Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་བདག་རྒྱུན་ཁྱེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་བདག་རྒྱུན་ཁྱེར།next

ཚེ་བདག་རྒྱུན་ཁྱེར།


CMR013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཡ། བདུད་བཞི་ཆུ་གླང་ཉི་ཟླ་པདྨའི་སྟེང་། །ཧཱུྃ་ལས་བདག་ཉིད་ཚེ་བདག་མཐིང་ནག་འབར། །ཁྲོ་བོའི་ཆས་རྫོགས་ཧ་ཧ་ཧཱུཾ་ཧཱུཾ་སྒྲོགས། །ཁམས་གསུམ་གཡོ་འགུལ་སྡེ་བརྒྱད་འདར་ཞིང་བརྒྱལ། །གནས་གསུམ་འབྲུ་གསུམ་ཧཱུཾ་ལས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་ཛཧཱུྃ་བཾ་ཧོས་བསྟིམ། །ཞབས་འོག་དགྲ་བགེགས་བྱད་མ་ཐམས་ཅད་མནན། །ཕྱག་གཡས་ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས། །སྡིགས་མཛུབ་གཟིར་བས་སྐྱོབ་པའི་ལྷ་དང་ཕྲལ། །ཕྱག་གཡོན་འཁོར་ལོས་མགོ་ལུས་དུམ་བུར་གཏུབས། །ཨོཾ་ཧཱུྃ་ཏྲིག་ཁྲོ་བྷྱོ༔ མ་ནི་མ་ར་ནི་བྱོ༔ མ་ར་དུ་ན་བྱོ༔ རིག་མོ་རག་ཤ་བྷྱོ༔ ཏིང་ཀ་རག་ཤ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ་ཀི་ལ་ཡ་བྷྱོ༔ ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་ཚོགས། །ཚེ་བདག་ནག་པོའི་བདེན་པ་ཆེན་པོའི་མཐུས། །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ། །གནོད་པའི་ཆག་ཆེན་ལྟས་ངན་བྱེད་ཁ་དང་། །ཕ་རོལ་ཟློག་པར་བྱེད་པའི་མཐུ་ནུས་རྣམས། །ཁོ་རང་གཤེད་དུ་རང་གཤེད་རང་ལ་ཕོབ། །རང་སྲོག་རང་ཆོད་རང་ཤ་རང་གིས་ཟོ། །རང་ཁྲག་རང་


CMR013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བདག་དང་ཁོ་རང་གི །ལྷ་སྲུང་ཆོས་སྐྱོང་ཁོ་རང་གཤེད་དུ་ཕོབ། །མཱ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག །ཅེས་རཱ་ག་ཨ་སྱས་རྒྱུན་ཁྱེར་བསྡུས་པའོ།། །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་བདག་རྒྱུན་ཁྱེར།next