Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཤིན་རྗེ་འཆར་ཁ་ནག་པོའི་སྒྲུབ་ཐབས༔ ལས་བྱང་སྲུང་༔ ཟློག་པ༔ སྲེག་པ༔ བསད་པ༔ མནན་པ༔ འཕང་བ་བཅས་ཡོངས་སུ་ཚང་བའི་བསྡུས་པ་མན་ངག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཤིན་རྗེ་འཆར་ཁ་ནག་པོའི་སྒྲུབ་ཐབས༔ ལས་བྱང་སྲུང་༔ ཟློག་པ༔ སྲེག་པ༔ བསད་པ༔ མནན་པ༔ འཕང་བ་བཅས་ཡོངས་སུ་ཚང་བའི་བསྡུས་པ་མན་ངགnext

གནས་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཤིན་རྗེ་འཆར་ཁ་ནག་པོའི་སྒྲུབ་ཐབས༔ ལས་བྱང་སྲུང་༔ ཟློག་པ༔ སྲེག་པ༔ བསད་པ༔ མནན་པ༔ འཕང་བ་བཅས་ཡོངས་སུ་ཚང་བའི་བསྡུས་པ་མན་ངག


CMR013_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཤིན་རྗེ་འཆར་ཁ་ནག་པོའི་སྒྲུབ་ཐབས༔ ལས་བྱང་སྲུང་༔ ཟློག་པ༔ སྲེག་པ༔ བསད་པ༔ མནན་པ༔ འཕང་བ་བཅས་ཡོངས་སུ་ཚང་བའི་བསྡུས་པ་མན་ངག་བཞུགས་སོ༔ བཀའ་རྒྱ་དམ་པར་གསུངས་པའོ༔


CMR013_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །གཤིན་རྗེ་འཆར་ཀ་སྒྲུབ་པ་ནི། །ཟངས་ལྕགས་སྣོད་དུ་གཏོར་མ་ནི། །ཟུར་གསུམ་ཁྲམ་རིས་ལྡན་པ་ལ། །རྩེ་ལ་མར་གྱི་མེ་རི་དང་། །ཟུར་གསུམ་ཅུང་ཐུང་གསུམ་རེ་འཛུགས། །ལོགས་གསུམ་སྙིང་གཟུགས་ཤ་དར་བརྒྱན། །ཡོད་ན་ཙཀླུ་གསུམ་ཡང་བཙུགས། །མདུན་དུ་དོ་གལ་ཆེ་ཆུང་གི །བསྟུན་ཏེ་ཤོག་ལིང་ངམ་ཟིན་ལིང་བཞག །སྟོད་ནི་གཙོ་བོ་གསུམ་པོ་བསྒོམ། །གཏོར་མའི་སྐེད་པ་མཆོད་པའི་སྤྲིན། །སྨད་ནི་དགྲ་བགེགས་ཤ་ཁྲག་དམིགས། །རང་གི་སྙིང་ཐད་མི་མཐོ་བའི། །སྟེགས་ཁར་བཞག་མདུན་མཆོད་པ་ནི། །རྣམ་ལྔ་གཡས་གཡོན་སྨན་རཀ་བཤམས། །ན་མོ། དཀོན་མཆོག་གསུམ་དང་རྩ་


CMR013_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་། །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །སྨན་གཏོར་རཀྟ་ལྷ་མོར་བཅས། ཟད་མེད་གྱུར་ཅིག་པཱུ་ཛ་ཧོ། །ཧཱུཾ། ང་ནི་རང་བྱུང་གཤིན་རྗེའི་གཤེད། །འཁྲུལ་པའི་བགེགས་ཚོགས་ཕྱིར་དེངས་ཤིག །ཐབས་ཤེས་མེ་དཔུང་རྡོ་རྗེའི་གུར། །ལྷུན་གྲུབ་ལྟ་བས་མཚམས་བཅད་དོ། །རིག་པའི་སྒོ་དབྱེ་མཇལ་ཕྱག་འཚལ། །ཡེ་སངས་རྒྱ་བར་དམ་བཅའ་འོ། །ཡེ་ཤེས་ལྔ་ཡི་བྱིན་ཆེན་


CMR013_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །གློ་བུར་དྲི་མའི་ཚོགས་རྣམས་བཤགས། །ཀུན་བཟང་མཆོད་སྤྲིན་ལྷུན་གྲུབ་ཀྱི། །ཧཱུྃ། ཆོས་རྣམས་ཡེ་ནས་སྤྲོས་དང་བྲལ། །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །རྒྱུ་ཡི་ཡི་གེ་ཧཱུྃ་མཐིང་ལས། །འོད་འཕྲོས་འབྱུང་བཞིའི་རི་རབ་སྟེང་། །ཧཱུཾ་ལས་དུར་ཁྲོད་གཞལ་ཡས་ཁང་། །སྒོ་གྲུ་རྟ་བབས་ཆོས་འཁོར་རྫོགས། །འཁོར་ཡུག་རྡོ་རྭ་མེ་རིས་བསྐོར། །དེ་དབུས་གྲུ་གསུམ་ཆུ་གླང་ཟུང་། །པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །དྲན་རྫོགས་དམ་ཡེ་དབྱེར་མེད་པའི། །རང་ཉིད་གཤིན་རྗེ་སྐུ་མདོག་ནག །ཞལ་གཅིག་ཕྱག་བཞི་ཕྱག་མཚན་ནི། །གཡས་གཉིས་རྡོ་རྗེ་ཁ་ཊཾ་དང་། །གཡོན་གཉིས་ཐོ་བ་ཞགས་པ་འཛིན། །རྒྱན་མེད་གཅེར་བུ་ཉ་སུལ་ཧྲག །པད་ཉི་བམ་སྟེང་འདོར་ཐབས་བསྒྲད། །གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ། །ཉི་སྟེང་ཧཱུྃ་ལ་ཧྲཱིཿ ཊྛིས་བསྐོར། །ཞལ་གདངས་མཆེ་གཙིགས་དབུ་སྐུ་འབར། །རྔམས་བརྗིད་སྲིད་གསུམ་ཟིལ་གྱིས་གནོན་། །རང་འོད་མེ་དཔུང་ཀློང་ན་འགྱིང་། །མདུན་དུ་གཏོར་སྣོད་གྲུ་གསུམ་ནང་། །དགྲ་བགེགས་ཤ་ཁྲག་རྒྱ་མཚོའི་དབུས། །རི་རབ་རིམ་གསུམ་པད་ཉིའི་སྟེང་། །དགྲ་


CMR013_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བསྣོལ་བའི་གདན་སྟེང་དུ། །བརྫུས་སྐྱེས་ལས་ཀྱི་གཤིན་རྗེ་ནི། །འཆར་ཀ་སྐུ་མདོག་ཆར་སྤྲིན་མདོག །ཞལ་གཅིག་ཕྱག་གཉིས་རི་རབ་ནི། །སྤྱི་བོར་ལེན་ཅིང་སར་བརྡེབས་པས། །དགྲ་བགེགས་ཐམས་ཅད་རླག་པར་བྱེད། །དུར་ཁྲོད་ཆས་རྫོགས་སྦྲུལ་མཇུག་འཁྱུག །སྐུ་ལ་མོན་པའི་བེར་ཆེན་གསོལ། །སྤྱན་གསུམ་བསྐྲད་ཅིང་མཆེ་བཞི་གཙིགས། །དབུ་སྐྲ་སྨ་ར་མེ་ལྟར་འབར། །དབུ་གཙུག་རིགས་བདག་མཆོད་རྟེན་བརྒྱན། །མེ་རླུང་འཚུབ་མའི་དབུས་ན་འགྱིང་། །ཐུགས་ཀར་ཉི་སྟེང་ཧཱུཾ་ནག་མཐར། །སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར། །དེ་མདུན་གཡས་སུ་ལས་མཁན་ནི། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ། །གཡས་ཀྱི་ཕྱག་ན་ཁྲམ་ཤིང་འཛིན། །གཡོན་པས་ལས་ཀྱི་མེ་ལོང་འཛིན། །ཡ་མ་པ་ཏྲི་རྔམས་པའི་གཟུགས། །དེ་མདུན་གཡོན་དུ་ལས་མཁན་ནི། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་ཕྱག་མཚན་འདི་ལྟར་རོ། །གཡས་པས་ཡིག་ཆུང་གཡོས་པས་ནི། །རྡེའུ་དཀར་ནག་བཀང་བ་ཡི། །ཆགས་ཤིང་རབ་ཏུ་བཅང་བར་བྱེད། །ཡ་མ་ཀཱ་


CMR013_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁྲོ་ཞིང་གཏུམ། །གཉིས་ཀ་རྒྱན་མེད་རྟགས་བསྒྲེང་བ། །སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་འབར། །ཐུགས་ཀར་ཁྲག་མཚོ་ཟུར་གསུམ་ནང་། །ཡ་ནག་སོ་སོའི་སྔགས་ཀྱིས་བསྐོར། །སྤྲུལ་པའི་ཕོ་ཉ་དཔག་མེད་འཕྲོས། །འོད་འཕྲོས་རང་འདྲ་སྤྱན་དྲངས་ཐིམ། །ཧཱུྃ། རང་བཞིན་སྐྱེ་བ་མེདི་པ་ལས། །སྐྱེ་བའི་ཆོ་འཕྲུལ་གཤིན་རྗེའི་གཤེད། །བདུད་བཞི་དཔུང་ཚོགས་འཇོམས་པའི་ལྷ། །འདིར་གཤེགས་བདག་ལ་བྱིན་གྱིས་རློབས། །ལྷོ་ཕྱོགས་འཆི་བདག་གཤིན་རྗེའི་ཡུལ། །དུར་ཁྲོད་མེ་དཔུང་འབར་བའི་དབུས། །ལྕགས་མཁར་ཐོད་པའི་གཞལ་ཡས་ནས། །འཆར་ཀ་ནག་པོ་མཐུ་བོ་ཆེ། །མ་མོ་ཐམས་ཅད་སྐུ་ལས་སྤྲུལ། །ང་རྒྱལ་ཆ་ལས་གཤིན་རྗེ་སྤྲུལ། །ཞེ་སྡང་ཆ་ལས་བདུད་ཚོགས་སྤྲུལ།། །འདོད་ཆགས་ཆ་ལས་གནམ་སྨན་སྤྲུལ། །དྲེགས་པའི་ཚོགས་ཀུན་གཡོག་ཏུ་བཀོལ། །ཡ་མ་པ་ཏྲི་ཀཱ་ལར་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཆུ་གླང་པད་ཉི་དགྲ་བགེགས་སྟེང་། །འཇམ་དཔལ་ཁྲོས་པའི་གཤིན་རྗེའི་གཤེད། །བདག་དང་དབྱེར་མེད་བརྟན་པར་བཞུགས། །ཤ་རི་ཁྲག་མཚོ་དགྲ་བགེགས་སྟེང་། །


CMR013_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་འཆར་ཀ་གཙོ་དང་འཁོར། །སྔོན་གྱི་དམ་ཚིག་རྗེས་དགོངས་ལ། །ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས། །ཧཱུཾ་ཡ་མཱནྟ་ཀཿ ཤ་རི་མ་རི་བྷྱོ༔ བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སཾ༔ ཧཱུཾ། ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ལག་ཆ་འཆོར་ནས་འདར་གྱུར་པ། །གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུག་ཟ་བའི་དབང་པོ་ཆེ། །འཆར་ཀ་ནག་པོར་ཕྱག་འཚལ་ལོ། །སྣང་སྲིད་གསལ་བའི་མེ་ལོང་འཛིན། །སང་ཕོད་སུ་འཆི་མི་རྣམས་ནི། །ད་ལོ་ཁྲམ་ལ་འདེབས་བྱེད་པ། །ཡ་མ་པ་ཏྲི་ཁྱོད་ལ་འདུད། །གང་བྱས་ལས་རྣམས་ཡིག་ཆུང་གསལ། །དགེ་སྡིག་ཆགས་ཤིང་སྲང་ལ་གཞལ། །ལེགས་ཉེས་ཆོས་བཞིན་སྤྱོད་པ་པོ། །ཡ་མ་ཀ་ལར་འདུད་པར་བགྱི། །ཧཱུྃ། ཡེ་ཤེས་ལས་དང་འཇིག་རྟེན་གཤིན་རྗེའི་ཚོགས། །ཁྱེད་རྣམས་དགྱེས་པའི་མཆོད་པ་འབུལ་བ་ནི། །བསྒྲལ་བའི་ཞིང་གྱུར་གནོད་བྱེད་དགྲ་བགེགས་ཀྱི། །ཁྲག་གི་མཆོད་ཡོན་ཞག་གི་ཞབས་


CMR013_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་དང་། །དབང་པོའི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་། །རྐང་ཆེན་མར་མེ་ཤ་ཆེན་ཞལ་ཟས་དང་། །རྐང་གླིང་རོལ་མོ་འབུལ་གྱིས་དགྱེས་པར་བཞེས། །དགྲ་བགེགས་གཟུགས་ཀྱི་ཕུང་པོ་ལིང་ག་བཅས། །ངག་གི་སྒྲ་སྐད་མིང་གི་ཡི་གེ་དང་། །དྲི་མ་ཟིག་རྫས་ཤ་ཁྲག་རྨོངས་པའི་དྲི། །ཤ་ཁྲག་དོན་སྙིང་སྒྲེ་བཅུད་རོ་དང་ལྡན། །ལྤགས་རློན་ཁྲག་འཛག་དགྱེས་པའི་ན་བཟའ་བཅས། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །སྲིད་གསུམ་གདུག་པའི་འདུལ་བའི་ཁྲག་ཆེན་པོ། །དབྱིངས་ཀྱི་རང་བཞིན་མཚན་ལྡན་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །གཅིག་ཏུ་འདྲེས་པ་ཟག་མེད་བདུད་རྩིའི་མཚོ། །འདོད་ཡོན་ལྔ་ལྡན་གཏོར་མའི་མཆོད་པ་འབུལ། །ཨོཾ་ཡ་མཱནྟ་ཀ །ཤ་རི་མ་རི་བྷྱོ༔ ས་པཱ་རི་ཝ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། ཨནྡྷཾ་པཱརྱ་པུཥྛ་དྷ་པེ་ཨཱ་ལོ་ཀེ༔ གནྡྷེ་ནེ་ཝི་དྱ་ཐཱ་རཱུ་པ་ཤབྡ་གྷནེ་རཱ་ས་པཆེ་པྲ་ཏཱི་ཨཱཧཱུྃ། ཨོཾ་ཧྲཱིཿ ཊི་ཝཱི་ཊིའི་སྙིང་པོ་སྔགས་སྒྲ་ཡིས། །ས་གསུམ་པ་ཡི་འཁྲུལ་པ་སེལ་བྱེད་པ། །གང་གཱའི་བྱེ་སྙེད་རྒྱལ་བའི་མཚན་འཆང་བས། །ལན་གཅིག་འཇམ་དཔལ་


CMR013_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྗོད་ལྷག་གསུངས་ན། །འཇམ་དཔལ་ཁྲོས་པའི་ཁྲོ་བོ་ཁྱེད་ཉིད་ལ། །རབ་ཏུ་གུས་པས་མཆོད་ཅིང་བསྟོད་ལགས་ཀྱི། །མི་ཤེས་རྨོངས་པའི་དྲྭ་བ་ད་ཆོད་ལ། །ཤེས་རབ་རིག་པའི་རྩ་ཁ་འབྱེད་པ་དང་། །དུས་མིན་འཆི་དང་གཤིན་རྗེའི་འཇིགས་པ་སོགས། །བར་དུ་གཅོད་པ་ཀུན་ལས་སྐྱོབས་པར་མཛོད། །ཧཱུཾ། ལྷ་ཆེན་དབང་ཕྱུག་ཀླུ་མོ་བཤོས་པའི་སྲས། །རུ་ཊའི་གཤེད་མ་ཟློག་བྱེད་མཐུ་མོ་ཆེ། །ཆར་སྤྲིན་མདོག་འདྲ་སྤྱན་གསུམ་གྱེན་ལ་བསྒྲད། །ཡན་ལག་སྦྲུལ་རྒྱན་སྦྲུལ་མཇུག་རྒྱ་མཚོར་འཁྱིལ། །ཞལ་གདངས་མཆེ་གཙིགས་དར་ནག་བེར་ཆེན་གསོལ། །ཕྱག་གཉིས་རི་རབ་ཀླད་ལ་བསྐོར་ནས་ཀྱང་། །དམིགས་པའི་རྟེན་དུ་གནམ་ས་ཁ་ཞབས་ལྡོག །སྲིད་པ་གསུམ་པོ་ཁྱོད་ཀྱི་ལྟོ་བར་གནས། །སྐུ་ལ་འཇའ་འོད་འཁྱིལ་ཞིང་རླུང་ནག་འཚུབ། །ཞལ་ནས་འབྲུག་སྒྲོག་སྙན་ནས་ཐོག་སེར་འབེབས། །རླུང་བས་མགྱོགས་ཤིང་ཕྱག་གིས་འཇིག་རྟེན་ཉུལ། །གཤིན་རྗེ་ཀུན་གྱི་རྗེ་བོ་ཁྱོད་ལ་བསྟོད། །མ་མོ་ཀུན་གྱི་གཙོ་བོ་ཁྱོད་ལ་བསྟོད། །སྲིད་པ་གསུམ་གྱི་བདག་པོ་ཁྱོད་ལ་བསྟོད། །དྲེགས་པ་ཀུན་གྱི་ཡང་རྗེ་


CMR013_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བསྟོད། །འཁོར་འདས་ཀུན་གྱི་གཞི་མ་ཁྱོད་ལ་བསྟོད། །ངན་སྔགས་ཐམས་ཅད་སྲེག་བྱེད་ཁྱོད་ལ་བསྟོད། །སྣང་སྲིད་དབང་སྡུད་བདུད་འདུལ་ཁྱོད་ལ་བསྟོད། །བཀའ་ཡི་ཕོ་ཉ་ལས་ལ་གྲུབ་པ་ཡི། །ཁྲམ་ཤིང་མེ་ལོང་ཡིག་ཆུང་ཆགས་ཤིང་བསྣམས། །ལེགས་ཉེས་སྟང་འཛིན་དགེ་སྡིག་ཤན་འབྱེད་མཁན། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་ལ་བསྟོད། །དྲག་སྔགས་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །བདག་གི་ཐུགས་ཀར་ཧཱུཾ་མཐར་སྔགས་གཡས་བསྐོར། །དེ་ལས་འོད་ཟེར་མཐིང་ནག་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་ཞིང་བཞུགས་རྒྱལ་བ་སྲས་བཅས་མཆོད། །དེ་དག་སྐུ་ལས་གཤིན་རྗེའི་ཚོགས་ཀྱི་སྐུ། །གསུང་ལས་ཊིའི་སྔགས་ཀྱི་ཕྲེང་བ་དང་། །ཐུགས་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ཆར་བཞིན་བབ་ནས་བདག་ལ་སིབ་སིབ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར། །སླར་ཡང་འོད་ཟེར་མཐིང་ནག་ཚ་ལ་རྩུབ། །ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉོན་མོངས་སྡུག་བསྔལ་ཐམས་ཅད་བསྲེགས། །ཀུན་ཀྱང་གཤིན་རྗེའི་གཤེད་ཀྱི་སྐུར་གྱུར་ནས། །རམ་བུའི་


CMR013_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་སྔགས་སྒྲ་སྒྲོག་པར་གྱུར། །ཨོཾ་ཧྲཱིཿལླི་ཝཱི་ཊི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ མཐུན་འགོར་ཅི་འགྲུབ་བཟླ་བ་བསྙེན་པ་ཡིན། །རང་གི་ཐུགས་སྲོག་ཧཱུྃ་ལས་འོད་མཐིང་འཕྲོས། །མདུན་བསྐྱེད་འཆར་ཀའི་ཐུགས་སྲོག་ཧཱུྃ་ལ་ཕོག །སྔགས་ཕྲེང་གཡས་སུ་དྲག་ཏུ་འཁོར་བ་ཡིས། །སྔོན་གྱི་དམ་བཅས་ཐུགས་དམ་རྗེས་སུ་དྲན། །སྐུ་ལས་ཐོག་སེར་མེ་དཔུང་ཚྭ་ཚྭ་འཕྲོས། །གནོད་བྱེད་བྱེད་མི་གདོན་བགེགས་མ་ལུས་པ། །བསྲེགས་ཤིང་རྡུལ་དུ་བརླག་ནས་རྗེས་མེད་སོང་། །གཙོ་འཁོར་ཀུན་སྤྱི་ཞལ་ནས་བྷྱོཟློག་དང་། །དྲག་སྔགས་ང་རོ་འབྲུག་སྟོང་ལྡིར་བར་གྱུར། །ཤ་རི་མ་རི་བྷྱོ༔ དགྲ་བགེགས་ཨ་མུ་ཀཾ་ཙིཏྟ་རྦད། ཙིཏྟ་ཕྱུང་སྭཱ་ཧཱ། ཐུན་གྱི་དངོས་གཞི་བཟླས་ཏེ་བསྒྲུབ་པའོ། །དེ་ནས་མཆོད་གཏོར་ཐམས་ཅད་ཁ་གསོས་ལ། །གནམ་ཆོས་གཞུང་གི་སྤྱི་མཆོད་འབུལ་བ་ནི། ཧཱུྃ། འཆར་ཀའི་སྤྱན་གཟིགས་དགྱེས་པའི་ཕྱིར༔ ཞེས་སོགས་མཆོད་བསྟོད་བཤགས་པ་བྱ། །ཚོགས་ཀྱང་སྤྲོ་ན་གནམ་ཆོས་གཞུང་ལྟར་བྱེད། །སྔགས་ཚན་བཞི་པོ་སོ་སོའི་མཇུག་ཏུ་ནི། །ག་ཎ་ཙཀྲ་ཁཱ་ཧི་སྦྱར་བར་བྱ། །དེ་ནས་སླར་ཡང་མཆོད་གཏོར་ཁ་གསོས་ལ། །སྨན་རཀ་གཏོར་མའི་རླངས་པ་ལས་གྲུབ་པའི། །བསྐང་རྫས་ཕུན་སུམ་ཚོགས་པ་ཡིད་ཀྱིས་དམིགས། །ཧཱུཾ། འཇམ་


CMR013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྲུབ་པའི་རིག་འཛིན་ཚོགས། །ཡི་དམ་བཅོམ་ལྡན་གཤིན་རྗེའི་གཤེད། །ལས་གཤིན་འཆར་ཀ་ནག་པོ་དང་། །བཀའ་སྡོད་འཁོར་དང་སྤྲུལ་པའི་ཚོགས། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །།མཁའ་ལྡིང་བྱ་ནག་ཁྱུང་ཀའི་ཚོགས། །ལུག་ནག་གཡོག་ནིག་རྟ་ནག་དང་། །སྤྱང་ཀི་སྟག་གཟིག་དོམ་དྲེད་ཚོགས། །མི་ནག་ཁྱུང་འབྲུག་སེང་གེ་སོགས། །སྲོག་ཆགས་མང་པོས་ཐུགས་དམ་བསྐང་། །མདའ་འཕང་ནམ་མཁའ་རྒྱང་བུ་དང་། །ཁྲམ་ཤིང་ཤྭ་རྡེའུ་མཚོན་གྲུག་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །བྱ་ནག་ཁྱི་ནག་གཡག་ནག་དང་། །ར་རོག་ཤ་ཁྲག་ཙིཏྟ་དང་། །བདུད་རྩི་སྨན་གཏོར་རཀྟའི་ཚོགས། །མཆོད་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྐུ་གཟུགས་སྲོག་འཁོར་མཆོད་རྟེན་དང་། །བྲུབ་ཁུང་ཐུན་རྫས་མཚོན་ཆ་སོགས། །སྒྲུབ་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །ལྟ་སྒོམ་སྤྱོད་པ་ལ་སོགས་པའི། །དམ་ཚིག་གཙང་མས་ཐུགས་དམ་བསྐང་། །གཤིན་རྗེ་གཤེད་པོའི་ཐུགས་དམ་


CMR013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །འཆར་ཀ་ནག་པོའི་ཐུགས་དམ་བསྐང་། །ཡ་མ་པ་ཏྲིའི་ཐུགས་དམ་བསྐང་། །ཡ་མ་ཀཱ་ལིའི་ཐུགས་དམ་བསྐང་། །གནམ་སྨན་བདུན་གྱི་ཐུགས་དམ་བསྐང་། །བདུད་པོ་བདུན་གྱི་ཐུགས་དམ་བསྐང་། །མ་མོ་བདུན་གྱི་ཐུགས་དམ་བསྐང་། །གཤིན་རྗེ་བདུན་གྱི་ཐུགས་དམ་བསྐང་། །སྐུ་ཡི་ལས་མཁན་ཡིན་པའི་ཕྱིར། །བནྡེ་ནག་པོའི་ཐུགས་དམ་བསྐང་། །གསུང་གི་ལས་མཁན་ཡིན་པའི་ཕྱིར། །བོན་པོ་ནག་པོའི་ཐུགས་དམ་བསྐང་། །ཐུགས་ཀྱི་ལས་མཁན་ཡིན་པའི་ཕྱིར།་།ཞང་བློན་ནག་པོའི་ཐུགས་དམ་བསྐང་། །ཡོན་ཏན་སྤྲུལ་པའི་ལས་མཁན་ཏེ། །མོན་པ་ནག་པོའི་ཐུགས་དམ་བསྐང་། །ལས་མཁན་ཕོ་ཉ་ཡིན་པའི་ཕྱིར། །ལས་གཤིན་དྲེགས་པའི་ཐུགས་དམ་བསྐང་། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་སོར་ཆུད་མཛོད། །བདག་དང་དཔོན་སློབ་འཁོར་བཅས་ཀྱི། །ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་འཁྲུལ་པའི་དབང་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་རྣམས། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །


CMR013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །འགྱུར་མེད་སྐུ་དང་འགག་མེད་གསུང་། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ། །རེ་འདོད་སྐོང་བའི་ཡོན་ཏན་དང་། །ཕྲིན་ལས་ཐོགས་མེད་དངོས་གྲུབ་སྩོལ། །འཆི་མེད་ཚེ་དང་གཟི་མདངས་བཀྲག་།འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །མཁས་ཤིང་རྟོགས་པའི་ཤེས་རབ་དང་། །དྲག་སྔགས་མཐུ་ཡི་དངོས་གྲུབ་སྩོལ། །ཆོས་རྒྱུད་འཁོར་འབངས་འཕེལ་བ་ཡི། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། དེ་ནས་ལས་ལ་སྦྱར་བ་ནི། །ཐེབ་ཙེ་ཐོད་སྟེང་གང་ཡིན་གཅིག །དམར་གཏོར་ཆུང་ངུ་ཞིག་དང་ནི། །ཤ་དུམ་ཟན་ལིང་ཁྲག་ཐིགས་བཤམས། །ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཡི་དམ་བཅོམ་ལྡན་གཤིན་རྗེའི་གཤེད༔ ཆོས་སྐྱོང་འཆར་ཀ་ནག་པོ་ནི༔ འཁོར་དང་བཅས་པའི་བདེན་པའི་མཐུས༔ བསྒྲལ་བའི་ཞིང་བཅུ་ཚང་བ་ཡིས༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང་༔ ཁྱད་པར་རྣལ་འབྱོར་བདག་ཅག་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཡི༔ དགྲ་བགེགས་དམ་སྲི་འབྱུང་པོའི་ཚོགས༔ སྐད་ཅིག་ལིངྒ་འདི་ལ་ཁུག༔ ཧཱུྃ༔ འཆར་ཀ་ནག་པོའི་དུས་ལ་


CMR013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བབ༔ ཁྱེད་ཀྱི་ལས་བྱེད་ཕོ་ཉ་ནི༔ ཡ་མ་པ་ཏྲི་མུན་པའི་མདོག༔ གནོད་བྱེད་དགྲ་བགེགས་མྱུར་དུ་ཁུག༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ སྲོག་ལ་རྔམས་པའི་མཆེ་བ་གཙིགས༔ ཕྱག་གཡས་ལས་ཀྱི་མེ་ལོང་ནང་༔ ཁམས་གསུམ་སྲིད་གསུམ་ས་ལེར་གསལ༔ གཡོན་པས་ཁྲམ་ཤིང་ནག་པོ་འཛིན༔ དགྲ་བགེགས་ཁྲམ་ལ་ད་ཐོབ་ཅིག༔ ཨཱ་ཡཱ་མ་པ་ཏྲི་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་ཨཾ་ཀུ་ཤ་ཛཿ ཛཧཱུྃ་བཾ་ཧོཿ ཧཱུྃ༔ འཆར་ཀ་ནག་པོའི་དུས་ལ་བབ༔ ཁྱོད་ཀྱི་ལས་བྱེད་ཕོ་ཉ་ནི༔ ཡཱ་མ་ཀཱ་ལ་མཐིང་ནག་འབར༔ ཁྲོ་གཏུམ་ཞེ་སྡང་མེ་ལྟར་འབར༔ ཡིག་ཆུང་རྒྱ་མ་ཕྱག་ན་བསྣམས༔ འཁོར་བ་ཐོག་མ་མེད་པ་ནས༔ དམིགས་པའི་དགྲ་བགེགས་འདི་ཉིད་ཀྱི༔ ལས་ངན་སྡིག་སྒྲིབ་ཅི་བསགས་ཀུན༔ ཁྱོད་ཀྱི་ཡིག་ཆུང་ནང་དུ་གསལ༔ བསོད་ནམས་དགེ་བའི་འབྲས་བུ་ཅི་ཡོད་རྣམས༔ ཕྱི་དུས་བསྲིང་ལ་ཕྱི་མ་སྨིན་པར་མཛོད༔ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཅི་ཡོད་ཀུན༔ དམིགས་པའི་གནོད་བྱེད་དགྲ་བགེགས་འདི་ཉིད་ཀྱི༔ ལུས་བརྟེན་འདི་ལ་ད་ལྟ་སྨིན་དུ་ཆུག༔ སྐད་ཅིག་ཉིད་ལ་རྡུལ་དུ་བརླག་པར་གྱིས༔


CMR013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཱནྟ་ཀའི་བཀའ་མ་བཅག༔ དགེ་སྡིག་ལེགས་ཉེས་ཤན་འབྱེད་དུ༔ སྲིད་པས་བསྐོས་པའི་དམ་མ་འད༢༔ ད་ལྟ་ཉིད་དུ་ལས་སྒྲུབས་ཤིག༔ ཤ་རི་མ་རི་བྷྱོ༔ ཨཱ་ཡཱ་མ་པ་ཏྲི་ཧཱུཾ་ཕཊ༔ ཡ་མ་ཀཱ་ལ་ཧཱུྃ་ཕཊ༔ དགྲ་བགེགས་ཨ་མུ་ཀཾ་ཙིཏྟ་རྦད་སྙིང་ཕྱུངས་སྭཱ་ཧཱ༔ སྔགས་དེ་བཀའ་བསྒོའི་ཚུལ་དུ་བརྗོད་པ་ཡིས༔ འཆར་ཀ་དཔོན་གཡོག་གསུམ་པོ་རབ་ཏུ་ཁྲོས་སྐུ་ལས་མཚོན་ཆ་སྣ་ཚོགས་ཆར་བབ་པས༔ ལིང་ག་དགྲ་བགེགས་དངོས་སུ་གསལ་བ་དེ༔ ཤེ་མོང་སེར་བས་བྲབ་བཞིན་གཏུབ་པར་བསམ༔ ཐུན་གཅིག་ཅི་འགྲུབ་བཟླས་པ་ལས་སྦྱོར་ཡིན༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་འཆར་ཀ་ནག་པོ་དང་༔ ཡཱ་མ་པ་ཏྲི་ཡཱ་མ་ཀ་ལར་བཅས༔ གནམ་ས་ལྟ་བུར་ཡངས་པའི་ཞལ་གདངས་ལ༔ གངས་རི་ལྟ་བུར་རྔམས་པའི་མཆེ་བ་གཙིགས༔ གློག་དམར་ལྟ་བུར་མྱུར་བའི་ལྗགས་སྐྱོང་ལ༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་དང་༔ དམ་སྲིད་སྒབ་འདྲེ་གནོད་བྱེད་དམིགས་ཡུལ་ཀུན༔ བཞེས་ཤིག་རོལ་ཅིག་སྲོག་བདག་གཤིན་རྗེའི་ཚོགས༔ རྣམ་ཤེས་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྟིམ༔ ཧ་ཧ་ཧོ་ཧོ་ཧི་ཧི་དང་རོལ་ཅིག༔ གཤིན་རྗེ་དགའ་བའི་ཤ་ཁྲག་སྲོག་དབུགས་འབུལ༔ རྣལ་འབྱོར་དགའ་བའི་ཕྲིན་ལས་མྱུར་དུ་


CMR013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས༔ ༈ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བན་དེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཙོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞིག་གི་དཔུང་དྲངས་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐོབ་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ལོ་ཟླ་ཞག་དུས་བབ་པ་ཟློག༔ ཁྲོམ་དང་བྱད་དུ་བཅུག་པ་ཟློག༔ ཧོམ་དང་པར་བུ་བསྐོར་བ་ཟློག༔ དགྲ་ཆེན་བདུད་དུ་ལོང་བ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོགས་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་སྒུག་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་རིམས་སྣ་ཡམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་


CMR013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆགས་སྒོ་དང་༔ བདག་ལ་གནོད་པའི་དགྲ་བགེགས་རྣམས་སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆོད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ༔ དམ་ཉམས་བྱེད་མའི་སྟེང་དུ་བྷྱོ༔ སྤྲོ་ན། ཧྲཱིཿ ཀྐི་ཤ་རི་མ་རི་བྷྱོ༔ སོགས་སྔགས་རིང་ཚར་གསུམ་མམ་བདུན་སོགས་བརྗོད༔ དེ་ལྟར་ཐུན་གསུམ་བཞི་ལ་སོགས་འབད་དེ༔ ཞག་ནི་ལྔ་བདུན་དགུ༔ སྒྲུབ་པ་རྟགས་ཀྱི་རིམ་པ་ནི༔ ཕྱི་རྟགས་སྤྲིན་ནག་འབྲུག་སྒྲ་དང་༔ ཐོག་སེར་འཚུབ་མ་ནག་པོ་འབྱུང་༔ ནང་རྟགས་རྨི་ལམ་བློན་པོ་དང་༔ བྱ་ནག་མང་པོ་བྱུང་ན་བཟང་༔ མི་ནག་མོན་ནག་ཨ་ཙ་ར༔ མདུང་ཐོགས་དར་ནག་གྱོན་པ་དང་༔ གཡག་རྒོད་ལུག་དང་ཁྱི་དང་གཅན་སྤྱང་དང་༔ མང་པོ་བྱུང་ན་གཉན་སྡང་ཡིན༔ དེ་རྣམས་མི་མཐུན་གཅོད་པ་དང་༔ ཐག་རིང་འདུག་རྨིས་ཐ་མའོ༔ འོད་འཁྱུགས་འུར་སྒྲ་ཐོས་པ་འབྲིང་༔ ཡུགས་ས་མཛེ་ཕོ་རྨིས་པ་འབྲིང་༔ བསྐང་བ་མང་འདོན་ཚོགས་ཀྱང་བྱེད༔ གཡུལ་གཏུག་རླུང་འཚུབ་རང་ལ་བརྒྱབས༔ ཐོག་སེར་བརྒྱབ་བྱུང་བྱད་ཁའི་བརྟགས༔ མི་དང་བུད་མེད་མཚོན་ཆ་ཐོགས༔ སྔོན་བརྒྱབ་བྱས་བརྒྱབ་སྲོག་ཆགས་བསད༔ ལས་སྦྱོར་རན་པས་མཐའ་བསྡུད་བྱེད༔ གཡུལ་འགྱེད་མཐའ་བསྡུད་ཕ་རོལ་


CMR013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ༔ གཏོར་མ་འཕངས་ཤིང་ཟློག་སྔགས་བཟླས༔ དམ་ཚིག་བླ་མ་དཀོན་མཆོག་དང་༔ གཤིན་རྗེ་ཉིད་ལ་དད་གུས་བསྐྱེད༔ སྒྲུབ་རྫས་སྐུ་གཟུགས་མི་སྟོན་སྦས༔ ཕྲེང་བ་མི་ལ་རེག་མི་འཇུག༔ བྷ་ལིཏྟའི་སྔགས་བསྔོས་མ་ཆག་བྱེད༔ བྱ་ནག་ཁྱི་ནག་གཡག་ནག་དང་༔ གཅན་གཟན་ལ་སོགས་བླ་རྟགས་ལ༔ བྱམས་ཤིང་སྤྲོ་དགའི་སེམས་འཆང་ངོ་༔ དེ་རྣམས་བསྲུང་ན་དངོས་གྲུབ་ཐོབ༔ མ་སྤེལ་བསྲུང་ན་འགྲུབ་ཐག་ཉེ༔ ༈ དེ་ནས་རྗེས་ཀྱི་བྱ་བ་ནི༔ ཞག་གྲངས་ཐེམ་པའི་རྟགས་ཐོན་ནས༔ ཚེར་ཤིང་གྲུ་གསུམ་ཧོ་དུ་བརྩེགས༔ གཏོར་མའི་ནང་གི་ལིང་རོ་རྣམས༔ ལིང་ག་གསར་པ་གཅིག་བྲན་ལ༔ བདག་སྐྱེད་གཞུང་ལྟར་མདུན་བསྐྱེད་ནི༔ མདུན་དུ་མེ་ཧོ་གྲུ་གསུམ་ནང་༔ དགྲ་བགེགས་ཤ་ཁྲག་ཅེས་པ་ནས༔ བསྟོད་པ་ཡན་ཆད་གཞུང་ལྟར་འདོན༔ ལིང་ག་བྲན་ལ་བཀུག་གཞུག་བྱེད༔ ཞལ་བསྟབ་བར་དུ་བཏོན་པའི་རྗེས༔ ཨོཾ་ཧྲཱིཿལླི་ཝཱི་ཊི་ཏཱ་ན་ན་ཧཱུྃ་ཕཊ༔ ཤ་རི་མ་རི་བྷྱོ༔ དགྲ་བགེགས་ཛྭ་ལ་རཾ་ཁཱ་ཧི༔ སྔགས་དེ་ལིང་ག་ཤ་དུམ་རེ༔ སྤྲད་ནས་རབ་ཏུ་བརྒྱ་རྩ་འབུལ༔ འབྲིང་ལ་དྲུག་ཅུ་རེ་བཞི་སྟེ༔ ཐ་མ་ཉེར་གཅིག་ཕུལ་བས་ཆོག༔ འཁོར་གཉིས་སྔགས་ལ་ཛྭ་ལ་རཾ༔ བཏགས་པ་བདུན་རེ་འབུལ་བར་བྱ༔ སླར་ཡང་གོང་ལྟར་མཆོད་པ་བྱ༔ ཐབ་ནང་བཞུགས་པའི་ལྷ་གསུམ་པོ༔ མདུན་བསྐྱེད་གཏོར་མ་གསུམ་ལ་ཐིམ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཐལ་བ་


CMR013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མདོ་རྒྱ་གྲམ་མམ༔ ས་ནོན་ཆེ་སར་བླུག་པར་བྱ༔ ༈ སླར་ཡང་བདག་མདུན་ཚར་གཅིག་འདོན༔ བདག་བསྐྱེད་ང་རྒྱལ་བརྟན་བྱས་ལ༔ སྔོན་དུ་གསེར་སྐྱེམས༔ གནོད་པའི་ཕྱོགས་སམ་གཙང་ཕྱོགས་སུ༔ སྒྲུབ་གཏོར་ཟོར་དུ་འཕེན་པ་སྟེ༔ བྷྱོ་མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ སོགས།་བཟློག་ཐུང་འདོན་ཏེ་བཞེས་འབོད་བྱ༔ མདུན་བསྐྱེད་འཆར་ཁ་དཔོན་གཡོག་གསུམ༔ སྤྲིན་ནག་རླུང་གིས་བསྐྱོད་པ་བཞིན༔ འུར་སྒྲ་ཐུག་ཆོམ་དྲག་པོར་བཅས༔ སྡང་དགྲ་གནོད་བྱེད་ཐམས་ཅད་ནི༔ རང་དབང་མེད་པར་བཟུང་སྟེ་ཁྱེར༔ ལྷོ་ཕྱོགས་གཤིན་རྗེའི་ཡུལ་དུ་སོང་༔ བསད་བཅད་ཤ་ཁྲག་ལོངས་སྤྱོད་བསམ༔ ཕྱི་མིག་མི་ལྟ་ནང་དུ་ལོགས༔ བདག་བསྐྱེད་བསྒོམས་ཤིང་བསྙེན་པ་བྱ༔ ཧྲཱིཿཊྛི་སྔགས་ཀྱི་མཇུག་ཏུ་ནི༔ མ་མ་རཀྵ་ཀུ་རུ་ཡེ་སྭ་ཧྭཿ བདག་བསྐྱེད་འོད་ཞུ་ཧཱུྃ་ལ་ཐིམ༔ ཧཱུྃ་ཡང་གྱེན་ཡལ་སྟོང་པར་ཡལ༔ འདི་ལྟར་བགྱིས་པའི་དགེ་བ་ཡིས༔ བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན༔ བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས༔ མ་འོངས་མགོན་པོ་ཀུན་གཟིགས་ཀྱི༔ ཞིང་གི་དཔལ་ལ་ལོངས་སྤྱོད་ཤོག༔ གནས་སྐབས་འབྲེལ་ཐོགས་འགྲོ་བ་ཀུན༔ སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་པའི༔ འཇམ་དཔལ་དབྱངས་ཀྱི་བཀྲ་ཤིས་སྩོལ༔ ཞེས་པ་འདི་ནི་གནམ་ཆོས་ཐུགས་གཏེར་ལས༔ འཆར་ཁ་དཔོན་


CMR013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་གསུམ་གྱི་སྒྲུབ་ཐབས་གསུངས༔ འོན་ཀྱང་རྒྱུད་ཚིག་ཤིན་ཏུ་གོ་དཀའ་བས༔ འཆར་ཀ་ཐུགས་དམ་བྱས་པའི་སྔགས་པ་འགས༔ གཏེར་རྙིང་རྒྱས་པ་མང་པོ་འདོན་མོད་ཀྱང་༔ སྒྲུབ་ཐབས་ལག་ལེན་ཁོང་དུ་མ་ཆུད་པས༔ སྒྲུབ་པ་མ་ཤེས་གཏོ་ཆོག་ལྟ་བུར་སོང་༔ དེ་ལ་མ་བཟོད་བདག་གིས་འདི་ཉིད་བསྒྲིགས༔ བཀའ་མ་འགོས་ལོས་བསྒྱུར་བའི་གླེགས་བམ་དང་༔ གནོད་སྦྱིན་གདོང་གསུམ་པ་ཡི་རྒྱུད་ལ་སོགས༔ བཀའ་གཏེར་འདི་ཡི་རྒྱུད་གཞུང་མང་དུ་མཐོང་༔ གཏེར་མ་ཞང་ཁྲོམ་ལུགས་ཀྱི་རྒྱས་པ་དང་༔ རྙིང་མ་བཀའ་མའི་ལུགས་ཀྱི་གླེགས་བམ་མཐོང་༔ སངས་གླིང་ལུགས་སོགས་འགའ་རེའི་དབང་ལུང་ཐོབ༔ གདམ་ཆོས་ལུགས་ལ་བསྙེན་ཆེ་རྟགས་ཀྱང་ཐོན༔ གནམ་ཆོས་ལུགས་ལ་སྒྲུབ་ཐབས་གཉིས་ཡོད་པས༔ གཙོ་འཁོར་གསུམ་པོ་འདི་ཉིད་གཉན་ཅིང་ཟབ༔ སྔགས་འཆང་གསར་བུ་རྣམས་ལ་ཕན་པའི་ཕྱིར༔ རྒྱུད་གཞུང་མན་ངག་དུ་མའི་དོན་བསྡུས་ཤིང་༔ གནམ་ཆོས་གཞུང་གིས་ཁ་བཀང་ལྷན་ཐབས་སུ༔ གཏེར་བློན་རཱ་ག་ཨ་སྱས་ལེགས་པར་སྦྱར༔ འདི་ལ་ཉེས་འགལ་འཁྲུལ་པ་ཅི་མཆིས་པ༔ སྐུ་མཆོག་འཇམ་དཔལ་ལྷ་ཚོགས་རྣམས་ལ་བཤགས༔ དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་ཀུན༔ འཇམ་དཔལ་འགྲུབ་པའི་རིག་འཛིན་འབྱུང་བར་ཤོག༔ མངྒ་ལཾ། བཀྲ་ཤིས་ཤོག། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནས་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ གཤིན་རྗེ་འཆར་ཁ་ནག་པོའི་སྒྲུབ་ཐབས༔ ལས་བྱང་སྲུང་༔ ཟློག་པ༔ སྲེག་པ༔ བསད་པ༔ མནན་པ༔ འཕང་བ་བཅས་ཡོངས་སུ་ཚང་བའི་བསྡུས་པ་མན་ངགnext