Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདིར་གཤིན་རྗེ་འཆར་ཀའི་ཕྲིན་བཅོལ་རྨོད་མདའ༔ དགྲ་སྲོག་གཅོད་པའི་སྤུ་གྲི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདིར་གཤིན་རྗེ་འཆར་ཀའི་ཕྲིན་བཅོལ་རྨོད་མདའ༔ དགྲ་སྲོག་གཅོད་པའི་སྤུ་གྲི།next

འདིར་གཤིན་རྗེ་འཆར་ཀའི་ཕྲིན་བཅོལ་རྨོད་མདའ༔ དགྲ་སྲོག་གཅོད་པའི་སྤུ་གྲི།


CMR013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤིན་རྗེ་འཆར་ཀའི་ཕྲིན་བཅོལ་རྨོད་མདའ༔ དགྲ་སྲོག་གཅོད་པའི་སྤུ་གྲི་བཞུགས་སོ༔ ཧོ་དགོངས་སུ་གསོལ་ལོ༔ བཅོམ་ལྡན་འདས་གཤིན་རྗེ་མཐར་བྱེད་ནག་པོ༔ སྲིད་པ་ལས་ཀྱི་གཤིན་རྗེ་འཆར་ཀ་ནག་པོ༔ ཁྱོད་ཀྱི་ལྟོ་བ་ན་སྲིད་པ་གསུམ་ཚུད་ནས་ཡོད་པས༔ ཡ་ཀི་རྫོགས་པའི་སངས་རྒྱས་ནས༔ མ་ཀི་འཇག་མའི་སྲིན་བུ་ཡན་ཆད་ཀྱི༔ སྲོག་དབུག་གི་བདག་པོ་ཁྱོད་ཡིན་པས༔ ཁྱོད་ལས་དབང་ཆེ་བ་མེད་པས༔ ལས་མི་འགྲུབ་པ་ཅིག་ཀྱང་མེད་པས༔ ཁྱོད་འཁོར་དང་བཅས་པས༔ དམ་རྫས་ཤ་ཁྲག་མདོས་གཏོར་རྒྱ་ཆེན་པོ་འདི་བཞེས་ལ༔ མཉེས་ཤིང་ཚིམས་ནས་ཐུགས་དམ་བསྐང་བར་མཛོད་ཅིག༔ དེ་ལྟར་མཉེས་པའི་མཆོད་པ་འབུལ་བས༔ བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱར་གྱུར་པ་རྣམས་ཀྱི༔ ཚེ་དང་སྲོག་བསྲིངས་ཤིག༔ དཔལ་དང་གཟི་བརྗིད་བསྐྱེད་ཅིག༔ བསོད་ནམས་དང་ལོངས་སྤྱོད་སྤེལ་ཅིག་༔ འཁོར་དང་ཆོས་བརྒྱུད་རྒྱས་པར་གྱིས་ཤིག༔ དངོས་གྲུབ་ཆེན་པོ་སྩོལ་ཞིག༔ བསམ་པའི་དོན་སྒྲུབས་ཤིག༔ རེ་བ་ཐམས་ཅད་སྐོང་ཞིག༔ ལེགས་པ་ཐམས་ཅད་སྒྲུབས་ཤིག༔ གཟུགས་ཅན་སྡང་བའི་དགྲ་དང་༔ གཟུགས་


CMR013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གནོད་བྱེད་བགེགས་ཚོགས་དང་བཅས་པའི་ཟ་འདྲེ་ཤི་སྲི༔ གོད་འདྲེ་གོད་སྲི༔ གཅན་སྲི་ཆུང་སྲི་དར་སྲི༔ གནས་གདོན་ལུས་གདོན༔ ནད་འདྲེ་གཅོང་སྲི༔ གཟུགས་ལིངྒ་ལ་བྲིས་པ༔ མིང་བྱང་བུ་ལ་བཀོད་པ་བླ་འཁོར་ལོ་ལ་སྐོར་བ༔ དམིགས་པའི་ཡུལ་དུ་གྱུར་པ༔ འདི་རྣམས་བདུད་པོ་བདུན་གྱིས་ཞགས་པས་ཐོབ་ཅིག་་་གཤིན་རྗེ་བདུན་གྱིས་ཁྲམ་ལ་ཐོབ་ཅིག༔ མ་མོ་བདུན་གྱིས་དམ་ཡམས་ཕོབ་ཅིག༔ རེངས་ཤིང་བརྒྱལ་བར་གྱིས་ཤིག༔ སྨྱོ་འབོག་ཁྲག་སྐྱུག་ཐོངས་ཤིག༔ མྱོས་ནས་མགོ་འཁོར་ལྐུགས་སུ་ཆུག་ཅིག༔ རྗེ་མོ་བདུན་གྱིས་ཁོང་ཁྲག་ཐང་ལ་ཕོས་ཤིག༔ བནྡེ་ནག་པོས་དོན་སྙིང་ཕྱུང་ཞིག༔ བོན་པོ་ནག་པོས་ཤ་ལ་ཟོ་ཞིག༔ ཞང་བློན་ནག་པོས་ཁྲག་ལ་འཐུང་ཞིག༔ མོན་པོ་ནག་པོས་རུས་པ་མུར་ཞིག༔ ཤ་ཁྲག་བླ་ཚེ་སྲོག་དབུགས་དང་བཅས་པ༔ གཤིན་རྗེ་འཆར་ཀ་ནག་པོའི་ཞལ་དུ་བཞེས་ཤིག༔ ཅེས་བརྗོད། གཏོར་ཟོར་འཕང་༔ ཞེས་སངས་རྒྱས་གླིང་པའི་གཏེར་བྱོན་གྱིས་ཁ་བཀང་ནས༔ སྔགས་ནག་ཨ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ།།


previousའདིར་གཤིན་རྗེ་འཆར་ཀའི་ཕྲིན་བཅོལ་རྨོད་མདའ༔ དགྲ་སྲོག་གཅོད་པའི་སྤུ་གྲི།next