Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླང་རུ་མའི་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགླང་རུ་མའི་ཞལ་ཤེས།next

གླང་རུ་མའི་ཞལ་ཤེས།


CMR013_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། བླ་མ་ཡི་དམ་མཁའ་འགྲོ་ཀིང་ཀང་དང་། །དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །བཀའ་གནང་སྩོལ་ལ་བྱིན་གྱིས་བརླབ་པར་མཛོད། །ཀིང་ཀང་གླང་རུ་མའི་ཞལ་ཤེས་བླ་མའི་ཐུགས་ལ་གབ་པ་མངོན་དུ་ཕྱུང་བ་ནི། དེ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། དང་པོ་སྔོན་འགྲོ་ལ་ཡང་རྣམ་པ་གསུམ། དགྲ་དོགས་ཆེ་དུས་དགྲ་བོ་ལ་རྟ་ནོར་ཤོར་དུས་སུ། གནམ་ས་གོ་ལྡོག་གི་འཁོར་ལོ་བསྐོར་བ་ནི། ཐོག་མར་དབེན་པར་བླ་མ་ཡི་དམ་གཏོར་མ་ཚང་བར་བཅའ། མདའ་ཡི་ཨོཾ་བཅིངས་བའི་སྟེང་དུ་ལྕགས་སྣོད་ནང་དུ། འབྲུ་ནག་གི་ཕྱེ་ལ། དུག་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་ལ་ཁྲག་བྱུག །རྩང་ཐུར་ཉེར་བརྒྱད་དམ་བདུན་བཙུགས། རྩེར་མེ་རིས་བརྒྱན། དེར་མདུན་བསྐྱེད་བསྐྱེད། སྨད་དགྲ་བགེགས་ཤ་ཁྲག་སྒོམ༔ དེ་ཡང་འོག་ཏུ་བྲུབ་ཁུང་དུ་ཟན་ལིང་ངམ་ཤོག་ལིང་བཅུག །མི་བསད་གྲི་ལ་དམེ་ཁྲག་གིས་ངར་བླུད་པ་གྲི་ཡུ་ལ་རྔ་མ་ནག་པོ་བཏགས་ཏེ་བྲུབ་ཁུང་ཁ་རུ་གཟིར། གནམ་རྟ་དང་ས་རྟ་གཉིས་ཀྱི་འཁོར་ལོ་བྲི་བ་དཔེའུ་རིས་ལྟར་བྲིས། གླང་རུའི་གཞུང་ལྟར་སྲུང་སྔགས་ཡན་འདོན། བྲུབ་ཁུང་ཡོད་ན་ཁ་ཕྱེས་ལ། གནམ་ས་གཉིས་ཀྱི་འཁོར་ལོ་ཡང་བཞག་ལ། སྨྱོ་བར་འདོད་ན་སྨྱོ་ཁྲག་


CMR013_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲེལ་ཁྲག་ལ་ཐང་ཕྲོམ་འདེབས་ནས་བྱུག །འཆི་བར་འདོད་ན་གྲི་ཁྲག་ལ་བོང་བ་འདེབས་པས་བྱུག །མགོ་འཁོར་བར་འདོད་ན་གཟའ་ཡིས་ཤི་བའི་ཁྲག་བྱུག །རང་གི་ཁ་རླངས་དྲི་མ་སོགས་མ་སོང་བར་བྱ། ག་ཟུ་དཔང་གསེར་སྐྱེམས་སོགས་དུག་རི་གཞུང་ལྟར་སོང་ནས།་གླང་རུའི་བྲུབ་ཁུང་བསྐྱེད་ཆོག་དང་བདེན་སྟོབས་བླ་འགུགས་སྔགས་སོགས་སྟོང་ཕྲག་བཟླ། ཁུག་རྟགས་ནི།པལ་འབུ་སྲིན་མང་པོ་བྲུབ་ཁུང་ཁར་སླེབས་པ་དང་། རྨི་ལམ་དུ་ཕ་རོལ་མང་པོ་ལ་རྒོལ་བས་འཇོམས་པ། ཆོས་བཤད་པ་དང་། དབང་བསྐུར་བ་སོགས་འོང་། ལྟས་མ་བྱུང་བར་བཟླ། དེ་ནས་འཁོར་ལོ་རྣམས་བསྐོར་བ་ལ་གསུམ་སྟེ། རྟོགས་མྱུར་བར་འདོད་ན་འཁོར་ལོ་ཆ་མང་བར་བྱ། རང་ལ་མི་ལྡོག་པའི་ཕྱིར་དུ་སྟེང་དུ་རྣམ་འཇོམས་གཟུངས་རིང་ཐུང་གང་རུང་དང་སྣ་ཚོགས་རྡོ་རྗེ་བྲིས་པ་ཁ་ཕྱིར་བསྟན། ལྟེ་བའི་སྒྲེ་མིག་སྲོག་ཐུར་འགྲོ་བར་བྱ། སྲོག་ཐུར་ལ་བཙན་དང་རྒྱལ་འགོང་གནས་ས་ནས་ཐུས་པའི་སྤོམ་ནག་བྱེད། མགོ་འཁོར་བར་འདོད་ན་བླ་འགུགས་སྔགས་བཟླ། རླུང་འཁོར་བསྐོར། སྨྱོ་བར་འདོད་ན་ལུང་གསུམ་འདུས་པར་ཆུ་སྒྲ་ཆེ་སར་ཆུ་ལ་བསྐོར། འཆི་བར་འདོད་ན་བཙན་གནས་སར་ས་མདོག་དམར་པོར་རླུང་ལ་བསྐོར་ནས་བསད་སྔགས་བཟླ། དམིགས་པ་


CMR013_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་གཞུང་ལྟར་བྱ། ལིངྒ་དང་བང་སྒྲེལ་བ་བསྒྲལ་ལས་མི་དགོས་སོ། །ཐུན་གཏོར་བཤམས་ལ། ཨེ་རང་ཉིད་དཔལ་ཆེན་སོགས་ཚང་བར་འདོན་ལ་གཏོར་མ་དགྲ་ཕྱོགས་ཕུལ། རྟགས་གསུམ་མ་བྱུང་བར་དམིགས་པ་དང་འཁོར་ལོ་བསྐོར། རྗེས་ཆོག་གཤེགས་བསྡུ་གཞུང་ལྟར་སོང་བར་བྱེད། རང་གི་བསྲུང་བྱ་རྣམས་ལ་སྲུང་འཁོར་ནན་ཏན་བྱ། རཱ་ག་ཨ་སྱས། གཟའ་ཉི་མ་ཉིན་བྲིས་པ་དགེ༔ མཁར་དྲུང་ལུགས་ལ་ཁ་རླངས་དྲི་མ་མ་སོང་ན་ལག་སྐོར་ལ་ཡང་རུང་གསུངས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགླང་རུ་མའི་ཞལ་ཤེས།next