Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་དམར་ལས་བྱང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་དམར་ལས་བྱང་།next

ཀིང་དམར་ལས་བྱང་།


CMR013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལྡེབ་ཆད།


CMR013_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་ལྡེབ་རྒྱབ་ཆད།


CMR013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དངོས་གཞི་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་བའམ་འདི་སྐད་དོ། །ན་མོ། བླ་མ་རིག་འཛིན་ཡི་དམ་ལྷ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་འགྲོ་བ་ཀུན་དོན་དུ། །འཇམ་དཔལ་གཤིན་རྗེ་བསྒྲུབས་ནས་ནི། །དྲག་པོས་དགྲ་བགེགས་ཚར་བཅད་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་ཡི་དམ་གཤིན་རྗེ་གཤེད་རྫུས་སྐྱེས་སུ་སྐུ་མདོག་དམར་པོ་རྒྱན་མེད་པ་དམར་ཧྲེང་ངེ་བ། ཞབས་འདོར་ཐབས་སུ་བསྒྲད་པ་འཇིགས་སུ་རུང་བ་གཡས་ལྕགས་


CMR013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་གཡོན་ཐོ་བ་ཐོགས་པ་ཞིག་ཏུ་གསལ་བར་གྱུར། མདུན་གྱི་གཏོར་མ་སྐད་ཅིག་གིས་དུར་ཁྲོད་མེ་རླུང་འཚུབ་པའི་ཕོ་བྲང་གི་དབུས་སུ། ཡ་ལས་གཤིན་རྗེ་གཤེད་དམར་པོ་རྒྱན་མེད་པ་དམར་ཧྲེང་ངེ་བ། ཞབས་འདོར་ཐབས་སུ་བསྒྲད་པ་འཇིགས་སུ་རུང་བ། གཡས་ལྕགས་ཀྱུ་གཡོན་ལྕགས་ཀྱི་ཐོ་བ་ཐོགས་པ། རལ་པ་ཕྱེད་ཡར་བརྗེས་ཤིང་ཕྱེད་མར་མཐུར་འཕྱང་ཤམ་མེ་བ། འཁོར་གཤིན་རྗེའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གནས་དང་། ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་ནས་གཤིན་རྗེ་དམར་པོའི་ལྷ་ཚོགས་རྣམས་རྒྱ་ཁྲ་གཟན་ལ་འཇུ་བ་ལྟར་སྐད་ཅིག་ལ་སྤྱན་དྲངས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས། །བསྟན་པ་གཉན་ལ་དགྲ་དར་བས། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །ཨོཾ་ཡ་མཱནྟ་ཀ་བཛྲ་ས་མ་ཡ་ཛ་ཛཿ ཕོ་ཕོ། ཧཱུྃ། གྲུ་གསུམ་མཐིང་ནག་ཀློང་


CMR013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་དུ། །དགྲ་བགེགས་བྱད་མ་བསྒྲལ་བའི་སྟེང་། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ཧཱུྃ། འཕགས་པའི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཆོས་སྐུ་སྤྲོས་བྲལ་ལོངས་སྤྱོད་རྫོགས་སྐུ་བསྟན། །སྤྲུལ་སྐུ་མངོན་སྤྱོད་དྲག་པོའི་ལས་མཛད་པའི། །གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ། །ཨོཾ་ཡ་མཱནྟ་ཀ་ན་མོ་པུ་རུ་ཤ་ཡ། དེས་མཆོད་གཏོར་བྱིན་རླབས་ཤིང་འབུལ་བ་ནི། ཨོཾ་ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཀེ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཁྲག་གི་ཨགྷཾ། དབང་པོའི་མེ་ཏོག །གསུར་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། དགྲ་བགེགས་བྱད་མའི་ཤ་ཁྲག་རུས་གསུམ་ནམ་མཁའ་དང་མཉམ་པའི་ཞལ་ཟས། ཐོད་རྔ་རྐང་གླིང་རོལ་མོ། བདུད་རྩི་སྨན་རཀ་གཏོར་གསུམ་སོགས་ཀྱིས་སྣང་སྲིད་གང་བར་གྱུར། ཨོཾ་མ་ཧཱ་ཨཧཱུྃ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་ཏུ། མ་ཧཱ་པུཎྜེ་སོགས་ནས། མ་ཧཱ་ཤབྡ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ་


CMR013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ལ་ཧཱུྃ་ཧི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཏ་ཏེ་ཛ་བྷ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་སིདྡྷི་ས་མ་ཡ་ཧཱུྃ་ཧྲཱིཿ ་ཋ༔ ཧཱུྃ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད་། །འཁོར་དང་བཅས་ལ་མཆོད་པ་དམ་རྫས་འབུལ། །རཀྟ་དམར་གྱི་ཨརྒྷཾ་རྦ་ཀློང་འཁྲུགས། །དགྲ་བགེགས་དབང་པོ་རྣམ་ལྔའི་མེ་ཏོག་དང་། །ཤ་ཆེན་བསྲེགས་པའི་དུད་པ་སྤྲིན་ལྟར་གཏིབས། །ཞུན་ཆེན་མར་མེ་ཉི་ཟླ་ལྟ་བུར་གསལ། །མཁྲིས་པའི་དྲི་ཆབ་རྒྱ་མཚོ་ཆེན་པོ་འཁྱིལ། །ཤ་ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུངས། །རྐང་གླིང་ཐོད་པའི་རྔ་ཆུང་འབྲུག་ལྟར་སྒྲོག །དུང་ཆེན་སྣོད་དུ་བདུད་རྩི་ཁོལ་ཞིང་འཁྱིལ། །ཤ་ཁྲག་རུས་པའི་རཀྟ་ཁོལ་ཞིང་ལུད། །བྷནྡྷའི་གཞོང་པར་རོ་ལྡན་ཚོགས་གཏོར་བཤམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕྱི་ནང་གསང་གསུམ་དགྱེས་པའི་མཆོད་པ་བཞེས། །དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ་ལོ་བཞེས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །ཡ་མཱནྟ་ཀ་ས་པ་རི་ཝཱ་ར༔ ཞེས་པའི་མཐར་གོང་གི་བསྙེན་སྔགས་རྣམས་ལ་ཁཱ་ཧི་བཏགས་ལ་ཕུལ། ཧཱུྃ་ཨེ་ཀ་ཡ་བློ་བྷྱོ༔ མཉམ་ཉིད་ཆོས་ཀྱི་དབྱིངས་


CMR013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མ་གཡོས་ཀྱང་། །གཟུགས་སྐུ་བསྟན་པའི་རུ་ཊ་བསྒྲལ་བའི་ཕྱིར། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དམར་པོའི་སྐུ། །མངོན་སྤྱོད་དྲག་པོའི་ལས་མཛད་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གདངས་མིག་བསྒྲད། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རྣོ་དཀར་གཙིགས། །ཞབས་གཉིས་འདོར་ཐབས་གཅེར་བུ་དབང་གི་མདོག །འབར་བའི་རལ་པ་གྱེན་མཐུར་གཡོ་ལ་འདུད། །ཕྱག་གཡས་ལྕགས་ཀྱུས་དགྲ་བགེགས་བྱད་མ་འགུགས། །གཡོན་པས་ཐོ་བས་བསྣུན་ཏེ་ཐལ་བར་མཛད་། །ཧ་ཧའི་གད་མོ་སྡེ་བརྒྱད་ལས་ལ་འགྱེད། །གཏུམ་ཆེན་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ལས་བྱེད་ཕོ་ཚོགས་ཕོ་ཉ་གཡས་ན་རྒྱུག །ལས་བྱེད་མོ་ཚོགས་ཕོ་ཉ་གཡོན་ན་རྒྱུག །ལྕགས་ཀྱུ་ཞགས་པས་དགྲ་བགེགས་འཆིང་ཞིང་འགུགས། །འཁོར་གྱི་ཕོ་ཉའི་ཚོགས་ལ་བདག་བསྟོད་དོ། །ཁྱོད་ཀྱི་བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས། །གསོད་གཅོད་ལས་ལ་བརྩོན་ཞིང་ཕྱོགས་བཅུར་རྒྱུག །བསྟན་དགྲའི་དགྲ་བགེགས་བྱད་མ་རྡུལ་དུ་རློགས། །མཐུ་ལྡན་སྡེ་བརྒྱད་ཚོགས་ལ་བདག་བསྟོད་དོ། །ཞེས་བསྟོད་ཅིང་


CMR013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་བྱ་བ་ནི། ཧཱུྃ། བླ་མ་འཇམ་དཔལ་ལྷ་ཚོགས་དགོངས་སུ་གསོལ། །བདག་གིས་སྡིག་པའི་ལས་རྣམས་ཅི་བསགས་པ། །རྩ་བ་ཡན་ལག་དམ་ཚིག་ཆག་ཉམས་སོགས་།་་་།མཐོལ་ཞིང་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཞེས་པ་འདི་ནས་མདུན་བསྐྱེད་དང་བདེན་སྟོབས་བློ་འགུགས་སོགས་གོང་བཞིན་བརྗོད། དེ་ནས་རྫོགས་བཟླ་བའི་བསྙེན་སྔགས་ནི། ཨོཾ་མཉྫུཤཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས། ཨོཾ་ཀིང་ཀང་ཐུ་རིལ་རྣོ་མྱོག་སྒྲིབ་དགྲ་པོ་ཝཱཀྐ་སྟམྦྷ་ཡ་ནན༔ བིག་ནན་དགྲ་བོ་ཐུ་དེ་ཤྭ་དེ་ཤཱ་བྲུབ་བྷི་ཤྭ་ཙཀྲ་ཧ་ལ་ཧ་ལ་ཧལ་ཏ་ཧལ་ཧས་ཏ་ཧེས་ཏ་ཧབ་ཏ་ཧཱུྃ་ས་མ་ཡ་སྒྲིབ་སྒྲིབ་ཧྲཱིཿ་དགྲ་བོ་སྟོ་བྷ་ཡ་རཀྵ་ནན། ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་ལཾ་ཤཾ་ལཾ་དགྲ་བོ་མཱ་ར་ཡ་རྦད་ནན་ཆིངས་ཤིག །བརྒྱ་རེ་བཟླས་ཤི་ང་གོང་གི་དམོད་པ་བརྗོད། ཐུན་ལ་སྔགས་བཏབ་མཆིལ་མ་མི་བཏང་། ཁུག་རྟགས་ནི་བཙོན་དུ་བཟུང་བ་ལིང་འགྱེད་པ་དགྲ་བོ་དངོས་སུ་བཟུང་ནས་གསོད་ཁྲིད་པ་སོགས་བྱུང་བ་བསད་སྔགས་དང་སྔགས་རིང་སྦྲེལ་ནས་བཟླས་སོ། །སྐབས་སུ་ཐུན་བར་དུ། ཚོགས་ཀྱི་འདོད་ཡོན་བཤམས་ལ་བསང་། ཨོཾ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷནྡའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་


CMR013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ཚོགས་ཀྱི་དངོས་པོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། ཧཱུྃ། རང་བྱུང་ལྷུན་གྲུབ་ཤ་ལྔ་བདུད་རྩི་ལྔ། །ཡེ་ནས་རང་བྱུང་ཆེན་པོ་ཡིན་པ་ལ། །དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་ཆེན་པོར་བྱིན་བརླབས་ནས། །འདོད་ཡོན་རྣམ་ལྔའི་ཚོགས་མཆོད་དམ་པ་འདི། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་ལ་འབུལ། །དམ་ཚིག་བསྐང་ལ་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་གྷ་ན་ཙཀྲ་ལ་ཁཱ་ཧི། ཚོགས་ཕུད་དཀྱིལ་འཁོར་ལ་འབུལ། དེ་ནས་ཚོགས་དུམ་ལིང་ག་དབང་པོ་དོད་པར་བྱས་ལ་ཁྲག་གིས་སྦགས་ཤིང་སླ་ངའི་ནང་དུ་བཤམས། རེ་བའམ་སྣམ་ནག་གིས་ཁ་འགེབ་ལ། རང་ཉིད་སྐད་ཅིག་གིས་བརྫུས་སྐྱེས་ཀྱི་གཤིན་རྗེ་དམར་པོར་གསལ་བའི་ངང་ནས། བྲུབ་ཁུང་བསྐྱེད་པ་ནི། ཨོཾ་མ་མ་བྷྱོ་མ་ཧཱུཾ་འཆང་བ་ལ་ཧཱུཾ་མ་མ་ཀ་བྷེ་ཡེ་སྭཱ་ཧཱ། ཨེ་རཾ་ཕཊ་རཾ་ཛྭ་ལ་རཾ་ཞེས་བརྗོད་པས་བྲུབ་ཁུང་གྲུ་གསུམ་པ་ལྕགས་ཀྱི་ཁང་པ་སུམ་བརྩེགས། ཁ་དོག་ཡངས་པ་ནང་ན་ཞེ་སྡང་ཁྲག་གི་མེ་དམར་ནག་ཏུ་འབར་བ། ཕྱི་ནས་གཏི་མུག་མུན་ལྟར་འཐིབས་པ། བདུད་ཀྱི་


CMR013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་ཁང་གཤིན་རྗེའི་ཕོ་བྲང་ཤན་པའི་གྲོང་ཁྱེར་ཚེ་སྲོག་བསྲེགས་པའི་མེ་དཔུང་སྤུ་གྲི་མཚོན་ཆ་མང་པོ་འདུ་འཕྲོ་བ། གོ་མཚམས་མེད་པར་འཁོར་བའི་དབུས་སུ། དགྲ་བགེགས་ནི་ཏྲི་ལས་ཧི་ཤིང་རིད་པ་མིག་ཁྲག་གི་མཆི་མ་འཛག་པ། ཁ་ནས་མྱ་ངན་གྱི་འོ་དོད་འབོད་པ། སྤྱི་གཟེང་པ་ལོག་པ་གཉིས་བྲིང་ལ་སྦྱོར་བ། རྐང་པ་བསྣོལ་བ་ཞིག་ཏུ་གྱུར་པར་བསམས་ལ། བདེན་སྟོབས་བརྗོད་པ་ནི། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ་སོགས་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་སྡོད་དང་བཅས་པ་རྣམས་ཀྱི་བཀའ་


CMR013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་། རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། རྣལ་འབྱོར་པ་བདག་གིས་བསམ་པ་རྣམ་པར་དག་པའི་བྱིན་རླབས་ཀྱི་བཀའ་བདེན་པས། སྤྱིར་སངས་རྒྱས་ཀྱི་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅིག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས་བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་འདྲེ་གྱོད་གསུམ་དགྲ་རྐུན་མི་ཁ་གླེང་གཞི་བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་སྐད་ཅིག་ཡུད་ཙམ་ཅིག་ལ་དམིགས་རྟེན་ལིང་འདི་ལ་ཁུག་ཅིག །ནི་ཏྲི་ཀུ་རུ་ནཱི་ཤ་ཀུ་རུ་ལ་སོ་པ་ཏི་རུ་ཏི་ཡཾ་སྣེ་ཡཾ་སྣེ་མཾ་ཡ་མ་ཡཾ་སྙིང་ཚལ་པ་རྦད། དུམ་བུར་ཆད། བི་རིལ་རྦད། དམ་ཉམས་དགྲ་བགེགས་བྱད་མ་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་རྣམས་ཅི་ཡོད་པ་འདིར་མྱུར་དུ་ཁུག་ཅིག །ཨོཾ་བཛྲ་ཨ་ཀུ་ཤ་ཛཿ ཨོཾ་བཛྲ་པ་ཤ་ཧཱུྃ༔ ཨོཾ་བཛྲ་སྤོ་ཊ་ཐཾ༔ ཨོཾ་བཛྲ་གྷནྡྷེ་ཧོ༔ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཱཿ གསེར་སྐྱེམས་མཆོད། ཡུལ་འདིར་གནས་པའི་ས་བདག་ཀླུ་གཉན་གཞི་བདག་རྣམས་ལ་ཕུད་གསེར་སྐྱེམས་བཞེས་ལ་ཉོན་ཅིག །


CMR013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྣམས་ལ་ཕུར་པའི་དབལ་རྩེ་མི་བསྟན་། ཡུངས་ཀར་གྱི་དབབ་རྩེ་མི་འགྲིམ། དྲག་པོའི་ཐུན་གྱི་ཕོ་ཉ་མི་གྱེར། གནོད་པའི་སྦྱོར་བ་གང་བྱས་ཀྱང་། ཁྱེད་ཅག་ལ་མི་བྱེད་པས་རང་རང་གི་གནས་སུ་འདུག་ཅིག །ཟོར་ལམ་དགྲ་བགེགས་ཀྱི་སྟེང་དུ་དེང་ནས་སྐུ་བཟུར་ཅིག །ཅེས་བརྗོད་ནས། རང་ཉིད་གཤིན་རྗེའི་གཤེད་ཀྱི་ཐུགས་ཀ་ནས། རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་གྲངས་མེད་པ་འཕྲོས། དགྲ་བོའི་རྣམ་པར་ཤེས་པ་གར་གནས་གར་ཡོད་ཀྱང་མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རཀ་དམྱལ་བ་ཡན་ཆོད། རི་རབ་ཀྱི་ལྕོགས་བར་སྤྲིན་གྱི་གོ་བར། ས་བླ་ས་འོག་ས་སྟེང་གང་ན་ཡོད་ཀྱང་ལྕགས་ཀྱུས་སྙིང་ནས་བཟུང་། མདུན་ནས་ཞགས་པས་ཁྲིད། རྒྱབ་ནས་ཐོ་བས་དེད། རང་གི་མདུན་ལྷགས་ཏེ། འཁོར་རྣམས་ཀྱིས་ཀླད་ལ་བསྐོར་ཞིང་ས་ལ་བརྡབས་པས་ཁོའི་ཁོག་པའི་ནང་གི་བཅུད་ཐམས་ཅད་སྐྱུགས་ནས། བདག་ལ་ཚུར་ཐིམ་པས་རིང་བཀྲག་མདངས་དང་གཟི་བརྗིད་ལྡན་པར་བསམ། ཁོ་སྐྱེ་སྟོང་པ་བཞིན་དུ་འགོ་བའི་ལྷ་ལྔ་དང་ཕྲལ་ཏེ། མིག་ནག་ཀེམས་སེ་སོང་ནས་བྲུབ་ཁུང་ནང་གི་དམིགས་བྱ་ལིང་ག་ལ་དབྱེར་མེད་དུ་ཐིམ་པར་བསམ།


CMR013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཕོ་ཚོགས་ཐམས་ཅད་ཀྱིས་བྲུབ་ཁུང་གི་གཡས་ནས་བསྐོར། མོ་ཐམས་ཅད་གཡོན་ནས་བསྐོར་ཅིང་ཅིས་ཀྱང་འཆོར་བ་མེད་པར་བསམ། དབྱེ་བའི་རྫས་ནི་གུ་།གུལ་ཚིལ་ཆེན་ཁྱི་ལུད་ཡུགས་ས་མའི་དོར་རྟ། མཛེ་བོའི་ལྷམ་འབག་རྣམས་དུད་པ་རང་ལ་མ་ཤོར་བར་བྱས་ལ་ལིངྒ་ལ་བདུག །ཕོ་རོག་དང་འུག་པའི་སྒྲོས་ལིངྒ་ལ་བྱབ་ཅིང་སྔགས་བཟླས་སོ། །ཡ་མ་རཱ་ཙ་རྒྱག་ལིང་སང་སང་མ་ཆགས་སང་སང་། ཀུ་ཏཾ་ཡ་ཧཱུྃ་ཕཊ། ཅེས་བརྗོད་པས་དགྲ་བོའི་ལྷ་རྣམས་སྲན་ཕུང་ལ་རྡོ་བརྒྱབ་པ་ལྟར་སོང་སྟེ། དགྲ་བོའི་ལྷའི་སྐྱབས་རྟེན་མེད་པར་བྱིས་ཕྲུག་ཐང་ལ་ལྷུང་བ་ལྟར་བསམས་ལ་རོལ་མོ་བསྒྲགས་ཤིང་། །ཧཱུྃ༔ ཁ་ཁ་མུ་ཁ་དབང་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཧཱུཾ། ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་གདོང་། །རྟོག་མེད་ཟས་སུ་ཤ་ཟ་ཞིང་། ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །ལུས་དང་སྲུང་མ་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག༔ ཕ་དང་བུ་གཉིས་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །ཕ་ལྷ་འཕྲག་ལྷ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་


CMR013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མས་རྒྱབ་ནས་ཕྲོལ། །བང་ལྷ་མཛོད་ཁང་ནང་ནས་སྲོལ། །ཨ་ནི་དྲི་རཀྟ་མཱ་ར་ཡ་ཕྱེས་མ་མ་ཏྲག་རུ་ཊ་རཀྟ༔ ཞེས་བཟླས། ཤིང་ཆེན་འགྱེལ་བའམ་བྲག་ཆེན་བཤིག་པའམ། སེམས་ཅན་རི་དྭགས་ལ་སོགས་བསད་པའམ། བཙོན་དུ་བཟུང་བའམ། ར་བར་འཛུད་པའམ། མགོ་སྙིང་ཤ་ཁྲག་ལ་སོགས་པ་རྨིས་ན་ནང་རྟགས་ཡིན་ནོ། ༈ །དེ་ནས་བསད་པ་ནི། གོང་སྒྲུབ་པའི་གསང་སྔགས་ཤམ་བུ་བསད་སྔགས་འདི་བཏགས་ལ་བཟླའོ།། ཏདྱ་ཐཱ༔ དུ་ཤན་དུ་ཤན༔ རཀཱ་རཀྟ༔ དགྲ་བོའི་སྙིང་རྩ་སྲོག་རྩ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་འཇིབ་འཇིབ། དགྲ་བོའི་སྙིང་རྩ་སྲོག་རྩ་ལ་ཆོད་ཆོད་མཱ་ར་ཡ་རྦད་སོད༔ ཅེས་བརྗོད་ཅིང་སྦྲུལ་གྱི་མིག་པ་སྒྱུར་ཐུན་རྣམས་ཕུར་པ་དང་མཚོན་ཆའི་ཆར་ཕབ་སྟེ། དགྲ་བགེགས་གང་དམིགས་ལུས་ངག་ཡིད་གསུམ་ཚལ་པ་དུམ་བུ་སྟོང་དུ་སོང་ནས་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་ཤ་ཁྲག་ཐིགས་པ་ཙམ་མ་ལུས་པ་ཟོས་པར་བསམས་ལ་ཐུན་བྲབ་བོ། །ཟན་གྱི་ལིངྒའི་ཁེབས་བསལ་ལ། རང་ཉིད་གཤིན་རྗེ་གཤེད་དམར་པོའི་ང་རྒྱལ་དང་ལྡན་པས། ཧཱུྃ། དྲག་གཏུམ་རྔམས་པའི་ཚོགས་ཀྱི་


CMR013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བདག༔ །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སློབ་དཔོན་ལ་ནི་མྱོས་བྱེད་དང་། །སངས་རྒྱས་བསྟན་བཤིག་རྣལ་འབྱོར་པའི། །སྒོས་དགྲ་ཡིད་ལ་བརྣག་པའི་དགྲ། །བདུན་རྒྱུད་རྩད་ནས་བཅད་པའི་ཕྱིར། །རྣོ་ངར་ལྡན་པའི་ཕུར་བུས་བཏབ། །མཚོན་ཆའི་ཚོགས་ཀྱི་ཆར་ཕབ་ནས། །ལུས་ངག་ཡིད་གསུམ་དབང་པོ་རྣམས། །དུམ་བུར་གཏུབས་ཏེ་བསྒྲལ་བར་བྱའོ། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་དགྲ་བགེགས་ཀྱི་སྙིང་སྲོག་ལ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ནས་གཏོར་མ་བྲན་ལ་འདི་སྐད་དོ། །ཧཱུྃ། འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་པ་ཡིས། །དགྲ་བོའི་ཤ་ཁྲག་རུས་པ་ནང་རོལ་ཚོགས། །ལྷག་མ་མེད་པར་རོལ་ཅིག་ཁ་རཾ་ཁཱ་ཧི། །མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད། །མཉྫུ་ཤི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་དགྲ་བགེགས་ཀྱི་ཚྭ་ས་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། ཞེས་འཇམ་དཔལ་གཤིན་རྗེ་འཁོར་དང་བཅས་པས་ཧབ་སྒྲ་དི་རི་རི་གསོལ་བར་བསམ། ༈ དེ་ནས་ལྷག་རོལ་བཏང་བ་ནི། ཧཱུཾ་བྷྱོ༔ འཇམ་དཔལ་གཤིན་རྗེའི་བཀའ་ཉན་པ། །དབང་ཕྱུག་གིང་


CMR013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལངྐ་བཀའ་སྡོད་ཚོགས། །དྲེགས་པ་ཕོ་མོ་དམ་ཅན་ལྷག་སྡུད་རྣམས། །ལྷག་ལ་དབང་བའི་འབྱུང་པོའི་གཏོར་ལེན་ཚོགས། །ཕ་འབབ་ལྷག་མའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཨོཾ་བྷེ་ར་མ་ཨུ་ཙི་ཊ་བ་ལིནྟ་ཁཱ་ཧི། ཚོགས་ཐ་མ་ཟིན་ལིངྒའི་རཱུ་པ་ལ་བདེན་བརྡར་དགུག་གཞུག་བྱའོ། །རྗེས་བསྒྲལ་ལས་མ་གཏོགས་གཞན་རྣམས་བྱ་མི་དགོས། ཤོག་ལིང་ལ་དགུག་གཞུག་ཡིད་མ་ཆེས་བར་བྱ། དེ་ཡང་དགུག་གཞུག་དུས་ཚོད་ནི་གྲིབ་སོ་བྱུང་དུས་སྲིད་འཁོར། ཐོ་རངས་རི་མགོར་ཉི་མ་རྩེ་ཤར་ས་ཤུན་མུན་རུབ་རྣམས་སུ་བྱའོ། །རྗེས་སུ་བསྐུལ་པ་ནི། །ཧཱུྃ་ཨེ་ཡ་བྷྱོ༔ གཤིན་རྗེ་རོལ་པའི་ཕོ་བྲང་དམ་པ་ནི། །བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད་པོ་དང་། །གཤིན་རྗེ་ཕོ་མོ་ལྷ་སྲིན་སྡེ་བརྒྱད་ལ། །བཀའ་ཉན་ལས་བྱེད་ཚོགས་ཀྱིས་བསྐོར་བ་རྣམས། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་སངས་རྒྱས་བསྟན་པ་འཇིག་པའི་ཚེ། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །རང་རང་ཁས་བླངས་དམ་བཅས་ཇི་བཞིན་དུ། །དགྲ་བགེགས་བྱད་མ་ཐལ་བ་རྡུལ་དུ་རློགས། །ཡུལ་ཁམས་སད་དང་སེར་བ་ཡམས་ནད་ཕོབ། །མཚོན་འཁྲུག་གྲི་རྒོད་དགྲ་བོ་


CMR013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་ཐོངས། །ཉེ་བ་དྲུང་གསུམ་དགྲ་སློང་ཕུང་དུ་ཆུག །འཁོར་དང་གྲོང་ཁྱེར་ཆོམ་ཡ་པྲ་རུག་ཆོས། །ནོར་རྫས་དཀོར་ཆ་ཐམས་ཅད་མེད་པར་མཛོད། །ཡ་མ་རཱ་ཙ་སརྦ་དགྲ་བོའི་སྟེང་དུ་བྷྱོ་བྷྱོ༔ ཞེས་བསྐུལ་ཞིང་གསོད་ན་ལྷོ་ཕྱོགས་དུག་ཤིང་ལ་ཧོ་ཁུང་གྲུ་གསུམ་བརྩེགས་ལ། བསད་ན་མེ་ལྷའི་ཕྱོགས་སུ་དུག་ཤིང་ལ་ཧོ་ཁུང་གྲུ་གསུམ་བརྩེགས་ལ། མེ་ནང་དུ་གཤིན་རྗེ་འཁོར་བཅས་བསྐྱེད་ལ་ལས་གཞུང་སྤྱན་འདྲེན་མཆོད་བསྟོད་བྱས་རྗེས་སུ། ཧཱུྃ་ཨེ་ཀ་བྷྱོ་བྷྱོ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །འཁོར་དང་བཅས་པ་ཞལ་ཕྱེས་ཤིག །གནམ་ས་ཙམ་གྱི་ཞལ་གདང་ས་ལ། །གངས་རི་ཙམ་གྱི་མཆེ་བ་གཙིགས། །ཡུལ་འཁོར་ཙམ་གྱི་ལྗགས་བརྐྱང་ལ། །དགྲ་བོ་བྱད་མ་འཁོར་བཅས་ཀྱི། །ལུས་སེམས་ཕྲོལ་ལ་ལས་མཐའ་ལྟུང་། །ཤ་ཁྲག་རུས་གསུམ་བཅས་པ་རྣམས། །ཞལ་དུ་རོལ་ཅིག་ཁ་རཾ་ཁཱ་ཧི། །དབྱིངས་སུ་སྒྲོལ་ཅིག་ས་མ་ཡ། །བཅོལ་བའི་བསད་ལས་འདི་མཛོད་ཅིག །མིང་ཙམ་མེད་པར་རྡུལ་དུ་རློགས། །མཉྫུ་ཤི་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་དགྲ་བགེགས་བླ་ཚེ་སྲོག་གསུམ་ཛྭ་ལ་རཾ་མཱ་ར་ཡ་ཕཊ། ཞེས་གོང་གི་ལིང་རོ་དང་ཟན་ལིང་བརྒྱ་རྩ་བརྒྱད་བསྲེགས་ལ་ཐལ་བ་མཆོད་རྟེན་འོག་གམ་


CMR013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཟམ་སྔས་སོགས། ས་དགྲ་གདུག་པ་ཅན་ཆེ་སར་མནན་ལ་བསྐུལ་པ་དྲག་པོ་དང་བཅས་ཏེ། གཏོར་མ་དགྲ་ཕྱོགས་འཕངས། མནན་པ་བྱེད་ན་ཕག་ཐོད་དམ་གླང་རུ་མེས་མ་ཚིག་པ་བདར་ཡག་བྱས་ལ་ནང་དུ་བཅུག །ཁ་ལ་ཐུན་རྫས་བྱུག །དེའི་ཁར་མི་ཁའི་རྫས་ཀྱིས་བཀང་། རེ་བས་བཏུམ། ཚོན་སྐུད་ཀྱིས་ཁ་བཅིངས་ལ། རྡོ་རྗེ་རྒྱ་གྲམ་མམོ་ཕུར་བུས་ཁོ་ཐེམ་བརྒྱབ། རྩིང་བཅུ་གཉིས་ཀུ་རུ་ཁ་གཟེད་ལ། གང་ལ་བསྐུལ་ཀྱང་ས་ལ་མི་རེག་པར་བྱ། ནང་དུ་འཇུག་ཁ་བྲུབ་ཁུང་ནས་ལིངྒ་བཏོན་ལ། ཡང་འགུགས་གཞུག་བདེན་བདར་བྱས་ལ། སླ་ངའི་ནང་དུ་གན་རྐྱལ་དུ་བཞག་ལ། རང་ཉིད་གཤིན་རྗེའི་གཤེད་དུ་གསལ་བའི་ལག་པ་གཡོན་པས་སླ་ངའི་ལིངྒ་དང་བཅས་ཡར་སྐོར་ཞིང་། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ཆིངས་ཤིག །སོགས་ནས་དམོད་པ་བརྗོད་ཅིང་རོལ་མོ་དང་ཐུན་རྫས་ཀྱིས་བྲབ། དེ་ནས་གླང་རུ་གོང་ལྟར་བརྟན་པ་བཞིན་ཏུ་བཅུག་ལ་ཕེ་གུ་ནག་པོའི་ནང་དུ་བཅུག་པུས་མོ་གཉིས་ཡན་ལས་མཐོ་བར་མི་ཁྱེར། གང་མནན་པའི་སར་ཁྱེར་ལ་གསེར་སྐྱེམས་དཀར་གཏོར་འབུལ་ལ་བདེན་པ་བདར། བཙོད་རུས་ཐོག་མར་རི་མོ་བྲི་ཞིང་བྲུས། དེ་ནས་འབྱོར་སོགས་གང་མོས་ཀྱིས་དོང་གྲུ་གསུམ་བྲུས་ལ། རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཕྱག་གཡས་དགྲ་སྟེ་ས་ལ་བརྒྱབ་པས་ས་གྲུ་གསུམ་སོང་ནས། རྒྱ་མཚོ་སྔོ་མེར་རེ་དོང་དུ་མཐོང་སོང་བར་བསམ། དེའི་མཚོ་ནང་ན་ཀླུ་བདུད་ནག་པོ་ཆུ་སྲིན་མགོ་བོ་ཅན་ཡར་ལངས་ནས་ཁ་


CMR013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ས་ཙམ་བསྐྲད་ཅིང་། མིག་ཉི་ཟླ་ཙམ་ཉིན་མཚན་མེད་པར་གསལ་བ་མཆེ་བ་གངས་རི་ལྟར་གཙིགས་པ་ལྗགས་གློག་དམར་ལྟར་འཁྱུགས་པ། དེའི་ཁ་ནང་དུ་དགྲ་བོ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ཚུད་པར་བསམ། འོག་གི་ས་བདག་ཀླུ་གཉན་ཐམས་ཅད་དགའ་ནས། ས་བདག་གི་ཕྲུ་གུ་ཐམས་ཅད་ཙི་དི་རི་རི་ཡོད་པར་བསམ། དགྲ་བོ་མི་ནོར་ཐམས་ཅད་བསྐལ་པ་མ་སྟོངས་བར་དུ་སོང་ནས་ཐར་མེད་དུ་གཏོར་སོང་བར་དམིགས་སོ། །དེ་སྟེང་མེ་ཆུ་གོ་ལྡོག་དམིགས་པ་བྱ། འབྱུང་བ་རིམ་བརྩེགས་བྱ། དུར་རྡོ་ལ་རྡོ་རྗེ་རྒྱ་གྲམ་དང་རྒྱབ་ཏུ་རི་རབ་བྲིས་པོས་ཁ་བཅད། དགྲ་བོ་བྱད་མ་འདི་ཉིད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་མི་ཚུད་པར་གྱུར་ཅིག །ཅེས་དམོད་མོ་དྲག་པོས་བཏབ་བོ། །བྱ་མོ་བསྐུལ་པ་དང་བཅས་ཏེ། གཏོར་མ་དེ་ཀའི་སྟེང་དུ་བརྡབ་ལ་གཏོར་བྲོ་བརྡུང་། དེ་ནས་དམིགས་མེད་ངང་ལ་འཇོག་དགོས་སོ། ༈ །དགྲ་མནན་ཞལ་ཤེས་ནི། ལིངྒ་བྲི་དུས་ས་བདག་གཟུགས་དང་གཟའ་བདུད་རྒྱུ་དུས་དེའི་ཕྱོགས་སུ་ཁ་བསྟན་ལ་བྲིས། ཚུར་ལོག་སྲུང་འཁོར་བསྒོམ། ལིངྒ་དུག་ཁྲག་གིས་བྲིས། ཐུན་ནས་ཡུངས་ཀར་ནག་པོ་རི་བོ་ཆེན་པོའི་དབབ་རྡོ། ཚ་གཡེར་མ་ལ་བྱའོ། །མནན་པ་བྱེད་དུས་གཟའི་རྒྱུ་བ་དང་བསྟུན་པ་གལ་ཆེའོ། །མནན་པ་ནི་ཞག་བདུན་བསྒྲུབས་ན་ལོ་གསུམ་ཚུན་ལ་དགྲ་མེད་ཐག་ཆོད། ཕ་རོལ་བླ་མ་ཡིན་ན་བྱ་རྒོད་ཐོད་པ། དགེ་སློང་ལ་བྱ་ངང་པ། སྔགས་པ་བྱ་རོག །བོན་པོ་ལ་གཅན་གཟན་ནམ་འུག་པ། མི་དཔོན་ལ་གླང་རུ་


CMR013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་གླང་ཐོད། མི་སྐྱ་ལ་ཕག་ཐོད་གཡག་རུ། བུད་མེད་ལ་ར་ཐོད། འབྱུང་པོ་ལ་ཕག་ཐོད་དུ་བྱའོ། །དེ་ཡང་མེ་ཆུ་ལ་མ་ཕོག་པ་ཤིན་ཏུ་ལེགས། ལིངྒ་ཡུགས་སའི་སྐྲ་ཤད་ཀྱིས་བཅིངས། མ་རྙེད་ན་ཚོན་སྐུད་ཀྱིས་བཅིངས། རབ་དགྲ་བོའི་ཟག་རྫས་སམ་ཆུ་ཤུལ་སོགས་རྣོ་བ་བྱུག་་།དགྲ་དུ་ཡོད་ལིངྒ་བྲིས་པས་ཆོག །མིང་རུས་མ་ཤེས་ནི་དཔྲལ་བར་ཛ་བྲིས་པ་ཞལ་ཤེས་ཡིན། གོང་གི་ཐོད་པ་བདར་ཡག་དཀར་འཇམ་བྱས་ལ། དཔྲལ་བར་རྒན་པའི་རྒས་སྲི་ནན། གཞོན་པའི་གཞོན་སྲི་ནན། བྱིས་པའི་ཆུང་སྲི་ནན། འགྲམ་པ་གཡས་ལ་ཕོ་སྲི་ནན། འགྲམ་པ་གཡོན་ལ་མོ་སྲི་ནན་བྱ་བ་བྲི། ཐོད་པ་བལ་ཚོན་སྣ་ལྔས་ཕྱེད་ཀྱི་གཡོགས་པ་་དཀྲིས། ཁ་ཐུར་དུ་བསྟན། རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། དམོད་བཅོལ་བརྗོད། དགྲ་ཐུབ་རྟགས་ནི་རྫོང་བཟུང་བ་དང་། གོ་ཁྲབ་གྱོན་པ་དང་། མཚོན་ཆ་ཐོགས་པ། རྩོད་པ་དང་མི་མང་ས་དང་རྒྱལ་བ་རྨིས་ན་ཐུབ་རྟགས། བླ་འགུགས་དུས་བཞིར་བྱའོ། །གཞན་ཡང་ཆོས་སྐྱོང་གི་ཕྲིན་ལས་དྲག་བསྐུལ་གང་རིགས་བྱེད། གཞན་སོགས་འདོན་ལུགས་ནི་ཟིན་བྲིས་བྲིས་པ་གཞན་དུ་གསལ་ལོ། །ལས་འགྲུབ་ནས་གཏང་རག་མཆོད་བསྟོད་བཏང་དམ་ཚིག་པ་བསྡུས་ལ་སྤྱི་སྲོལ་འདྲའོ། །བསྒྲུབ་པ་གྲུབ་ནས་གཏོར་མ་འཕེན་པའི་དུས། རང་ཉིད་འཇམ་དཔལ་དུ་གསལ་བའི་ང་རྒྱལ་གྱིས་ཐུགས་དམ་གནད་ནས་བསྐུལ་བ་ནི། ཧཱུྃ་ཨེ་ཀ་བྷྱོ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཤིན་རྗེ་འཁྲུགས་པའི་གུར་ཁང་དུ། །


CMR013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རཀྟའི་རྒྱ་མཚོ་འཁྲུགས། །ཞེ་སྡང་ཚ་བའི་མེ་ཆེན་འབར། །གཏི་མུག་ཤ་རུས་ལྷུན་བུད་འཐོར། །མཚོན་ཆ་བྲག་རི་གཟིང་བའི་དབུས། །ལྕགས་མཁར་ནག་པོ་ལྡེམས་སེ་ལྡེམ། །དེ་འདྲའི་སྐུ་མཁར་ནང་ཤེད་ན། །མི་རོ་རྟ་རོ་ཚར་མ་སྤུངས། །ཀུ་ཅོ་སྒྲ་སྐད་འབྲུག་ལྟར་སྒྲོག །དེ་འདྲའི་ཕོ་བྲང་ནང་ཤེད་ན། །ལས་ཀྱི་གཤིན་རྗེ་ནག་པོ་ནི། །སྐུ་སྨད་ཁྲག་གི་རྒྱ་མཚོར་ནུབ། །སྐུ་སྟོད་ཞེ་སྡང་མེ་དཔུང་འབར། །ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ། །ཞལ་ནས་སོད་ཆོད་སྒྲ་ཆེན་སྒྲོག །སྐུ་ལ་དུར་ཁྲོད་ཆས་བརྒྱད་བརྒྱན། །ལས་མཁན་ལས་གཤིན་འཁོར་གྱིས་བསྐོར། །བསྐུལ་ལོ་ཁྱོད་ཀྱི་ཐུགས་དམ་བསྐུལ། །དམ་ཉམས་སྡང་བའི་དགྲ་བོ་འདིས། །སངས་རྒྱས་བསྟན་པ་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །རྡོ་རྗེ་སློབ་དཔོན་སྐུ་དགྲོ་བྱས། །རྣལ་འབྱོར་བདག་ལ་འགྲས་ཡ་བཙུགས། །འདི་ལ་རྟགས་དང་མཚན་མ་ཆོ་འཕྲུལ་སྟོན། །ལུས་ཕུང་སྒྲོལ་ལ་སྲོག་ཕུང་ཕྲོལ། །རྣམ་ཤེས་སེམས་ཀྱི་མར་མེ་སོད། །ཉེ་འཁོར་ནོར་རྫས་གཉེན་འདུན་རྣམས། །ཐལ་བ་རྡུལ་ཕྲན་བཞིན་དུ་རློགས། །


CMR013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་བའི་ལས་འདི་མ་བསྒྲུབས་ན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །འཇམ་དཔལ་གཤིན་རྗེའི་སྤྱན་སྔ་རུ། །རང་གིས་ཁས་བླངས་བཅས་པ་ཡི། །བཀའ་བསྒོས་དམ་ཚིག་འདི་མིན་ནམ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ཤཱཀྱ་སེངྒེའི་བསྟན་པ་ལ། །གནོད་བྱེད་བསྒྲལ་བར་དམ་བཅས་པས། །སྔོན་གྱི་དམ་ཚིག་ཇི་བཞིན་དུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད་རྦད། ཅེས་བསྐུལ་ལོ། །ཞེས་པ་འདི་འབྲུག་པ་ཞབས་དྲུང་རིན་ཆེན་མི་ཕམ་ཆོས་ཀྱི་རྒྱལ་པོའི་བཀའ་ཡིས་བསྐུལ་བ་ལས། ཤཱཀྱའི་དགེ་སློང་རྫོགས་ཆེན་གར་གྱི་དབང་ཕྱུག་རྩལ་འཇམ་དཔལ་གཤིན་རྗེའི་རྒྱུད་ཐམས་ཅད་ཀྱི་བཀའ་བབས་པ་དེ་ཉིད་ཀྱིས་མེ་མོ་གླང་གི་ལོ་ལ། ནག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དཔལ་ར་ལུང་མཐིལ་གྱི་གཟིམ་ཆུང་གཞན་འཕྲུལ་དབང་བྱེད་དུ་སྦྱར་བའི་བཀའ་རྒྱ་བདུན་ལ་གཞི་བྱས་ནས། མཐུ་མཁན་སངས་རྒྱས་ཡེ་ཤེས་ནས་བརྒྱུད་པའི་ཞལ་ཤེས། དཔལ་ཕག་མོ་གྲུ་པའི་སྙན་བརྒྱུད་ཀྱི་དམིགས་པ་དང་ལག་ལེན་ཟབ་གནད། པདྨ་ལས་འབྲེལ་རྩལ་དང་བྱང་བདག་རང་གནོས་ཏོག་སྒྲུབ་གཞུང་རྒྱས་བསྡུས་མ་གཏོགས་སྔར་དང་དོན་གཅིག་པས། འདི་ཡང་རྣོ་མྱུར་ནུས་མཐུ་ནམ་མཁའི་ཐོག་དང་འདྲ་བས་གཞན་ལས་ཁྱད་པར་འཕགས་པ་འདི་ཡང་ཞག་གསུམ་བསྒྲུབས་ན་


CMR013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བདུན་ཚུན་ཆད་ལ་དགྲ་ལྡང་མི་སྲིད་པ་རྣལ་འབྱོར་དམ་ལྡན་མང་པོས་ལག་བླང་ཡང་ཡང་བྱུང་ནས་བྱིན་རླབས་ཁྱད་པར་འཕགས་སོ། །དེ་ལྟར་ལག་ལེན་ཞལ་ཤེས་དམིགས་པ་དང་བཅས་པ་གབ་པོ་མངོན་དུ་ཕྱུངས་ནས་བྲིས་པ་འདི་ཡང་དམར་ཡོན་སྔགས་འཆང་མགོ་ནག་དང་བདུད་རྩི་དིལ་གྱི་སྔགས་འཆང་རྣམ་གསུམ་གྱིས་མཎྜལ་རྟེན་ལ་གསེར་ཞོ་གསུམ་དང་དར་ཡུག་ཕུལ་ནས་ཞུས་པ་དང་། གཉེར་པ་ཆོས་དབང་ཀུན་བཟང་གིས་ད་ལོ་ན་ཉིན་རྟ་ཁལ་མང་པོ་བོར་བ་བཙད་ཅི་ཡང་མ་བྱུང་ཞིང་བོར་སྲི་འདྲ་བས་རང་རང་དགོས་པ་ལ་འུ་གུ་ཚང་ན་ཅི་ཡང་བྱེད་རྒྱུ་མི་འདུག །དེ་རྗེས་ནི་རིམ་ཆུད་ཟོས་སྦྱིན་པ་དང་། བོ་ཡོ་ལྷ་མཆོད་ཀྱི་དཔེ་དང་མི་འདྲ་གསུངས་ནས། བཀའ་བཀྱོན་དུ་ཡང་ཡང་འདུག་པས་གླང་གི་ལོ་གཤིན་རྗེ་རྒྱུ་བའི་དུས་ཆེན་དུ་དགུ་གཏོར་སྐབས་ལ། ༈ སྔགས་ནག་རཱ་ག་ཨ་སྱས་ལག་ལེན་ངག་ཁྲིད་བྲིས་པས་ཉེས་འགལ་མཆིས་ན་འཇམ་དཔལ་ལྷ་ལ་བཤགས་སོ། །ཕྱི་མ་བྱང་ཆུབ་ལམ་ལ་མི་སྒྲིབ་ཅིང་། །སངས་རྒྱས་བསྟན་པའི་དགྲ་བགེགས་ཚར་བཅད་ནས། །གསང་སྔགས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རྒྱས་པར་ཤོག །ས་མ་ཡཱ། རྒྱ་རྒྱ་རྒྱ༔ སྐུ་རྒྱ་གསུང་རྒྱུ་ཐུགས་རྒྱ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཀིང་དམར་ལས་བྱང་།next