Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་གཏེར་ལས་གཤིན་རྗེ་འཆར་ཀའི་འདོན་ཆ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་གཏེར་ལས་གཤིན་རྗེ་འཆར་ཀའི་འདོན་ཆ་བསྡུས་པ།next

གནམ་ཆོས་ཐུགས་གཏེར་ལས་གཤིན་རྗེ་འཆར་ཀའི་འདོན་ཆ་བསྡུས་པ།


CMR013_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་ལས་གཤིན་རྗེ་འཆར་ཀའི་འདོན་ཆ་བསྡུས་པ་བཞུགས་སོ༔ ནཾ༔ མདུན་དུ་འཆར་ཀ་སྐུ་མདོག་ནག༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲམ་ཤིང་གཡོན་པས་མཆོད་རྟེན་ནི༔ སྤྱི་བོའི་གཙུག་ཏུ་ཁུར་བ་ལ༔ གཤིན་རྗེའི་ཆས་ཀུན་ཡོངས་སུ་རྫོགས༔ ཡིག་ཆུང་ལ་སོགས་ཐོགས་པ་ཡི༔ འཁོར་དུ་ཤན་འབྱེད་གཉིས་ཀྱིས་བསྐོར༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི༔ སྨན་རཀ་གཏོར་མའི་མཆོད་པ་འབུལ༔ ཨོཾ་ཤ་རི་རུ་མ་བློ་ཨ་མྲྀ་ཏ་བ་ལིང་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ གཤིན་རྗེ་འཆར་ཀ་ནག་པོ་ནི༔ སྐུ་མདོག་ཆར་སྤྲིན་འཐིབས་པ་འདྲ༔ ཞལ་གདངས་སྟག་གཟིག་རྔམས་པ་འདྲ༔ མཆེ་བ་ཚེར་ཕུང་གདེངས་པ་འདྲ༔ ཤངས་ནས་བསྐལ་པའི་རླུང་ནག་འཚུབ༔ སྙན་ནས་སྟོང་གསུམ་འབྲུག་སྒྲ་སྒྲོག༔ ཞལ་ནས་དྲག་པོའི་སྔགས་བཟླ་ཞིང་༔ འོད་ཟེར་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཚྭ་ཚྭར་སྤྲུལ་པའི་ཕོ་ཉ་འགྱེད༔ གནོད་བྱེད་ཤ་ཁྲག་གཏོར་མ་བཞེས༔ དགྲ་བགེགས་བཟློག་པའི་ལས་མཛོད་ཅིག༔ ནད་ཁ་


CMR013_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་ཁ་དགྲ་ལ་སྡིག༔ བྱེད་ཁ་རྦོད་གཏོང་ཐམས་ཅད་ཟློག༔ དགྲ་གྱོད་མི་ཁ་ཐམས་ཅད་ཟློག༔ རྐྱེན་ངན་བར་ཆད་ཐམས་ཅད་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཤ་རི་རུ་མ་བྷྱོ་དགྲ་ལ་ཟློག༔ དགྲ་བཟློག་འཆར་ཀའི་འདོན་ཆ་རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་གཏེར་ལས་གཤིན་རྗེ་འཆར་ཀའི་འདོན་ཆ་བསྡུས་པ།next