Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་ཀང་དམར་ནག་གི་རྒྱུད་དང་ལས་ཚོགས་ཟིན་བྲིས་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་ཀང་དམར་ནག་གི་རྒྱུད་དང་ལས་ཚོགས་ཟིན་བྲིས་བཀོད་པ།next

ཀིང་ཀང་དམར་ནག་གི་རྒྱུད་དང་ལས་ཚོགས་ཟིན་བྲིས་བཀོད་པ།


CMR013_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཀིང་ཀང་དམར་ནག་གི་རྒྱུད་དང་ལས་ཚོགས་ཟིན་བྲིས་བཀོད་པའི་དབུ་ཕྱོགས་བཞུགས་སོ།།


CMR013_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྱ་མ་ལྔ་ཤི་ན་མོ། འདིར་ཀིང་ཀང་དམར་ནག་གི་རྒྱུད་གསལ་བར་བཀོད་པ་ནི། ཤོར་སོ་ང་ཉི་མ་ཁྲོས་པའི་རྒྱུད། རྒྱ་ནག་ཤིནྟཾ་གརྒྱུའི་གདམས་ངག་མན་ངག་དམ་པ་འདི་ནི་ཁྲོ་ཆུ་ཁོལ་མ། སྲོག་གཅོད་སྤུ་གྲི། དུག་གི་སྡོང་པོ། མཚོན་གྱི་སྒྲོ་བ། འཇིག་རྟེན་འདི་ནས་སྲོག་དབུགས་ཀྱི་བདག་པོ་ནི་ལས་ཀྱི་གཤིན་རྗེ་མིན་པའི་ལྷ་འདྲེ་གང་ལ་ཡང་དབང་མེད་དོ། །དེ་ཡང་འཛམ་བུ་གླིང་འདིའི་ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲི་འདས་པའི་ཕྱི་རོལ་དུ་རིམ་དགུ་སའི་འོག་ཏུ་གཤིན་རྗེའི་ཡུལ། གཤིན་རྗེའི་ལས་མཁན་བྱེ་བ་དུང་ཕྱུར་གྱི་དབུས་སུ་ལྕགས་སྲེག་གི་ས་གཞིར་སྡིག་པོ་ཆེ་རྣམས་བསྲེག་ཅིང་གཏུབས་པའི་ས་ནས། ངོ་བོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་ཀྱང་། རྣམ་པ་ནི་ས་བརྒྱད་པའི་སེམས་དཔའ་གཤིན་རྗེའི་


CMR013_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དཔོན་ཚུལ་དུ་བཟུང་ནས་དགེ་སྡིག་གི་དྲང་ཤན་ཕྱེ་ཞིང་རྒྱུ་འབྲས་ཀྱི་ཆོས་སྟོན་པ། སྐུའི་ཆ་ལུགས་ཅི་ཡང་སྟོན་ཅིང་འཆི་བདག་ནག་པོ་དང་། སྲོག་བདག་ནག་པོ་དང་། ཚེ་བདག་ནག་པོ་དང་། ཆོས་ཀྱི་རྒྱལ་པོ་དང་དེ་རྣམས་དོན་གཅིག་ཡིན་ནོ། །དེ་ཡང་ཚེ་སྲོག་ལ་དབང་བའི་གཤིན་རྗེ་ཚེ་བདག་ཡིན་པས། འདིའི་ལས་ཚོགས་རྒྱས་བསྡུས་མང་དུ་ཡོད་པ་ནི། ལ་ལ་ནི་བཀའ་ནས་བཀའ་རུ་བརྒྱུད། ལ་ལ་ནི་གཏེར་དུ་སོང་བ་རྣམས་དང་དེང་སང་ཞིག་གླིང་རྒྱ་ཞང་ཁྲོམ་དང་གཏེར་ཕྲན་རྣམས་ལའང་གཤིན་རྗེ་ཉུང་ངུ་རེ་སྣང་བ་འདི་རྣམས་ཡིན། ལ་ལ་ནི་ད་རུང་གཏེར་དུ་བཞུགས་སོ། །ཚེ་བདག་གི་སྤྲུལ་པ་ཁྲོ་ཆུ་འཇོམས་བྱེད་དགྲ་ནག་འཆར་ཁ་ཁ་ཐུན་ནག་པོ་སོགས་སྤྲུལ་གཞི་དེ་ལས་བྱུང་བ་ཡིན་ནོ། །ཁྱད་པར་ཀིང་ཀང་དམར་ནག་གཉིས་ནི་ཚེ་བདག་


CMR013_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་སྤྲུལ་པ་མེའི་སྤུ་གྲི་རེག་མི་བཟོད་པ་འདི་ཤིན་ཏུ་གཉན་པས་ཐོག་མར། ཨོཾ་ཧྲཱིཿལླི་ཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ འཇམ་དབྱངས་ཡི་གེ་འདི་བྱེ་བ་བདུན་བགྲང་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་སྤྲུལ་པ་ཡང་སྤྲུལ་གཉིས་དང་བདུན། དེའི་བསྙེན་ཕ་ཐེམ་པས་འཁུ་ལྡོག་མེད། འདི་ནི་འཇམ་དབྱངས་རྡོ་རྗེར་སྐུར་བཞེངས་པའི་དུས་སུ་ཕྱོགས་སྐྱོང་བཅུ་རང་རང་གི་སྙིང་པོ་ཡི་གེ་འབྲུ་རེ་ཕུལ་བས། །སྔགས་བཀྲོ་ལ་རྒྱུ་མེད་ཀྱང་། ཚེ་བདག་གི་སྲོག་འཇམ་དབྱངས་ཉིད་ཀྱི་ཐུགས་སྲོག་བྱས་ནས་དེ་དང་དབྱེར་མེད་དོ། །འཇམ་དབྱངས་ནི་ཡི་གེ་ཧྲཱིཿལླིའི་སྔགས་བཟླས་བརྗོད་སུས་བྱས་ཀྱང་སྐྱེས་བུ་དེ། ས་བཅུ་ངོ་བོ་ཉིད་དང་མཚུངས། མཐུ་སྟོབས་ཕྱག་ན་རྡོ་རྗེ། མི་མངོན་སྔངས་སྐྲག་བརྒྱལ། ལས་ངན་སྡིག་པོ་སངས་རྒྱས་སོ། །ཞེས་གསང་སྔགས་རྒྱུད་འབུམ་ནས་གསལ། འདི་ཡི་ལོ་རྒྱུས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །གཤིན་རྗེ་ཐམས་ཅད་གོང་ནོན་སྔགས་ཡིན་ཀྱང་དེའི་གནད་མ་ཤེས་ན། །གཤིན་རྗེའི་ལས་ཚོགས་ཡན་སྒྲུབ་ན། །བྱིས་པའི་ལག་གི་སྤུ་གྲི་འདིས། །མི་རང་གཉིས་ཀ་ཕུང་བར་འགྱུར། །ཀིང་ཀང་དམར་ནག་གཉིས་ནི་འཇིགས་བྱེད་ཡ་མཱནྟ་ཀའི་ལས་ཚོགས་དང་འདི་གཉིས་དོན་མཐུན་པར་འོང་། ཁྱད་པར་དུ་ཚེ་བདག་ཕྲིན་ལས་སྤྲུལ་པ་ཡིན་པས་ཚེ་བདག་གི་ལས་ཚོགས་ཀིང་ཀང་ལ་སྦྱར་བ་ནི་ཤིན་ཏུ་འཐད་དོ། །སྤྲོས་པ་ལ་དགའ་ན་ཟོར་དང་མེ་མཆོད་ཁ་ཐུན་དམར་ནག་ཉི་ཟླ་ཐལ་བརྡབ་རི་བོ་རྩེ་བཟློག་གི་ལས་ཚོགས་ལས་བྱུང་བ་ལྟར་ཁྲོ་ཆུ་ཀིང་ཀང་གཉིས་ལ་སྦྱར་རུང་


CMR013_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་སྙམ་མོ། །ད་ནི་གཤིན་རྗེའི་སྒྲུབ་པ་ལ་བར་ཆད་བྱུང་བ་ནི། འདིའི་སྒབ་འདྲེ་ནི་རྒྱལ་པོ་པེ་དཀར་ཡིན་པས། རྟ་ནོར་ལ་གོད་ཁ་མི་ལ་སྨྱོ་འབོག །ཁྱད་པར་དུ་མ་ཉེས་པའི་ཁ་ཡོག་དང་མི་ཁ་ཤིན་ཏུ་འཇིགས་སོ། །སྒྲུབ་པ་མ་སྔ་སྒབ་འདྲེ་བརྩོན། རྟ་དཀར་པོའི་ཁྲག་གིས་དུག་ཤོག་ལ་ལིངྒ་བསེ་ཐེབ་ཅན་རྐང་ལག་ལྕགས་སུ་བཅུག་པ་ཡན་ལག་ཛས་བསྡམས་པ་བྲིས། སྙིང་གར་ཛ་ཁ་སྦྱར་བའི་བར་དུ་བྲིས་ལ་མཐར། རཱ་ཛ་ཤེལ་གིང་དཀར་པོ་དམ་ལ་མ་འདའ་ཞིག །རང་གཤེད་ཀྱིས་ཆིངས་ཤིག །རང་གནས་ཀྱིས་སྡོམས་ཤིག །ལིངྒའི་ཕྱི་ནས་དཔུང་མགོ་གཡས་ནས་སྔགས་འདི་བྲིས། ཨོཾ་བཛྲ་རཀྵ་ཙིཏྟ་ཟུང་ཟུང་། ཁ་རག་སྨེ་ཤ་རྦད་རྦད། མཁུ་ན་དུམ་བུར་ཤིག །དྷ་ན་རཀཱའི་ཙིཏྟ་ཕྱུང་ཕྱུང་། བཟློག་ན་རཀཱའི་ཙིཏྟ་གཏུབས་གཏུབས། ཨཱ་རཀྟ་སུམ་ཏྲི་རཀ་ཙ་དུ་མཱ་ར་ཡ་རུ་ལུ་རུ་ལུ་ཧཱུཾ། ཡིག་མགོ་ཕྱིར་བསྟན་ནོ། །དུག་སྣ་ཁྲག་སྣ་གུ་གུལ་རྟ་བོན་བྱུགས། ཁོའི་བླ་རྡོ་ལ་ཕ་ཝང་ལོང་བུ་དང་།། དུང་དང་མགྲོན་བུ་ལིངྒ་ནང་དུ་བཏུམ། ཤིང་སྟག་པའི་དབྱུག་པ་ལ་བེ་ཅོན་བྱས་ཏེ་རྡོ་ཕ་ཝང་ལོང་བུའི་ཕྲ་བཅུག་ན་གོང་གི་བསད་སྔགས་དེ་བཟླས་ཤིང་ལིངྒ་རྡོག་པས་རྫིས་དབྱུག་པས་བརྡུང་ལ་ཞག་དགུའམ་བདུན་དུ་བསྒྲུབས་ལ། ཁྱི་དཀར་བསད་དང་བནྡྷེ་བརྡུངས། །བྱིས་པ་བཀྱིགས་དང་ཁ་མིག་ཐུབ། །ཁྱད་པར་དོང་དུ་བཅུགས་པ་རྨིས། །རྟགས་ངེས་ཤེས་མ་བྱུང་བར་དུ་བསྒྲུབ། དེ་ལ་ལམ་རྒྱ་གྲམ་ལྷ་ཁང་


CMR013_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་འོག་ཏུ་མནན། ཨོཾ་ཨཱཿཧཱུྃ་མཱ་ར་ཡ་ནན། ཡ་མ་རཱ་ཙ་ཏྲིག་ནན། མཁུ་ན་རཀྟ་ཆད་ལི། ༀ་ལཾ་ཨཱལཾ་ཧཱུཾ་ལཾ་སུཾ་བྷ་ཡ་ནན། རྟ་བྲོ་གང་རུང་བྱ། ཁྱིའི་ཐོད་པར་རེ་བས་དྲིལ་ནས་མནན་པ་མན་ངག་གོ །རང་སྲུང་ལྕགས་ཁབ་ཟངས་ཁབ་ཕ་བོང་ལོང་བུ་རྣམས་ལ་གོང་གི་སྔགས་གདབ་དགོས། གང་བའི་ནང་དུ་འཆང་། རྒྱལ་པོ་འདི་ནི་ཤིན་ཏུ་མི་སྲུན་པ་ཡིན་པས་སྐྱེ་འགྲོའི་སྲོག་འཕྲོག །སྒོས་སྒྲུབ་པའི་བར་ཆད་བྱེད་དོ། །དེའི་དུས་སུ་གནད་ཀྱི་མན་ངག་འདི་གལ་ཆེའོ། །ཁྱད་པར་འདི་ཤིན་ཏུ་གཉན་པས་མང་དུ་སྤེལ་མི་རུང་རང་སྲོག་གཅོད་འོང་ངེས་སོ། །དཔེ་འདི་འཆང་བ་ཙམ་གྱིས་རྨི་ལམ་རྩུབ། གཅེས་པར་རྩུབ་བོ། བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་ཤོག་སེར་ལས་བྲིས་སོ། །ཤིན་ཏུ་གཉན་ནོ་གོ་བར་མཛོད། ༈ དེ་ནས་འདི་ཡིན་ལས་ཚོགས་སུ་སྲུང་ཟློག་བསད་གསུམ་བཀའ་རྒྱ་ཅན་ཚེ་བདག་ནག་པོའི་རྒྱུད་ནས་ཁོལ་དུ་བྱུང་བ་ཡིན་ནོ། །དཔལ་ཚེ་བདག་ནག་པོའི་ཡང་ཞུན། གུ་རུ་འཇམ་དཔལ་གཤིན་རྗེའི་ཐུགས་བཅུད། རྒྱལ་དུ་སྤྲིན་གྱི་ཤུགས་ཅན་གྱིས་གནག་པ། བལ་པོ་བྷ་སུ་དྷ་རིའི་མཚོན་ཆ། བདག་འདྲ་པདྨ་འབྱུང་གནས་ཀྱི་མན་ངག །དྲེགས་པ་ཆོམ་ལ་འབེབས་པའི་ཕུང་ལས། ལས་ཀྱི་བརྣག་པ་འདི་ཁོ་ནའོ། །ཡང་བཟློག་ནག་པོ། མེའི་སྤུ་གྲིའི་ལས་བཞི་སྟེ། སྲུང་བ། ཟློག་པ། བསད་པ་དང་། མནན་པ་དང་བཞིའོ། །དང་པོ་སཙྪ་དཀར་པོ་ལ་བརྟེན་ནས་བསྲུང་བ་བྱ་བ་ནི། དོན་དང་ལྡན་པའི་རྣལ་འབྱོར་པས། སྤྱིར་


CMR013_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྤྱི་དགྲ། བླ་མའི་སྒོས་དགྲ། རྣལ་འབྱོར་ལ་གནོད་པ་རྣམས་ལ་བྱའོ། །དེ་མ་ཡིན་པར། བསྙད་ཆུང་བསྟན་དགྲའི་སྔགས་ཟློག་ནོར་དང་ཚེ་འདིའི་ཕྱིར་བྱས་ན། རང་ལ་བཟློག་གོ །ཐོག་མར་རྣལ་འབྱོར་སྐྱབས་འགྲོ་སེམས་བསྐྱེད་བྱ། ལྟ་བའི་གདེང་དང་ལྡན་ཞིང་དམ་ཚིག་དང་ལྡན་པས། བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་། རབ་ཏུ་ཡང་ཚེ་བདག་ཀིང་ཀང་སོགས། ཡང་ན་ཡི་དམ་ཁྲོ་བོའི་བསྙེན་སྒྲུབ་ཚད་དང་ལྡན་པ། ལྷ་ས་བསམ་ཡས་ཁྲ་འབྲུག་ལ་སོགས་བཀྲ་ཤིས་པའི་ས་དང་སྦྱར་སཱཙྪ་དཀར་པོ་ནང་བུག་པ་ཅན་བྱས་ལ། དར་དཀར་རམ་རས་དཀར། ཡང་ན་ཤོག་གུ་ལ། ག་བུར་ཙནྡན་བཟང་དྲུག་ལ་སོགས་དྲི་བཟང་དང་། སྦྱར་བའི་སྣག་ཚ་གཟའ་སྐར་དར་ཞིང་དུས་ཚོད་བཟང་པོ་ལ། ཙཀྲ་རྩིབས་བཞི་མུ་ཁྱུད་བཅས་པའི་ལྟེ་བ་ལ། བདག་མིང་རུས་ཆེ་འཁོར་དང་བཅས་པ་ལ་གཞན་གྱི་བྱད་ཁ་རྦོད་གཏོང་རྦད་འདྲེ་གཏད་མནན་ཕུར་ཁ་ཟོར་ཁ་ངན་དབྱེ་ཐམས་ཅད་སྲུངས་ཤིག །ཅེས་སོ། །ལྟེ་བའི་མུ་ཁྱུད་ལ། ཨོཾ་ཨ་ཀྲོ་ཏ་ཀ་ཡ་མཱནྟ་ཀ་ཧཱུྃ། ཞེས་བྲི། རྩིབས་འོག་མ་ལན། སརྦ་ཙིཏྟ་གཟེར་ཐུ་བིག་ནན། ཏྲིག་ནན་རྦད་ཡ་བཟློག་ཡ། །སཾ་གྷཾ་ཝ་རི་བདག་འཁོར་དང་བཅས་པ་ལ་སྲུངས་ཤིག་རཀྵ་རཀྟ༔ ཀ རྩིབས་བཞིའི་སྲིང་མ་ལ། ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུང་། ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུང་། གྷཾ་མ་ཡ་མ་དུ་རུ་


CMR013_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྲས་སྲུང་། དེ་རྒྱབ་མུ་ཁྱུད་ལ་རྟེན་འབྲེལ་སྙིང་པོ་བྲིའོ། །དེའི་ཕྱི་ལ་རྡོ་རྗེའི་ར་བ། དེའི་ཕྱི་ལ་མེ་རིས་བསྐོར། དེ་ལྟར་སཱཙྪ་དཀར་པོ་དང་འཁོར་ལོ་ཚར་ནས། གཞི་མ་དཀར་པོའི་སྟེང་དུ་སཱཙྪ་བཞག །ནས་དཀར་པོའི་ཚོམ་བུ་བཀོད་། དབུས་སུ་འཁོར་ལོའི་སྟེང་དུ་སཱཙྪབཞག །ཕྱོགས་མཚམས་ཀྱི་ཚོམ་བུ་བརྒྱད་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་གཞི་བདག་དང་བཅས་པའི་མཆོད་གཏོར་ཆ་ཚང་བ་གཅིག་བཤམས། སྔགས་བདག་ཁོའི་སྲུང་མ་ལ་གཏོར་མ་བཅས་ཏེ་ཁོ་རང་གཤེད་དུ་བཀོའོ། །གསེར་སྐྱེམས་རྒྱས་པར་བཤམས་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་གཞི་བདག་སྡེ་བརྒྱད་དང་བཅས་པ་ལ། མ་ཉེས་པའི་གཟུ་དཔང་བདེན་པ་བདར། ཤག་བཏབ། ཕྲིན་ལས་བཅོལ་དེ་ནས་སཱཙྪ་དཀར་པོ་དེ་ཨེ་ལས་ལྕགས་ཀྱི་གུར་ཁང་། ལཾ་ལས་རྡོ་རྗེའི་གུར་ཁང་། རཾ་ལས་མེའི་གུར་ཁང་དུ་གྱུར་ཏེ་བདག་བསྲུང་བྱ་ཐམས་ཅད་དེའི་ནང་དུ་ཚུད་པར་བསམ་མོ། །དམིགས་པ་རྒྱ་ཆེ་ཞིང་ནང་དུ་བསྒོམ་པ་དང་། རྗེས་ཀྱང་གསལ་གདབ་པ་ནི་གནད་ཀྱི་གདམས་པའོ། །དཀོན་མཆོག་གསུམ་ལ་གསོལ་བ་གདབ། བསྐང་བཤགས་བསྐང་གསོ་ཐམས་ཅད་བྱ་ལ། ཙཀྲ་དྲིལ་ཏེ་མགོ་ཞབས་མ་ལོགས་པར་སཱཙྪནང་དུ་གཞུག །རབ་གནས་ཚར་ནས་སྒྲུབ་ཁང་གི་ཡ་ཐེམ་དུ་བཞུགས་སུ་གསོལ། དེ་ནི་སྲུང་བ་མེའི་སྤུ་གྲི་འོ། །ཁ་ཐཾ། ས་མ་ཡཱ། རྒྱ་རྒྱ་རྒྱ༔ གུ་ཧཱུཾ། རྒྱ་རྒྱ་རྒྱ༔ ༈ གཉིས་པ་ཟློག་པའི་འཁོར་ལོ་བྱ་བ་ནི། དུར་ཁྲོད་ཀྱི་ས་ནག་དུག་ཁྲག་གིས་སྦྲུས་ལ། དམ་ལོག་གམ་


CMR013_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཐིང་པོ་གཅིག་གིས་སཱཙྪ་བྱ་སྟེ། ནང་བུག་པ་བྱས་ལ། ཙཀྲ་བྲི་བ་ནི། ལར་གོང་གི་ལྟ་བུ་ལ། ཤམ་བུ་ཁ་བསྒྱུར་ཡིན་ཏེ། བྱད་མའི་ལུས་ལ་ཙཀྲ་བསྐོར་ཏེ། ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲིས། རྡོ་རྗེ་དང་ཁཊཾ་དཔུང་མགོ་གཉིས་ལ་གཟེར། གཉིས་པ་བསད་པའི་ཙཀྲ་སྙིང་གར་བསྐོར་ཏེ། ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲི། བྲི་གཞི་རབ་དུར་ཁྲོད་ཀྱི་རོ་རས། ཡང་ན་དུག་ཤོག་ལ་བྲིའོ། །རང་གཤེད་རང་ལ་དབབ་པའི་ཕྱིར། ཕུར་པའམ་རལ་གྲི་རང་མཚོན་རང་ལ་འདེབས་པ་བྲིའོ། །བཞི་པ་མནན་པའི་ཙཀྲ་བྲི་བ་ནི། དེ་ཡང་གཞུང་ལྟ་བུ་ལས། རྩིབས་མཆན་ལ་ལྷ་ལྔའི་མིང་ཤམ་བུར་སྟི་བྷ་ཡ་ནན༔ ཞེས་བྲིས། དེ་ནས་བཟློག་པའི་བྱ་ཐབས་ནི། གཞི་མ་རེ་བ་ནག་པོའི་སྟེང་དུ་སྲན་མ་བྲ་བོ་ནས་ཡུངས་ནག་ཚོམ་བུ་དགུ་བཀོད་པའི་དབུས་སུ། ཙཀྲའི་སྟེང་དུ་སཱཙྪ་བཞུགས། དཀོན་མཆོག་རྩ་བ་གསུམ་དམ་ཅན་སྲུང་མ་ཡུལ་ལྷ་གཞི་བདག་ཁོའི་སྲུང་མ་དང་བཅས་པ་ལ་གསོལ་བ་བཏབ། ཕྲིན་ལས་བཅོལ། བཀའ་བསྒོ། དཔང་གཟུགས་ཤག་བཏབ། བདེན་པ་བདར་གསེར་སྐྱེམས་བཏང་། སཱཙྪ་དེ་ཉིད་ཨེ་ལས་གནམ་ལྕགས་ཁང་སྒྲོམ་འབར་བར་བསམ། ནང་གི་ཙཀྲ་དེ་བྱེད་མ་དངོས་སུ་བསྐྱེད་ལ། ཁོའི་ཡི་དམ་ཆོས་སྐྱོང་སྲུང་མ་གང་ཡིན་འཁོར་ལོ་ལ་ཡང་བཀུག་ལ་བསྟིམ། ཁོ་རང་ལྷ་སྲུང་ཁོ་རང་གཤེད་དུ་བབ་ནས། སྒྲོལ་བར་བསྒོམ། གུ་གུལ་ཁྱི་ལུད་ཡུགས་སའི་ཞབས་ལའི་དུད་པས་བདུག་པས་ལྷ་དང་དབྱེ། ཚོན་སྐུད་སྣ་ཚོགས་ཀྱིས་བཅིངས་ལ་སཱཙྪའི་ནང་དུ་བཅུག་


CMR013_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རང་ཡི་དམ་ཚེ་བདག་ཏུ་གསལ་ནས། བཟློག་པའི་སྔགས་མཐའ་འགྱུར་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ལ། བསྐོར་བ་བོན་བསྐོར་གསུམ་བྱས་ལ། རེ་བ་ནག་པོས་ཐུམ་ལ་སཱཙྪནང་གཞུག་བསྐོར་བ་བྱ་ཞིང་བསྐོར་ཁང་ཐེམ་འོག་ཏུ་མགོ་མཇུག་ལྡོག་ལ་མནན་ནོ། །འདི་ནི་ཟློག་པ་མེའི་སྤུ་གྲི་འོ། །ས་མ་ཡཱ། རྒྱ་རྒྱ་རྒྱ༔ ཁ་ཐཾ། རྒྱ་རྒྱ་རྒྱ༔ ༈ དོན་གསུམ་པ་མྱུར་དུ་བསྒྲལ་བར་འདོད་ན། དམེ་དང་མི་ཕུང་བའི་ས། བཀྲ་མ་ཤིས་པའི་ས། དུག་ཁྲག་གདོང་རབས་ཆད་གཅིག་མ་སད་ཁྱེར་གྱི་ཆུས་སྦྲུས་སཱཙྪ་བྱའོ། །དེ་ཡང་ཕྱི་ནང་གཉིས་ནས་དུག་ཁྲག་དམེ་ཁྲག་རོ་སོལ་གྱིས་དམར་ནག་བྱུག་ལ་ཙཀྲ་དཔེའུ་རིས་ལྟར་བྲིས་ལ་གཞུག༔ འགུགས་གཞུག་ལྷ་དབྱེ་ལ་སོགས་གོང་ལྟར་བྱས་ལ། སྒྲུབ་ཁང་གྲུ་གང་པའི་ནང་དུ་གོང་གི་རྫས་རྣམས་བྱུགས་པའི་ནང་དུ་མགོ་འཇུག་ལོག་ལ་བཞག་གོ །སཱཙྪདཀར་པོ་གཅིག་ལ་བུག་པ་ཟངས་དམར་རྡོལ་ལ་ཐུན་ལ་བཏགས་ནས་མནན། སྔགས་ཤམ་རྣམས་བཟླས་ཤིང་ཐུན་གྱིས་བྲབ། བསད་རྟགས་བྱུང་ན་དཔང་གཟུགས། ཤག་དང་དམོད་པ་རྣམས་བྱ། དེ་ནས་སྦྱིན་སྲེག་བྱ་བའི་ཐལ་བ་ཆ་གསུམ་བགོས་ལ། ཆོ་གཅིག་སྒྲུབ་ཁང་ཐེམ་འོག་ཏུ་མནན། ཆོ་གཅིག་ཁྱབ་འཇུག་རྒྱུ་ཕྱོགས་བསྟུན་ནས་དགྲ་ཕྱོགས་རླུང་ལ་བསྐུར། ཆ་གཅིག་མཚོའམ་ཆུ་མིག་ཀླུ་གནས་སར་མནན། ཡང་ན་རང་གི་སྒྲུབ་ཁང་ཐེམ་འོག་ཏུ་སཱཙྪ་བཅས་ལ་སྤྱི་མཐུན་དུ་མནན་ནོ། སྦྱོར་བ་འདི་ནི་རང་གཤེད་རང་ལ་འབེབས་བྱེད་དོ། །བསད་པ་མེའི་སྤུ་གྲིའོ། །ས་མ་ཡཱ། རྒྱུ་


CMR013_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རྒྱ༔ ཁ་ཐཾ། རྒྱ་རྒྱ་རྒྱ། དོན་བཞི་པ་མནན་པ་མེའི་སྤུ་གྲི་ནི། དུར་ཁྲོད་ཀྱི་ས་ནག་ལ་དུག་ཁྲག་གིས་སྦྲུས་ལ། འདི་ཡང་དམ་ལོག་གམ་མི་འཐིང་པོས་སཱཙྪ་བྱས་སྒྲུབ་ཁང་དང་། སཱཙྪའི་ཕྱི་ནང་ཐམས་ཅད་རོ་སོལ་དང་དུག་གིས་བྱུགས་ཏེ། འཁོར་ལོ་དང་སཱཙྪགཉིས་རེ་བ་ནག་པོའི་སྟེང་དུ་ནས་ནག །བྲ་བོའི་ཚོམ་བུ་དགུ་བཀོད་པའི་སྟེང་དུ་འཁོར་ལོ་སཱཙྪ་བཅས་བཞག །མཐའ་བསྐོར་རྣམས་སུ་གོང་ལྟར་མཆོད་གཏོར་ཆ་ཚང་བར་བཤམས། མཆོད་གཏོར་བསྐང་བཤགས་ཤག་བཏབ། དཔང་གཟུ་བཀའ་བསྒོའོ། །ཕྲིན་ལས་རྒྱུས་པར་བཅོལ། དེ་ནས་སཱཙྪ་ལྕགས་ཀྱི་ཁང་སྒྲོམ་མེ་འབར་བར་བསམ། བདག་གིས་ཙཀྲ་བྱད་མ་ལྷ་སྲུང་དང་བཅས་པ་དགྲ་བོ་དངོས་སུ་བསམས་ལ། ཡང་ཡང་འཁོར་ལོ་ལ་བསྟིམ་པ་དྲག་ཏུ་བྱའོ། །དེ་ནས་རྫས་གོང་གི་དུད་པས་ལྷ་དབྱེ་བྱས་ལ། ཚོན་སྐུད་ཀྱིས་བཅིངས་ལ་སཱཙྪའི་ནང་དུ་བཅུག་ལ། རང་ཉིད་ཡི་དམ་དུ་གསལ་བས་མནན་པའི་སྔགས་མཐའ་བསྒྱུར་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ལ། བོན་སྐོར་ལན་གསུམ་བྱའོ། །རེ་བ་ནག་པོས་དྲིལ་ལ་རང་གི་སྒྲུབ་ཁང་ཐེམ་འོག་ཏུ་མནན་ནོ། །དེ་ནི་ཉམས་པའི་ལུས་ངག་ཡིད་གསུམ་ནུས་པ་གཏན་ནས་བརླག་སྟེ་མནན་པ་མེའི་སྤུ་གྲིའོ། །ས་མ་ཡཱ། རྒྱ་རྒྱ་རྒྱ།། ཁ་ཐཾ། རྒྱ་རྒྱ་རྒྱ༔ མན་ངག་འདི་ཡི་གནད་ཡིག་ལ། །ལུས་མནན་ཙཀྲ་མགོ་ལ་བསྐོར། །ངག་མནན་ཙཀྲ་ལྕེ་ལ་བསྐོར། །ཡིད་མནན་ཙཀྲ་སྙིང་ལ་བསྐོར། །འདི་ནི་མན་ངག་དམ་པའོ། །མ། གུ་བྱ། གཏེར་རྒྱ། སྦས་


CMR013_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། གཏད་རྒྱ། ཤམཏ། ༈ ཧོམཊརགཤམ། དཔལ་ཚེ་བདག་ནག་པོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨའི་བརྣག་པ་རྩིས་འདས་ལས་ཀྱི་འཁོར་ལོ། འཆུག་མེད་ལས་ཀྱི་འཁོར་ལོ་འདི་ལ་བཅུ་སྟེ། སྐོར་གསུམ། མཚན་བཞི། གནད་གསུམ་མོ། སྐོར་གསུམ་ལ། བསྲུང་བ།བཟློག་པ། བསད་པ་དང་གསུམ་མོ། །མཚན་བཞི་ལ། ལྷ་ལ་མཚན་དུ་གཤིན་རྗེ་ཚེ་བདག །སྔགས་ལ་མཚན་དུ་གསོལ་བ་ནི༔ ཨེ་ཀ་ཡ་མ་དུ་རུ༔ རྫས་ལ་མཚན་དུ་གསོལ་བ་ནི། སཱཙྪདཀར་ནག །དཔེ་ལ་མཚན་དུ་གསོལ་བ་ནི། མེའི་སྤུ་གྲིའོ། །གནད་གསུམ་ནི། དང་པོ་བཅའ་གཞིའི་རྫས་ལ། བཏབ་པ་སཱཙྪ། བྲི་ཐབས་འཁོར་ལོའོ། །གཉིས་པ་བསྒོམ་པ་ལྷའི་གནད་ནི། གཤིན་རྗེ་ཚེ་བདག་འཇིགས་བྱེད་དུ་གསལ་ལ། གསུམ་པ་སྔགས་ཀྱི་གནད་ལ་གང་བྱེད་ཤམ་བུ་འདོགས་པ། དེ་ལྟར་གནད་གསུམ་དང་ལྡན་ནས་ཕུར་ཐོགས་སྟོང་གིས་བསྒྲུབས་ཀྱང་བདག་ཉིད་གནམ་ལྕགས་ཀྱི་མཁར་དང་འདྲ་ཞིང་བྱེད་མ་ཁོ་ཕུང་ཐལ་ལ་བརླག་པར་གདོན་མི་ཟའོ། །དང་པོ་བཅས་རྫོགས་ནས། དང་པོ་ལྷ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ལྷའི་གནད་ནི། དངོས་པོ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ། དེ་ནས་སེམས་ཅན་ཀུན་ལ་སྙིང་རྗེ་ཚད་མེད་བསྒོམ། དེ་ནས་རྒྱུའི་ཏིང་ངེ་འཛིན་ནི་རིག་པའི་ངོ་བོ་སེམས་ཉིད་ཡི་གེ་ཧཱུྃ་མཐིང་ནག་གཅིག་བསམ། ཧཱུྃ་དེ་


CMR013_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཨེ་ཧཱུྃ་འཕྲོས་པས་ལྕགས་ཀྱི་གུར་ཁང་གུར་གྱི་ཚུལ་དུ་བསྒོམ། དེའི་ཕྱིར་བཛྲ་འཕྲོས་པས་རྡོ་རྗེའི་གུར། དེའི་ཕྱིར་ཙཀྲ་ཏི་ཀརྨ་ཀཱི་ལ་ཡ་འཕྲོས་པས། །འཁོར་ལོ་དབྱུག་ཏོ་རལ་གྲི་ཕུར་པའི་གུར་དུ་བསམ། དེའི་ཕྱིར་རཾ་འཕྲོས་པ་མེ་དཔུང་གུར་དུ་གྱུར། དེ་དག་རྒྱ་ཆེ་བ་འཕངས་མཐོ་བ། ཅིས་ཀྱང་མི་ཤིགས་པར་བསྒོམ་པ་ནན་དུ་བྱའོ། །དེ་ནས་ཧཱུྃ་ལ་དམིགས་ཏེ་ཡ་མ་ཏི་ར་ཁཾ། ཞེས་བརྗོད་གཤིན་རྗེ་ཕོ་མོ་དང་། །གླང་རྒོད་ཟུང་བཞི་བསྣོལ་བའི་གདན། །དེའི་སྟེང་དུ་ཉི་ཟླ་པདྨ་སུམ་བརྩེགས་ཀྱི་གདན་ལ། རྒྱུའི་ས་བོན་ཡི་གེ་ཧཱུྃ་ཉིད་ལ་ནན། དེ་འོད་དུ་ཞུ་བ་ལས། རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར། དེ་ཡང་འོད་དུ་ཞུ་བ་ལས། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧཱུྃ། ཞེས་བརྗོད་པས། བདག་ཉིད་དཔལ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། ཞལ་གཡས་དཀར་གཡོན་དམར། དབུས་མཐིང་ནག་ཕྱག་དྲུག་གཡས་ཀྱི་དང་པོ་འཁོར་ལོ་རྩིབས་བརྒྱད་པ་རྣོ་བའི་ངར་དང་ལྡན་པ། བར་པས་རལ་གྲི། ཐ་མ་རྡོ་རྗེའོ། །གཡོན་གྱི་དང་པོ་ལྕགས་ཀྱུ། བར་པ་གཏུན་ཤིང་། ཐ་མ་སྡིགས་མཛུབ་


CMR013_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའོ། །རྡོ་རྗེའི་གཤོག་པ་གཡས་སུ་ལྡིང་བ། རིན་པོ་ཆེའི་གཤོག་པ་གཡོན་དུ་ལྡིང་བ། ཐོད་པ་སྐམ་པོ་ལྔས་དབུ་རྒྱན་པ། རློན་པ་ཁྲག་འཛག་པ་ལྔ་བཅུ་སེ་རལ་ཁ་བྱས་པ། ཞིང་ཆེན་གྱི་གཡང་གཞི། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམ་ཐབས། སྦྲུལ་ནག་སྐུ་རེགས་བྱས་པ། དེའི་གཡོན་ནས་ཡུམ་གཏུམ་པོ་ཁྲག་མིག་མཐིང་ནག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། ཞབས་བརྐྱང་བསྐུམ་ཡབ་ལ་འཁྲིལ་བའོ། །བདག་ཉིད་སྤྱི་གཙུག་ཏུ་བྱ་ཁྱུང་ནག་པོ། བ་སྤུའི་བུ་ག་ཐམས་ཅད་ནས་ཁྱུང་དང་རྡོ་རྗེས་གཏམས་པ། མེའི་གཤོག་པ་རྡེབ་པ་ཏྲང་ཏྲང་ཏྲིང་ཏྲིང་ཞེས་སྒྲ་ཏོང་ཏོང་བསྒྲགས་པ། འདི་ནི་བསྒོམ་པ་ལྷའི་གནད་དོ། །ཡང་ན་འཇིགས་བྱེད་མེའི་སྤུ་གྲི་ལྟར་བསྒོམ། དེ་ནས་བཟླས་པ་སྔགས་ཀྱི་གནད་ནི། དང་པོ་ཕ་རོལ་གྱི་བྱད་ཁ་བདག་ལ་བསྲུང་བ་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས། ཧེ་ཀ་ཡ་མ་དུ་རུ་ཙཀྲས་སྲུངས། གྷ་མ་ཡ་མ་དུ་རུ་ཙཀྲས་སྲུངས། སརྦ་ཙིཏྟ་གཟེར་ཐུ། བིག་ནན། ཏྲིག་ནན། རྦད་ནན། ཟློག་ཡ། སཾ་གྷཾ་ཝ་རི་བདག་འཁོར་དང་བཅས་པ་ལ་སྲུངས་ཤིག །རཀྵ་རཀྵ་ཧཱུྃ་ཕཊ༔ ཅེས་བརྗོད། །


CMR013_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡཱ། ཟློག་པའི་སྔགས་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །ཧེ་ཀ་ཡ་མ་དུ་རུ་ཙཀྲས་ཟློག །ཧཱུཾ་མ་ཡ་མ་དུ་རུ་ཙཀྲས་ཟློག །སརྦ་ཙིཏྟ་གཟེར་ཐུ་བིག་ནན། ཏྲིག་ནན་རྦད་ཡ་ཟློག་ཡ། སཾ་གྷཾ་ཝ་རི་དགྲ་བགེགས་ཀྱི་ཤ་ཁྲག་རུས་སྙིང་ལ་མཱ་ར་ཡ། དབུགས་རྒྱུད་སྲོག་ལ་མཱ་ར་ཡ། ཁྲག་རྒྱུད་རྩ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཟློག་ཡ། ཞེས་བཟླས་སོ། །བསད་པའི་སྔགས་ནི། ཨོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲས་སོད། ཧེ་ཀ་ཡ་མ་དུ་རུ་ཙཀྲས་སོད། བྷཾ་མ་ཡ་མ་དུ་རུ་ཙཀྲས་སོད། སརྦ་ཙིཏྟ་གཟེར་ཤྲཱི་བིག་ནན་ཏྲིག་ནན། རྦད་ཡ་ཟློག་ཡ། དགྲ་བགེགས་སྒྲེ་བྱད་མ་ལྷ་སྲུང་དང་བཅས་པའི་ཤ་རྒྱུད་སྙིང་ལ་མཱ་ར་ཡ། དབུགས་རྒྱུད་སྲོག་ལ་མཱ་ར་ཡ། ཁྲག་རྒྱུད་རྩ་ལ་མཱ་ར་ཡ། ཟློག་ཡ༔ ཞེས་བཟླས་པའི་དུས་སུ་དམིགས་པའི་གནད་ནི། ཕྱག་གཡོན་དང་པོས་ལྕགས་ཀྱུས་བྱད་མའི་སྙིང་ག་ནས་བཟུང་། ཕྱག་གཡས་དང་པོས་འཁོར་ལོས་གཏུབས་པར་བསམ། དམིགས་པ་གསལ་བར་ངག་བཅད་ལ་ཞག་རེ་ལ་སྟོང་ཚོ་རེ་མ་ཆག་པར་བྱའོ། །ཞེས་པ་འདི་ཡང་གུ་རུའི་ཞལ་གདམས་སོ། །དེ་ནས་མནན་པའི་སྔགས་ནི། ༀ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧྥེནྟཾ་བྷ་ཡ་ནན། ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧྥེ་སུཾ་བྷ་ཡ་ནན། གླུ་མ་ཡ་མ་དུ་རུ་ཙཀྲ་ཆེ་སྟེ་བྷ་ཡ་


CMR013_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནན། སརྦ་ཙིཏྟ་གཟེར་ཐུ་བིག་ནན། ཏྲིག་ནན་རྦད་ཡ་ཟློག་ཡ། ཚེ་ལྷ་དང་བཅས་པའི་མཐུ་སྟོབས་ལུས་ངག་ཡིད་གསུམ་སྟེ་བྷ་ཡ་ནན། དགྲ་བགེགས་སྲོག་ལ་མཱ་ར་ཡ་རྦད་ཧཱུྃ་ཕཊ༔ ཟློག་ཡ། ཞེས་བཟླའོ། །དེ་དག་ནི་བཟླས་པ་སྔགས་ཀྱི་གནད་དེ། དམ་ཚིག་ཅན་གྱིས་བཟླ་བར་བྱའོ། །གནད་འདི་མེད་ན་མི་རྒན་དཔའ་བོ་ཁས་ལེན་པ་དང་འདྲ་སྟེ་སྡུག་གོ །འཆི་དུས་བཏབ་པ་ནི། དེ་ལྟར་བཟླས་པ་བན་དགྲ་དེ་ནུས་པ་ཆེ་ན་ཁྲག་གཟེར་ནད་ཀྱིས་ཞག་བདུན་ནས་འཆིའོ། །ནུས་པ་འབྲིང་ན་ཞག་བཅུ་བཞི། ནུས་པ་ཆུང་ན་ཞག་ཉེར་གཅིག་ནས་འཆིའོ། །ཁོའི་ནུས་པ་ཆེ་བ་ལྟར་གྱི་མྱུར་ཏེ། ཁོ་རང་རང་གཤེད་རང་ལ་འབེབས་ཕྱིར་རོ། །མན་ངག་འདི་ནི་ཤིན་ཏུ་གསང་སྟེ། སྤེལ་དུ་མི་རུང་ངོ་། །དམ་མེད་ལ་བྱིན་ན་གཞན་གྱི་ལག་ཆར་ཤོར་སོང་སྟེ། སྐུ་གྲིབ་སྔགས་ཟློག་ཏུ་སོང་ནས་དམ་ལྡན་རང་གཤེད་དུ་འགྱུར་བས་ཤིན་ཏུ་གསང་ངོ་། །ས་མ་ཡཱ། རྒྱ་རྒྱ་རྒྱ། ཁ་ཐཾ། རྒྱ་རྒྱ་རྒྱ། བདག་འདྲ་སྔགས་འཆང་པདྨ་ཡིས། །གཤིན་རྗེའི་རྒྱུད་ལུང་ཀུན་གྱི་བཅུད། །ཡང་ཟབ་ཐུགས་ཀྱི་སྤུ་གྲི་འདི། །གང་ལ་དམིགས་པ་རླག་པར་བྱེད། །བཀའ་འདས་སྲིད་པ་གསུམ་ཡང་བསྡིག །དམ་ལྡན་དམ་ཅན་ཡེ་ཤེས་ཆེ། །འདི་འདྲ་ལང་ཀའི་ཁམས་ན་དཀོན། །མ་སྤེལ་སྙིང་པོ་བཞིན་དུ་འཆང་། །འདི་ཡིས་བསྟན་པ་བསྲུང་བར་འགྱུར་རོ། །མན་ངག་རྙེད་པས་མི་ཆོག་སྟེ། །ཡི་དམ་བསྙེན་པ་ཐེམ་པ་དང་། །རྫས་འཛོམ་ལག་ལེན་མཁས་པ་


CMR013_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཞེ་སྡང་བརྩོན་འགྲུས་ལྡན་པ་ཅན། །དེ་ལྟར་གབ་དང་མ་ལྡན་ན། །རང་སྲུང་བྱེད་མཁན་ཕུང་བར་འགྱུར་རོ། །ཞེས་གསུངས་སོ། །ཨོ་རྒྱན་ཆེན་པོས་བཀའ་སྩལ་པ། བདག་འདྲ་བཙུན་པ་མཆོག་དབྱངས་ཀྱིས་ཤོག་སེར་ལ་ཟིན་བྲིས་བཀོད་ནས། བསེ་སྒྲོམ་དམར་པོ་བསྒྲུབས་ཏེ། གནམ་སྐས་བྲག་ཤར་ངོས་རྟ་ལྕགས་བརྒྱངས་པ་ལ་སྦས་སོ། །སླར་གུ་རུའི་གསུངས་ལས། ཟིན་བྲིས་སུ་མན་ཁར་སྟེང་གི་ཕ་བོང་གཡུ་སྒྲོམ་གྱི་ཤར་དུ་དར་དཀར་གུར་ཀ་བ་བཅུ་དྲུག་ལ་ཕུབ་ཕྱེད་དུ་དགེ་བསྙེན་མཁའ་རིས་གདན་དྲངས་ཏེ། མོན་མོ་བཀྲ་ཤིས་ཁྱེ་འདྲེན་སོགས་ཀྱི་ཡོན་བདག་བྱས་ཏེ། དེའི་དུས་སུ་གཤིན་རྗེའི་སྐོར་རྣམས་དང་། ཚེ་བདག་གི་ཡང་ཞུན་འདི་བདག་བཙུན་པ་མཆོག་དབྱངས་དང་།་གནུབས་སངས་རྒྱས་ཡེ་ཤེས་གཉིས་ཀྱིས་ཟིན་བྲིས་སུ་བྱས་ཏེ། གཏེར་སྣོད་གཉིས་སུ་སོ་སོར་སྦས་སོ། །འདྲ་མིན་ནང་ནས་འདི་གཉིས་ཟབ་ཅིང་གནད་ཆེའོ། །དེའི་དུས་སུ་བྲག་འདི་ཆོས་ན་ཡང་། ཀླུ་བདུད་འདི་གཏེར་བདག་བཟང་བས། གཏེར་ཁ་ཆེན་པོ་གསུམ་སྦས་སོ། །ཐུགས་གཏེར་ཆེན་པོ་ཁྲོ་ཆུའི་གའུར་ཀླུ་ལྟོ་བར་བསྒྲུབ། གསང་གཏེར་ཆེན་མོ་འདི་བསེ་སྒྲོམ་དམར་པོ་སྒྲུབ། སྣ་ཚོགས་ལས་ཀྱི་གཏེར་ཆེན་འདི་བསེ་སྒྲོམ་ནག་པོའི་གའུར་སྦས་སོ། །བདག་འདྲ་ཨོ་རྒྱན་པདྨའི་ཐུགས་བཅུད་འདིས། །དུས་ཀྱི་ཐ་མར་ལྔ་བཅུར་ཁ་རལ་ཚེ། །འདི་ནས་ཤར་ཕྱོགས་མོན་གྱི་ས་མཚམས་སུ། །ཆོས་ཀྱི་བདག་པོ་མཐུ་ཆེན་གདུལ་བྱ་བདག །ཐུགས་ཀྱི་སྲས་དང་གཏེར་འདི་འཕྲད་པར་


CMR013_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གཏེར་རྒྱ། སྦས་རྒྱ། ཟབ་རྒྱ། གསང་རྒྱ། གཏད་རྒྱ། མནྡྷ༔ གུ་ཧྱ༔ རྡ་ཐིམ༔ ཤམཁྱཤྲཱི༔ ཨནཏཱཨཤཊཐ༔ དེ་ནས་བསད་པ་སྲོག་གི་འཁོར་ལོ་ཀ་མ་ལའི་སྤུ་གྲི་ནི། ཨ་རྒྱ་ཐཾ། ཨེ་མ་བསད་པའི་འཁོར་ལོ་ལིངྒ་སྤྱི་ལྟར་བྲིས། །སྤྱི་བོར་གནམ་སྒོ་ཕྱེས་འདྲའི་དེ་ནང་དུ། །དུག་གསུམ་རང་གནད་འབད་པའི་མན་ངག་ནི། །ཁོ་ཡི་གཏི་མུག་ངོ་བོ་ཕག་ནག་བྲི། །སྙིང་གར་སྲོག་གི་ངོ་བོར་ནི༔ཡིག་ནི། །ཁོང་སེང་བྲིས་པའི་དཀྱིལ་དུ་ཞེ་སྡང་གི །ངོ་བོ་དུག་སྦྲུལ་ནག་པོ་གཡོན་དུ་འཁྱིལ་པ་བྲི། །ལྟེ་བར་ཟུར་གསུམ་རྩ་མདུད་དབྱིབས་ཅན་ལ། །འདོད་ཆགས་ངོ་བོ་བདུད་བྱ་མཆུ་དམར་བྲི། །བདུད་བཞི་རང་གཤེད་འབེབས་པའི་མན་ངག་ནི། །སྤྱི་བོར་ལྷ་བདུད་བུང་བ་དཀར་པོ་བྲི། །སྣ་བུག་གཉིས་ནས་ཕུང་པོའི་བདུད་པོ་ནི། །བུང་བ་དམར་པོ་གཉིས་བྲི་སྙིང་ག་རུ། །འཆི་བདག་བདུད་པོ་སྡིག་པ་ནག་པོ་བྲི། །ལྟེ་བར་ཉོན་མོངས་བདུད་པོའི་ངོ་བོ་ནི། །སྡོམ་ནག་གཅིག་བྲི་ལིངྒའི་གཡས་གཡོན་དུ། །ལྷན་སྐྱེས་མཉམ་པར་འདོན་ཆ་ནང་ལྟར་བྲི། །གཟུགས་ཀྱི་ཐ་མ་མགོ་ཡི་སྟེང་དེ་རུ། །ཀིང་ཀང་སྔགས་རིང་ཡིག་མགོ་ཕྱིར་བསྟན་བྲི། །ཨོཾ་མཉྫུ་འི་ཡ་མཱནྟ་ཀ་ཡ་མཱ་ར་མཱ་ར་ཛ་ཧཱུྃ་ཕཊ༔ ཨོཾ་ཀི་ཀང་ཁ་ཊཾ་ཀྲྀ་མྱོག་དགྲ་བོ་ཝཱཀྐ་ཙཱ་བྷ་ཡ་ནན། བིག་ནན་ཏྲ་ཤྲཱི་ཏེ། ཏི་ཤན་ཏི་ཤན། སྤུར་ཐུ་སྤུར་བྲུབ། བྷི་ཤ་ཙཀྲ་ཧ་ལ་ཧ་ལ། ས་མ་ཡཱ། དགྲ་སྲི་ཙཱ་བྷ་ཡ་རཀཱ་ནན། ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་བྷ་


CMR013_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ནན། ཨོཾ་ཁ་ཐུན་ཁ་ཐུན། ཡ་མ་ཡ་མ། དུནི་དུནྟི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ། ཏདྱ་ཐཱ། ཤན་དུ་ཤན་རིཀཱ་རིཀཱ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབ་འཇིབ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད། དགྲ་བོ་ཎཱི་མཱ་ར་ཡ་རྦད་སོད། སྙིང་ཁར་དྲག་པོ་མེ་འབར་རྫས་གསུམ་བྱུག་ཐོག་ལྕགས། སོ་དོག །ཟིལ་ཚ། གྲི་ཁྲག །སྔགས་རིང་ལ་ནི་མི་དམར་ཁྲག་གིས་བྱུག །འཁོར་ལོ་འདི་ཡིས་གསོད་པའི་དུག་མདའ་ལ། །རྣོ་བའི་མདེལ་ནི་དམར་ཆུང་འཁོར་ལོ་ཡིན། །འདི་གཉིས་བསྡེབས་པ་སྤུ་གྲི་སོ་འཐབ་སྟེ། །མགྱོགས་པ་རླུང་ལ་འཁོར་ལོ་ཁ་སྦྱོར་བསྐོར། །ཚངས་པའི་ཚེ་དང་ལྡན་ཡང་ངེས་པར་སྒྲོལ། ༈ ད་ནི་དམར་ཆུང་ལིངྒ་སྤྱི་ལྟར་བྲིས། །དེའི་སྙིང་གར་འཁོར་ལོ་ཟུར་གསུམ་བྲིས། །ནང་གི་ཟུར་ལ་འཕྲོག་བྱེད་ཀྱི་ཡི་གེ་གསུམ། ཧུར་ཤྲཱི་ཛཿ ཕྱིའི་དབལ་ལ་གསོད་བྱེད་ཀྱི་ཡི་གེ་གསུམ། ཨེ་ཏྲིག་ནན༔ དཀྱིལ་དུ་ནི༔ཡིག་ཟུར་གསུམ། རྒྱབ་རོལ་དུ་བླ་འགུགས་སྔགས་ལ། ཨོཾ་མཉྫུཤི་ཡ་མཱནྟ་ཀ་ཡ་མ་རཱ་ཆེ་ཛཧཱུྃ་བི་ཧོ་དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུལ་ཐུལ། མྱོག་མྱོག །ཡེད་ཡེད་དེད་དེད། ཤ་མ་རུ་ཏི་ཁུག་ཁུག །ལིང་མྱོག །ལིང་ཤག་ལིང་ཐུ། ཙ་མུན་ཏྲི་


CMR013_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བཾ་ཧོཿ གཟུགས་ཀྱི་ཐ་མར་དམར་ཆུང་སྔགས་རིང་བྲི། ཨཱ་ཀིང་ཀང་ཐུ་རིལ་ཏྩོམྱོག་སྒྲིབ། དགྲ་བོ་ཝཱཀྐ་སྟེ་བྷ་ཡ་ནན། བྱིག་ནན་དགྲ་ཧཱུྃ། དེ་ཤོ་དེ་ཤམ་བྱུར་བྲུབ་བྷི་ཤ་ཙཀྲ། ཧ་ལ་ཧི་ལོ། ཧལ་ཏ་ཧལ་ཏ། ཧཱུཾ་ས་མ་ཡཱ་སྒྲིབ་ཧྲཱིཿང་། དགྲོ་བོ་ཙཱ་བྷ་ཡ་རཀཱ་ནན། ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུྃ་ལོ་ཐོ་ལ་དགྲ་བོ་མཱ་ར་ཡོ་རྦད་ནན་ཆིངས་ཤིག །དེ་ནས་བསད་སྔགས་ཚར་གསུམ་བྲི་། ཏདྱ་ཐཱ། དུ་ཤན་དུ་ཤན། རཀྵ་རཀྵ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབ་འཇིབ། དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད། དགྲ་བོ་མཱ་ར་ཡ་རྦད་རྦད་སོད། དེ་རྣམས་བྲི་ལུགས་དཔེའུ་རིས་ལྟར་བྲིས། སྔོ་ཚ་བ་གསུམ་དང་དགྲ་བོའི་དྲི་མ་དྲུག །ཡི་གེ་མ་སུབ་པར་བྱུག །ཅེས་གཤིན་རྗེ་དམར་ནག་ལས་མཐའ་འདི་སྲོག་གི་ལས་གཤིན་ཡིན་ཀྱང་སྲོག་གི་འཁོར་ལོ། བྲི་ཐབས་ནི་གསལ་བར་མེད། འཇིགས་བྱེད་ཡ་མཱནྟ་ཀའི་པོད་གཞུང་ཆེན་པོར། ཁྱད་པར་སྲོག་གི་འཁོར་ལོ་མན་ངག་སྤྱི་ལྟར་སྡེབ་གསུངས་ཀྱང་རྒྱ་གཞུང་ཡིན་པས་གོ་དཀའ་བ་དོན་རྩ་དཀྲུགས་ན་ནག་པོ་འགྲོ་ཤེས་སུ་བྲི། བསྟན་དགྲ་མིན་པའི་གལ་ཆུང་དགྲ་ལངས་ལ། །འདི་ནི་མི་རུང་རང་གི་སྲོག་ལ་རྒོལ། །བསྙད་ཆུང་ཙམ་ལ་འཁོར་ལོ་བསྐོར་མི་བྱ། །དེ་ཡི་ཚེ་སྲོག་གཤིན་རྗེའི་འཇོམས་གྱུར་ནས། །འདི་ཡི་གཉེན་


CMR013_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤིན་ཏུ་གཉན། །རང་སྲོག་ལ་འོང་བས་བཙའ་ཤེས་དགོས་། །འདི་ཕྱི་གཉིས་ཀ་ཕུང་བར་འགྱུར། །ཡི་དམ་ལྷ་བསྙེན་མ་ཐེབ་ན། །དུག་སྦྲུལ་མགོ་ཡི་ནོར་བུ་འདྲ། །འདི་ནི་ལོག་སྡུག་འཇམ་རྩུབ་གནད། །དཔེར་ན་ཕུང་པོ་རི་བོ་ཆེ། །དམག་ཇག་ཟློག་པའི་འཁོར་ལོ་བསྐོར། །ཕྱི་ལོ་བསྐོར་མཁན་ཐོག་གིས་གུམ། །མ་ཤེས་ཚུར་ལོག་དེ་འདྲའོ། །དོན་དེ་གོ་བར་མཛོད་དང་གསར་བུ་རྣམས། ༈ །འདི་ནི་མནན་ཕྱོགས་གཏོར་མ་འཕེན་ཕྱོགས་དང་། །ཁྱད་པར་གཤིན་རྗེའི་འཁོར་ལོ་བསྐོར་ཕྱོགས་དེ། །ལྷ་འདྲེ་གདུག་པ་ཆེ་བས་ལྡོག་ཀྱང་སྲིད། །དེ་ལ་ཧུ་ཕྱག་རལ་གྲི་རྒྱན་ཅན་དགོས། །གཞི་མ་དར་རམ་རས་ནི་དཀར་པོ་ལ། །རལ་གྲི་འབར་བ་ཡུ་བ་ཚུ་གྱིས་མཚན་། རལ་གྲི་འབར་བའི་རྩེ་ནས་བརྩེགས་མར་ཡ་སོགས་བརྒྱད། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་ར་མ་ཡ་ཧཱུྃ་ཕཊ༔ གསེར་གྱིས་བྲིས་ལ་ཕྱོགས་དེར་ཕྱིར། ལྷ་འདྲེ་གང་དང་གང་རྒྱུ་བ་ཡུལ་ལྷ་ཟོ་དོར་ས་བདག་ཀླུ་གཉན་ཐམས་ཅད་ཉོན་ཅིག །ཁྱེད་རྣམས་ཕུར་པའི་དབལ་མཚོན་མི་བསྟན། ཡུངས་དཀར་གྱི་རྦབ་ཆེན་མི་སྒྲིལ། དྲག་པོའི་ཐུན་གྱི་ཕོ་ཉ་མི་འགྱེད། དྲག་པོ་མངོན་སྤྱོད་ཀྱི་ལས་གང་བྱེད་ཁྱེད་ཅག་རྣམས་ལ་མི་བྱེད་པས། མ་འཇིགས་ཤིག །མ་སྐག་ཅིག །རང་རང་


CMR013_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འདུས་ཤིག །རིག་འཛིན་རྣལ་འབྱོར་པ་བདག་གི་མགོན་སྐྱབས་དཔུང་རོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་ལན་གསུམ་དཀྲོལ་དེས་འཐུས་སོ། །གཤིན་རྗེའི་གཤེད་འཇིགས་བྱེད་རྒྱུད་ལེའུ་བཅུ་གཅིག་ནས་གསུངས་སོ། །ཁ་ཐཾ། ༈ དེ་ནས་ལས་ཚོགས་ཐ་མ་གོད་གཅོད་ནི། །གཤིན་རྗེ་ས་བཅུའི་སངས་རྒྱས་ཡིན། །དེ་ལ་རྣམ་རྟོག་མི་མངའ་ཡང་། །འཁོར་དུ་ཤི་ཟ་མང་པོ་ཡོད། དེ་ལ་གོད་ཁ་འོང་དོགས་པས། །གོད་གཅོད་ཟབ་མོའི་ལས་ཚོགས་ནི། །དེ་ཡང་གང་རུང་སོག་གཡས་ལ། །ཤ་མེད་ལེགས་པར་གཙང་བྱས་ནས། །གོད་འདྲེ་མིང་རུས་སོགས་ནི་ཞབས་ལུང་བསྟན། །རུས་པའི་མགོ་ནས་གཡོན་བསྐོར་དུ། །མེ་སྤུར་སྔགས་ཀྱིས་བསྐོར་བར་བྱ། །གོད་ཐོད་ངོས་ལ་ཙཀྲ་བྲིས། ལྟེ་བར་མུ་ཁྱུད་རྩིབས་ལ་གོད་འདྲེ་ནན་བྱ་བ་བྲིས། རྩིབས་བརྒྱད་དག་ལ་ཚག་བར་བརྒྱད་བྲིས། མཱ་ར་ཡ་ནྟཾ་བྷ་ཡ་ནན། གཡོན་བསྐོར་དག་ཏུ་བྲི་བར་བྱ། དབལ་ཁ་བརྒྱད་ལ་གོད་འདྲེ་ནན་བྱ་བ་བྲིས། མུ་ཁྱུད་ལ་མེ་སྤུར་སྔགས་ཀྱིས་བསྐོར། སོག་པའི་རུས་པ་ཡར་བསྟན་ལ། ཐོད་པའི་རུས་པ་མར་བསྟན། ཡུགས་སྐྲའམ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས། དེ་ནས་ཧོམ་ཁུང་ནང་དུ་བཅུག །དེ་ནི་རྫས་ཀྱི་རིམ་པའོ། །དེ་ནས་ཡི་དམ་གཞུང་བསྲང་ལ། །བཟླས་པ་འབུང་ཞིང་ཚོགས་མཆོད་བཏང་། །གོད་འདྲེ་བཀུག་ལ་རུས་པ་ལ་ཡང་བསྟིམ། །སྲོག་སྔགས་འདི་ལ་འབད་པར་བྱ། ༀ་མེ་སྤུར་རྡོལ། ཆུ་སྤུར་རྡོལ། །


CMR013_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་སྤུར་རྡོལ། ཁྲག་སྤུར་རྡོལ། གོད་འདྲེའི་སྙིང་ལ་རྡོལ་རྡོལ། མཱ་ར་ཡ་ནན་ཧཱུཾ་ཧཱུཾ་ཕཊ་ཕཊ༔ དེ་ལྟར་བཟླས་པས་ནང་རྟགས་བྱུང་ན། མནན་པ་མཆོད་རྟེན་ཞབས་སིམ་ལམ་རྒྱ་གྲམ་དུ་མནན་ནོ། །ཐོབ་རྡོ་ལ་རྡོ་རྗེ་རྒྱ་གྲམ་དབྱངས་གསལ་བྲིས་པས་ཁ་བཅད། དེ་སྟེང་ཁྲོ་རྒྱལ་སྟོབས་པོ་ཆེས་མནན་པར་བསམས་ལ། སྔགས་འདི་བཟླས་སོ། །ཨོཾ་མ་ཧཱ་བྷ་ལ་ཧཱུྃ། སྤྲོ་ཏ་སྤོ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། གོད་འདྲེ་ཐམས་ཅད་སྟེ་བྷ་ཡ་ལཾ་ནན་ནན་ཧཱུྃ་ཕཊ༔ ནོར་ཕྱུགས་གོད་གཅོད་ཟབ་མོའོ། ༈ ཡང་རྟ་ཕྱུགས་གོད་གཅོད་པ་ཟབ་མོ་འདི་བཞིན་ནོ། །བཅའ་ཚོགས་ཐམས་ཅད་གོང་བཞིན་ལ། །སོག་པའི་སྙིང་གར་ཏི་བྲིས་ལ། །དེ་ནས་གཡོན་སྐོར་དག་ཏུ་ནི། །མེ་སྤུར་ཤམ་གོད་འདྲེ་མཱ་ར་ཡ་ཕཊ༔ ཐོད་པ་དང་ལྷན་ཅིག་ཏུ་སྐུད་པས་བསྡམས་ལ་བྲུབ་ཁུང་ནང་དུ་གཞུག །ཡི་དམ་བསྒོམ་ཞིང་གསོལ་བ་གདབ། །ཚོགས་མཆོད་བཟླས་པ་དག་ལ་འབད། །གོང་བཞིན་མེ་སྤུར་བཟླས་པ་བརྩོན། །དེ་ནས་རྟགས་ཀྱི་རིམ་པ་འདི་བཞིན་ནོ། །སྐྱེ་དམན་ནག་མོ་བརྡུང་རྨིསན། །མནན་པའི་ལས་ལ་འཇུག་པར་བྱ། ཡང་ར་ལུག་གོད་གཅོད་འདི་བཞིན་ནོ། །མ་མོའི་སོག་པར་འདི་བཞིན་བཀོད། ཏྲི་ར་སད་རུ་རུ་སོད། སྲི་ནི་རུ་ཏྲི་སོད་སྭཱ་ཧཱ། སོག་པའི་ལོགས་གཅིག་ལ་བོ་བྲིས། རྩེ་མོ་ལ་རཾ་བྲིས་བཙུགས་སོ། །བག་ཟན་ལ་སྤྲེའུ་རུས་པ་ལ་ལེགས་པར་བཟོ་ལ་དེའི་མཇུག་ཏུ་བཙུགས་སོ། །


CMR013_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སོག་པ་དང་སྦྲེལ་ལ་རེ་བའི་ནང་དུ་བཅིངས་སོ། །ཡི་གེའི་མགོ་སོག་པའི་ཁར་བསྟན་རྟགས་དང་མནན་པ་གོང་བཞིན་ནོ།། ༈ ཨེ་མ། གཞུང་ལུགས་མང་པོའི་བཅུད་བསྡུས་ནས། །སྙིང་པོ་འོ་མ་ལྟ་བུ་ལ། འོ་མའི་མར་ལྟ་བུའོ་སྙམ་པའི་བརྩོན་འགྲུས་དྲག་པོ་བགྱིས།་ལས་ཚོགས་ཉེ་ར་མཁོ་རྣམས་འ་གྲིགས་ཆགས་སུ། ཕྱོགས་གཅིག་ཏུ་བསྡེབས་ནས་ཀར་འོ་དྲུག་བརྒྱུད་འཛིན་སྔགས་ནག་ཨ་རཱ་གས་ལེགས་པར་བསྒྲིགས་པ་འདི་རང་གི་བཀའ་སྲུང་གལ་ཆེ་བ་གཅིག་ཡིན་པ་དེའི་ཆེད་དུའོ། །ཉེས་པ་མཆིས་ན་འཇམ་དཔལ་སྲས་བཅས་ལ། །མཐོལ་ལོ་བཤགས་སོ་ས་མ་ཡཱ་ཤུདྡྷེ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀིང་ཀང་དམར་ནག་གི་རྒྱུད་དང་ལས་ཚོགས་ཟིན་བྲིས་བཀོད་པ།next