Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་འཇིགས་བྱེད་ཀྱི་གསེར་སྐྱེམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་འཇིགས་བྱེད་ཀྱི་གསེར་སྐྱེམས།next

ཡེ་ཤེས་འཇིགས་བྱེད་ཀྱི་གསེར་སྐྱེམས།


CMR013_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འཇིགས་བྱེད་ཀྱི་གསེར་སྐྱེམས་བཞུགས་སོ༔


CMR013_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་གཏོར་འབུལ་ཟློག་པ་དེས་ཐུན་བཞིའམ་གསུམ་སོགས་སུ་ཐུན་གཏོར་མདོས་ནང་དུ་ཕུལ༔ དེ་ལྟར་ཞིག་གང་བྱེད་ལ་བྱའོ༔ ཉིན་རྫོགས་ཀྱང་རུང་ངོ་༔ དེ་ནས་གསེར་སྐྱེམས་འབུལ་བ་ནི༔ ཧཱུྃ༔ ཨིནྡྲ་ཡ་ལ་སོགས་པ་ཡི༔ ཤར་ཕྱོགས་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱཀྐི་གཟའ་དང་ས་བདག་སོགས༔ ཤར་ན་རྒྱུ་བའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམས་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཨཀྵེ་ཡེ་ལ་སོགས་པ་ཡི༔ ཤར་ལྷོ་གཉུག་མར་གནས་པ་ལ༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་


CMR013_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཌཱཀྐི་གཟའ་དང་ས་བདག་སོགས༔ ཤར་ལྷོ་ནས་རྒྱུའི་ལྷ་འདྲེ་རྣམས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམས་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཡ་མ་ཡེ་ལ་སོགས་པ་ཡི༔ ལྷོ་ཕྱོགས་གཉུག་མར་གནས་པ་ལ༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱཀྐི་གཟའ་དང་ས་བདག་སོགས་ལྷོ་ནས་རྒྱུ་བའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་བཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ནི་རི་ཏི་ལ་སོགས་པ་ཡི༔


CMR013_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་གཉུག་མར་གནས་པ་ལ༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ ལྷོ་ནུབ་ནས་རྒྱུའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཝ་རུ་ཎ་ལ་སོགས་པ་ཡི༔ ནུབ་ཕྱོགས་གཉུག་མར་གནས་པ་ལ་ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ ནུབ་ནས་རྒྱུ་བའི་ལྷ་འདྲེ་རྣམས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ བྷ་ཡ་བྷེ་ལ་སོགས་པ་ཡི༔ ནུབ་བྱང་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ ནུབ་བྱང་ནས་རྒྱུའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཀུ་བེ་ར་ཡ་སོགས་པ་ཡི༔ བྱང་ཕྱོགས་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ བྱང་ནས་རྒྱུ་བའི་ལྷ་འདྲེ་


CMR013_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཨི་ཤྭ་ན་ལ་སོགས་པ་ཡི༔ བྱང་ཤར་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ བྱང་ཤར་རྒྱུ་བའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ བྲ་ཧ་མཎ་ལ་སོགས་པ་ཡི༔ སྟེང་དུ་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ སྟེང་ནས་རྒྱུ་བའི་ལྷ་འདྲེ་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ པྲི་ཐེ་དེ་ཝི་ལ་སོགས་པའི༔ འོག་ཏུ་གཉུག་མར་གནས་པ་ཡི༔ ལྷ་སྲིན་འབྱུང་པོ་སྡེ་བརྒྱད་དང་༔ ཌཱ་ཀི་གཟའ་དང་ས་བདག་སོགས༔ འོག་ནས་རྒྱུ་བའི་ལྷ་འདྲེ་རྣམས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཧཱུྃ༔ ཡུལ་ཕྱོགས་འདི་དང་གནས་


CMR013_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་༔ མཚེར་ས་བྲང་ཁང་འདིར་གནས་པའི༔ ལྷ་ཀླུ་ས་བདག་གནས་བདག་རྣམས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ དབུ་ཁུག་ཞབས་བསྐུམ་སྐུ་གཟུར་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར་གལ་ཏེ་གཏོར་མའི་ཟོར་ཕོག་ན༔ ཕོག་ཐུག་ཉེས་པའི་སྐྱོན་བྱུང་ན༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་ལན་དགྲ་དང་བགེགས་ལ་ཆོད་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་ལ་གཏོར་མདོས་ཕྱོགས་ཡོད་ངོས་སུ་ཕུལ་བཅུག་སྟེ༔ ཅུང་ཞིག་རྒྱང་རིང་ན་བཟང་༔ ཉེ་ལོགས་སུ་ཕུལ་ན་འཁོར་ལ་གཟན་པར་གསུངས་སོ༔ ཞེས་པ་འདི་སྤྲུལ་སྐུ་རིན་པོ་ཆེའི་གསུང་གིས་ཡུན་རིང་མོ་ནས་བསྐུལ་ནས༔ དངོས་པོ་མངོན་རྟོགས་ཙམ་བྲིས་པས་བཀའ་གཉན་པར་འདྲ་བསམ་པའི་རྩུབ་སློང་འགའ་བྱུང་བ་ལ་བརྟེན་ནས་ཡུན་རིང་ལ་ལུས༔ བཟློག་པ་འདི་བྲིས་པས་ཀྱང་རྟེན་འབྲེལ་གྱི་ཆུ་བ་སློང་ཆེའོ་སྙམ་བསམ་བྱུང་༔ དེའི་ཕྱིར་དུས་གཅིག་མ་ཡིན༔ རིམ་པར་ཆ་ཚང་བར་སེམས་སོ༔ ཞེས་སྔགས་འཆང་རཱ་ག་ཨ་སྱས་གནམ་ཆོས་ཀྱི་ལྷན་ཐབས་སུ་བྱི་བ་ལོ་སྨིན་དྲུག་གི་ཚེས་གཅིག་དང་བརྒྱད་ལ་རྫོགས་པར་སྦྱར་བ་མངྒ་ལཾ།


previousཡེ་ཤེས་འཇིགས་བྱེད་ཀྱི་གསེར་སྐྱེམས།next