Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀིང་ཀང་དམར་ནག་གི་དགྲ་ཟློག་ནག་པོའི་སྐག་ཟློག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀིང་ཀང་དམར་ནག་གི་དགྲ་ཟློག་ནག་པོའི་སྐག་ཟློགnext

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀིང་ཀང་དམར་ནག་གི་དགྲ་ཟློག་ནག་པོའི་སྐག་ཟློག


CMR013_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀིང་ཀང་དམར་ནག་གི་དགྲ་ཟློག་ནག་པོའི་སྐག་ཟློག་ཅེས་བྱ་བའི་དབུ་ཕྱོགས་ལགས་སོ།།


CMR013_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔ་ལ་གཤིན་རྗེའི་གཤེད་ནག་པོ་ལ་ན་མོ༔ བདག་འདྲ་པདྨ་ཐོད་ཕྲེང་གི་ས༔ མ་འོངས་བསྐལ་པའི་ཐ་མ་ལ༔ ཆོས་བྱེད་བྱང་ཆུབ་སྒྲུབ་པའི་རིགས༔ དགྲ་བོས་བརྙས་ཤིང་བར་ཆད་མང་༔ ང་ཡི་བརྒྱུད་འཛིན་རྣལ་འབྱོར་པར༔ སྙིང་གི་གདམས་ངག་འདི་བཞག་གོ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ གཤིན་རྗེ་ཀིང་ཀང་དམར་ནག་གི་སྐོར་ལས༔ དགྲ་བོ་གློ་བུར་དུ་ཟློག་པ་དང་༔ བསད་པ་དང་མནན་པ་དང་གསུམ་ལས༔ དང་པོ་ཟློག་པ་ལ༔ དུག་སྣ་ཚོགས་དང་ཁྲག་སྣ་ཚོགས་བསྲེས་པའི་གཏོར་མ་དཔེའུ་རིས་ལྟར་བཅ༢༔ དགྲ་དུ་ཡོད་ཀྱི་ལིང་ག་རེ་དང་འགུགས་སྔགས་ཡོད་པ་


CMR013_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་གཏོར་མའི་ཞབས་སུ་བཞག༔ ཟངས་སྦུག་ནང་དུ་འདི་ཡི་ཟློག་སྔགས་རིམ་པ་གཏོར་མའི་ནང་དུ་བཞག༔ རྩང་ཉེར་གཅིག་དང་ཟན་ལིང་རེ་སྤྲད་ལ་བཙུགས༔ མ་འཛོམས་ནའང་ཆོག༔ གཏོར་མའི་ནང་གི་སྔགས་རྒོད་དང་བཟློག་སྔགས་ནི༔ ཨོམཉྫུཤིཡམཱནྟཀཡམརཱཙཧཱུྃཕཊ༔ ཨཧཱུྃབྱོལབྱོལཟློགཟློག༔ དགྲབོབྱདམགནོད༔ བྱེདཐམསཅདམཱརཡཐུནབྱོ༔ རྦདསོད༔ ཨོཀིངཀ་བཏུཾབྷྱོ༔ ནོམྱོགདགྲབགེགསཝཱཀྐསཱུ༔ བྷཡནན༔ ཝཱཀྐབྷིགནན༔ ཙིཏྟཀྲྀཏྲéཏེ༔ བྱདམཏིཤནཏིཤན༔ དགྲབོསྤུརཐུམསྤུརརྡུད༔ དགྲབོབྷིཤནཙཀྲཧལཧལདགྲབོསམཡ༔ ༈ བྷཡནནརཀནན༔ དྲིཛུལཾལཾ༔


CMR013_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགྲབགེགསབྱདམབྷྱོབྷྱོཟློགཟློག༔ ཅེས་བྲིས་ལ་དྲིལ་ཏེ་ཟངས་སྦུབས་སུ་བཅུག་ལ་གཏོར་མའི་ནང་དུ་བཞག། ལས་བྱང་གཞུང་བསྲང་བསྙེན་པ་བྱས་ཏེ་ཁ་དགྲ་ཕྱོགས་སུ་རྒྱུ་ལ་གདོང་རོ་སོལ་གྱིས་བྱུག་གཏོར་མར་དགྲ་བགེགས་བཀུག་གཞུག་ལན་གསུམ་བྱེད། བདུད་རྩིར་བསྒྱུར་ལ་བྱིན་བརླབས་ཏེ༔ གཏོར་མའི་སྟོད་ལྷོ་བོར་མཆོད་པ་སྨད་དགྲ་བགེགས་སུ་བསམས་ལ༔ ང་རོས་འཇིགས་པའི་དབྱངས་དང་ལྡན་པས་བདག་མདུན་དྲན་རྫོགས་སུ་བསྐྱེད༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་གནམ་ལྕགས་ཀྱི་བསད་ཁང་ཁ་དོག་ཅིང་མཐིལ་ཡངས་པ་མུན་ཁང་འཐིབས་པ་ཕྱི་ནག་ལ་ནང་དམར་བའི་དབུས་སུ་ཚྭ་ཡིག་ལས་དགྲ་བོ་བྱེད་མ་ལུས་རིད་ཅིང་ཤ་སྐམ་པ༔ ཤི་མིག་སྐྲ་གཟིངས་བ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ༔ ཁ་ནས་སྨྲེ་ངག་མིག་ནས་མཆི་མ་ཁྲག་རྣག་ཅན་དུག་ལྔ་དུག་གསུམ་ཐམས་ཅད་སིབ་སིབ་ཐིམ་པར་གྱུར༔ འགུགས་གཞུག་ལན་གསུམ་བྱ༔ དཀོན་མཆོག་གསུམ་དང་འཇམ་དཔལ་ནག་པོའི་མཐུས༔ བླ་མའི་སྐུ་དགྲ་བསྟན་པའི་སྤྱི་དགྲ་དང་༔ ཁྱད་པར་རྣལ་འབྱོར་བདག་ལ་སྡང་བའི་དགྲ༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པའི་དགྲ༔ བྱད་མ་ཁོ་དང་གནོད་པའི་དགྲ་བོ་རྣམས༔ གང་དུ་གནས་ཀྱང་གཏོར་མའི་ལིང་ལ༔ ད་ལྟ་ཉིད་དུ་ཁུག་


CMR013_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཨཾ་ཀུ་ཤ༔ ཨོཾ་མནྡྲ་ཤཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ དམིགས་པའི་དགྲ་བོ་བླ་སྲོག་རྣམ་པར་ཤེས་པ་ཛཧཱུྃ་བཾ་ཧོཿ ནཱི་ཛ་ཏི་ལ་བི་རིལ་ཛ་ནཱཾ་ཨཱ་ཀར་ཡ་པ༔ ཨཱ་ཝེ་ཤ་ཡ་ཛཿ གར་བྷ་ནི་མདུར་ཡ་ཛཿ ཡ༔ དགྲ་བགེགས་སྟེང་དུ་གཏོར་མ་འདི་ཉིད་དུ༔ བཅོམ་ལྡན་གཤིན་རྗེ་ཀིང་ཀང་སྐུ་མདོག་ནག༔ ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག༔ སྤྱན་བསྒྲད་མཆེ་གཙིགས་སྨྲ་ར་ཨག་ཚོམ་འབར༔ ཕྱག་དྲུག་གཡས་གསུམ་རལ་གྲི་ཐོ་བ་དང་༔ གཏུན་ཤིང་འཛིན་པས་ཁམས་གསུམ་དབང་དུ་སྡུད༔ ཕྱག་གཡོན་གསུམ་ན་ལྕགས་ཀྱུ་སྦྲུལ་ཞགས་དང་༔ ཐོང་གཤོལ་བསྣམས་པས་སྲིད་གསུམ་ཟིལ་གྱིས་གནོན༔ ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱང་༔ དུག་སྦྲུལ་སྐུ་རེགས་ཡན་ལག་ལྷུ་ཚིགས་བརྒྱན༔ ཁྲོ་བོའི་ཆས་རྫོགས་ཞབས་གཉིས་འདོར་ཐབས་བསྒྲད༔ དམིགས་པའི་དགྲ་དང་གནོད་པའི་བྱད་མ་མནན༔ པད་ཉིའི་སྟེང་བཞུགས་བསྐལ་པའི་མེ་དཔུང་འབར༔ ཐུགས་སྲོག་ཡ་དང་ཧཱུྃ་ལས་འོད་འཕྲོས་པས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས༔ ལས་ཀྱི་གཤིན་རྗེ་འཁོར་བཅས་སྤྱན་དྲངས་


CMR013_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར༔ ཛཧཱུྃ་བཾ་ཧོཿ ཞེས་དངོས་སུ་བྱོན་པར་བསམས་ཤིང་རོལ་མོ་དྲག་ཏུ་འཁྲོལ་ཞིང་འདི་སྐད་དོ༔ བྱོཝཡཱ༔ རིམ་པ་བདུན་གྱི་ས་འོག་ནས༔ སྲོག་ལ་རྔམས་པའི་གཤིན་རྗེ་སྟེ༔ ཀིང་ཀང་དམར་ནག་མཐུ་བོ་ཆེ༔ དགྲ་བགེགས་ཟློག་ཕྱིར་གཤེགས་སུ་གསོལ༔ ནག་པོ་ཁྲོས་མདོག་དགྲ་བགེགས་གཤེད༔ ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ༔ འཇིགས་བྱེད་ཆེན་པོ་དྲག་རྩལ་ཅན༔ བྱད་མ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ གཟའ་དང་སྡེ་བརྒྱད་འཁོར་གྱིས་བསྐོར༔ གཏོར་མ་ལེན་ཕྱིར་གཤེགས་སུ་གསོལ་༔ ས་བདག་གདུག་པ་ཞེ་སྡང་ཅན༔ དགྲ་སྲི་ནོན་ཕྱིར་གཤེགས་སུ་གསོལ༔ རྩ་སྔགས་ཤམ་དུ༔ ཨོཾ་ཀིང་ཀང་ཁ་ཧཱུྃ་ཧཱུྃ་ཛཿ ཁ་ཐུན་ཡ་མ་དུ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོཿ བྱོན་པར་བསམ༔ ཨེ་ཡཱ༔ གཤིན་རྗེ་ནག་པོ་མཐུ་རྩལ་ཅན༔ ཀིང་ཀང་དམར་ནག་འཁོར་དང་བཅས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནོད་བྱེད་དགྲ་བགེགས་བྱད་མ་འདི༔ ས་སྟེང་གནམ་འོག་གང་འདུག་ཀྱང་༔ གཟུགས་ཀྱི་ལིང་ག་འདི་ལ་ཁུག༔ རལ་གྲིས་གཏུབ་ལ་ཐོ་བས་བརྡུང་༔ མྱུར་དུ་བསྒྲལ་བའི་དུས་ལ་བབ༔ ༀ་ཀིང་ཀང་ཁ་ཧཱུྃ་ནི་མྱོག་དགྲ་བགེགས་ཝཱཀྐ་ཙཱ་བྷ་


CMR013_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ནན༔ དགྲ་བོའི་སྲོག་ལ་ཧུར་ཐུ་རྦད༔ བྷིག་ནན་ཏྲ་ཤཾ་རྦད་ཏི་ཤན་ཏི་ཤན་དགྲ་བོའི་སྲོག་ལ་རྦད་ནན༔ སོད་ནན༔ ཞེས་གཏོར་མའི་འོག་གི་ལིངྒ་བསྒྲལ་བསད་དང་བཅས་པས༔ ཁོ་ཡི་སྙིང་ཁར་རལ་གྲིའི་འཁོར་ལོ་ནི༔ གཡོན་དུ་འཁོར་བས་ཤ་ཁྲག་ལུས་སྲོག་གཏུབ༔ རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས༔ ཚེ་བསོད་བཀྲག་མདངས་རྒྱས་པ་བདག་ལ་ཐིམ༔ ཤ་ཁྲག་རུས་པ་གཤིན་རྗེའི་ཞལ་དུ་བསྟབ༔ དགྲ་བོ་གནོད་བྱེད་བཟློག་པའི་ལས་མཛོད་ཅིག༔ དགྲ་བགེགས་ཀྱི་ཤ་ཁྲག་གསོལ་བར་བསམ་ལ༔ རྩ་སྔགས་ཤམ་དུ༔ ཨོཾ་ཀིང་ཀང་ཁ་ཏུཾ་ཡ་མ་རཱ་ཛ་རཀཱ་ཛ་རྦད༔ ནཱི་མྱོག་ཛ་རྦད༔ དུན་ཏྲི་པྲ་ལེ་ཛྭ་ལ་ཆད༔ གནོད་བྱེད་དགྲ་བོའི་གློ་སྙིང་སྲོག་རྩ་དང་བཅས་པ་ལ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨཾ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ ཀོ་རོ་ཙ་ན་ལ་ཁཱ་ཧི༔ བ་སུ་ཏ་ལ་ལཱ་ཧི༔ བྷ་ལིང་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་བདུན་གྱིས་འབུལ༔ དགྲ་ལ་མཐུ་བྱེད་ན་ལིངྒ་མིང་རུས་དང་བཅས་པ་སྦྱར་ལ་སྐབས་འདིར་བྱ་བ་གལ་ཆེ༔ དེ་ནས་གཏོར་མ་གསོ་བྲན་བྱ༔ སྒྲུབ་དུས་མཇུག་གི་ཟློག་ཐུང་དང་ཟློག་སྔགས་དམོད་པ་སྦྱར༔ དེ་ལ་ཐུན་བཟུང་ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཟློག་


CMR013_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྲིན་ལས་བཅོལ་བ་ནི༔ རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཨེ་ཡཱ་བྷྱོ༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས༔ ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་ཆེན་པོའི་དབུས༔ མེ་འབར་ཁྲག་ཞག་དུག་རླངས་སྤྲིན་ལྟར་གཏིབས༔ ཀེང་རུས་གར་བྱེད་དུར་འདྲེ་འབྱུང་པོ་རྒྱུ༔ སྐྱེ་འགྲོ་ཁྲམ་འདེབས་དགེ་སྡིག་བྱང་བུར་བྲི༔ གཅན་གཟན་ཝ་སྤང་དུ་མདུར་གནམ་དུ་འཕྱོ༔ ལྕགས་མཁར་སྒོ་མེད་དབུས་སྟེང་པད་ཉི་དང་༔ དགྲ་བགེགས་ཁ་སྦུབ་བསྐྱེལ་བའི་གདན་སྟེང་ན༔ འཇམ་དཔལ་ཁྲོས་པའི་གཤིན་རྗེ་སྐུ་བཞེངས་ཤིག༔ མྱོས་བྱེད་རལ་གཅིག་ཨཱརྱ་མེ་རུ་རྩེ༔ ཕྱ་སང་ཏེལ་པ་ཡཱ་མ་རཱ་ཙ་སོགས༔ ཐམས་ཅད་གཅིག་བསྡུས་ཕ་རོལ་རྒོལ་བ་འཇོམས༔ ཀིང་ཀང་ཞེས་པའི་ཟློག་བྱེད་ལྷ་ཆེན་ཏེ༔ གནས་འདིར་དྲག་པོའི་ལས་ལ་སྤྱན་འདྲེན་ན༔ མྱུར་མགྱོགས་རྫུ་འཕྲུལ་སྟོབས་ཀྱིས་གཤེགས་སུ་གསོལ༔ དམིགས་པའི་དགྲ་བགེགས་བསྐྱེལ་བའི་གདན་ལ་བཞུགས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཤ་ཁྲག་དམར་གྱི་གཏོར་མས་ཐུགས་དམ་བསྐང་༔ དགྲ་བགེགས་འཁོར་བཅས་དགྱེས་པར་བཞེས་སུ་གསོལ༔ མ་གཡེལ་མ་གཡེལ་གཤིན་རྗེའི་བཀའ་


CMR013_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ༔ ཀིང་ཀང་དམར་ནག་ལྷ་ཚོགས་དུས་ལ་བབ༔ བྱད་དང་ཟོར་ཁ་ཟློག་པའི་དུས་ལ་བབ༔ སྐག་དང་ལྟས་ངན་ཟློག་པའི་དུས་ལ་བབ༔ རྨིས་ལྟས་མཚན་ངན་ཟློག་པའི་དུས་ལ་བབ༔ དགྲ་ཡ་གྱོད་ཡ་ཟློག་པའི་དུས་ལ་བབ༔ མི་ཁ་གྱོད་སྣ་ཟློག་པའི་དུས་ལ་བབ༔ རྐུན་སྣ་ཇག་སྣ་ཟློག་པའི་དུས་ལ་བབ༔ རྐྱེན་ངན་བར་ཆད་ཟློག་པའི་དུས་ལ་བབ༔ དུས་ལ་བབ་པོ་མ་གཡེལ་འཇིག་རྟེན་ལྷ༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ༔ ད་ཆུཊྚ།ཊ།རྒུདྡྷ༔ གཤིན་རྗེ་དམར་ནག་གི་ལས་མཐའ་ནི༔ བཅོམ་ལྡན་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འཇམ་དཔལ་ཁྲོས་པའི་རྒྱུད་ཟླ་གསང་ནག་པོའི་རྒྱུད་ཕ་རོལ་རྒོལ་འཇོམས་སོགས་ཀྱི་རྒྱུད་ནས་གསུངས་པའི་གཤིན་རྗེ་ཀིང་ཀང་དམར་ནག་གི་དགྲ་ཟློག་སྐག་ཟློག་ནག་པོ་ཞེས་བྱ་བ་འདི་ཤིན་ཏུ་བཀའ་གཉན་པས་གསང་བར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ༈ དེ་ནས་གཏོར་མ་ཁྲག་གིས་བྲན་ལ་འདི་སྐད་དོ༔ ཡཱབྷྱོ༔ བཅོམ་ལྡན་གཤིན་རྗེ་ཁྲོས་པའི་ལྷ༔ ཀིང་ཀང་ནག་པོ་མཐུ་བོ་ཆེ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གཡས་ཞལ་དཀར་པོ་འཛུམ་པ་ཡིས༔ ལྷ་གདོན་ཟློག་པའི་དུས་ལ་བབ།


CMR013_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཞལ་དམར་ལ་རྔམ་པ་ཡིས༔ ཀླུ་གདོན་ཟློག་པའི་དུས་ལ་བབ༔ དབུས་ཞལ་མཐིང་ནག་འཇིགས་པ་ཡིས༔ རྒྱལ་གདོན་ཟློག་པའི་དུས་ལ་བབ༔ སྤྱན་དགུ་ཕྱོགས་བཅུར་བསྒྲད་པ་ཡིས༔ སྡེ་བརྒྱད་ཟློག་པའི་དུས་ལ་བབ༔ ཞལ་གསུམ་རབ་ཏུ་གདངས་བ་ཡིས་་་་་དུག་གསུམ་འདུལ་བའི་དུས་ལ་བབ༔ མཆེ་བ་བཅུ་གཉིས་གཙིགས་ཕ་ཡིས༔ བདུད་བཞི་འདུལ་བའི་དུས་ལ་བབ༔ ཐོད་སྐམ་དབུ་རྒྱན་བྱས་པ་ཡིས༔ དུག་ལྔ་འདུལ་བའི་དུས་ལ་བབ༔ རལ་པ་གྱེན་དུ་བརྗེས་པ་ཡིས༔ གཟའ་ནད་འདུལ་བའི་དུས་ལ་བབ༔ སྨ་ར་ཨག་ཚོམ་འབར་བ་ཡིས༔ དགྲ་བགེགས་ཟློག་པའི་དུས་ལ་བབ༔ ཡཱ༔ འཇམ་དཔལ་ཀིང་ཀང་མཐུ་བོ་ཆེ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ་དོ་ནུབ་ཟློག་པའི་དཔུང་ལ་ཆོས༔ ཕྱག་དྲུག་གཡས་ཀྱི་དང་པོ་ན༔ གནམ་ལྕགས་རལ་གྲི་ཀླད་ལ་སྐོར༔ དྲི་ཟ་ཟློག་པའི་དུས་ལ་བབ༔ བར་པས་ཁྲོ་ཆུའི་ཐོ་བ་ཕྱར༔ ཐེའུ་རང་ཟློག་པའི་དུས་ལ་བབ༔ འོག་མས་གཏུན་ཤིང་དགྲ་བོ་བརྡུང་༔ བྱད་ཁ་ཟློག་པའི་དུས་ལ་བབ༔ གཡོན་གྱི་དང་པོས་ལྕགས་ཀྱུ་འཛིན༔ ཁམས་གསུམ་ལྷ་འདྲེའི་བྱད་ཁ་


CMR013_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ བར་མས་སྦྲུལ་ཞགས་དགྲ་བོ་འཆིང་༔ སྐྱེ་བོའི་དམག་སྣ་དགྲ་ལ་ཟློག༔ ཐ་མས་ཐོང་གཤོལ་བསྣམས་པ་ཡིས༔ ས་ཐེལ་བར་ཐེལ་དགྲ་ལ་ཟློག༔ གླང་ཆེན་ཀོ་རློན་གྱོན་པ་ནི༔ ང་རྒྱལ་སྡང་བའི་དགྲ་ལ་ཟློག༔ ཞིང་ལྤགས་སྨད་དཀྲིས་བྱས་པ་ཡིས༔ ཕྲག་དོག་སྡང་བའི་དགྲ་ལ་ཟློག༔ སྟག་ལྤགས་ཤམ་ཐབས་བྱས་པ་ཡིས༔ འདོད་ཆགས་སྡང་བའི་དགྲ་ལ་ཟློག༔ དུག་སྤྲུལ་སྐ་རགས་བྱས་པ་ཡིས༔ ཀླུ་གདོན་སྡང་བའི་དགྲ་ལ་ཟློག༔ ཐོད་རློན་དོ་ཤལ་བྱས་པ་ཡིས༔ འདུལ་བྱེད་གདུག་རྩུབ་དགྲ་ལ་ཟློག༔ རུས་པའི་རྒྱན་དྲུག་ལྡན་པ་ཡིས༔ འགྲོ་དྲུག་གནོད་པ་དགྲ་ལ་ཟློག༔ ཞབས་བཞི་འདོར་ཐབས་བསྒྲད་པ་ཡིས༔ ས་བདག་དམག་དཔུང་དགྲ་ལ་ཟློག ། དགྲ་བོའི་གདན་ལ་བཞུགས་པ་ཡིས༔ བསམ་ངན་གདུག་རྩུབ་དགྲ་ལ་ཟློག༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལྷ་སྲིན་དམག་དཔུང་དགྲ་ལ་ཟློག༔ མེ་དཔུང་འབར་བའི་ཀློང་ན་འགྱིང་༔ གཟའ་བདུད་དམག་དཔུང་དགྲ་ལ་ཟློག༔ དུག་རླངས་སྤྲིན་ལྟར་གཏིབས་པ་ཡིས༔ གཤིན་རྗེའི་དམག་དཔུང་དགྲ་ལ་ཟློག༔ ཡབྷྱོ༔ གཤིན་རྗེ་ཀིང་ཀང་


CMR013_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ༔ དོ་ནུབ་ཟློག་བསྒྱུར་དུས་ལ་བབ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ ཕུད་འདྲེན་མཛད་པའི་གཞུང་ཞིག་བསྲང་༔ དོ་ནུབ་བྱམས་པའི་ལན་ཞིག་བླན༔ དོ་ནུབ་སྔ་མའི་གཏང་རག་གཏོང་༔ དོ་ནུབ་ཕྱི་མའི་ཞུ་རྟེན་འབུལ་༔ དོ་ནུབ་ལས་ཀྱི་གཉེར་ཞིག་གཏད༔ དོ་ནུབ་སྡང་བའི་དགྲ་ལ་རྦད༔ དུས་ལ་བབ་བོ་མ་གཡེལ་ཅིག༔ བྷྱོ༔ ཀིང་ཀང་དམར་ནག་ཚུར་གསོན་དང་༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་དེ༔ དོ་ནུབ་རྣལ་འབྱོར་བདག་གིས་བསྐང་༔ ཆོས་སྐྱོང་ཆེན་པོ་འདིར་བྱོན་ཅིག༔ དགྲ་གཤེད་ཆེན་པོ་འདིར་བྱོན་ཅིག༔ བྱད་མ་འབུམ་སྡུག་འདིར་བྱོན་ཅིག༔ ཕ་རོལ་རྒོལ་འཇོམས་འདིར་བྱོན་ཅིག༔ རྣལ་འབྱོར་དགྲ་ལྷ་འདིར་བྱོན་ཅིག༔ རིག་འཛིན་སྲུང་མ་འདིར་བྱོན་ཅིག༔ དམ་ཅན་གཙོ་འཁོར་འདིར་བྱོན་ཅིག༔ དགྲ་བགེགས་འདུལ་མཛད་འདིར་བྱོན་ཅིག༔ མྱུར་མགྱོགས་ལྡན་པའི་གཤིན་རྗེའི་གཤེད༔ ཐུགས་དམ་བསྐང་བར་མཛད་དུ་གསོལ༔ བསྐངས་ནས་ཟློག་སྒྱུར་དུས་ལ་བབ༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ བྱད་ཁ་བོག་པའི་དུས་ལ་བབ༔ ཕུར་ཁ་ཟློག་པའི་དུས་ལ་བབ༔ ཟོར་ཁ་ཟློག་པའི་དུས་ལ་བབ༔


CMR013_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཁ་ཟློག་པའི་དུས་ལ་བབ༔ རིམས་ཁ་ཟློག་པའི་དུས་ལ་བབ༔ དལ་ཁ་ཟློག་པའི་དུས་ལ་བབ༔ ཡམས་ཁ་ཟློག་པའི་དུས་ལ་བབ༔ རྒྱལ་བསེན་ཟློག་པའི་དུས་ལ་བབ༔ ཀླུ་གདོན་ཟློག་པའི་དུས་ལ་བབ༔ རྣལ་འབྱོར་སྐྱོང་བའི་དམ་ཚིག་ཅན༔ ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཡཱ༔ གཤིན་རྗེ་ནག་པོ་མཐུ་རྩལ་ཅན༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ལྕགས་ཀྱི་སླ་ང་ནག་པོ་རུ༔ འབྲུ་ནག་འཐག་པའི་ཕྱེ་མ་ལ༔ ཕུད་རྒོད་ཆང་དང་ཁྲག་གིས་བྲན༔ དཔལ་གྱི་གཏོར་མ་གཟི་ལྡན་བཤམས༔ སྲོག་ཡིག་དགྲ་བོའི་བླ་འཁོར་བཅས༔ དགྲ་ལིང་ཟག་རྫ་ས་གདན་དུ་བཏིང་༔ དམར་ནག་རྩང་གིས་རབ་ཏུ་བརྒྱན༔ ཤ་ཁྲག་ལིང་གིས་བརྒྱན་པ་འདིས༔ འཇམ་དཔལ་ནག་པོའི་ཐུགས་དམ་བསྐང་༔ ཕ་རོལ་རྒོལ་འཇོམས་ཐུགས་དམ་བསྐང་༔ ཀིང་ཀང་དམར་ནག་ཐུགས་དམ་བསྐང་༔ དགྲ་གཤེད་ནག་པོའི་ཐུགས་དམ་བསྐང་༔ བྱད་མ་ཤ་ཟན་ཐུགས་དམ་བསྐང་༔ སྲོག་གཅོད་སྤུ་གྲིའི་ཐུགས་དམ་བསྐང་༔ དགྲ་བསད་ཤན་པའི་ཐུགས་དམ་བསྐང་༔ ཡ་མ་རཱ་ཙའི་ཐུགས་དམ་བསྐང་༔ སྟོབས་ལྡན་ཆེན་པོའི་


CMR013_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་༔ ཐུགས་དང་མཐུན་པའི་མདོས་འདིས་ཐུགས་དམ་བསྐང་༔ བསྐང་ཡང་བསྐང་ལ་བཟློག་ཀྱང་ཟློག༔ བསྐང་ནི་གཤིན་རྗེའི་ཐུགས་དམ་བསྐང་༔ བཟློག་ནི་དགྲ་བགེགས་བྱེད་མ་ཟློག༔ བསྒྱུར་ནི་བར་ཆད་རྐྱེན་ངན་སྒྱུར༔ ཟློག་བསྒྱུར་ཆེན་པོའི་དུས་ལ་བབ༔ དུས་ལ་བབ་བོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་དགྲ་ཟློག་ནག་པོ་བྱ་སྟེ་གཏོར་མ་ཕུད་རྒོད་ཁྲག་གིས་བྲན་ལ་འདི་སྐད་དོ༔ ཡཱ༔ བྷྱོ༔ གཤིན་རྗེ་ཀིང་ཀང་མཐུ་རྩལ་ཅན༔ འཁོར་དུ་གཤིན་རྗེ་བྱེ་བས་བསྐོར༔ ཁྱེད་ཀྱི་བཟློག་གྱུར་དུས་ལ་བབ༔ འདུ་བ་རྣམ་བཞི་དགྲ་ལ་ཟློག༔ གཏོར་མའི་འོག་གི་དགྲ་ལིང་དེ་ལ་དམིགས་ནས་ཕུད་ཁྲག་གིས་བྲན༔ བད་ཀན་དཀར་སྨུག་དགྲ་ལ་ཟློག༔ མཁྲིས་པ་གཤའ་ཡ་དགྲ་ལ་ཟློག༔ རླུང་ནད་འཕྱོ་བ་དགྲ་ལ་ཟློག༔ ཁྲག་ནད་འདུས་པ་དགྲ་ལ་ཟློག༔ སྨྱོ་ནད་ཉེར་ལྔ་དགྲ་ལ་ཟློག༔ སྨྱོ་འབོག་བརྒྱལ་ནད་དགྲ་ལ་བཟློག༔ རླུང་སྨྱོ་ཆེན་པོ་དགྲ་ལ་ཟློག༔ མཛེ་རིགས་བཅོ་བརྒྱད་དགྲ་ལ་ཟློག༔ ཤུ་བ་རྒྱ་ཐོར་དགྲ་ལ་ཟློག༔ ལྷོག་པ་འབྲས་ཆེན་དགྲ་ལ་ཟློག༔ སྐེམ་པ་གཡེལ་དུག་དགྲ་ལ་ཟློག༔ ཕོལ་མིག་གླང་ཐབས་དགྲ་ལ་ཟློག༔


CMR013_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་དབལ་ནད་དགྲ་ལ་ཟློག༔ རིམས་ནད་སྣ་ལྔ་དགྲ་ལ་ཟློག༔ ཀླད་གཟེར་དབལ་བུ་དགྲ་ལ་ཟློག༔ གློ་སྙིང་ཕྱི་ནད་དགྲ་ལ་ཟློག༔ ནག་པོ་རྒྱུག་གཟེར་དགྲ་ལ་ཟློག༔ མཚོན་འཁྲུག་སྣ་ཚོགས་དགྲ་ལ་ཟློག༔ མདའ་གྲི་མདུང་གྲི་དགྲ་ལ་ཟློག༔ རལ་གྲི་ཐོ་བ་དགྲ་ལ་ཟློག༔ ཁཊ་ཏྲི་ཤུལ་དགྲ་ལ་ཟློག༔ སྐྱོགས་དང་འུར་རྡོ་དགྲ་ལ་ཟློག༔ ཐོག་དང་སེར་བ་དགྲ་ལ་ཟློག༔ རླུང་ནག་འཚུབ་མ་དགྲ་ལ་ཟློག༔ ཐན་དང་གྱོད་སྣ་དགྲ་ལ་ཟློག༔ བྱུར་དང་གོད་ཁ་དགྲ་ལ་ཟློག༔ སྐག་དང་བདུན་ཟུར་དགྲ་ལ་ཟློག༔ ཟ་འདྲེ་ཤི་གཤེད་དགྲ་ལ་ཟློག༔ འགོང་པོ་བསེ་རག་དགྲ་ལ་ཟློག༔ རྒྱལ་པོའི་ཆད་པ་དགྲ་ལ་ཟློག༔ མ་ཉེས་ཁ་ཡོག་དགྲ་ལ་ཟློག༔ ཇག་རྐུན་ཐོག་རྒྱུག་དགྲ་ལ་ཟློག༔ བློ་ཉེས་ཚོང་ཉེས་དགྲ་ལ་ཟློག༔ མི་ཁ་མཚན་ངན་དགྲ་ལ་ཟློག༔ ནང་འཁྲུགས་བཟའ་འཛིང་དགྲ་ལ་ཟློག༔ ཉེས་བྱེད་མི་མཐུན་དགྲ་ལ་ཟློག༔ ལྷ་འདྲེའི་བྱད་སྣ་དགྲ་ལ་ཟློག༔ བན་བོན་བྱད་སྟེམས་དགྲ་ལ་ཟློག༔ སྐྱེ་བོའི་དམའ་ཟོར་དགྲ་ལ་ཟློག༔ བུད་མེད་དམོད་ཟོར་དགྲ་ལ་ཟློག༔ སྔགས་པའི་གཏོར་ཟོར་དགྲ་ལ་ཟློག༔ སྒབ་


CMR013_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་རྨོངས་འདྲེ་དགྲ་ལ་ཟློག༔ ཆེ་སྲི་ཆུང་སྲི་དགྲ་ལ་ཟློག༔ དར་སྲི་དུར་སྲི་དགྲ་ལ་ཟློག༔ ལྟས་ངན་ཆོ་འཕྲུལ་དགྲ་ལ་ཟློག༔ ལོ་སྐག་ཟླ་སྐག་དགྲ་ལ་ཟློག༔ ཞག་སྐག་ཟ་སྐག་དགྲ་ལ་ཟློག༔ གློ་བུར་ཡེ་འབྲོག་དགྲ་ལ་ཟློག༔ མི་རུང་སྣ་དགུ་དགྲ་ལ་ཟློག༔ དགྲ་གྱོད་མཁན་གསུམ་དགྲ་ལ་ཟློག༔ གློ་ཧོན་གོར་གསུམ་དགྲ་ལ་ཟློག༔ བཙའ་སད་སེར་གསུམ་དགྲ་ལ་ཟློག༔ གཤིན་རྗེ་དམར་ནག་དགྲ་ལ་བྷྱོ༔ ཀིང་ཀང་དགྲ་བོའི་སྟེང་དུ་བྱོ༔ དགྲ་བོའི་མི་ནོར་ཟས་གསུམ་ཟོ༔ དགྲ་བོའི་མཐའ་རྗེས་རྩད་ནས་ཆོད། དུས་ལ་བབ་བོ་གཤིན་རྗེའི་ལྷ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨཱཧཱུྃ་བྷྱོ་བྷྱོ་ཟློག་ཟློག༔ ཨོཾ་ཀིང་ཀང་ཁ་ཏུ་ནི་མྱོག་དགྲ་བོ་ལས་ངན་ཝཱཀྐ་བློ་སྦྱོ་ཟློག་ཟློག༔ ཙཱ་བྷ་ཡ་ནན༔ བྷིག་ནན་སྦྱོ་ཟློག༔ ཏྲི་ཐུམ་ཏི་བློ་ཟློག་ཏི་ཤན་ཏི་ཤན་དགྲ་བོ་བྱད་མ་ཐམས་ཅད་སྦྱོ་ཟློག༔ སྤུར་ཐུམ་སྤུར་ཐུམ་བྲུབ་བྲུབ་སྦྱོ་བྷྱོ་ཟློག་ཟློག༔ བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ཡ་མ་དགྲ་སྲི་སྦྱོ་ཟློག༔ ཙཱ་བྷ་ཡ་རཀ་ནཾ་ནཾ་ཏུཾ་ཏུཾ་ལཾ་ལཾ་བྷྱོ་བྷྱོ་ཟློག་ཟློག༔ དགྲ་བགེགས་ཙཱ་བྷ་ཡ་ནན༔ ཨོཾ་ཁ་ཐུན་ཁ་ཐུན་ཡ་མ་


CMR013_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་དུན་ཏྲེ་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ་ནན༔ གནོད་བྱེད་བྱེད་མ་གཟུགས་ལིང་ག་ལ་བྲིས་པ༔ མིང་བྱང་བུ་ལ་བཏབ་པ་འདི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ཁ་ཐཾ༔ ཞེས་རབ་ཐུན་དྲུག༔ འབྲིང་ཐུན་བཞི་ཐ་མ་ཡང་ཐུན་གསུམ་གྱི་ཟློག་སྔགས་ཀྱི་དམིགས་པ་དང་སྦྱར་ལ་ལིངྒ་ལ་རྒྱབ༔ ཚར་རེའི་མཚམས་སུ་ཟློག་བསད་ཀྱི་སྔགས་འདི་ལྟར་ཉེར་གཅིག་རེ་བཟླའོ༔ དེ་ནས་འབུལ་དུས་གཏོར་མའི་ཞབས་ཀྱི་ལིངྒ་ཚུར་བླངས༔ མནན་རྒྱུ་བྱེད་ན་སླ་ངའི་ནང་དུ་བཞག༔ ལས་བྱང་ནང་གི་ཐུན་གཏོར་བསྐུལ་པ་དེ་འདོན་ཟློག་བསད་ཀྱི་སྔགས་དང་དམིགས་པ་སྦྱར་ལིངྒར་རྒྱབ༔ ཡང་མེ་ལ་བསྲེགས་ན་མདུན་གྱི་ཕ་ཟད་ཀྱི་ཕྱོགས་གཙང་སར་མེ་ཧོ་བརྩེགས་ལ་ལིང་ལ་ཡང་དེར་འགུགས་གཞུག་བྱས་ལ་བཞག༔ གཏོར་མ་རེ་དང་དམོད་མོ་རེ་སྦྱར་ནས་མེ་སྦར་རོ༔ གང་བྱེད་ཀྱང་དཀར་གཏོར་གསེར་སྐྱེམས་བྱ༔ གཟུ་དཔང་བདེན་པ་བདར༔ གཏོར་མ་དེ་ཡང་ཕྱིར་ནག་སྟེང་དུ་བཞག༔ བཟློག་བསྒྱུར་བྱ་བ་ནི༔ གཏོར་མ་ལ་རཀྟ་བླུག་ཅིང་བྲན་ལ༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བན་དེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཛོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་


CMR013_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཚུད་པ་ཟློག༔ ་ས་བདག་ཀོ་ལོ་ང་གདུག་རྩུབ་ཟློག་ཟླ་འབྱུང་བའི་དགྲ་གཤེད་འཐབ་པ་ཟློག་་་གཟའ་སྐར་དུས་ཚོད་ངན་པ་ཟློག་ལོ་ཟླ་ཞག་དུས་བབ་པ་ཟློག་ཟླ་ཁྲམ་དང་བྱད་དུ་བཅུག་པ་ཟློག༔ ཧོམ་དང་སྤར་བུ་བསྐོར་བ་ཟློག༔ དགྲ་ཆེན་བདུད་དུ་ལང་བ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོགས་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་སྒུག་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་རིམས་སྣ་ཡམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆགས་སྒོ་དང་༔ བདག་ལ་གནོད་པའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ༔ དམ་ཉམས་བྱད་


CMR013_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྟེང་དུ་བྷྱོ༔ ཡ་བྷྱོ༔ ཉི་མ་ལྷོ་ཕྱོགས་ཕ་ཀི་ན༔ རིམ་པ་བདུན་གྱིས་ས་འོག་ནས་ན་རཀ་དམྱལ་ཁམས་གཤིན་རྗེའི་ཡུལ༔ ལྕགས་མཁར་འབར་བའི་ནང་ཤེད་ནས༔ ཕ་རོལ་སྟོབས་ཆེན་རྒོལ་བ་འཇོམས༔ ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད༔ ཀིང་ཀང་ཞེས་པའི་མྱུར་མགྱོགས་ལྷ༔ ཕོ་ཉར་མངག་གོ་མཐུ་མ་ཆུང་། དགྲ་ལ་རྦད་དོ་རྩལ་མ་ཞན༔ མཆོད་པའི་གཏོར་མ་ཆུད་མ་གསན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ད་ལྟ་ནམ་གྱི་གུང་ཐུན་ལ༔ འབྱུང་བ་ཆུ་ཡང་གཉིད་དུ་ལོག༔ དམ་ཉམས་དགྲ་བོ་གཉིད་དུ་སོང་༔ བླ་ཚེ་འཁྱམས་པོ་ཁྲིད་ལ་ཤོག༔ རོ་ཉལ་བྱས་པའི་སྲོག་རྩ་ཆོད༔ ཞེ་སྡང་དཀྲུག་པའི་སྙིང་རྩ་དྲོངས༔ གྲུ་གསུམ་ལྕགས་ཀྱི་ཁང་པ་འདིར༔ གཤིན་རྗེའི་ཚོགས་ཀྱིས་དབུགས་ལོངས་ཤིག༔ མྱུར་དུ་བསྒྲལ་བའི་དུས་ལ་བབ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་འཐུང་༔ ལོ་དང་ཟླ་བར་མ་འགྱང་བར༔ ཞག་དང་ཟ་མ་ཉིད་དུ་སྒྲོལ༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དུས་ལ་བབ་བོ་གཤིན་རྗེའི་ཚོགས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཟློག་


CMR013_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་སྔགས་བརྗོད་ལ་དམིགས་པ་དང་བཅས་པས་གཏོར་མ་བསྲེགས་ལ༔ གནོད་བྱེད་དགྲ་བགེགས་བྱད་མ་ལས་ངན་གཟུགས་ལིང་ག་ལ་བྲིས་པ༔ འདི་གཤིན་རྗེ་གཤེད་ཀིང་ཀང་ནག་པོའི་ཞལ་དུ་ཤ་ཁྲག་དམར་གྱི་གཏོར་མ་འདི་དང་མཉམ་དུ་བཞེས་ཤིག༔ ཅེས་གཏོར་མ་འཕང་ལ་དམོད་པ་བྱ་འོ༔ གཤིན་རྗེ་ཀིང་ཀང་ནག་པོའི་ལས་མཐའ་རྩ་་དགྲ་བོ་ཟློག་པའི་སྐྱོགས་ཆེན་འདི་སློབ་དཔོན་པདྨས་མཛད་པའོ།། ཤན།ཧ།རྐཊ།དྲན།ཙ།བྲཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་ལས་འབྲེལ་རྩལ་གྱིས་དགྲ་ཆད་ནག་པོ་གསལ་བར་བཀོད་པས༔ འདི་ཡི་ཉེས་འགལ་འཁྲུལ་པ་དང་༔ བརྩེ་བྲལ་བསྟན་བཅོས་ཉེས་པ་རྣམས༔ འཇམ་དཔལ་སྲས་དང་བཅས་ལ་བཤགས༔ ལས་གཤིན་བདུད་བཙན་སྲུང་མའི་ཚོགས༔ བཀའ་སྲུང་རྣམས་ཀྱིས་བཀའ་འདི་སྲུངས༔ ཞེས་པ་འདི་ནི་སྔགས་ནག་ཨ་རཱ་གས་ལེགས་པར་བསྒྲིགས་པའོ༔ སྤྱི༔ ཁ་ཐཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སརྦ་མངྒ་ལཾ།།


previousབཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀིང་ཀང་དམར་ནག་གི་དགྲ་ཟློག་ནག་པོའི་སྐག་ཟློགnext