Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་ཀང་གི་ཟློག་ཐུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་ཀང་གི་ཟློག་ཐུང་།next

ཀིང་ཀང་གི་ཟློག་ཐུང་།


CMR013_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལམ་བསྟན་པ་ནི། ཧཱུྃ། གཤིན་རྗེ་འཁོར་བཅས་སྙན་གསོན་འཚལ། །འདི་ནས་ལྷོ་ཕྱོགས་དཔག་ཚད་ནི། །བརྒྱད་ཁྲི་འདས་པའི་ཕ་རོལ་ན། །ལྕགས་མཁར་ཐོད་པའི་དབུས་ཉིད་ནས། །ཡི་དྭགས་སྟོང་དཔོན་མ་མོའི་རྗེ། །གསོན་པོ་སྐོས་འདེབས་གཤིན་གྱི་རྒྱལ། །གསོན་གཤིན་གཉིས་ཀྱི་ཟམ་སོ་ནས། །དགེ་བའི་གྲོགས་མཛད་སྡིག་ཅན་གཤེད། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་པ། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བཞུགས། །དེ་ཡི་འཁོར་གྱི་ཡམས་བདག་དང་། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །འདོད་པའི་ཡས་སྟགས་མཆོད་པ་འབུལ། །བདག་ཅག་ཡོན་མཆོད་འདི་རྣམས་ལ། །འགལ་རྐྱེན་གནོད་པ་མ་བྱེད་ཅིག །དེ་བཞིན་གཤེགས་པའི་སྦྱིན་སྟོབས་ཀྱིས། །འཆི་བདག་འཁོར་བཅས་རང་གནས་སོང་། །གཞན་ལ་གནོད་འཚེའི་བསམ་པ་སྤོངས། །སོང་ཞིག་གཤིན་རྗེ་གནས་དེར་སོང་། །ད་ལྟར་ཉིད་དུ་འགྲོ་བར་གྱིས་།ཕྱིན་ཆད་འཁོར་འདིར་གཏོགས་པ་ལ། །ཁྱོད་ཀྱིས་གནོད་པ་མ་བྱེད་ཅིག །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་


CMR013_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །མཐུ་རྩལ་ཅན་གྱིས་བསྟན་པ་སྲུངས། །དེ་རིང་ཉི་མ་ཕྱིན་ཆད་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གདུག་པའི་བསམ་པ་མ་གཏོང་ཞིག །མདོས་གླུད་དགྲ་བོའི་སྟེང་དུ་བསྒྱུར། །སྐག་བདུད་གཤེད་གསུམ་མདོས་ཀྱིས་བསྒྱུར། །སྦྱོ་བྱོསྡང་བའི་དགྲ་ལ་སྦྱོ། །བྷྱོ་ཕྱོཋགནོད་པའི་བགེགས་ལ་བྷྱོ༔ །བྷྱོ་བྷྱོ་བྱད་མའི་སྟེང་དུ་བྷྱོ༔ །བྷྱོ་སྦྱོ༔བར་ཆད་བདུད་ལ་བྷྱོ༔ །འཆི་བདག་ཚེ་བདག་སྲོག་བདག་དང་། །ལོ་གཤེད་བཅུ་གཉིས་དགྲ་ལ་བྷྱོ༔ །།དགྲ་བགེགས་བྱད་མ་དམ་ཉམས་འདི། །གཤིན་རྗེ་ཁྱོད་ཀྱིས་ཁྲམ་ལ་ཐོབ། །དུས་


CMR013_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ་བོ་ས་མ་ཡ། །མ་གཡེལ་མ་འདའ་གཤིན་རྗེའི་ཚོགས། །དགྲ་བགེགས་སྟེང་དུ་མདོས་ཟོར་བསྒྱུར། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བན་དེའི་སྔགས་ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཛོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག༔ དམག་མི་ཞག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ལོ་ཟླ་ཞག་དུས་བབ་པ་ཟློག༔ ཁྲམ་དང་བྱད་དུ་བཅུག་པ་ཟློག་ཧོམ་དང་པར་བུ་བསྐོར་བ་ཟློག༔ དགྲ་ཆེན་བདུད་དུ་ལང་བ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོགས་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་སྒུག་ཕྱིས་


CMR013_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་རིམས་སྣ་ཡམས་སྣ་ཟློག༔ དགྲ་སྲི་རྨི་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང་་་་བདག་ལ་གནོད་པའི་དགྲ་བགེགས་རྣམས་སྡང་བྱེད་དགྲ་ཡི་སྟེང་དུ་བྷྱོ༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ བར་ཆོད་བདུད་ཀྱི་སྟེང་དུ་བྷྱོ༔ ཟ་འདྲེ་ཕུང་སྲིའི་སྟེང་དུ་བྷྱོ༔ དམ་ཉམས་བྱད་མའི་སྟེང་དུ་བྷྱོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ། བཛྲ་ཙན་གནོད་བྱེད་སརྦ་དུཥཱན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ ས་ག་དུ་ན་ཟློག༔ ཙ་དུར་སྙིང་ལ་ཟློག༔ སུམ་ཏྲི་རཀྵ་ཟློག༔ བྱད་ཟོར་ཕུར་ཁ་ཆག་ཆེན་ཉམ་ང་ལྟས་ངན་ཆོ་འཕྲུལ་དུས་མིན་འཆི་བ་ཐམས་ཅད་མཱ་ར་ཡ་བྷྱོ་བློ་ཟློག་ཟློག༔ སྒྲུབ་ཆེན་ནས་ཟློག་པ་མང་བྱ་གསུངས་པས་གཞུང་ན་མེད་ཕྱིར་ཀིང་ཀང་གི་ཟློག་ཐུང་༢རཱ་ག་ཨ་སྱས་སབ་པའོ།།


previousཀིང་ཀང་གི་ཟློག་ཐུང་།next