Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་ཀང་དབང་བཤད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་ཀང་དབང་བཤད་བསྡུས་པ།next

ཀིང་ཀང་དབང་བཤད་བསྡུས་པ།


CMR013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཀིང་ཀང་དབང་བཤད་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ལྷ་འདིའི་ངོ་བོ་ནི་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཞེས་བྱ་བ་འཇམ་དཔལ་ཁྲོ་བོའི་རིགས་ཡིན་ཅིང་༔ ཐུགས་ཀར་འཇམ་དཔལ་གཞོན་ནུར་གྱུར་པ་དངོས་སུ་བཞུགས་པ་དང་༔ སྔགས་ལ་མཉྫུ་ཤི་འབྱར་བ་དང་༔ འཇམ་དཔལ་ཞི་ཁྲོ་གཉིང་ཀ་ཚང་བ་དང་༔ སྔགས་འབྲུ་གསུམ་དེ་ནི་མཚན་བརྗོད་དང་འཇམ་དཔལ་དམ་བཅའ་བའི་གཟུངས་ནས་ཡང་ཡོད་པས་དེ་དག་ནས་གསུངས་པའི་ཕན་ཡོན་ཐོབ་པ་དང་༔ འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས༔ སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི་མཚན་ནས་བརྗོད་པ་བས་ནི༔ གང་འཇམ་དཔལ་གཞོན་ནུར་


CMR013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་མིང་ལན་གཅིག་བསོད་ནམས་ཆེས་མང་དུ་བསྐྱེད་པ་ཅེས་དང་༔ འཇམ་དཔལ་གྱི་རྗེས་འཇམ་དཔལ་དུ་སློབ་པའི་བློ་སྐད་ཅིག་སྐྱེས་པའི་བསོད་ནམས་ནི༔ ཞིང་ཐམས་ཅད་ནོར་བུས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས་ཆེའོ༔ ཞེས་གསུངས་པས་ཕན་ཡོན་རྒྱ་ཆེ་བ་དང་༔ འཇམ་དཔལ་རྩ་རྒྱུད་ལས༔ དུས་ཀྱི་མཐའ་མ་དག་ལ་ནི༔ སྔགས་རྣམས་འགྲུབ་པར་འགྱུར་བ་ཡིན༔ དེ་ཉིད་ཅེས་ན་ཐུབ་དབང་གིས༔ གཞོན་ནུ་ཡོངས་སུ་བརྟགས་པ་ནི༔ ཤེས་རབ་ཆེན་པོ་འཇམ་པའི་དབྱངས༔ བྱིས་སྦ་གཞོན་ནུའི་གཟུགས་དང་ལྡན༔ འཇིག་རྟེན་


CMR013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་ཀུན་ཏུ་རྒྱུ༔ སེམས་ཅན་རྗེས་སུ་བཟུང་བར་མཛོད༔ དེ་ཡི་དུས་སུ་འགྲུབ་པ་ཡིན༔ འཇམ་པའི་དབྱངས་ནི་རབ་ཏུ་མཐོང་༔ ཞེས་གསུངས་པས་དེང་སང་འགྲུབ་ཐག་ཉེ་བ་དང་༔ ཁ་ཐུན་གཞུང་ལས༔ ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད༔ དེ་མཐོང་ནས་ནི་ཁྲོ་བོ་གཞན༔ ཐམས་ཅད་ཀུན་ཀྱང་ལག་ཆ་འཆོར༔ ཞེས་དང་༔ འཇམ་དཔལ་རྩ་རྒྱུད་ལས༔ འཇམ་དཔལ་གཞོན་ནུར་གྱུར་པའི་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ཅེས་བྱ་བ་ཡིན་ཏེ༔ གཤིན་རྗེའི་རྒྱལ་པོ་ཡང་འཇོ༔ མས་པ་དང་༔ འགུགས་པར་བྱེད་པ་ཡིན༔ སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས༔ ཞེས་དང་ཀིང་ཀང་ཉིད་ཀྱི་གཞུང་ལས་ཀྱང་༔ ང་ཡི་ཁྲོ་གཉེར་མཐོང་བའི་ཚེ༔ ཁྲོ་ཆེན་རྡོ་རྗེ་གཞོན་ནུ་ཡང་༔ ལག་ཆ་སྒྱུར་ནས་ཕྱོགས་བཅུར་བྲོས༔ ལག་ན་རྡོ་རྗེའི་སྒལ་ཚིགས་བཅོག༔ ཁྲོ་བོ་གཞན་རྣམས་བརྒྱལ་ཞིང་སྔངས༔ ཞེས་གསུངས་པས་ལྷ་འདི་བས་སྟོབས་ཤུགས་ཆེ་བ་གཅིག་ཀྱང་མེད་དོ༔ གཤིན་རྗེའི་གཤེད་རིགས་མང་བའི་ནང་ནས་འདི་ཚེ་བདག་རིགས་གཏོགས་པས༔ འདིའི་གཞུང་ལས་འཇམ་དཔལ་འཇིགས་བྱེད་ཚེ་ཡི་དཀྱིལ་འཁོར་འདིར༔ ཞེས་གསུངས་


CMR013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་༔ ཀིང་ཀང་དབུ་དགུ་ཕྱག་བཅོ་བརྒྱད་པའི་གཞུང་ཆེན་ལས༔ ཀིང་ཀང་ནག་པོ་འདི༔ ཁྲོ་བདག་ཡ་མ་རཱ་ཙ་ཞེས་ཡེ་ཤེས་ཀྱི་ཡ་མ་རཱ་ཙ་ཡིན་པར་བཤད་ཅིང་༔ དེ་ནི་ཁ་ཐུན་གྱི་རྒྱུད་ལས༔ ཁྲོ་བོ་མི་གཡོ་བ་ཉིད་ཡིན་ཚུལ་རྒྱས་པར་གསུངས་པས༔ ཀིང་ཀང་འདི་ནི་དོན་ལ་ཁྲོ་བོ་མི་གཡོ་བ་ཉིད་ཡིན་ཏེ༔ མཚན་བརྗོད་ལས་མི་གཡོ་རལ་པ་གཅིག་གིས་བསྐྱིངས༔ གླང་ཆེན་ཀོ་རློན་གོས་སུ་གྱོན༔ ཞེས་པ་དེ་ཡིན་ལ༔ གྲགས་ཆེན་ཧ་ཧ་ཞེས་སྒྲོག་པ༔ ཧི་ཧི་ཞེས་སྒྲོག་འཇིག་པར་བྱེད༔ ཅེས་པའི་དོན་འདིའི་མངོན་རྟོགས་ཐམས་ཅད་ནས༔ ཞལ་ནས་ཁྲོས་པའི་གད་མོ་ཕྱོགས་མཚམས་བརྒྱད་དུ་སྒྲོགས་པས་དགྲ་བགེགས་ཐམས་ཅད་སྔངས་ཤིང་བརྒྱལ་བར་བྱེད་པ་ཅེས་གསུངས་སོ༔ གད་མོ་ཆེན་པོ་གད་རྒྱངས་ཚེ༔ རྡོ་རྗེ་གད་མོ་ཆེར་སྒྲོག་པ༔ ཞེས་གསུངས་པའི་དོན༔ ཀིང་ཉོབ་མ་ལས༔ འཇམ་དཔལ་ཁྲོ་བོའི་གད་རྒྱངས་ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ཏུ་བསྒྲགས་པས་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ་ཡི་དམག་ཚོགས་དབང་དུ་སྡུད་ཅིང་ལས་ལ་མངག་པའི་ཚུལ་གྱིས་བསྟོད་བསྐུལ་རྒྱ་ཆེར་བྱུང་ངོ་༔ དེ་ལ་མི་གཡོ་བའི་


CMR013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས༔ མི་གཡོ་བ་ཞལ་བཞི་ཕྱག་བརྒྱད་པ་དང་༔ ཞལ་གསུམ་ཕྱག་དྲུག་པ་དང་༔ ཞལ་གཅིག་ཕྱག་གཉིས་སུ་སྤྲུལ་ནས་སྟེང་འོག་བར་གསུམ་གྱི་གདོན་བཏུལ་ཚུལ་གླིང་བཞི་ལས་བྱུང་བའི་ཞལ་གསུམ་ཕྱག་དྲུག་པ་ཀིང་ཀང་ནག་པོ་ཡིན་ལ་མི་གཡོ་བའི་རྟོགས་པ་ལས༔ སེམས་ཅན་ཞི་བས་འདུལ་བ་བགེགས་ཆེན་དང་ནི་ལོག་པར་འདྲེན༔ དེ་རྣམས་འདུལ་བར་བྱ་བའི་ཕྱིར༔ རྫོགས་སངས་རྒྱས་ཀྱི་བསྟན་དུ་སྤྲུལ༔ མཚན་ནི་མི་གཡོ་ཞེས་གྲགས་པ༔ ཁྲོ་བོ་འཕགས་པ་སྟོབས་པོ་ཆེ༔ མི་གཡོ་ཞེས་བྱའི་ས་ཐོབ་ནས༔ མི་གཡོ་འདི་ཡང་དེ་ཡི་མཚན༔ བདུད་རྣམས་ཀུན་གྱིས་མི་ཚུགས་པས༔ བསྟན་པ་ཡེ་ཤེས་དྲི་མེད་བཟང་༔ སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས༔ ཆོས་ཀྱི་དབྱིངས་སུ་རབ་གཞོལ་ནས༔ རྟག་ཏུ་ཚེ་དང་ནད་མེད་མཆོག༔ དངོས་གྲུབ་མྱུར་དུ་སྩོལ་མཛད་པ༔ གཏན་དུ་བགེགས་རྣམས་གསོད་མཛད་ཅིང་༔ དེ་བཞིན་བགེགས་རྣམས་རབ་ཏུ་འཇོམས༔ སེམས་ཅན་རྣམས་ནི་བདེ་བའི་ཕྱིར༔ རྟོག་པ་འདི་ནི་རབ་ཏུ་བཤད༔ རིམས་དང་སོ་མིག་གཟེར་ཟུག་དང་༔ སྐེད་པ་རྩིབ་ལོགས་ལུས་ལས་བྱུང་༔ རྣམ་


CMR013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་ཀུན་འབྱུང་བས༔ ས་སྟེང་ལུས་ཅན་ནད་རྣམས་ནི༔ གསང་སྔགས་དྲན་པ་ཙམ་གྱིས་ནི༔ དེ་དག་ཐམས་ཅད་ཟད་པར་འགྱུར༔ སེམས་ཅན་ཁམས་ནི་ཐམས་ཅད་ཀྱིས༔ བསྟན་པ་རིན་ཆེན་བསྲུང་བར་མཛད༔ ཁྲོ་བོའི་རྒྱལ་པོ་བློ་དང་ལྡན༔ སྔགས་པ་མང་པོས་ཡང་ཡང་འགྲུབ༔ ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས༔ འདོད་པ་མ་ལུས་འགྲུབ་པར་འགྱུར༔ ཅེས་གསུངས་པ་དང་༔ བཀའ་དམ་ཕ་ཆོས་ལས༔ འབྲོམ་གྱི་ཞལ་ནས། རྟག་ཏུ་དངོས་གྲུབ་སྟེར་བའི་ལྷ། །བཅོམ་ལྡན་གང་གི་མི་གཡོ་མགོན། །ལྷ་ཡང་འདི་ཡིན་ཆོས་སྐྱོང་འདི། །ཕྲིན་ལས་ཐམས་ཅད་རབ་བསྒྲུབ་གསོལ། །ཇི་སྲིད་ནམ་མཁའ་མ་བརླག་བར། །གཡོ་བར་མ་མཛད་ང་བསྟན་སྲུངས་། །ཁྱེད་འདྲ་བསྟན་པ་ང་གཡོས་ན། །ནམ་མཁའ་ཆུ་ཡིས་ཁྱེར་གྱིས་དོགས། །གསུངས་ནས་ཁྲོ་བོ་ཐམས་ཅད་ཀྱི་ནང་ནས་མི་གཡོ་བ་གདམས་པ་དང་། ཁྲོ་རྒྱལ་མི་གཡོ་བ་འདི་སངས་རྒྱས་ཀྱི་སྐུ་ཡི་ངོ་བོ་ཡིན་ཞིང་བདུད་འདུལ་བ་ལ་བསྔགས་གསུངས། སྤྱན་སྔ་ཚུལ་ཁྲིམས་འབར་གྱི་ཞལ་ནས། མི་གཡོ་བ་ནི་སྤྲུལ་པའི་སྐུ། སྣེ་ཟུར་པ་ནི་


CMR013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་ཕལ་ཆེར་སྐུ་གསུང་ཐུགས་ཀྱི་བསྙེན་པ་བྱེད་མི་གཡོ་བ་ནི་གཉེན་པོ་ལ་བརྟན་པ་ཐོབ་པའི་ཆ་ནས་བཀའ་ཕབ། ཅེས་གསུངས་ཤིང་། སྣེ་ཟུར་པ་ནི་མི་གཡོ་བའི་སྤྲུལ་པ་ཡིན་པར་བཤད། སྣེ་ཟུར་པའི་དངོས་སློབ་དྭགས་པོ་ནས་བཟུང་སྟེ་བཀའ་བརྒྱུད་ལ་ཡང་མི་གཡོ་བ་དར། སྣེ་ཟུར་པ་དང་ཀརྨ་པ་ཐུགས་རྒྱུད་གཅིག་པར་གསུངས། ཀུན་མཁྱེན་རོང་པོས་མི་གཡོ་བ་དངོས་སུ་འགྲུབ་པས་མཁས་པ་པཎྜི་ཏར་གྱུར་པ་ན། རྗེ་མཐོང་བ་དོན་ལྡན་ལ་ཡང་བཀའ་བབས་རྒྱུད་ཁྱད་པར་དུ་ངོ་བོ་མི་གཡོ་བ་ཉིད་ཡིན་པ་ལས། ཀིང་ཀང་གྲགས་པ་རྙིང་མ་ལུགས་སེར་ནག་དབུ་དགུ་ཅན་དང་། ནག་པོ་ཞལ་གསུམ་ཕྱག་དྲུག་དམར་པོ་དང་། ནག་པོ་ཕྱག་གཉིས་སོགས་དཔག་ཏུ་མེད་པ་བྱུང་བ་ན། འཇམ་དཔལ་སྐུ་ཡི་རྒྱུད་ལས་འཕྲོས་པས་འཇམ་དཔལ་ཤོར་སངས་ཉི་མ་ཁྲོས་པའི་རྒྱུད་དང་། ཤོར་སངས་ཟོར་བ་དམར་ནག་གི་རྒྱུད་ལ་བརྟེན་ནས་སློབ་དཔོན་ཆེན་པོ་པདྨས་མཛད་པ་བཀའ་གཏེར་དུ་མར་བརྒྱུད་པ་དང་། འཇམ་དབྱངས་ཀྱིས་གསུངས་པའི་རྒྱ་ནག་རྩིས་ཀྱི་འབྱུང་བ་ལྔའི་རྒྱུད་ལས། པ་ལ་པ་ཏྲ་ལྕགས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་དྷེ་ཝ་ཙཎཱ་དང་།


CMR013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ཆེན་པོ་ནས་འདིའི་ལས་མཐའ་ཕལ་ཆེར་མཛད་པ་ཡིན་ནོ། །དེ་དག་བཀའ་མ་དང་སྐྱེས་བུ་གླ་གུ་ཡང་དབང་དང་། རྒྱ་ཞང་ཁྲོམ་དང་། གུ་རུ་ཆོས་དབང་དང་པདྨ་ལས་འབྲེལ་རྩལ་དང་། ཉི་ཟླ་སངས་རྒྱས་ཀྱི་གཏེར་མ་སོགས་ཀུན་གྱི་དོན་བསྡུས་ཏེ། ལུང་བསྟན་བཀའ་རྒྱ་མ་ལས། ལུང་བསྟན་པའི་སྐྱེས་བུ་ཆོས་ཀྱི་མཚན་ཅན་སྐྱེས་བུ་དམ་པ་དྲུག །རྒྱལ་བའི་སྤྲུལ་པ་འདི་འཛིན་ཨེ་མ་ཧོ། ཞེས་ལུང་བསྟན་པའི་མཚན་དངོས་ཆོས་རྒྱལ་དཔལ་བཟང་། ས་ཡུལ་གྱི་མཚན་ཟུར་མཁར་ཨ་བོ་ཆོས་རྗེ་དེ་སྐུ་ཕྲ་མོ་ནས་འཇམ་དཔལ་འཆི་བདག་རིགས་ནཱ་ག་རཀ་བསྒྲུབས་པས་གྲུབ་པ་ཐོབ་ནས་མཁས་པ་པཎྜི་ཏ་ཆེན་པོར་གྱུར་པ་དེས་མཛད་པ་ཟུར་མཁར་ལུགས་ཞེས་ཁུངས་བཙུན་པ་དང་། ཡང་རཏྣ་ལུགས་རྟ་མགྲིན་ནག་པོའི་སྐོར་ནས་ཀིང་ཀང་བསྡུས་པ་དང་། གནམ་ཆོས་ཀིང་ཀཱང་རིགས་བཅུ་གསུམ་སོགས་མང་དུ་བྱུང་བ་ལ། ཁྱད་པར་དུ་ཡང་སི་ཏུ་བསོད་ནམས་རྣམ་རྒྱལ། མི་འཁྲུགས་ཆོས་ཀྱི་གོ་ཆ། སི་ཏུ་ཆོས་ཀྱི་རྒྱལ་མཚན། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་ཀྱིས་ཀྱང་འདི་ལ་ཐུགས་དམ་མཛད་ཅིང་རྟགས་ཐོན་པ་དང་། དེ་དག་


CMR013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་དབང་ལུང་དང་མན་ངག་སོ་སོར་ཅི་རིགས་པ་ཐོབ་ཅིང་། བྱང་བདག་ནིས་བདག་གི་སློབ་དཔོན་བར་དུ་གྲུབ་པའི་བྱིན་རླབས་རྟགས་ཐོན་པའི་བརྒྱུད་པ་ཡང་མ་ཉམས་པ་ཡོད་ཅིང་། བདག་རང་གིས་རང་ཡང་གཅིག་ཏུ་ན་ཡི་དམ་གཙོ་བོར་འཛིན་པ་ཡིན་ཅིང་།གཏེར་གཞུང་མང་པོ་ནས། ཉིན་གཅིག་བསྒྲུབས་ན་ལོ་གསུམ་དགྲ་མི་སྡང་གསུངས་པ་དང་། པདྨ་བཀའ་ཐང་ལས། ཚེ་ལོ་བཞི་བཅུ་པ་ལ་དགྲའི་སྐལ་པ་དར། གསུངས་པས་ད་ལྟ་དུས་ལ་དགོས་པའི་ལྷ་ཡང་ཡིན་ནོ། །དེའི་ཕྱིར་མཎྜལ་ཕུལ། ཞེས་རཱ་ག་ཨ་སྱས་གཏོར་དབང་བསྒྲིགས་རང་གི་ཐུན་ལ་བྲིས་པ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀིང་ཀང་དབང་བཤད་བསྡུས་པ།next