོན་པོས་དམོད་པའི་མཚོན༔ སྤུ་གྲི་རེག་གཅོད་གདུག་པའི་དབལ་རྒྱོབ་ཅིག་བཛྲ་ཀརྟི་ཀཿ གཡོན་གྱི་དགུ་པས་སྒོང་ཟོར་འཛིན༔ ཀླུ་ཁྱུང་འཁྲུག་བྱེད་ངན་པའི་རྫས༔ མི་ཁ་བྲ་མཆུ་གདུག་པའི་ཆར༔ ཕོབ་ཅིག་བཛྲ་མཱ་ར་ཡ༔ དགྲ་སྟ་རྡོ་རྗེ་མདའ་གཞུ་དང་༔ མདུང་དང་གྲི་གུག་གཏོར་མའི་ཐུན༔ བེར་དང་ཁ་ཊཾ་ལ་སོགས་པ་དུག་གདོང་བརྒྱད་ཀྱི་མཚོན་ཆ་ཡིས༔ རྒྱོབ་ཅིག་བཛྲ་ཏིག་ཎ་པ༔ སྟ་མོ་རལ་གྲི་ཁྲམ་ཤིང་དང་༔ གྲི་གུག་ཞིང་ལྤགས་སྤུ་གྲིའི་ཐུན༔ སྤུ་གྲི་གྲི་གུག་ལ་སོགས་པ༔ མ་མོ་མཁའ་འགྲོ་དམོད་པའི་མཚོན༔ རྒྱོབ་ཅིག་བཛྲ་ཁད་ག་པ༔ ཡུངས་དཀར་ཡུངས་ནག་ལྕགས་ཕྱེ་དང་༔ ཟངས་ཕྱེ་ཟི་ར་ཁྲག་དང་དུག༔ སྣ་ཚོགས་དྲེགས་པའི་རྫས་ཀྱི་ཐུན༔ ཕོབ་ཅིག་བཛྲ་ཤ་རི་རམ༔ ཕཊ༔ཧཱུྃ་ཛྙཱ་ནཀོདྷཕཊ༔ཧཱུྃཏྲེར༔ཧཱུྃདུཧཱུྃཧཱུྃཧཱུྃཤྲིབྷྱོམཧཱུྃཔཾབྷྱོབྷྱོཊཱི༔ དགྲ་བགེགས་ཧུར་ཐུ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ནས་ལིང་རོ་བསྟབ་པ་ནི༔


CMR013_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ གཏོར་སྐྱོག་བྷན་གྲུ་གསུམ་ཡངས་པའི་ནང་༔ དགྲ་བགེགས་ཤ་ཁྲག་རུས་པ་ནང་རོལ་བཅས༔ བླ་ཚེ་ཁ་རྗེ་དབང་ཐང་སྟོབས་ནུས་རྣམས༔ དཔལ་ཆེན་ཡེ་ཤེས་འཇིགས་བྱེད་ཞལ་དུ་བསྟབ་དུག་གདོང་བརྒྱད་དང་མ་བརྒྱད་ཞལ་དུ་བསྟབ༔ གྲུ་གསུམ་ཧོམ་ཁུང་གདང་བའི་ཞལ་ཕྱེས་ཤིག༔ མཆེ་གཙིགས་ལྗགས་འདྲིལ་བསྐལ་པའི་མེ་འབར་བའི༔ ཀློང་དུ་བྱ་སྒྲོ་མེས་བསྲེགས་ཇི་བཞིན་དུ༔ རྣམ་སྨིན་ཤ་ཁྲག་དུག་གསུམ་སྒྲིབ་སྦྱངས་ནས༔ དགྲ་བགེགས་རྣམ་ཤེས་ཆོས་དབྱིངས་ཀློང་དུ་བསྟིམ༔ བདུད་དགྲ་དམ་སྲི་ཐལ་བ་རྡུལ་དུ་རློག༔ ཟབ་གཏེར་བསྟན་པ་ཕྱོགས་བཅུར་རྒྱས་པར་མཛོད༔ ཛྷཱ་ན་བྷེ་ར་ས་པ་རི་ཝཱ་ར༔ གནོད་བྱེད་དམ་སྲིའི་མ་ཧཱ་ནཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི་མ་ཧཱ་ཀི་ནི་རི་ཏི་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ ཞེས་ལིང་རོ་མདོས་ནང་དུ་ཕུལ་ལ། བདུད་རྩིས་བྲན་ནས་བཟློག་གཞུང་འདོན་ནོ༔ རྩང་གསེར་སྐྱེམས་ཆད་མདོ་སོགས་དཀྱུས་ལྟར་སོང་ནས་གཏོར་མདོས་འབུལ་དུས་བཞེས་འབོད་བྱས་ནས་བཟློག་གོ༔ རྗེས་ཀྱི་མདོས་འཕེན་ནི༔ དམིགས་པ་དང་བཞེས་འབོད་གནམ་ཆོས་གཞུང་ལྟར་བྱས་ཏེ༔ ཤྲཱི་མ་ཧཱ་ཀཱ་ལ་ཞེས་པ༔ དཔལ་ཡེ་ཤེས་འཇིགས་བྱེད་དུག་གདོང་ཕོ་བརྒྱད༔ ཌཱཀྐི་མོ་བརྒྱད་ཁྱེད་


CMR013_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བདག་ལ་གསོན་ཅིག་ཅེས་དང་༔ ཡེ་ཤེས་འཇིགས་བྱེད་ལ་བརྙས་ཆོས་བྱས༔ ཞེས་སོགས་ཚིག་བསྒྱུར་ཤེས་པར་བྱའོ། ཞེས་པ་སྤྲུལ་སྐུའི་བཀའ་བཞིན་དུ་རཱ་ག་ཨ་སྱས་སྦྱར་བའོ༔ མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསྒྲལ་ལས།next