Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀིང་ཀང་ལས་བྱང་དུག་རི་མེ་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀིང་ཀང་ལས་བྱང་དུག་རི་མེ་འབར།next

ཀིང་ཀང་ལས་བྱང་དུག་རི་མེ་འབར།


CMR013_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཀིང་ཀང་ལས་བྱང་དུག་རི་མེ་འབར་བཞུགས་སོ༔ ཨེཿ དམ་ཡེ་དབྱེར་མེད་སྐད་ཅིག་དྲན་རྫོགས་སུ༔ བདག་མདུན་འཇམ་དཔལ་ལས་ཀྱི་གཤིན་རྗེ་ནི༔ ཁྲག་མདོག་དམར་ནག་ཉི་ཟླའི་སྤྱན་གསུམ་བསྒྲད༔ གནམ་ས་ཞལ་གདངས་གངས་རི་མཆེ་བ་གཙིགས༔ གློག་དམར་འཁྱུག་ལྕེ་སྤྲིན་ནག་འཁྲུགས་འདྲའི་སྐྲ༔ གཡས་པས་ལྕགས་ཀྱུས་དག་བོའི་སྙིང་ནས་འདྲེན༔ གཡོན་པས་ཐོ་ཆེན་དགྲ་བགེགས་ཀླད་ཁྲག་འགེམས༔ གཅེར་བུ་རྒྱན་མེད་རླུང་ནག་འཁྲུགས་པའི་དབུས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ སྣང་སྲིད་དྲེགས་པའི་དཔུང་དང་བཅས་པ་གསལ༔ ཧཱུྃ༔ སྲིད་ཞི་ཆོས་དབྱིངས་མཐའ་དབུས་བྲལ་བ་ནས༔ ཀིང་ཀང་དམར་ནག་མ་ནིང་ཏྲག་ཤད་སོགས༔ བཀའ་སྲུང་དམ་ཅན་ཐམས་ཅད་འདིར་བྱོན་ཅིག༔ སྡང་དགྲ་གནོད་བྱེད་སྟེང་དུ་དགྱེས་པར་བཞུགས༔ དགྲ་བོའི་ཁ་རྗེ་དབང་ཐང་སྟོབས་གཟི་བརྗིད༔ ཤ་ཁྲག་སྲོག་དབུགས་མཆོད་པ་འབུལ་གྱིས་བཞེས༔ ཀིང་ཀང་དམར་ནག་མ་ནིང་ཏྲཀ་ཤད་སོགས༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཀུན་ལ་བསྟོད༔ བདག་ནི་སློབ་དཔོན་པདྨའི་རྗེས་འཇུག་སྟེ༔


CMR013_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཆོས་ཀྱི་འགྲོ་དོན་བགྱིས་སྙམ་གྱིས༔ དམ་ཉམས་དགྲ་བགེགས་རྣམས་ཀྱིས་མ་སྟེར་རམ༔ དམ་ཅན་རྒྱ་མཚོས་གཟུ་དཔང་དྲང་ཤན་ཕྱེས༔ ཨེ༔ མདུན་དུ་འཇིགས་རུང་གཤིན་རྗེའི་གྲོང་ཁྱེར་དབུས༔ ལྕགས་སྲེག་ཁང་སྒྲོམ་ཟུར་གསུམ་ཁ་དོག་པ༔ མཐིལ་ཡངས་དུག་མཚོན་ནད་ཀྱི་མུན་པ་འཁྲིགས༔ དེ་ནང་ནི་ཏྲི་ལས་བྱུང་དགྲ་དང་བགེགས༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཀིང་ཀང་དམར་ནག་འཁོར་བཅས་བདེན་པའི་མཐུས༔ ད་དགྲ་དངོས་བསྟར་ཕྱི་དགྲ་ཡིད་ལ་བསམ༔ བསམ་ངན་སྦྱོར་རྩུབ་ཕྲག་དོག་མཐོ་ནོན་བྱེད༔ དོ་བསྡོ་ཕོད་བཙུགས་བྱེད་པའི་དགྲ་བགེགས་རྣམས༔ ད་ལྟ་ཉིད་དུ་ལིང་ག་འདི་ལ་ཁུག༔ སྤྲུལ་པའི་ཕོ་ཉ་བྱེ་བ་འབུམ་སྡེ་ཡིས༔ ལྕགས་ཀྱུས་སྙིང་ཟུངས་ཞགས་པས་སྐེ་ནས་ཁྲིད༔ ལས་རླུང་རྟ་ལ་བསྐྱོན་ནས་གཟུགས་ལ་ཕོབ༔ སྲུང་ཞིང་སྐྱོབ་པའི་ལྷ་སྲུང་ཀུན་དང་ཕྲོལ༔ ལྕགས་སྒྲོག་བསྡོམས་ལ་དྲིལ་བུས་མྱོས་པར་གྱིས༔ ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་


CMR013_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དུནྟི་ཐུཾ་ཐུཾ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་དུན་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུ༔ ཙ་མུནྟི་ཛཧཱུྃ་བཾ་ཧོཿ ཁོ་ཡི་ལྷན་ཅིག་སྐྱེས་པའི་ལྷ་དང་བདུད༔ དུག་སྦྲུལ་དཀར་ནག་གཉིས་སུ་གྱུར་ནས་ཀྱང་༔ ལུས་ཀྱི་གཡས་གཡོན་འཁྱུད་ཅིང་ལྕེ་ཡིས་ལྡག༔ དེ་ཚེ་སྤྱི་བོར་སྣ་ཚོགས་རྡོ་རྗེ་ནི༔ གསོར་ལྟར་འཁོར་བས་ཀླད་ཁྲག་སྙིང་ཁྲག་དཀྲུགས༔ སྦྲུལ་གཉིས་སྣ་བུག་བཤང་ལམ་ནས་ཞུགས་ཏེ༔ རྐང་ལག་རྣམས་ཀྱང་སྦྲུལ་གྱིས་དམ་བཅིངས་གྱུར༔ ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་ཀིང་ཀང་ཐུ་རིལ་ནཾ་མྱོག༔ བསྒྲིབ་ཧྲཱིཿང་དགྲ་བོ་ཝཱཀྐ་སྟེ་བྷ་ཡ་ནན། བྷིགན༔ དགྲ་བོ་ཐུ༔ དེ་ཤོ་དེ་ཤཾ༔ བྱུར་བྲུབ་བྷི་ཤ་ཙཀྲ༔ ཧ་ལ་ཧ་ལ༔ ཧལ་ཏ་ཧལ་ཏ༔ ཧཱུཾ་ས་མ་ཡ་སྒྲིབ་ཧྲཱིཿང་༔ དགྲ་བོ་ཙཱ་བྷ་ཡ་རཀྵ་ནམ༔ ཧཱུཾ་ཧཱུཾ་ལཾ་ལཾ་ཧཱུཾ་ལཾ་ཤཾ་ལཾ༔ དགྲ་བོ་མཱ་ར་ཡ་རྦད་ནན༔ ཆིངས་ཤིག༔ ལོ་ཟླ་ཞག་དུས་སྲོག་ལུས་དབང་ཐང་ལ༔ རླུང་རྟ་དགྲ་དར་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཕྱི་དགྲ་བསམ་ངན་སྦྱོར་རྩུབ་དང་༔ དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཁ་སྨྲས་ཁ་མཆུ་མི་ཁ་གྱོད་བྱུར་དང་༔ དགྲ་


CMR013_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་གྱོད་སྣ་ཐམས་ཅད་མཱ་ར་ཡ་ཆད་ནན་གསོད་ཤོམ་འཕྲོག་ཤོམ་བརྡུང་ཤོམ་བྱེད་པ་དང་༔ གནོད་པར་བྱེད་པ་ཐམས་ཅད་མཱ་ར་ཡ་ཆད་ནན༔ ༀ་ལཾ་ཧཱུཾ་ལཾ་ཙཱ་བྷ་ཡ་ནན༔ བདག་མདུན་ལྷ་ཚོགས་སྐུ་ལས་མཚོན་ཆའི་ཆར་བབ་པས་སྦྲུལ་མེད་དགྲ་བོ་དུམ་བུར་གཏུབ༔ ཤ་ཁྲག་གཏོར་མ་དབྱེར་མེད་བདུད་རྩིའི་མཚོ༔ ལྷ་ཚོགས་ཀུན་གྱིས་ལྷག་མ་མེད་པར་གསོལ༔ ཧཱུྃ༔ ཀིང་ཀང་དམར་ནག་མ་ནིང་ཏྲག་ཤད་སོགས༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དྲེགས་པའི་ཚོགས༔ དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ དགྲ་སྣ་གྱོད་སྣ་ཁ་མཆུ་མི་ཁ་ཟློག༔ བླ་མེད་ཨ་ཏིའི་ལམ་གྱི་བར་ཆད་ཟློག༔ ལོ་ཟླ་ཞག་དུས་བགེགས་རིགས་ཐམས་ཅད་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཐམས་ཅད་ཟློག༔ དམ་སྲི་རྒྱལ་འདྲེ་འགོང་པོ་ཐམས་ཅད་ཟློག༔ མ་ཉེས་ཁ་ཡོག་རྒྱལ་པོའི་གནོད་པ་ཟློག༔ བསམ་ངན་སྦྱོར་རྩུབ་ཕྲག་དོག་མཐོ་ནོན་ཟློག༔ དམ་ལ་མ་འདའ་ཕྲིན་ལས་མྱུར་དུ་མཛོད༔ དུས་འདིར་བདག་གི་འདོད་དོན་མི་སྒྲུབ་ན༔ ཁྱོད་ཀྱང་དམ་ཚིག་ཉམས་པར་མི་འགྱུར་རམ༔ སློབ་དཔོན་པདྨའི་བཀའ་བསྒོས་རྗེས་དྲན་ཅིང་༔ ད་ལྟ་ཉིད་དུ་


CMR013_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མྱུར་དུ་སྒྲུབས༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཨེ་ཡ་བྷྱོ་ཟློག༔ ཏདྱ་ཐཱ༔ དུ་ཤན་དུ་ཤན་རཀྵ་རཀྵ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་འཇིབ་འཇིབ༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ལ་ཆོད་ཆོད༔ མཱ་ར་ཡ་ཟིད་སོད༔ གང་སྐབས་བརྗོད༔ སྔགས་ནག་ཨ་རཱ་གས་བགྱིས་པའོ༔ ཨོཾ༔ དྲན་རྫོགས་རང་ཉིད་ཀིང་ཀང་དམར་པོར་བསྒོམ༔ ཕྱག་གཡས་རལ་གྲི་ས་ལ་བརྒྱབ་པ་ཡིས༔ ས་གས་རྒྱ་མཚོ་སྔོ་མེར་བྱུང་བའི་ནང་༔ གཤིན་རྗེ་ཨ་ཝ་གླང་མགོ་སྐྱེ་ཡར་མངོན༔ གནམ་ས་ཙམ་གྱི་ཞལ་གདངས་འོ་དོད་འབོད༔ སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་རྣམས༔ དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་ཀུན༔ ང་ཡི་ཁར་ཐོན་ཟེར་ནས་བོས་ཙམ་གྱིས༔ དགྲ་གྱོད་ཐམས་ཅད་ལུག་ཁྱུ་བསྡུས་པ་ལྟར༔ དོང་ནང་གཤིན་རྗེའི་ཁ་རུ་རུགས་སེ་བླུག༔ དེ་སྟེང་དབང་ཆེན་གསེར་གྱི་ས་གཞི་ཆགས༔ དེ་སྟེང་རི་རབ་གླིང་བཞི་དང་བཅས་ཆགས༔ དེ་སྟེང་ཀིང་ཀང་རྒྱལ་ཆེན་སྡེ་བཞིས་མནན༔ གཏོར་མ་མི་དགོས་དགྲ་བགེགས་དེ་ཉིད་གཏོར་མ་ཡིན༔ སྔགས་དང་དམིགས་པ་ཁོ་ནས་


CMR013_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲུབ་པས༔ བྱེས་ལམ་སོགས་སུ་དགྲ་ཟློག་ཟབ་མོ་ཡིན༔ ཨ་རཱ་གས་སོ༔ དམར་གཏོར་གཅིག་ནང་ཟན་ལིང་དང་རྡུང་གསུམ་བཙུགས༔ ཤ་ཁྲག་གིས་བརྒྱན་པ་བཤམས་ལ་རྒྱུན་ཁྱེར་བྱས་ན་ཆོག་གོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀིང་ཀང་ལས་བྱང་དུག་རི་མེ་འབར།next